མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟ་ང་ཚོར་བདེ་སྡུག་བཤད་ས་ཁྱེད་ཚོ་ལས་ཡོད་པ་མ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ད་ང་ཚོའི་བདེ་སྡུག་བཤད་ས་༧རྒྱལ་བ་རིན་པོ་ཆེ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ། འཛམ་གླིང་མི་དམངས་བཅས་ལས་གཞན་ཡོད་པ་མ་རེད། གང་ཡིན་ཟེར་ན། ང་ཚོ་གདོང་ཐུག་རྒྱག་ས་ཨར་འདམ་བཟོ་གྲྭ་དང་རྒྱལ་ཁབ་ཀྱི་རྫོང་སྲིད་གཞུང་གཉིས་ལག་འབྲེལ་བྱས་ཡོད་པ་རེད་ཟེར།

 

ཉེ་ཆར་ཕྱི་ཚེས་ ༡༥ ཉིན་ཨ་མདོ་བླ་བྲང་ཧོར་གཙང་མར་ཐང་ཞང་། ཡར་ཤུལ་ལུང་པའི་བོད་རིགས་ལམ་བཟོ་བ་ཚོར་རྒྱ་ནག་གི་དམག་མིས་མེ་མདའ་བརྒྱབ་སྟེ། བོད་མི་ ༡༥ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། བོད་མི་ ༤ འཛིན་བཟུང་བྱས་ཡོད་འདུག དེ་ནི་མར་ཐང་ཞང་ཉེ་འགྲམ་དུ་ཡོད་པའི་༼ ཨ་མདོའི་ཨར་འདམ་བཟོ་གྲྭ ༽ཡིས་བཟོ་གྲྭ་རྒྱ་བསྐྱེད་དེ། ཡར་ཤུལ་ལུང་པར་འགྲོ་སའི་ལམ་ཁ་བཀག་ཡོད་སྟབས། ཡར་ཤུལ་ལུང་པའི་སྡེ་བ་མང་པོ་མཉམ་རུབ་ཐོག་ལམ་ཁ་བསྐྱར་བཟོ་བྱས་ཏེ། ཨར་འདམ་བཟོ་གྲྭ་དེའི་ས་རྡོ་སྐྱེལ་འདྲེན་རླངས་འཁོར་རིགས་བཀག་འགོག་བྱས་ཡོད་སྟབས། བསང་ཆུ་རྫོང་གི་རྫོང་དཔོན་གཞོན་པ་ཡོང་སྟེ། སྐར་མ་ ༡༥ ནང་མང་ཚོགས་ཀྱིས་ལམ་ཁ་མ་སྤྲད་པ་ཡིན་ན། དྲག་གནོན་བྱ་རྒྱུའི་ཐ་ཚིག་བསྒྲགས་ཡོད་འདུག དེའི་རྗེས་ལམ་བཟོ་བ་ཚོ་ཕྱིར་ལོག་བྱེད་ཀྱིན་པའི་སྐབས། དྲག་ཆས་དམག་མི་འབོར་ཆེན་ཡོང་སྟེ། བོད་རིགས་ལམ་བཟོ་བའི་ཁྲོད་གང་བྱུང་དུ་མེ་མདའ་བརྒྱབ་སྟེ་དོན་རྐྱེན་དེ་བྱུང་ཡོད་འདུག  

 

ཕྱི་ཚེས་ ༡༨ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ས་གནས་ཡུལ་མི་ཞིག་ལ་བཅར་འདྲི་བྱས་སྐབས། ཉིན་དེར་ང་ཚོའི་ཡར་ཤུལ་ལུང་པའི་ཁྱིམ་ཚང་རེ་ནས་མི་རེ་ཡོང་སྟེ་ལམ་ཁ་བཟོ་བཞིན་ཡོད། ཕལ་ཆེར་མི་ ༣༠༠ ལྷག་ཡོད་རྒྱུ་རེད། སྐབས་དེར་བསང་ཆུ་རྫོང་གི་རྫོང་དཔོན་གཞོན་པ་ཡོང་སྟེ་སྐར་མ་ ༡༥ ནང་མང་ཚོགས་ཕྱིར་མ་སོང་ན། དེའི་རྗེས་གནད་དོན་ཚབས་ཆེན་གང་བྱུང་ཡང་མང་ཚོགས་རང་གིས་འགན་འཁུར་དགོས། ཞེས་འཇིགས་སྣང་བསྐུལ་བྱུང་། དེ་ནས་མང་ཚོགས་མགོ་ཁྲིད་ཚོས། རྫོང་དཔོན་གྱི་ཁ་ལ་ཉན་དགོས་པ་རེད་ཟེར་ནས་མང་ཚོགས་ཕྱིར་ལོག་བཞིན་པའི་སྐབས། གློ་བུར་དུ་མཚོན་ཆ་ཐོགས་ཤིང་མདའ་འགོག་ཁྲབ་གྱོན་ཡོད་པའི་དམག་མི་འབོར་ཆེན་ཡོང་སྟེ། མང་ཚོགས་ནང་དུག་རླངས་གཏོར་ཞིང་། བཅར་རྡུང་ཚད་མེད་བྱས་ཏེ་མི་མང་པོར་རྨས་སྐྱོན་བཟོས་སོང་། རི་ངོས་སོགས་ལ་འབྲོ་བཞིན་པ་དག་གི་རྗེས་སུ་མེ་མདའ་བརྒྱབ་སྟེ་མི་ ༡༥ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ད་ལྟ་སྨན་ཁང་དུ་བསྐྱལ་ཡོད། ཁོང་ཚོའི་ཁྲོད་ཀྱི་མི་གཅིག་གི་བྲང་ཁར་མེ་མདའ་ཕོག་ཡོད་སྟབས། སྲོག་ཉེན་ལས་ཐར་ཐུབ་མིན་བཤད་ཁག་པོ་ཆགས་འདུག གཞན། མིང་ལ་མཇའ་ཁོ་དང་མགོན་པོ་ལྷུན་འགྲུབ། ཚེ་ལོ། མགོན་པོ་ཐར་ཞུ་བ་བཅས་མི་ ༤ འཛིན་བཟུང་བྱས་ཏེ། ད་ལྟ་བསང་ཆུ་རྫོང་ལྟ་སྲུང་ཁང་དུ་བཅུག་འདུག རྨས་སྐྱོན་ཕོག་ཡོད་པ་ཚོ་ཀ་ཅིའི་སྨན་ཁང་ལ་བསྐྱལ་ཡོད་ཀྱང་ཨར་འདམ་བཟོ་གྲྭས་འགན་ལེན་བྱེད་ཀྱི་མི་འདུག ཅེས་དང་།

 

ང་ཚོ་མི་སྐོར་ཞིག་གིས་དོན་རྐྱེན་འདི་འབྱུང་རྒྱུར་སྔོན་མ་ནས་ཚོད་དཔག་བྱས་པ་ཡིན། ཉིན་དེར་པར་ཆས་དང་བརྙན་ཕབ་འཕྲུལ་ཆས་དྲུག་བདུན་ཞིག་གྲ་སྒྲིག་བྱས་ཡོད་ཀྱང་། དམག་མི་དང་ཉེན་རྟོག་པས་འཕྲོག་སོང་། པར་ཆས་གཅིག་བྲོས་ཐར་བྱུང་ཡང་། དེའི་ནང་དམག་མིས་མེ་མདའ་རྒྱག་བཞིན་པ་དང་རྨས་མ་ཚབས་ཆེན་སོགས་ཐེབས་མི་འདུག ད་ལྟ་ང་ཚོས་བདེ་སྡུག་བཤད་ས་༧རྒྱལ་བ་རིན་པོ་ཆེ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ། འཛམ་གླིང་མི་དམངས་བཅས་ལས་གཞན་ཡོད་པ་མ་རེད། གང་ཡིན་ཟེར་ན། ང་ཚོ་གདོང་ཐུག་རྒྱག་ས་ཨར་འདམ་བཟོ་གྲྭ་དང་། རྒྱལ་ཁབ་ཀྱི་རྫོང་སྲིད་གཞུང་གཉིས་ལག་འབྲེལ་བྱས་ཡོད་པ་རེད། ཉིན་འདི་འགར་ཧོར་གཙང་ཤིང་སྒོ་དང་། དགོན་སྡེ་ཁག དེ་བཞིན། ཧོར་གཙང་གི་ཤོག་ཁག་གཞན་གྱི་བླ་སྤྲུལ་དང་སྡེ་དཔོན་མང་པོ་ཞིག་ཡོང་སྟེ། དོན་དག་བཤད་བཞིན་འདུག་མོད། རྫོང་སྲིད་གཞུང་གི་རྣམ་འགྱུར་ཡག་པོ་མི་འདུག དེ་ལྟར་བྱས་པ་ཡིན་ན། ཨར་འདམ་བཟོ་གྲྭས་རྫོང་རྒྱབ་དཔུང་ལ་འཁྱེར་ཏེ་ང་ཚོར་ཡག་པོ་བྱེད་གི་མ་རེད། རྒྱུ་མཚན་དེའི་དབང་གིས་ང་ཚོས་ཕྱི་ཕྱོགས་ལ་སྐད་རྒྱག་གིན་ཡོད། གནད་དོན་འདི་འཛམ་གླིང་ལ་ཁྱབ་བསྒྲགས་བྱ་རྒྱུ་དང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྙན་ལ་འཇོག་རྒྱུ་ང་ཚོའི་རེ་བ་ཡིན། ཞེས་ཨ་ཆད་ཨུ་ཐུག་གིས་བརྗོད་བྱུང་།

 

ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་ཁང་ལ་ས་གནས་ནས་པར་དང་གནས་ཚུལ། ཞུ་གཏུགས་ཡིག་ཆ་སོགས་འབྱོར་བའི་ནང་། ༼ ཨ་མདོའི་ཨར་འདམ་བཟོ་གྲྭ ༽ ཟེར་བ་དེར་བཟོ་པ་ ༦༠༠ ལྷག་ལས་གྲུབ་པའི་བཟོ་གྲྭ་ཆེན་པོ་ཞིག་ཡིན་ཞིང་། བཟོ་གྲྭ་དེ་ཧོར་གཙང་ཤོག་ཆེན་བཞི་ཡི་བཞི་མདོ་མར་ཐང་ཞང་གི་ཉེ་འགྲམ་དུ་ཡོད་སྟབས། བཟོ་གྲྭའི་དུ་བ་དང་ས་རྡུལ། དུག་རླངས་སོགས་ཀྱིས་ས་ཁུལ་དེའི་རྩྭ་ས་དང་ཞིང་ཁ། ནགས་ཚལ། རྒྱུག་ཆུ། མི་ཕྱུགས་ཡོངས་ལ་གོད་ཆག་ཚབས་ཆེན་འབྱུང་གིན་ཡོད་པ་མ་ཟད། བླ་བྲང་གི་སྨད་རྒྱུད་དང་གཙོས་ས་ཁུལ་གྱི་བྱང་རྒྱུད། རེབ་གོང་གི་ལྷོ་རྒྱུད་བཅས་སུ་ཤུགས་རྐྱེན་ཐེབས་ཏེ་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་དང་། ཡུལ་གྲུ་དེ་དག་གི་མི་ཕྱུགས་གཉིས་ཀར་གོད་ཆག་ཡོང་གིན་ཡོད། ༢༠༠༨ ལོར་བཟོ་གྲྭ་དེས་གློག་ཁང་ཞིག་གསར་རྒྱག་ཆེད་བླ་བྲང་བསང་ཆུ་ས་འོག་ནས་དྲངས་ཏེ་ཧོར་གཙང་འོལ་བསེ་སྡེ་བའི་ཞིང་ཁར་གཏོར་བརླག་བྱས་ཡོད་སྟབས། འོལ་བསེ་སྡེ་བ་དང་བཟོ་གྲྭའི་བར་འཁྲུག་འཛིང་བྱུང་སྟེ། མཚོན་ཆ་དང་དྲག་ཆས་ཐོགས་པའི་བཟོ་བ་ ༣༠༠ ཙམ་གྱིས་བོད་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། གལ་སྲིད་བླ་བྲང་བསང་ཆུ་ས་འོག་ནས་དྲངས་པ་ཡིན་ན། བསང་ཆུའི་བཞུར་རྒྱུན་དུ་སྡེ་བ་ཧ་ཅང་མང་པོ་ཡོད། དེ་དག་གི་ཞིང་ཁ་དང་འཐུང་ཆུ་སོགས་ལ་ཉེན་ཁ་འཕྲད་ཀྱི་ཡོད། བཟོ་གྲྭ་དེས་ཧོར་གཙང་གི་ས་གནས་མང་པོ་ཞིག་ལ་བཤུ་གཞོག་དང་། བཙན་འཛུལ་བྱས་ཏེ་དཀའ་རྙོག་ཡང་ཡང་ཡོང་གིན་ཡོད། ས་གནས་མང་ཚོགས་ཀྱིས་གོང་རིམ་ལ་དཀའ་ངལ་ཞུ་གཏུགས་རིམ་པར་བྱས་ཀྱང་གྲུབ་འབྲས་སོན་མེད། ཅེས་བཀོད་འདུག

 

ཧོར་གཙང་མར་ཐང་ཞང་འོག་ཏུ་ཧོར་གཙང་ཤོག་ཆེན་བཞི་ཟེར་བ་དེ་ཡོད་ཅིང་། ཨར་འདམ་བཟོ་གྲྭའི་དུ་སྨུག་གིས་ས་དེར་དབྱར་དགུན་གཉིས་ཀར་ཉི་མ་མཐོང་དཀའ་ཞིང་། ས་གནས་ཡུལ་ཚོར་གློ་བའི་ན་ཚ་ཞིག་ཕོག་གིན་ཡོད་པ་དང་ཕྱུགས་ཟོག་གི་སོ་དང་སྤུ་ལྷུང་བ། ཞིང་ཁ་དང་རྒྱུག་ཆུར་ས་རྡུལ་དང་དུད་དྲེག་བབ་སྟེ་ཧོར་གཙང་ཉེ་ཁུལ་གྱི་ས་གནས་གཞན་དག་ལའང་གནོད་འཚེ་ཐེབས་བཞིན་ཡོད། ཉེ་ཆར་གསར་ལམ་ཁག་ཅིག་ཏུ་ཨ་མདོའི་ཨར་འདམ་བཟོ་གྲྭ་ངོ་སྤྲོད་བྱས་ཡོད་པའི་ནང་། ཨར་འདམ་བཟོ་གྲྭ་དེ་ ༡༩༨༥ ཡས་མས་ནས་ཚུགས་ཤིང་། ཕྱི་ལོ་ ༡༩༩༧ ལོར་སྒེར་བདག་ཅན་ཏུ་བསྒྱུར་རྗེས་ད་བར་སྤྱི་ཁྱབ་འགན་འཛིན་ཝཱང་ཀྲི་རོན་གྱི་སྣེ་ཁྲིད་འོག ལས་གཞི་རྒྱ་སྐྱེད་བྱས་ཏེ་ཉིན་རེར་ཨར་འདམ་ཊོན་ ༢༠༠༠ ལྷག་བཟོ་སྐྲུན་བྱེད་ཀྱིན་ཡོད་པ་དང་། བཟོ་གྲྭ་སྒེར་ངོས་ནས་བླ་བྲང་བསང་ཆུ་བཀག་སྐྱེལ་གྱིས་གློག་ཁང་ཆེན་པོ་ཞིག་རྒྱག་གིན་ཡོད་སྐོར་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༢ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 8

  1. sonam Tsering says:
    ལོ་ 16 སྔོན།

    གྲོགས་པོ་ཆོ༹་
    ཡིག་ནོར་བཅོས་བ་ལས་དོན་དག་ཐེག་གཅོད་བྱེད་ན་ཡག་པོ་མི་ཱདུག་གམ

    Reply
  2. ཚེ་རིང་། says:
    ལོ་ 16 སྔོན།

    ཧྥ་རིན་སིའི་ཉམས་ཞིབ་སྡེ་ཚན་ཞིག་གི་གྲུབ་དོན་ལྟར་ན། ༼ ཨ་མདོའི་ཨར་འདམ་བཟོ་གྲྭ ༽ ནང་ད་ལྟ་བཟོ་བ་ ༨༠༠ ལྷག་ཡོད་པ་དང་། དེའི་ནང་འཕྲུལ་ལས་པ་ ༤༠༠ ཙམ་ཡོད་ཅིང་། འཕྲུལ་ལས་པ་དེ་དག་ལ་གླ་ཕོགས་ཧ་ཅང་མཐོ་བ་དང་ཉེན་ཁ་ཡང་ཧ་ཅང་ཆེ་ཞིང་། ལོ་རེར་མི་ ༥ ནས་ ༡༠ བར་འཕྲུལ་ཁོར་གྱི་སོ་བར་སོགས་སུ་རྐྱེན་ལམ་དུ་འགྲོ་བཞིན་ཡོད་སྟབས། གསང་པ་ཕྱིར་ཤོར་རྒྱུར་དོགས་ཏེ། ལས་བཟོ་བ་དེ་དག་ཁྲོད་ས་གནས་བོད་མི་གཅིག་ཀྱང་བླངས་མེད་པའི་གནས་ཚུལ་བཀོད་ཡོད།

    Reply
  3. སྨྲ་ཤེས་དོན་གོ། says:
    ལོ་ 16 སྔོན།

    བསམ་ཆུ༹ལ།

    འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད།

    རོགས་རམ་གནང་བ།

    ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ།

    སྣང་མེད་བཏང་བ།

    འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར།

    རྗེས་ལུས་ཐེབས་སོང།

    ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།

     

    Reply
  4. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    རྒྱ་ནག་གི་དབང་ཤུགས་ཅི་འདྲ་བཙན་རུང་། རྒྱ་ནག་གི་དྲག་རྩུབ་ཅི་འདྲ་རྩུབ་རུང་། བོད་མིའི་སྙིང་ནད་ཇེ་མཐུག་དང་དཔུང་ཁག་ཇེ་མཐུག་ཡིན། ད་དུང་བསད་ན་ཡང་ཤི་མི་སྲིད་པ་ནི་བོད་མིའི་རྒྱ་ཡིན་ལ།
    རྒྱ་ནག་གི་སྡུག་རྩུབ་ནི་ང་ཚོའི་ཆིལ་སྒྲིལ་གྱི་མགོ་བོ་འབུས་ས་ཡིན།

    Reply
  5. norbu says:
    ལོ་ 16 སྔོན།

    ཡུལ་གྱར་བོད་ཀྱི་གཞུང་འདི་གཉིད་བསྡད་པའི་བཟོ་འདྲ་འདུག རྒྱ་གཞུང་ལ་གཤེ་གཤེ་གཏོང་བ་ལས་ཐོག་མར་རང་གིས་རང་ལ་བརྟག་རྒྱུ་གལ་ཆེ་བར་སྣང

    Reply
  6. མི་རྐྱང་སྨྱོན་པ། says:
    ལོ་ 16 སྔོན།

    འདི་ནི་འུ་ཅག་ཁ་ཆུང་དབང་ཆུང་ཚོའི་ལས་དབང་མ་ཡིན་ནམ།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    སྙིང་རྗེ་ད་གང་བྱ་དགོས་སམ།

    Reply
  8. karma dorje says:
    ལོ་ 16 སྔོན།

    གནས་ཚུལ་ཡ་ང་བ་ཀློག་ཞོར་དུ། ་་་རྫོང་དཔོན་གཞོན་པ་ཡོང་སྟེ། །་་་ བྱུང་ན་རྫོང་དཔོན་གཞོན་པའི་མིང་ངེས་པར་དུ་འགོད་དགོས་འདུག ཡང་། ཨུ་ཐུག་དེ། འུ་ཐུག་ལ་བྲི་དགོས་ཏེ། འུ་ཐུག་བཟོད་བྲལ་ལྟ་བུའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese