མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་པ་གཉིས་བཟུང་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྔ་པ་སྒོ་མང་དགོན་གྱི་གྲྭ་པ་གཉིས་ཉེན་རྟོག་པས་བཟུང་འདུག

དེ་རིང་ཞོགས་པར། འབྲོག་རུ་ཆོས་གྲགས་ལགས་ཀྱིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༤ ཉིན་རང་ལོ་ ༢༨ ཡིན་པའི་རྔ་པ་སྒོ་མང་དགོན་གྱི་གྲྭ་འབྲོག་རུ་ཚུལ་ཁྲིམས་ལགས་ཉེན་རྟོག་པ་བཞི་ལྔ་ཞིག་གིས་རང་ཤག་ནས་བཟུང་བ་དང་། ཁོང་ལ་གློག་ཀླད་རྩིས་སྤྲོད་བྱེད་དགོས་སྐོར་བརྗོད་ཡོད་ནའང་། གློག་ཀླད་རྩིས་སྤྲོད་བྱེད་དགོས་བྱུང་མི་འདུག འོན་ཀྱང་། ཉེན་རྟོག་པས་གྲྭ་ཤག་སྔོག་བཤེར་སྐབས་ཁོང་གིས་བྲིས་པའི་རྩོམ་ཡིག་འགའ་ལག་ཏུ་ཚུད་པ་རྣམས་ཁྱེར་ཡོད་འདུག་ཟེར།

ཁོང་བཟུང་རྗེས་རྔ་པ་རྫོང་དུ་བཀག་ཉར་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་། འབྲེལ་ཡོད་མི་སྣ་ཐུག་འཕྲད་དུ་ཕྱིན་སྐབས་རྔ་པ་རྫོང་དུ་མེད་པར་འབར་ཁམས་ཁུལ་དུ་ཁྱེར་ཡོད་འདུག་ཅེས་བརྗོད་བྱུང་། དེ་བཞིན། འབྲོག་རུ་ཚུལ་ཁྲིམས་ལགས་ཀྱི་གྲོགས་པོ་གྲྭ་སྐལ་བཟང་ཚུལ་ཁྲིམས་འབོད་པ་ཚེས་ ༢༠ ཉིན་བཟུང་འདུག ཁོང་ད་ལྟ་རང་ལོ་ ༢༢ ཡིན་པ་དང་ཕ་ཡུལ་ཐུན་ཏེ་འབའ་ཁ་སྒང་དང་རྔ་པ་སྒོ་མང་དགོན་གྱི་གྲྭ་པ་ཡིན་འདུག

གནས་ཚུལ་མཁོ་སྤྲོད་པས། ཁོང་གཉིས་འཛིན་དགོས་པའི་རྒྱུ་རྐྱེན་ཅི་ཡིན་སོགས་ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་ཟེར། 
འབྲོག་རུ་ཚུལ་ཁྲིམས་ལགས་ལོ་སྔོན་མའི་ཟླ་ ༤ ཚེས་ ༢ ཉིན་དཔྱད་བརྗོད་རྩོམ་ཡིག་ཅིག་བྲིས་པར་རྐྱེན་བྱས་ཏེ་བཟུང་རྗེས་ཟླ་གཅིག་རིང་བཀག་ཉར་བྱས་མྱོང་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བོད་རིགས་བུད་མེད་བསམ་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག པར་འབྲེལ་ཡོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་།
Mobile App

སེམས་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད།

༢༠༢༣/༡༢/༠༨
རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་དབུ་འབྱེད་གནང་།  ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

དབུས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་སྒོ་འབྱེད་གནང་།

༢༠༢༣/༡༢/༠༨
Advertisement for App

ཡེ་ཤེས་སྡེ་ཆོས་པར་ཁང་གི་གསལ་བསྒྲགས།

༢༠༢༣/༡༢/༠༨
Front Slider

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།

༢༠༢༣/༡༢/༠༧
Mobile App

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་སྟེང་བོད་དོན་གླེང་སློང་དགོས་པའི་རེ་སྐུལ་ཞུས།

༢༠༢༣/༡༢/༠༦
རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་ཨ་བྷི་ཤེཀ་དྷུ་དྷེ་ཡཱ་ལགས་དང་།གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། དུས་བབ་ཀྱི་པར། ༢༠༢༣།༡༢།༠༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་གྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༣/༡༢/༠༦

མཆན། 5

  1. འབྲོག་རུ་རྡོ་རྗེ། says:
    ལོ་ 14 སྔོན།

    འབྲོག་རུ་ཚུལ་ཁྲིམས་ལགས་།ཁྱེད་ཀྱིས་མི་རིགས་ཞིག་གི་བདེ་སྡུག་དང་མི་བུ་རང་ཉིད་ཀྱིས་ཐོབ་ཐངས་དང་རང་དབང་གི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་ལ་མ་འཛེམ་པར་དམར་བོ་སྲིད་གཞུང་གི་ཁ་གཏད་དུ་ལངས་བ་འདི་ལ་རྗེས་སུ་ཡི་རངས་ཡོད།ང་ཚོ་ནི་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་ཡིན་པའི་ལོ་དང་ཟྶ་བ་ཉི་མ་དང་དུས་ཚོད་སྐར་ཆ་རེ་ན་ང་ཚོ་ཁྱེད་ཀྱི་རྒྱབ་རྕ་ན་ཡོད།ང་ཚོས་རངཉིད་ཀྱིས་རང་དབང་དང་ཐོབ་ཐངས་ཆེད་དུ་སྒེར་འཛིན་སྲིད་ལུགས་ལ་ནམ་ཡང་མགོ་མི་སྒུར།

    Reply
  2. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    སེམས་པ་དུང་དང་ལུས་པོ་ལྕགས་ལས་གྲུབ་པ་འདི་ཚོ་འུ་ཚང་གི་ནོར་བུ་རེད། འུ་ཚང་གི་རེ་བ་རེད། ཁོང་གཉིས་ལ་སྐྱོན་ཆག་མི་འབྱུང་བར་སྨོན།

    Reply
  3. karma dorje says:
    ལོ་ 14 སྔོན།

    རྒྱ་ནག་པོ་སྲིད་གཞུང་གཅིག་གིས། གྲྭ་པ་གཉིས་བཟུང་། ཨ་ནེ་གསུམ་བརྡུང་། དགེ་རྒན་བཞི་སྤྱུགས། རྩོམ་བྲིས་པ་ལྔ་བཅུག གཞས་པ་དྲུག་བརྩོན་བཅུགས། དེ་འདྲ་མ་གཏོགས་གོ་རྒྱུ་མེད་གང་བྱས་པ་ཡིན་ནམ། རྒྱ་ཡི་ལས་བྱེད་ཚོ།

    Reply
  4. གངས་བུ་ལྷག་བསམ་ཅན། says:
    ལོ་ 14 སྔོན།

    གང་ཞིག་དཤེས་མ་སོང་བོད་ལ་མི་མང་པོ་ཡོད་རེད་ལ་རྒྱ་ཡང་མང་པོ་ཡོད་རེད་གཉིས་ཀ་མང་པོ་ཡོད་རེད།

    Reply
  5. གནམ་ལྕགས། says:
    ལོ་ 14 སྔོན།

    གཞིས་ལུས་སྤུན་ཟླ་དག་གི་ཁྲོད་ནས་མགོ་འབུར་འབུར་ཚང་མ་གཅིག་རྗེས་གཉིས་མཐུད་ཀྱིས་ཚར་གཅོད་བྱེད་ཀྱིན་པའི་བྱ་སྤྱོད་འདི་དག་མཐོང་ན་དངོས་གནས་ཡིད་སྐྱོ་ཡི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist