མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲོག་ཁྲིམས་དང་བཙོན་འཇུག་གི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ལྷ་སའི་གསུམ་གཅིག་བཞིའི་སྐབས་ངོ་རྒོལ་ནང་ཞུགས་པའི་ཉེས་མིང་འོག་བསོད་ནམས་ཚེ་རིང་ལ་ལོ་གཉིས་ནར་འགྱངས་ཐོག་སྲོག་ཁྲིམས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་འགེབས་སྲུང་བྱེད་མཁན་གྱི་བོད་མི་ལྔ་ལ་ལོ་གསུམ་ནས་བདུན་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༥ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།  ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༤ ཉིན་ལྷ་སའི་གཙུག་ལག་ཁང་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཁྲོད་མཉམ་ཞུགས་གནང་མཁན་བསོད་ནམས་ཚེ་རིང་ལགས་སུ་ལོ་ ༢ དུས་འགྱངས་སྲོག་ཁྲིམས་ཀྱི་ཁྲིམས་ཐག་བཅད་ཡོད་པར་མ་ཟད། ཁོང་གསང་ཉར་བྱེད་མཁན་གྱི་ཉེས་མིང་འོག་བཀྲ་ཤིས་ཆོས་སྒྲོན་དང་སྐལ་ཡོན། བཀྲ་གཡང༌། ཚེ་དབང་འགྱུར་མེད། ཡེ་ཤེས་མཚོ་མོ་བཅས་མི་ལྔ་ལ་ལོ་ ༣ ནས་ལོ་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

གནས་ཚུལ་འདི་ཐོག་མར་རྒྱ་གཞུང་གིས་ལྷ་སའི་དགོང་དྲོའི་ཚགས་པར་སྟེང་བཀོད་ཡོད་པ་དང་། དེའི་སྟེང་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བསོད་ནམས་ཚེ་རིང་དང༌སྐལ་ཡོན་སོགས་མི་ལྔ་ལ་ཁྲིམས་ལུགས་གཞིར་བཟུང་ཐོག་འདྲི་གཅོད་བྱས་རྗེས་ཁྲིམས་ཐག་བཅད་ཡོད་ཚུལ་བརྗོད་ཡོད་པར་མ་ཟད། བསོད་ནམས་ཚེ་རིང་ལགས་ཀྱིས་ ༢༠༠༨ ལོར་ལྷ་སའི་བར་སྐོར་དུ་གྲི་འཕྱར་ཏེ་ངོ་ལོག་རང་བཞིན་གྱི་འབོད་ཚིག་བསྒྲགས་པ་དང༌། མི་གཞན་ལ་ངན་སྐུལ་ཟིང་ཆ་སློང་དུ་བཅུག་ཡོད་ཚུལ། དེ་བཞིན་མི་ཚོགས་ཀྱི་སྣེ་ཁྲིད་དེ་བར་བསྐོར་བརྒྱུད་གཙུག་ལག་ཁང་གི་མདུན་ཐང་དུ་བསྐྱོད་ཡོད་པ་དང་། དེ་རུ་གྲི་འཕྱར་ཏེ་ཉེན་རྟོག་པའི་རླངས་འཁོར་གཏོར་སྐྱོན་དང་མེར་བསྲེགས་བཏང་བ་སོགས་རྡུང་བཅག་འཕྲོག་བསྲེགས་ཀྱི་བྱ་སྤྱོད་སྤེལ་ཏེ་རྒྱ་སྒོར་ཁྲི་ ༤༠༠༠ ལྷག་གི་གྱོང་གུད་བཟོས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ ༢༨༩ དང༌། དོན་ཚན་ ༢༦༣ གྱི་གཏན་འབེབས་ཐོག་སྲོག་ཁྲིམས་ཀྱི་ཁྲིམས་ཐག་བཅད་པ་དང་། ལོ་གཉིས་ཀྱི་རྗེས་སུ་ལག་བསྟར་བྱ་རྒྱུ་ཡིན་ཚུལ་ལས་གཞན་ཚེ་གང་གི་ཆབ་སྲིད་ཀྱི་བདག་དབང་འཕྲོག་ཡོད་ཚུལ་དང་། སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། 

གཞན་བཀྲ་ཤིས་ཆོས་སྒྲོན་དང༌སྐལ་ཡོན། བཀྲ་གཡང༌། ཚེ་དབང་འགྱུར་མེད། ཡེ་ཤེས་མཚོ་མོ་བཅས་བོད་མི་ལྔས་བསོད་ནམས་ཚེ་རིང་ཉེས་ཅན་ཡིན་པ་ཤེས་བཞིན་དུ་འགེབས་སྲུང་བྱས་ཡོད་པ་དང་། ཡུལ་དང་རྒྱུ་དངོས་མཁོ་འདོན་བྱས་པར་མ་ཟད། རྒྱལ་མཚམས་བརྒལ་ནས་ཕྱི་ཕྱོགས་སུ་བྲོས་བྱོལ་བྱེད་རྒྱུའི་གྲ་སྒྲིག་བྱས་པ་སོགས་ཀྱིས་རྩ་ཁྲིམས་དོན་ཚན་ ༣༡༠ ཡི་ནང་གསེས་དང་པོའི་གཏན་འབེས་ལྟར། ལོ་ ༣ ནས་ ༧ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་འདུག

རང་ལོ་ ༢༣ ཡིན་པའི་བསོད་ནམས་ཚེ་རིང་ལགས་ནི། སྡེ་དགེ་དཔལ་ཡུལ་རྫོང་ར་ཆབ་ཤང་ར་ལྷ་རུ་ཆེན་གྱི་རོང་མ་འབྲོག་གི་ཡུལ་གྱི་ཕ་ཚེ་རིང་བསམ་གྲུབ་དང་མ་དབྱངས་སྐྱིད་གཉིས་ཀྱི་ཁྱིམ་དུ་སྐྱེས་ཤིང་།  ༢༠༠༧ ལོའི་ལོ་མཇུག་ཏུ་ཕ་ཡུལ་ནས་ལྷ་སར་གནས་མཇལ་དུ་ཡོང་རྗེས་ལྷ་ས་འོང་སྟོད་ཞིང་ཁའི་ཁུལ་དུ་ཡོད་པ་གཉེན་མཚན་བཀྲ་ཤིས་ཆོས་སྒྲོན་ཞེས་པའི་ཁྱིམ་དུ་བསྡད་ཡོད་ཅིང་། ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༤ ཉིན་གྱི་སྐད་འབོད་ནང་ཞུགས་རྗེས། ཁོང་གི་མིང་བཀོད་དེ་འཛིན་བཟུང་ཐུབ་མཁན་ལ་དངུལ་གྱི་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་ཤུགས་ཆེར་བྱས་ཡོད་ཀྱང་། དུས་ཡུན་གང་འཚམ་རིང་ལྷ་སའི་ཉེན་རྟོག་པས་འཛིན་བཟུང་བྱ་ཐུབ་མེད་ནའང་།  ༢༠༠༩ ལོའི་ཕྱི་ཟླ་ ༡༠ པའི་ཟླ་དཀྱིལ་དུ་གྲྭ་བཞི་གྲོང་ལྷན་ཁག་སྐྱིད་རས་ཁུལ་ནས་འཛིན་བཟུང་བྱས་འདུག་ལ། ཁོང་དང་དུས་མཚུངས་སུ་ཁོང་གི་ཕ་མ་གཅིག་པའི་སྤུན་མཆེད་ཚེ་དབང་འཇིགས་མེད་འབོད་པ་ཡང་གཞིས་རྩེ་ཁུལ་ཏུ་འཛིན་བཟུང་བྱས་པ་ཡོད་པ་དང་། སྤུན་མཆེད་བཀྲ་ཤིས་ཆོས་སྒྲོན་ཡང་ཁོང་དང་འབྲེལ་ཐོག་འཛིན་བཟུང་བྱས་ཡོད་པ་རེད།  ཐེངས་འདི་ནི་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་ཀྱི་བོད་མི་འཇུ་བཟུང་བྱས་པའི་ཁྲོད་ཀྱི་སྲོག་ཁྲིམས་བཅད་པའི་མི་སྣ་བདུན་པ་དེ་ཆགས་ཡོད་འདུག་ལ། ད་ལྟའི་བར་བོད་མི་ ༤༥༠ ལྷག་ལ་རྒྱ་ནག་གིས་ཚད་གཞི་མི་འདྲ་བའི་ཁྲིམས་ཆད་བཏང་ཡོད་པའི་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང༌གིས་བརྗོད་ཡོད།

གསར་འགོད་པ། དོན་གོ། 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༡ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 9

  1. karma dorje says:
    ལོ་ 16 སྔོན།

    སྔར་སྤྲུལ་སྐུ་བསྟན་འཚིན་དགེ་ལེགས་ལྟར་བསོད་ནམས་ཚེ་རིང་ཆེ་དུ་ཚེ་ཐར་ངོ་རྒོལ་མཐར་ཕྱིན་བརྩོན་དགོས།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ད་ང་རང་ཚོ་ངུ་ནས་བསྡད་པ་ལས་ཅི་ཡང་བྱེད་མི་ཐུབ་པར་འདིར་གཞི་ལུས་བོད་མིས་ཤེས་དགོས་པར་གལ་ཆེན་རེད་སྙམ།
    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་ཞིག་ཕྱི་གཏུགས་བྱེད་ས་ཡོད་མདོག་མདོག་དང་ཨ་མེ་རི་ཀས་རྒྱབ་ཡོད་མདོག་མདོག་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ཞིག་ཡོད་མདོག་མདོག་བྱས་བསྡད་པར་འདི་ཚོའི་མདོག་རྒྱ་འདིར་རེད་ད།

    དེ་ལས་གཞི་ལུས་བོད་མི་རྣམས་ཀྱིས་རང་གི་སྲོག་ལ་རང་གཅེས་བྱེད་རོགས་མ་གཏོགས་སུ་གང་ཡང་སྐྱོབ་ཐུབ་མཁན་ཞིག་ཡོང་རྒྱུ་མེད།

    ད་དུང་སོ་སོར་སྐྲག་མི་དགོས་ས་ཞིག་ལ་བསྡད་ནས་གཞི་ལུས་བོད་མི་དཔའ་བོ་རེད་་་་ཕོ་རྒོད་རེད་་་་སེམས་ཤུགས་རེད་ཞེས་ལབ་སྡོད་པ་ཡིན་ན་གཞི་ལུས་བོད་མིའི་ཚེ་ཤོར་འགྲོ་བ་ལས་ང་རང་ཚོས་ཅི་མི་འཇོན་པ་འདིར་བསམ་བློ་གཏོང་དགོས་ངེས་རེད་སྙམ།

    Reply
  3. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཞིང་བཤེགས་དཔའ་བོ་འཇམ་དཔལ་རྒྱ་མཚོ་ལགས་ལ་མིག་ཆུ་ཤོར་བཞིན་སྐྱོ་ཚིག་གཅིག་གིས་བརྫོངས་བ་བྱེད་མ་ཐག་ ཡང་བསྐྱར་དཔའ་བོ་བསོད་ནམས་ཚེ་རིང་ལགས་སུ་སྲོག་ཁྲིམས་བཅད་པའི་གནས་ཚུལ་འདི་མཐོང་དུས་སླར་ཡང་བསམ་རྒྱུ་དྲན་རྒྱུ་མེད་པའི་ཚོར་བ་ཞིག་སྐྱེས། ད་ཡང་བསྐྱར་ཅི་ཞིག་འབྲི་དགོས་ཡོད་མེད་ཤེས་མ་སོང་ ཨ་ཙི་བོད་མའི་ལས་དབང་འདི་ཡང་ལས་འབྲས་ཞིག་ཡིན་ནམ།

    རྒན་ཤེལ་དཀར་ལགས་མི་འུ་ཐུག་དུས་ལྷ་་སྲུང་འདི་ཚོས་ཅི་གང་བྱེད་རྒྱུ་མེད་པ་ང་ཚོས་ཉམས་མྱོང་ལས་ཤེས་ དེ་ལས་ཟ་མི་ནུས་འཐུང་མི་ནུས་པའི་རིན་གོང་ཆེན་པོ་སྤྲད་པའི་ཨ་རགས་དང ཆང་ཞིམ་རེས་ཞིམ་ཚད་འདི་ཚོ་ལ་ཡིན་ཟེར་ནས་གནམ་ལ་མཆོད་ ཁྲག་དངུལ་ལས་གྲུབ་པའི་རྩམ་པའི་ཕུད་ཀྱིས་གཏོར་མ་ག་ཚད་གཏོང་གི་ཡོད་འགྲོ་ ང་ཚོས་དཔལ་འབྱོར་གྱི་ཡོང་སྒཽ་ག་ཚད་གཅིག་དོན་མེད་རྨོངས་དད་ཐོག་འཕྲོ་བརླག་གཏོང་གི་འདུག་། འདི་ང་ཆོའི་ནང་ཆོས་ངོ་མ་ཡང་ག་ནས་ཡིན་། ཞོགས་དུང་ལགས་ཀྱིས་ཀྱང་འདི་ཚོ་ལ་དགག་པ་རྒྱག་ཡོད་འགྲོ་བསམ་པ་ལས་ ནང་ཆོས་ཀྱི་ཡང་དག་པའི་ལྟ་བ་ལ་དགག་མེད་ཀྱི་རེད་དྲན ད་ཅི་དྲག་།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསལ་བསྒྲགས་ཙམ་མ་ཡིན་པར་སྐྱབས་ཐབས་ཀྱང་གནང་གི་ཡོད་རྒྱུ་རེད།

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    རྒྱ་ནག་པོ་ཚང་དོན་ངོ་མ་བོད་མི་ལ་སྐྲག་ཏུ་གོ་སྙིང་རྗེ།བོད་མི་ལག་ཏུ་མཚོན་ཆ་ཞིག་ཐོག་ན་ད་སྐྱག་པ་ཤོར་ས་རེད།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་ལགས། ཁྱེད་ཀྱིས་གསུངས་པ་ལྟར་ད་ཆ་མི་ཚང་མས་ངེས་ཤེས་གཏིང་གཟབ་བརྙེད་པ་ཨེ་ཡིན། ད་དུང་ཡང་བོད་མི་ཕལ་མོ་ཆེས་སྟོན་པ་ཐུབ་པའི་དབང་པོ་ལས་ཀྱང་། ཁྲོ་གཉེར་ཅན་གྱི་ལྷ་སྲུང་རྣམས་ལ་བློ་སྙིང་བྲང་གསུམ་བསྟེན་མཁན་མང་བ་འདུག
    དེར་ད་དུང་ཡང་ཉམ་ཞིབ་གནང་དང་།

    ཆོས་རྒྱལ་མེ་དབོན་རྣམ་གསུམ་རྣམ་ཤེས་ཀྱིས་ང་ཚོ་བོད་འབངས་ཡོངས་ཀྱི་སྡུག་བསྔལ་ལ་གཟིགས་དང་། ད་དུང་ཡང་ང་ཚོས་མནར་གཅོད་དང་ཁྱད་གསོད་ཇི་ཙམ་མྱང་དགོས་སམ།

    Reply
  7. karma dorje says:
    ལོ་ 16 སྔོན།

    ་་་ཐེངས་འདི་ནི་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་ཀྱི་བོད་མི་འཇུ་བཟུང་བྱས་པའི་ཁྲོད་ཀྱི་སྲོག་ཁྲིམས་བཅད་པའི་མི་སྣ་བདུན་པ་དེ་ཆགས་ཡོད་འདུག་་། ་་་་་
    དང་པོ།
    གཉིས་པ།
    གསུམ་པ།
    བཞི་པ།
    ལྔ་པ།
    དྲུག་པ།
    བདུན་པ། བསོད་ནམས་ཚེ་རིང་།
    རྒྱ་གཞུང་དང་གཞེས་བྱེས་བོད་མིའི་བརྗེད་རེད་མི་རུང་བའི་བོད་རིགས་བདུན།

    Reply
  8. ནད་པ says:
    ལོ་ 16 སྔོན།

    ཤེལ་དཀར་བློ་བཟང་ལགས། བོད་ཀྱི་ལྷ་ཀླུ་ཆོས་སྐྱོང་ཟེར་བ་དེ་ཚོར་ཅི་ཡང་བྱེད་རྒྱུ་མེད་པ་ནང་བསྟན་ཆོས་ལུགས་ཀྱི་ལས་འབྲས་དང་། འཛམ་གླིང་གི་ཚན་རིག རྒྱ་ནག་གི་དངོས་ཐོག་བདེན་འཚོལ་དང་བཅས་པར་ཡོངས་སུ་མཐུན་ཡོད་སྟབས། ད་ཆ་མི་ཚང་མས་ངེས་ཤེས་གཏིང་གཟབ་གཅིག་བརྙེད་ཡོད།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཨེ་མ། ལས་དབང་ལ་སྙིང་རྗེ་དང་ཡ་ང་མེད་ཀྱང་། ལྷ་ཆོས་སྐྱོང་སྲུང་མར་ཡ་ང་སྙིང་རྗེ་མེད་པ་འདི་ཅི་ཡིས་ལན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese