ཁྱེད་ལ་དཀའ་ངལ་ཡོད་ན་གསང་མིང་བེད་སྤྱད་བྱེད་ལོས་ཆོག ཡིན་ནའང་། ཁྱེད་ཀྱིས་གསང་མིང་གི་འོག་ནས་མི་གཞན་ལ་དོན་མེད་ཀྱི་དཀའ་ངལ་མ་སྤྲོད། གཞི་མེད་སྐྱོན་འཛུགས་དང་སྐུར་འདེབས་དེ་དག་ནི་དྲ་ཐོག་གི་རྩོམ་པ་པོ་དང་ཀློག་པ་པོའི་བར་གྱི་ཁོར་ཡུག་ལ་གཏོར་སྐྱོན་དུ་འགྱུར་གྱིན་འདུག
ཉེ་ཆར་བོད་ཀྱི་དུས་བབ་རྩོམ་སྒྲིག་པས་དྲ་ཐོག་གི་གསལ་འདེབས་ཤིག་ཏུ། སྨྱུག་མིང་གི་འོག་ནས་སྐྱོན་འདོགས་དང་དམའ་འབེབས། ཚིག་མཚོན་འདེབས་པའི་རིགས་ལ་དུས་ནས་དུས་སུ་ཚོད་འཛིན་བྱེད་ཀྱིན་ཡོད་ནའང་། དེ་ཚོའི་རིགས་སླེབ་པ་ཙམ་གྱིས་དྲ་ངོས་ཀྱི་མི་མང་པོ་ཞིག་ལ་རང་བཞིན་གྱིས་སུན་སྣང་དང་། ཐ་ན་དྲ་ངོས་དེ་ཁ་ཕྱེ་རྒྱུར་ཡང་སེམས་ཀྱི་དཀའ་ངལ་ལྟ་བུ་ཞིག་ཆགས་ཀྱི་ཡོད་སྟབས་སྟངས་འཛིན་བྱ་དགོས་བྱུང་། ཞེས་གསུངས་ཡོད།
འདི་གའི་གསར་འགོད་པས་སྨྱུག་མིང་འོག་ནས་འབྲི་མཁན་དག་གི་དགེ་སྐྱོན་ཐད་ལ་དྲ་ངོས་ཀྱི་རྩོམ་པ་པོ་འབྲེལ་ཡོད་ཁག་ཅིག་ལ་བཅར་འདྲི་ཞུས་པར། ནོར་གླིང་བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱིས། དྲ་རྒྱའི་བརྒྱུད་ལམ་ན། གཞན་གྱི་རྩོམ་ཡིག་ལ་གཞི་མེད་སྐྱོན་བརྗོད་དང་སྒྲོ་འདོགས་སྣ་ཚོགས་བྱེད་ཀྱིན་པའི་གནས་སྟངས་དེ་ནི། དངོས་མིང་མི་གསལ་བར་གསང་མིང་ཅན་ཁོ་ན་ལས། དངོས་མིང་སྤྱོད་མཁན་ཚོས་གཞི་མེད་སྐྱོན་བརྗོད་དང་སྒྲོ་འདོགས་བྱེད་ཀྱི་མེད་པ་དེ་འདྲ་མ་རེད། མང་ཉུང་གི་ཁྱད་པར་ཙམ་རེད། གཞི་མེད་སྐྱོན་འཛུགས་ཀྱི་ལས་ཀ་དེ་ཕྱོགས་གཉིས་ཀ་ནས་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། མང་ཉུང་གི་ཆ་ནས་བལྟས་ན། དངོས་མིང་བཀོད་མཁན་ཚོའི་ནང་སྐྱོན་འཛུགས་དང་འགན་ཁུར་མེད་པའི་སྐད་ཆ་ཉུང་བ་དང་། སྨྱུག་མིང་འོག་གབ་ནས་སྡོད་མཁན་ཚོའི་ནང་སྐྱོན་འཛུགས་དང་འགན་ཁུར་མེད་པའི་སྐད་ཆ་མང་བ་ཡོད་པ་ནི་དངོས་ཡོད་གནས་སྟངས་ཤིག་རེད། ད་ལྟ་དྲ་བདག་ཚོས་འདིའི་སྐོར་ལ་སྟངས་འཛིན་བྱེད་བདེའི་ལམ་ཁ་བརྒྱ་ཁ་གཅིག་ཆོད་ཅིག་རག་གི་མེད་པའང་གནས་སྟངས་འདི་ལ་འབྲེལ་བ་ཡོད་པ་ཞིག་རེད། ཅེས་གསུངས།
བོད་ཀྱི་དུས་བབ་ཟིན་བྲིས་པ་སྒོམ་སྡེ་ལྷ་རམས་པ་ལགས་ཀྱིས། ངེད་ཀྱི་བསམ་ཚུལ། གསང་མིང་འོག་ནས་མི་གཞན་དང་གཞན་གྱི་རྩོམ་ཡིག་ལ་གཞི་མེད་སྐྱོན་བརྗོད་དང་སྒྲོ་འདོགས་སྣ་ཚོགས་བྱེད་བཞིན་པ་འདི་ནི་ཧ་ཅང་གི་གལ་ཚབས་ཆེན་པོ་ཞིག་ཏུ་མཐོང་། འདིའི་རིགས་ཀྱིས་མི་སྒེར་ཞིག་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ཙམ་མ་ཟད། བོད་མིའི་ཚོགས་པ་སྤྱིའི་ཁྲོད་དུ་ནང་ཁུལ་ལ་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་ཐོག་ལ་དབྱེན་སྦྱོར་དཀྲུག་ཤིང་ཚབས་ཆེན་པོ་བཟོས་ཏེ། མཐུན་པ་མི་མཐུན་པར་བཟོ། མི་མཐུན་པ་རྒྱང་རིང་དུ་གཏོང་བའི་ལས་ཀ་ཚབས་ཆེན་བྱེད་ཀྱི་འདུག དྲ་འབུ་འདི་རིགས་ནི་གྲི་དང་མེ་མདའ་མེད་ཙམ་མ་གཏོགས་འཇིགས་སྐུལ་རིང་ལུགས་པ་རང་རེད། འདིའི་རིགས་ལ་ཨའུ་ཙི་མི་ཡོང་ངམ། ཨའུ་ཙི་མི་ཡོང་ངམ་སྙམ་དུ་བསམས་ན་གུ་ཡངས་བློ་དཀྱེལ་དང་། ལེགས་སུ་འགྲོ་རྒྱུ། རྙོག་ཁྲ་རང་ཞིར་འགྲོ་རྒྱུའི་རེ་བ་བྱས་ན་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བྱ་སྤྱོད་ཅིག་རེད། འདི་དག་ལ་བསྟུན་མཁས་དང་བསམ་ཤེས་ compromise ནམ་ཡང་བྱེད་མི་རུང་། ཞེས་དང་། ཡང་སྔོན་མ་ཡིན་ན་དུས་བབ་ཚང་ལ་མཆན་འདེབས་མཁན་སྤུས་དག་དེ་འདྲ་མང་པོ་ཡོད། ད་ལྟའི་ཆར་ཧ་ལམ་མཐོང་རྒྱུ་མི་འདུག
རྙོག་ཁྲ་འདི་སེལ་ཐབས་ནི་ཁྱེད་ཅག་ལས་ལྷག་པ་ཞིག་སུས་ཀྱང་ཤེས་ཀྱི་མ་རེད། ངེད་ལ་ནི་བསམ་འཆར་རེ་ཟུང་ཞིག་མ་གཏོགས་གཞན་དམིགས་བསལ་གང་ཡང་ཤོད་རྒྱུ་མེད། འོན་ཀྱང་དམ་བསྒྲགས་དང་སྟངས་འཛིན་ནི་དགོས་ངེས་སུ་མཐོང་། ཞེས་གསུངས།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལོ་རྒྱུས་རྩོམ་སྒྲིག་པ་ལྷ་ཆབ་སྦྱིན་པ་ལགས་ཀྱིས། ང་ནི་སྨྱུག་མིང་ངམ་གསང་མིང་གབ་མིང་སོགས་ལ་འདོད་པ་མེད་མཁན་ཞིག་མིན། ཡིན་ནའང་ད་ལྟའི་རང་རེའི་ཟིན་བྲིས་པའི་སྡེ་དང་མཆན་འདེབས་པའི་སྡེ་ལ་གཞིགས་ཏེ་ང་རྦད་དེ་དེའི་རིགས་ལ་ཡིད་སུན་ཡོད། ཡིན་ནའང་། དེའི་རིགས་ཡོད་ཚད་དེ་འདྲ་མིན་པར་སེམས། ང་ཚོས་དེའི་རིགས་བགར་སྐབས་རྣམ་པ་གསུམ་དུ་དབྱེ་ཆོག དང་བོ། སྨྱུག་མིང་འབྲི་མཁན་ཁ་ཤས་ཀྱིས་དགོས་དབང་གིས་རྩོམ་ཡིག་འབྲི་བ་དང་བསམ་ཚུལ་འདོན་གྱི་ཡོད། དེའི་བསམ་ཚུལ་དེ་སྤྱི་ཚོགས་ལ་ཕན་གནོད་གཉིས་ལས་ཕན་པའི་རིགས་ཡོད་པའང་ཡོད། དེའི་རིགས་ལ་སྲུང་སྐྱོབས་བྱེད་དགོས་པ་འདྲ། གཉིས། སྨྱུག་མིང་ངམ་གསང་མིང་འབྲི་མཁན་ཁག་ཅིག་གིས་ཆེད་དུ་སྤྱི་ཚོགས་ལ་གཏོར་བཤིག་གཏོང་གི་ཡོད། དེའི་རིགས་ནི་ང་ཚོའི་སྤྱི་ཚོགས་ཀྱི་གོང་བུར་གཏོར་བཤིག་གཏོང་མཁན་གྱི་གཏེ་བོ་རེད། གསུམ། ཡང་མི་ཁག་ཅིག་གིས་རང་ཉིད་མི་དགའ་སའི་མི་དེ་གཅིག་པུ་མ་གཏོགས་བདའ་འདེད་གཏོང་གི་མི་འདུག་མོད། དེ་ཡང་སྤྱི་ཚོགས་གཏོར་བཤིག་གི་ཁོངས་སུ་འདུ་བར་སེམས། དེ་འདྲའི་རིགས་ཅན་ཞིག་གིས་ང་ཚོའི་དྲ་བའི་ངོས་ཡོངས་སུ་བཟུང་ཟིན་པས། ངས་གསང་མིང་ངམ་གབ་མིང་བ་འདི་དག་རྩ་བ་ནས་ཡག་པོར་མཐོང་གི་མེད། ཅེས་གསུངས།
ཁེ་ན་ཌར་གནས་བཞུགས་ཁང་གསར་རྡོ་རྗེ་ལགས་ཀྱིས། གཞི་མེད་སྐྱོན་འཛུགས་ཡིན་ན་མཐའ་གཅིག་ཏུ་འགོག་དགོས་རེད། དེ་ལ་སྐྱོན་རྗོད་བྱེད་མཁན་དེས་དངོས་མིང་བཀོད་མ་བཀོད་ལ་འབྲེལ་བ་མེད། འོན་ཀྱང་དཀའ་ངལ་ངོ་མ་དེ་སྐྱོན་འཛུགས་དེ་གཞི་མེད་ཡིན་དང་མིན་ང་ཚོས་མི་ཤེས་པ་དེ་རེད། གཞི་མེད་ཡིན་པ་ཤེས་ན་བཀག་ན་འགྲིག་གི་རེད། དེ་གཅིག་ཡིན། དེ་ནས་སྐྱོན་འཛུགས་ལ་གཞི་རྩ་ཡོད་རུང་སྐབས་དོན་དང་འབྲེལ་བ་ཡོད་མེད་ལའང་བལྟ་དགོས་འདུག དཔེར་ན། ངས་སྐུ་ཕྱྭའི་སྐོར་གྱི་རྩོམ་ཞིག་སྤེལ་ན། སྐུ་ཕྱྭའི་སྐོར་ནས་བགྲོ་གླེང་བྱེད་དགོས་རེད། དེ་མིན་དེ་འབྲི་མཁན་སྒེར་གྱི་སྐྱོན་སྒང་ལ་ཕྱིན་ན། གཅིག་ནས་སྐབས་དོན་དང་མ་འབྲེལ་བ་དང་། གཉིས་ནས་བགྲོ་གླེང་ཡག་པོ་ཡོང་གི་མ་རེད། གསུམ་ནས་གང་ཟག་བྱེ་བྲག་པའི་སྒེར་གྱི་གནས་ཚུལ་དེ། སྤྱི་པའི་གནད་དོན་ནམ་སྐབས་དོན་དང་འབྲེལ་ཆེ་བ་མིན་ན་བརྒྱུད་ལམ་ཐོག་གླེང་རུང་བ་ཞིག་མ་རེད། ཡང་གང་ཟག་བྱེ་བྲག་པའི་སྐོར་དེ་སྐབས་དོན་དང་འབྲེལ་བའམ་སྤྱི་པའི་གནད་དོན་དང་འབྲེལ་བ་ཡོད་ན་བཤད་འཇུག་དགོས། དཔེར་ན། ཁང་གསར་རྡོ་རྗེས་རྟག་པར་ཤོ་སྦག་རྩེ་བཞིན་དུ། ཤོ་སྦག་རྩེས་ན་ཡག་པོ་མེད་པའི་རྩོམ་ཞིག་བྲིས་ན། སྐྱོན་དེ་གླེང་དགོས། དེ་བཞིན་ངས་ལོ་རྒྱུས་ཀྱི་དེབ་ཆེན་ཞིག་བརྩམས་ཏེ་དེའི་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཆགས་སྡང་ཕྱོགས་རིས་བཏོན་ཡོད་ན། ནམ་རྒྱུན་གྱི་ངའི་བསམ་སྤྱོད་དེ་ཚོ་ཡང་བཤད་དགོས་རེད། དེ་ནི་མི་གཅིག་གི་སྐད་ཆ་དང་ལག་ལེན་མཐུན་མིན་དང་། རང་གིས་བྲིས་པའི་དེབ་དང་རང་གི་བྱ་སྤྱོད་ཀྱི་གནད་དོན་རེད། ཅེས་གསུངས།
ཁ་བརྡ་དྲ་རྒྱའི་རྩོམ་སྒྲིག་པ་དགེ་འདུན་རབ་གསལ་ལགས་ཀྱིས། དྲ་ཐོག་ནས་སྟངས་འཛིན་བྱེད་མིན་དེ་ཕལ་ཆེར་དྲ་བ་རང་ལ་རག་ལས་འདོད། ཁ་བརྡ་ལྟ་བུ་ཡིན་ན་ཅུང་གུ་ཡངས་པ་རེད་བསམས། འོན་ཀྱང་དུས་བབ་ལྟ་བུ་ཚགས་པར་གྱི་རིགས་ཀྱིས་ཁུངས་མེད་པ་དང་བཏང་སྙོམས་མ་ཡིན་པ། བདེན་པ་མིན་པ་བཅས་ཀྱི་སྐད་ཆ་གང་ནས་སུ་ཞིག་གིས་བཤད་ཀྱང་ཧ་ཅང་མ་འོས་པ་རེད་དྲན། དེ་བས་སྟངས་འཛིན་ཡིན་གཅིག་བྱེད་དགོས་པ་རེད་དྲན་ཞེས་གསུངས།
ཡང་གཞི་མེད་སྐྱོན་འཛུགས་རིགས་དང་དྲ་རྒྱའི་ཁོར་ཡུག རྩོམ་པོ་བོ་དང་ཀློག་པ་བོའི་ཁོར་ཡུག་ལ་གཏོར་སྐྱོན་བཟོ་བ་འདིའི་རིགས་གཏན་འགོག་བྱེད་དགོས་མིན་དང་། དྲ་རྒྱ་གཙང་མ་ཞིག་ཉར་ཐབས་ཐད་བཀའ་འདྲི་ཞུས་པར། རྡོ་རྗེ་དབང་ཕྱུག་ལགས་ཀྱིས། ནམ་རྒྱུན་གྱི་དྲན་སྟངས་ལ་སྒྲུབ་སླ་བ་དང་དགོས་ངེས་ཅན་དུ་ཡང་མཐོང་གིན་ཡོད་པ་གཅིག་ནི། དུས་བབ་དྲ་ངོས་འདིར་མཚོན་ན། དངོས་མིང་ཡོད་མཁན་གྱི་ཟིན་བྲིས་པའི་སྡེ་ཚན་གཅིག་དང་། སྨྱུག་མིང་ཅན་གྱི་ཟིན་བྲིས་པའི་སྡེ་ཚན་གཅིག་བཅས་སྡེ་ཚན་གཉིས་སུ་བགོས་ཏེ། དངོས་མིང་བས་དངོས་མིང་བ་ནང་ཕན་ཚུན་ལ་མཆན་བུ་འདེབས་པ་དང་། སྨྱུག་མིང་བ་ཚོའི་ནང་སྨྱུག་མིང་བ་དང་དངོས་མིང་བ་གཉིས་ཀས་མཆན་འདེབས་པའི་དབྱེ་མཚམས་ཤིག་ཕྱེས་པ་ཡིན་ན། དེ་ནས་བལྟ་རྒྱུ་ཞིག་ཡོད་རྒྱུ་རེད་འདོད། འདི་ལྟར་བཤད་དོན་གང་ཡིན་ཟེར་ན། དངོས་མིང་ཅན་དང་སྨྱུག་མིང་ཅན་ཕྱོགས་གཉིས་ཀའི་ནང་ན་ཚད་ཐུབ་ཀྱི་རྩོམ་ཡིག་སྤེལ་མཁན་དང་མཆན་བུ་འདེབས་མཁན་ཡོད་སྟབས། དངོས་མིང་དང་སྨྱུག་མིང་གི་ཁྱད་མེད་པར་ཁོང་ཚོའི་ཤེས་ཡོན་དང་རྩོམ་རྩལ་ལ་ང་ཚོས་བརྩི་མཐོང་ངེས་པར་བྱེད་དགོས་པ་རེད་དྲན་གྱི་ཡོད། ཅེས་གསུངས་པ་དང་། སྒོམ་སྡེ་ལྷ་རམས་པས། ཟིན་བྲིས་པ་སོ་སོར་མཆན་ཧྲུལ་དེ་དག་བསུབ་ཐུབ་པའི་ཆ་རྐྱེན་ཡོད་པ་ཙམ་མ་ཟད། གཏན་འགོག་བྱེད་རྒྱུའི་ནུས་པའམ་ཆ་རྐྱེན་ཞིག་དགོས་ཀྱི་འདུག དེ་འདྲ་བྱུང་ཚེ་ཁྱེད་རྣམས་ལ་དེའི་ཐོག་རྒྱུན་དུ་ཐུགས་བསམ་བཞེས་མི་དགོས་པར་ལས་སླ་པོ་ཡོང་བ་འདུག ཅེས་གསུངས།
ཡང་ཁང་གསར་རྡོ་རྗེས། རྒྱ་ཡིག་དང་དབྱིན་ཡིག བོད་ཡིག་བཅས་ཀྱི་དྲ་ལམ་ལ་སྤྱིར་བཏང་གནད་དོན་འདི་གཅིག་མཚུངས་སུ་གནས་འདུག་མ་གཏོགས་ང་ཚོ་བོད་པ་གཅིག་པུར་ཡོད་པའི་གནད་དོན་ཞིག་མ་རེད། འོན་ཀྱང་གོང་དུ་ཞུས་པ་བཞིན། གཞི་མེད་སྐྱོན་འཛུགས་ཡིན་པ་དང་སྐབས་དོན་དང་འབྲེལ་བ་རྩ་བ་ནས་མེད་པའི་གནད་དོན། སྤྱི་ཚོགས་ཁྱོན་ཡོངས་དང་སྤྱི་ཚོགས་ཀྱི་སྡེ་ཚན་བྱེ་བྲག་པར་ཕོག་ཐུག་ཆེན་པོ་འགྲོ་བའི་སྐད་ཆ།༼དཔེར་ན། ཆོས་ལུགས་བྱེ་བྲག་པར་དམའ་འབེབས་ལྟ་བུ་༽ དེ་བཞིན་ཚོགས་ཀྱི་དབུས་སུ་དབྱུང་དུ་མི་རུང་བའི་ཚིག་ངན་དང་ཚིག་རྩུབ། སྤྱི་པའི་མཐུན་སྒྲིལ་ལ་གནོད་པའི་བསམ་ཚུལ། གང་ཟག་སྒེར་གྱི་འབྲེལ་ལམ་དང་གནས་ཚུལ་ལྟ་བུ་རྣམས་དྲ་ལམ་དུ་གླེང་སློང་བྱུང་སྐབས། འབྲེལ་ཡོད་དྲ་ཚིགས་བདག་པོས་སྟངས་འཛིན་ནན་པོ་གནང་གི་འདུག་པས། ང་ཚོས་ཀྱང་དེ་ལྟར་བྱེད་དགོས་པ་ཞིག་རེད། ཅེས་གསུངས།
དེ་བཞིན་མིང་བརྗོད་འདོད་མེད་ཅིང་སྨྱུག་མིང་འོག་གནས་པའི་བོད་ཀྱི་དུས་བབ་ཟིན་བྲིས་པ་ཞིག་གིས། ང་སྨྱུག་མིང་འོག་གབ་སྡོད་བྱས་པར་རྒྱུ་མཚན་གཅིག་ཡོད། ལས་ཀའི་ངོ་བོའི་སྟེང་ནས་གནོན་ཤུགས་ཡོང་གི་འདུག དེ་ཡོང་དོན་ནི་ང་རང་སྒེར་གྱི་ལས་ཀ་ནི་དྲ་བ་བསྔོག་རྒྱུ་དང་ཟིན་བྲིས་འབྲི་རྒྱུ། མཆན་བུ་འདེབས་རྒྱུ་མ་ཡིན་སྟབས། དངོས་མིང་བཀོད་ཚེ་ཚོགས་གཙོ་དང་དྲུང་ཆེ། ཐ་ན་ལས་བྱེད་ཚང་མས་དྲ་བ་ཀློག་གི་ཡོད་སྟབས། འདི་ལྟར་དྲ་མིང་གི་འོག་ནས་མ་བྲིས་ན་མི་ཡོང་བ་ཞིག་ཆགས་ཡོད། དེའི་སྟབས་ཀྱིས་དགོས་དབང་གིས་དྲ་མིང་བེད་སྤྱོད་གཏོང་དགོས་བྱུང་སོང་། ཞེས་ཟེར།
དེའི་ཐད་འདི་གའི་རྩོམ་སྒྲིག་པའི་གསལ་འདེབས་ཞེས་པར། དགོས་པ་རྒྱུ་མཚན་དམིགས་བསལ་ཡོད་ན་ག་དུས་ཡིན་རུང་དམིགས་བསལ་ལ་ལོས་འཇོག དྲ་ངོས་དང་གསར་ཤོག་གང་དུའང་གཅིག་མཚུངས་ཡིན། དཔེར་ན། བཙན་བྱོལ་བོད་གཞུང་དང་ཚོགས་པ་སྒྲིག་འཛུགས་གཞན་གྱི་ནང་དུ་ཡོད་ཅིང་། བརྒྱུད་ལམ་ཁག་ལ་སྐད་ཆ་བཤད་རྒྱུའི་དབང་ཚད་མེད་མཁན་གྱི་རིགས་ཤིག་ཡོད་ལ། དེ་དོན་དངོས་སུ་གསར་ཁང་ལ་ཞུ་མཁན་ཡང་འདུག ལྷག་པར་དུ་སྨྱུག་མིང་གི་འོག་ནས་ཟིན་བྲིས་དམིགས་བསལ་བ་སྤེལ་མཁན་རིགས་ལ་དམིགས་བསལ་ཡོད་པའི་གོ་བརྡ་སྔ་མོ་ནས་སྤྲད་ཡོད་ལ། ཁ་ཉིན་ཡང་དེ་ལྟར་བཤད་ཡོད། ཅེས་གསུངས་ཡོད།
གསར་འགོད་པ། ཨ་རིག་འགྱུར་མེད།
བར་སྐབས་འདིར་མི་མང་པོ་ཞིག་གིས་དྲ་འབུས་ཕུ་དཀྲུགས་མདའ་དཀྲུགས་སུ་བཏང་ནས་དྲ་ཐོག་ཏུ་ཡོང་རྒྱུར་འཚེར་སྣང་བྱེད་དགོས་པ་ཞིག་ཆགས་འདུག འདིས་ང་ཚོའི་ཆ་འཕྲིན་གྱི་འཕེལ་རྒྱས་ལ་གནོད་སྐྱོན་གཏོང་གིན་འདུག་པས། ངས་ཡུན་རིང་ཞིག་ལ་དཀའ་ངལ་འདི་བསལ་ཐབས་ཤིག་བཙལ་བ་ཡིན།
https://tibettimes.net/wordpress/blogs.php?id=40&post_id=9587
སྒོམ་སྡེའི་སྡིག་ར་ལ་བལྟས་ན་ཁོང་ལ་སུན་པོ་དངོས་གནས་བཟོས་ཡོད་ས་འདུག
སྒོམ་སྡེ་ལྷ་རམས་པའི་འཇིགས་སྐུལ་ཕྱོགས་བསྒྲིགས།
དགེ་ལུགས་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ། ཏྲེ་ཧོར་མཁན་ཟུར་བློ་བཟང་དབང་ཕྱུག་དང་། དགེ་བཤེས་བཀྲ་ཤིས་འབུམ། ཧར་གདོང་དགེ་བཤེས་ཐུབ་བསྟན་བཀྲ་ཤིས། དགེ་བཤེས་བྱམས་པ་བརྩོན་འགྲུས་སོགས་ཀྱི་སློབ་མ། སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ་ཀྱིས་གཞན་ལ་ལུས་སྲོག་ལོངས་སྤྱོད་ཀྱི་འཇིགས་སྐུལ་བྱས་པ་རྣམས་ཕྱོགས་སུ་བསྡེབས་པ།
འཇིགས་སྐུལ་དང་པོ།
ཁྲིམས་ཀྱི་འཇིགས་སྐུལ།
ཚུལ་ཁྲིམས་མཐར་ཕྱིན་ཨ་རི་ན་འདུག ས་གནས་ཉེན་རྟོག་པ་Local Police Department དང་། Legal Service གཉིས་ལ་ཁོ་པའི་གནས་ཚུལ་ར་སྤྲོད་བྱེད་མུས་ཡིན། རྗེས་མ་མིག་ལྟོས་ལ་ཕན་པ་ཞིག་བྱ་མ་ཐུབ་ན། ལྟད་མོ་ལྟོས་ཨང་།
U.S. Citizenship and Immigration Services ལ་ཁྱོད་ཀྱིས་ནག་ཉེས་རྣམས་བཤད་ནས། ཁྱོད་ཨ་རིར་སྡོད་པར་ཁྲིམས་ཐོག་ནས་འགོག་རྐྱེན་ཆེན་པོ་ཞིག་བཟོ་མ་ཐུབ་ན། ལྟད་མོ་ལྟོས་ཤིག བཞག་ན་སྡོད་ཀྱི་མ་རེད། An untruthful statement about a person that harms the person’s reputation or standing in the community. Because slander is a tort (a civil wrong), the injured person can bring a lawsuit against the person who made the false statement. (LAW)
འཇིགས་སྐུལ་གཉིས་པ།
ཁྱབ་བསྒྲགས་ཀྱི་འཇིགས་སྐུལ།
ཚུལ་ཁྲིམས་མཐར་ཕྱིན། ད་མཚམས་འཇོག་བྱས་ན་ཡག་པོ་འདུག བོད་རིགས་ནང་ཁུལ་ཅིག་གིས་ཅིག་ལ་སུན་གཙེར་དང་གནོད་པ་བྱེད་ན་ཕན་ཐོགས་ཡོད་མ་རེད། ཁྱེད་རང་གི་བྱ་སྤྱོད་འདི་ཁྲིམས་ཐོག་ནས་བཤད་ན་Harassment ཟེར་བ་དེ་དང་། མི་གཞན་གྱིས་མིང་བེད་སྤྱོད་བྱས་ཏེ་དཀྲོག་གཏམ་སྤེལ་བ་དེ་ནི་Criminal offenseཟེར་བ་དང་། སྤྱི་ཚོགས་ནང་ཞེ་སྡང་གིས་དཀྲུག་ཤིང་བྱེད་པ་ནི། Hate Crime ཟེར་བའི་ཁྲིམས་འགལ་རེད། ཁྱེད་རང་དོལ་ཚོགས་ཡང་མ་རེད། ཁྱེད་རང་ལོ་རྒན་ལྔ་བཅུ་བརྒལ་བའི་གྲྭ་ལོག་ཅིག་ཡིན་པ་དང་། ད་ལྟ་ཡོ་རུབ་ནང་Welfareཟོས་ནས་བསྡད་ཡོད་པའང་ཤེས་སོང་། ཁྱོད་རང་གི་འདྲ་དཔར་ཡང་རག་སོང་། ད་ཁྱོད་རང་བོད་མིའི་སྤྱི་ཚོགས་ཀྱི་ཚགས་དཔར་ཡོད་ཚད་ནང་། ཁྱོད་ཀྱི་ལོ་རྒྱུས་དང་འདྲ་དཔར་དེ་འགྲེམ་སྟོན་བྱ་འདོད་མེད་ན། ད་མཚམས་འཇོག་བྱོས། སྡུག་ཚོད་ཟུངས།
འདོན་སྤེལ།: ༢༠༡༠/༠༣/༠༢ རིག་པ།(༡༠
འཇིགས་སྐུལ་གསུམ་པ།
མདུན་ལམ་གྱི་འཇིགས་སྐུལ།
ཚུལ་ཁྲིམས་མཐར་ཕྱིན། བཙན་བྱོལ་བོད་གཞུང་གིས་ཀྱང་ཁྱོད་ལ་དོགས་ཟོན་བྱེད་དགོས་པ་ཞིག་རེད། ཁྱོད་ཀྱིས་ཁ་བརྡ་སོགས་སུ་བཞག་པའི་མཆན་བུ་ཡོངས་རྫོགས་བསྡུ་རུབ་བྱེད་བཞིན་ཡོད། ཁྱོད་ཀྱིས་མཆན་བུ་ཇི་ཙམ་མང་དུ་གཏོང་བ་དེ་ཙམ་གྱིས་ཁྱོད་ཀྱི་གནས་ཚུལ་ཡང་མི་དམངས་ལ་ཇེ་གསལ་ཇེ་གསལ་དུ་གཏོང་ངེས་ཡིན། ད་ངས་ཁྱོད་ལ་ཁྲིམས་གཏུགས་བྱེད་པར་ཁྱོད་རང་གི་ཨི་མེལ་གློག་འཕྲིན་ཁ་བྱང་དེ་གཅིག་པུ་མ་གཏོགས་གཞན་གང་ཡང་དགོས་ཀྱི་མེད། ཁྱོད་རང་སྡོད་སའི་ཡོ་རབ་ཀྱི་Immigration Centerལ་ནག་ཉེས་རྣམས་གསལ་བར་འཁོད་པའི་གནས་བྲིས་ཤིག་བཏང་ན། ཁྱོད་ལ་ཤོག་བུ་རག་རྒྱུར་དོ་ཕོག་ཆེན་པོ་འགྲོ་ངེས་པ་དང་། ལྷག་པར་ཁྱོད་རང་ཁྲིམས་ཉེས་འོག་གནས་མུས་ཡིན་ཚེ་སྐྱབས་བཅོལ་ལག་ཁྱེར་སོགས་རག་རྒྱུ་མི་སྲིད་པ་རེད། ད་ཆེན་པོ་མ་ཆགས་གོང་མཚམས་འཇོག་བྱས་ན་ཤིན་ཏུ་མཛེས། འདོན་སྤེལ།: ༢༠༡༠/༠༣/༠༢ རིག་པ།(༡༤
འཇིགས་སྐུལ་བཞི་པ།
སྲོག་གི་འཇིགས་སྐུལ།
༼ཚུལ་ཁྲིམས་མཐར་ཕྱིན་ཟེར་བའི་མི་འདི་སུ་ཡིན་ཤེས་མཁན་ཡོད་དམ།༽
དྲ་གྲོགས་རྣམ་པ་ཚོའི་ཁྲོད་ན་ཚུལ་ཁྲིམས་མཐར་ཕྱིན་ཟེར་བའི་མི་འདི་སུ་ཡིན་ཤེས་མཁན་དང་། ད་དུང་གལ་སྲིད་ཁོའི་སྡོད་གནས་དང་ཁ་བྱང་ཁང་མིག་གི་ཨང་གྲངས་སོགས་གསལ་པོ་མཁྱེན་མཁན་ཡོད་ན་ངེས་པར་འདི་རུ་མཆན་བུ་འཇོག་རོགས། དཀོན་མཆོག་གསུམ་ལྟད་མོ་ལྟོས་ཤིག མི་འུ་ཐུག་ན་ལས་ཀ་གང་ཡང་བྱེད་སྲིད་ཀྱི་རེད་དཱ། འདོན་སྤེལ།: ༢༠༡༠/༠༣/༠༣༽
འཇིགས་སྐུལ་ལྔ་པ།
ངན་གསོད་ཀྱི་འཇིགས་སྐུལ།
༣༧༽ སྒོམ་སྡེ་ལྷ་རམས་པ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༢ གི་ཆུ་ཚོད་ ༡༨ སྐར་མ་ ༡༡
བྱིས་པ་མར་འབྱར་ཅི་ཡང་མི་ནུས་པ། །
གང་གི་བྱམས་པའི་ནུ་ཞོས་བསྐྱངས་བསྐྱངས་ནས། །
ངལ་བ་མང་བསྟེན་བཤེས་གཉེན་མ་རྒན་དེའི། །
བྱས་པ་ཆུད་གཟོན་བྱེད་པའི་བུ་འདི་དམན། །
བླ་མ་ངན་པ་སུ་འདྲའི་དགེ་ཕྲུག་རེད།།
གྲུབ་མཐའ་ངན་པ་གང་འདྲའི་རྗེས་འཇུག་རེད།།
རིགས་ངན་ཕ་མ་སུ་འདྲའི་ནལ་ཕྲུག་རེད།།
མི་རིགས་གང་དང་གང་འདྲའི་མཚང་རྫོད་རེད།།
མ་ཤི་པགས་པ་བཤུ་ན་འདི་ལ་བཤུས།།
རྒྱུ་མ་ལག་མགོར་དཀྲི་ན་འདི་ལ་དཀྲིས།།
གསོན་སྙིང་དམར་པོ་ཕྱུང་ན་འདི་ལ་ཕྱུངས།།
ཚེ་སྲོག་དམར་པོ་གཅོད་ན་འདི་ལ་གཅོད།།
ཟུར་མཆན་འདེབས་མཁན་གཡང་ལགས་ཀྱི་བསམ་ཚུལ་ལ་གོ་རྒྱུ་བཟང་པོ་འདུག ཁྱེད་མཁས་པ་ཞིག་རེད་འདུག་པས་མ་འོངས་པར་ཉམ་ཆུང་བོད་འབངས་རྣམས་ལ་དུས་ནས་དུས་སུ་སློབ་གསོ་ལེགས་པོར་གནང་རོག་ཞུ།
ཤེས་འབྱོན་ལྡན་པའི་བཀུར་འོས་བློ་བཟང་དབང་རྒྱལ་མཆོག་གིས།
དཀའ་ངལ་དང་སྐྱོན་བརྗོད་ལ་མགོ་མི་སྒུར་ཞིང་།
བརྩེ་བ་དང་སྙིང་སྟོབས་ཆེན་པོས།
ཉམ་ཆུང་བོད་རིགས་བུ་མོ་ཚོའི་སྤོབས་པ་དང་གཟི་བརྗིད་འཕེལ་ཕྱིར།
ལོ་ལྟར་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་མཛད་སྒོ་ཚོགས་མཛད་པ་ལ།
བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།
བོད་མི་དམངས་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས།
ལོ་ལྟར་བོད་རིགས་གཞོན་སྐྱེས་ཚོར།
ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་གོ་སྒྲིག་གནང་མཛད་པ་ལ།
བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།
བོད་ཕྲུག་ཁྱིམ་སྡེ་རུ་སློབ་ཕྲུག་ ༢༢༠༠ ལྷག་ལ།
༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས།
ཐུགས་བརྩེ་བ་ཆེན་པོས་ཉིན་གཉིས་ཀྱི་རིང་ལ།
ནང་ཆོས་ངོ་སྤྲོད་གསལ་བོར་གནང་མཛད་པ་ལ།
བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།
ཁྱད་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལ།
བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།
བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་གལ་ཆེན་རྣམས།
ང་ཚོས་ཕྱོགས་དུས་ཀུན་ཏུ་དྲིལ་བསྒྲགས་རྒྱ་ཆེར་བྱེད་དགོས་སོ།
བོད་ཀྱི་སྐད་ཡིག་བེད་སྤྱོད་མ་བྱས་ན།
བོད་ཀྱི་ཆོས་དང་རིག་གཞུང་ཉམས་པར་འགྱུར། །
བོད་ཀྱི་སྐད་ཡིག་དར་སྤེལ་བཏང་ན།
བོད་ཀྱི་ཆོས་དང་རིག་གཞུང་དར་རྒྱས་ཡོང་བར་འགྱུར། །
བོད་རིགས་རྣམས་ཀྱིས།
བོད་སྐད་དག་མ་ཤེས་དགོས་པ་ནི།
མི་རིགས་ཀྱི་ཁྱད་ཆོས་ཡིན།
བོད་རིགས་རྣམས་ཀྱིས།
བོད་སྐད་དག་མ་རྒྱུན་དུ་བེད་སྤྱོད་བྱེད་རྒྱུ་ནི།
དུས་རབས་ཀྱི་ལས་འགན་ཡིན།
བོད་རིགས་རྣམས་ཀྱིས།
བོད་ཡིག་འབྲི་ཀློག་སྦྱོང་རྒྱུ་ནི།
བོད་ཀྱི་རིག་གཞུང་གི་རྩ་བ་ཡིན།
བོད་རིགས་རྣམས་ཀྱིས།
སུམ་རྟགས་སྙན་ངག་སྦྱོང་རྒྱུ་ནི།
བོད་ཀྱི་ཆོས་རིག་གི་ལྡེ་མིག་ཡིན།
བོད་རིགས་རྣམས་ཀྱིས།
དེང་དུས་ཤེས་ཡོན་བཟོ་རིག་སྦྱོང་རྒྱུ་ནི།
བོད་འབངས་ཡར་རྒྱས་ཀྱི་འགྲོ་ལམ་ཡིན།
བོད་རིགས་རྣམས་ཀྱིས།
སངས་རྒྱས་ཆོས་ལ་ཐོས་བསམ་སྒོམ་པ་བྱེད་རྒྱུ་ནི།
གངས་ཅན་མི་དམངས་ཀྱི་བླ་སྲོག་ཡིན།
བོད་ཀྱི་སྐད་ཡིག་མེད་ན། བོད་ཀྱི་རིག་གཞུང་མེད། །
བོད་ཀྱི་རིག་གཞུང་ཡོད་ན། བོད་ཀྱི་མི་རིགས་ཡོད། །
བོད་ཀྱི་རིག་གཞུང་ཡང་དག་པ་ཞིག་ཤེས་དགོས་ན།
བོད་རང་གི་ཐུན་མོང་མིན་པའི་སློབ་གསོའི་སྒྲོམ་གཞི་ལ་ངེས་པར་བསྟེན་དགོས།
གོང་དུ་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་འགའ་ཞིག་དཔེ་མཚོན་དང་དཔྱད་གཞིའི་ཆེད་ཁོ་ནར་ཕུལ་བ་ཡིན། མ་འོངས་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གཙོ་བོར་བྱས་པའི་བོད་གཞུང་དམངས་ཡོངས་ཀྱིས། མི་སེམས་འགུལ་ཐུབ་པའི་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་ལེགས་ཤོས་འགའ་ཞིག་བརྒྱུད་ལམ་སྣ་ཚོགས་ནས་དྲིལ་བསྒྲགས་བྱེད་ཐུབ་ན། བོད་པའི་སྤྱི་ཚོགས་རྨོངས་གཉིད་ལས་སད་པའི་ཕན་ནུས་རླབས་ཆེན་འབྱུང་ངེས་སོ།
དེ་རིང་གནས་ཚུལ་དེ་ལ་དུས་བབ་ཐོག་གང་སར་མིག་ཉུལ་ཞིག་བརྒྱབ་པ་དང་། དྲ་གྲོགས་རྣམ་པར་འཕྲད་པའི་དཀའ་ངལ་དང་བློ་འཚབ་ཁོག་ལོན་ཞིག་བྱས་པ་ཡིན། གསང་མིང་འོག་ནས་འཇབ་རྒོལ་དང་རྨས་པའི་མི་ཚོགས་གཙོ་བོ་ཟིན་བྲིས་ཁག་ལ་རེད་འདུག དེ་ལས་ང་རང་ལ་ཧང་སངས་དགོས་པ་ཞིག་བྱུང་། དྲ་བ་སྤྱིའི་འགྲོ་ཕྱོགས་བྱས་ན་སྒེར་གྱི་ཟིན་བྲིས་ཡིན་ཚེ། ཟིན་བྲིས་སྒེར་པ་སོ་སོས་རང་འདོད་དུ་བདག་པོ་བརྒྱབ་ཆོག་པ་དང་། དྲ་མི་སྣ་ཚོགས་པས་མཆན་བཀོད་པ་དག་ལས་གང་ཞིག་རང་གི་རྩོམ་འོག་ཏུ་རང་སར་འཇོག་པ་དང་གང་ཞིག་ཕྱིར་མི་གསལ་བ་དང་གསུབ་གཏོང་བཟོ་འདོད་པ་ནི་ཟིན་བྲིས་བདག་པོ་རང་གི་དབང་ཆ་རེད། དེ་ནི་ཟིན་བྲིས་པ་ཞིག་གི་ཆེས་མ་མཐའི་རང་སྲུང་གི་དབང་ཆ་རེད། འོན་ཀྱང་དུས་བབ་ཚང་གི་ཟིན་བྲིས་སྒེར་པ་ཚོར་དེའི་དབང་ཆ་མེད་པ་ཡིན་བཟོ་འདུག རྐྱེན་རྩ་ཡང་གཙོ་བོ་དེ་ལ་ཐུག་འདུག བྱས་ཙང་དུས་བབ་ཚང་ནས་ཟིན་བྲིས་སྒེར་པ་ཚོར་རང་རང་གི་ཟིན་བྲིས་ཀྱི་མཆན་ལ་བདག་པོ་བརྒྱབ་ཐུབ་པ་དང་། མཆན་བདམས་ལེན་བྱེད་པའི་ལག་རྩལ་བསློབ་ལ་དབང་ཆ་དེ་སྤྲད་ན་གནས་ཚུལ་དེ་ཐག་གཅོད་ཕྲན་བུ་ཐུབ་ས་རེད། ཟིན་བྲིས་ཀྱི་མཆན་དག་བཀོད་འཕྲལ་དྲ་ངོས་སུ་མི་གསལ་བ་དང་ཟིན་བྲིས་སྒེར་པས་ལྟ་ཞིབ་བྱས་ནས་བཀོད་རུང་བ་དག་རང་སར་བཀོད། རང་ལ་གནོད་པ་དང་གཞན་ལ་བསྟན་མི་འདོད་པ་དག་བསུབ་ཆོག་པ་བཟོ་དགོས། དེ་ཕྲན་གྱི་རེ་བ་ཡིན། དེ་མིན་གསར་འགྱུར་དང་བསམ་ཚུལ་སོགས་པ་དག་ནི་མི་གང་མང་གིས་བལྟས་ནས་གླེང་སློང་བྱེད་པ་དང་རིག་པས་བརྡར་ཤ་གཅོད་དགོས་པའི་བློ་སྤོབས་ཡོད་དགོས་པས་རང་གི་འཆར་སྣང་གསང་མིང་དང་དངོས་མིང་གང་རུང་ནས་རང་མོས་སུ་བཤད་ཆོག་པ་བྱས་ན་དགའ། བླང་དོར་གྱི་ཚད་ཅིག་བཟོས་ན་ཟིན་བྲིས་སྒེར་པ་ཚོའི་སེམས་ཤུགས་མ་ཆགས་པ་དང་དྲ་གྲོགས་གཞན་པ་ཚོ་བསམ་འཆར་བཤད་ཆོག་པ་ཞིག་ཡོང་བ་འདུག
ཤ་ཚའི་ཁ་ལ་གཏམ་སྙན་མེད་པ་དང༌། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་པ་དངོས་ཡོད་གནས་ཚུལ་ཡིན། སྙན་པོ་མེད་པ་དང་ཞིམ་པོ་མེད་པའི་རྒྱུ་མཚན་དུ་བྱས་ནས་གད་སྙིགས་ལྟར་གཡུགས་མི་རུང༌། ད་དུང་ཧ་ཅང་གཙིགས་ཆེའི་ཐོག་ནས་བདག་གཅེས་བྱེད་དགོས། སྨྱུག་མིང་དང༌། གསང་མིང༌། གབ་མིང་འོག་ནས་མཆན་བུ་དང་ཟིན་བྲིས། བསམ་ཚུལ་སོགས་ཅི་ཞིག་སྤེལ་བྲིས་བྱས་ཀྱང་དོན་དམ་ཕན་ཐོགས་ཡོད་པ་ཞིག་ཡིན་ན་ང་ཚོས་བདག་པོ་བརྒྱབ་དགོས་པ་ལས་སྨྱུག་མིང་འོག་ནས་བྲིས་འདུག་ཅེས་ཟུར་ཟ་དང༌། དམད་འབོད། འཁང་ར་སོགས་ནམ་ཡང་བྱེད་མི་ཉེན། ད་དུང་སྨྱུག་མིང་འོག་ནས་ཡིབ་སྟེ་དགྲ་བོ་དགྱ་དམར་ལ་གནད་ཕིགས་པའི་རྩོམ་བྲིས་ག་ཚོད་བྱས་ཀྱང་དེ་ལ་དགའ་ཚོར་ཞུ་དགོས། རང་དང་གཞན༌། སྤྱི་དང་སྒེར་པ་བཅས་ལ་དངོས་ཡོད་ནོར་སྐྱོན་ཐེར་བཏོན་བྱས་པའི་བསམ་ཚུལ་ཚུན་ཆད་དངོས་མིང་ཐོག་ནས་བྲིས་ཀྱང་རུང༌། སྨྱུག་མིང་འོག་ནས་གབ་ཡིབ་བྱས་ཀྱང་རུང་གང་ལྟར་དངོས་ཡོད་གནས་ཚུལ་ཡིན་པས་དེ་ལ་མཐའ་གཅིག་ཏུ་ཚོད་འཛིན་བྱེད་དེ་བཀག་འགོག་བྱེད་ཉེན། ང་ལྟ་བུ་ཞིག་གིས་དངོས་མིང་དང་སྨྱུག་མིང་གང་གི་འོག་ནས་ང་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དགའ་ཚོར་ཞུས་ཡོད་པ་ལས་སྡིགས་ར་དང་བརྙས་བཅོས། འཁོན་འཛིན་ནམ་ཡང་བྱེད་མྱུང་མེད།
ཤ་ཚའི་ཁ་ལ་གཏམ་སྙན་མེད་པ་དང༌། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་པ་དངོས་ཡོད་གནས་ཚུལ་ཡིན། སྙན་པོ་མེད་པ་དང་ཞིམ་པོ་མེད་པའི་རྒྱུ་མཚན་དུ་བྱས་ནས་གད་སྙིགས་ལྟར་གཡུགས་མི་རུང༌། ད་དུང་ཧ་ཅང་གཙིགས་ཆེའི་ཐོག་ནས་བདག་གཅེས་བྱེད་དགོས། སྨྱུག་མིང་དང༌། གསང་མིང༌། གབ་མིང་འོག་ནས་མཆན་བུ་དང་ཟིན་བྲིས། བསམ་ཚུལ་སོགས་ཅི་ཞིག་སྤེལ་བྲིས་བྱས་ཀྱང་དོན་དམ་ཕན་ཐོགས་ཡོད་པ་ཞིག་ཡིན་ན་ང་ཚོས་བདག་པོ་བརྒྱབ་དགོས་པ་ལས་སྨྱུག་མིང་འོག་ནས་བྲིས་འདུག་ཅེས་ཟུར་ཟ་དང༌། དམད་འབོད། འཁང་ར་སོགས་ནམ་ཡང་བྱེད་མི་ཉེན། ད་དུང་སྨྱུག་མིང་འོག་ནས་ཡིབ་སྟེ་དགྲ་བོ་དགྱ་དམར་ལ་གནད་ཕིགས་པའི་རྩོམ་བྲིས་ག་ཚོད་བྱས་ཀྱང་དེ་ལ་དགའ་ཚོར་ཞུ་དགོས། རང་དང་གཞན༌། སྤྱི་དང་སྒེར་པ་བཅས་ལ་དངོས་ཡོད་ནོར་སྐྱོན་ཐེར་བཏོན་བྱས་པའི་བསམ་ཚུལ་ཚུན་ཆད་དངོས་མིང་ཐོག་ནས་བྲིས་ཀྱང་རུང༌། སྨྱུག་མིང་འོག་ནས་གབ་ཡིབ་བྱས་ཀྱང་རུང་གང་ལྟར་དངོས་ཡོད་གནས་ཚུལ་ཡིན་པས་དེ་ལ་མཐའ་གཅིག་ཏུ་ཚོད་འཛིན་བྱེད་དེ་བཀག་འགོག་བྱེད་ཉེན། ང་ལྟ་བུ་ཞིག་གིས་དངོས་མིང་དང་སྨྱུག་མིང་གང་གི་འོག་ནས་ང་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དགའ་ཚོར་ཞུས་ཡོད་པ་ལས་སྡིགས་ར་དང་བརྙས་བཅོས། འཁོན་འཛིན་ནམ་ཡང་བྱེད་མྱུང་མེད།
༄༅།། རེ་བ་ཞིག་ཡོད་དོ
ཨ་རིག་འགྱུར་མེད་ཞེས་པ་དེ་ས་ཚིགས་དེར་སླེབས་ནས་ཚད་བཀག་མིང་པོ་ཞིག་བྱེད་མོས་ཐོག
ད་དུང་རྒན་རབ་པ་སྐོར་ཞིག་ལ་བསམ་ཚུལ་འགའ་གསུངས་གནང་ཞུས་ནས་དྲ་འབུ་ཞེས་བའི་ཐ་སྙད་ཞིག་གི་འོག་འགའ་ཞིག་ཕྱིར་འབུད་གཏོང་འདོད་འདུག
ཞུ་རྒྱུར།།།།
དངོས་མིང་དང་གསང་མིང་གང་ཡིན་བྱེ་བྲག་མེད།་གང་ལྟར་འགོག་ན་ཉམས་འགོོག་དགོས
སྨྲ་བརྗོད་རང་དབང་རེད
འོན་ཀྱང་དགོས་མེད་ཀྱི་གཏམ་ཛོལ་པོའི་རིགས་བཤད་པ་དང་རང་ཉིད་ཀྱི་ལྟ་གྲུབ་གྱི་ཁེ་དབང་ཆེད་འགའ་ཞིག་གནས་བཟོ་མི་བདེ་བའི་གཏམ་ཡན་བཤད་མཁན་དག་ལ་ཞུ་དག་ཞིག་བྱས་དེ་འདི་འདྲ་བ་བཤད་མཁན་མི་འདི་རེད་ཀྱི་དུས་བབ་ཚང་གི་གསལ་ལེར་མི་དེའི་རིགས་དྲ་གྲོགས་ཚོའི་མིག་མདུན་དུ་སྟོན་ཐུབ་ན་
དགེ་ཕན་ཆེ་བར་མཐོང་།
དེ་མིན་་་འཇིགས་བྲལ་སོགས་ཀྱི་ཁ་སྐམ་པོ་ལ་ཉན་རྒྱུ་མེད་དོ།
སྤྱི་ཡོངས་ནས་བཤད་པ་ཡིན་ན། སྨྱུག་མིང་བེད་སྤྱད་བྱས་པ་དང་མ་བྱས་པ་གཉིས། བྱས་ན་ལེགས་པའི་གནས་བབས་ཞིག་ཏུ་ད་དུང་རང་རེ་ལྷག་ནས་སྡད་ཡོད། འོན་ཀྱང་དུས་བབ་རྩོམ་སྒྲིག་པས་ངེས་པར་ཅན་དུ་སྟང་འཛིན་དགོས་ཀྱི་འདུག། སྟང་འཛིན་བྱེད་པའི་སྔོན་དུ་དྲྭ་གྲོགས་ཀུན་ལ་བསྒྲིགས་གཞི་གསལ་བཤད་དགོས་ཀྱི་འདུག།
བོད་ཀྱི་དུས་བབ་ལྟ་བུར་མཚོན་ན། ཁ་བརྡ་དྲ་རྒྱ་དང་ངོ་བོ་གཞན་པ་ཞིག་རེད། རྒྱུ་མཚན་དེའི་སྒོ་ནས་བསྒྲིགས་རིམ་ཞིག་བཞག་ནས་དེ་དང་མི་འཐུན་པ་བྲིས་སྤེལ་བྱུང་་ཚེ་འགན་ཁུར་ཚོགས་པས་ནག་བསུབ་དང་བརྟན་དཀག་གང་དགོས་གནས་ཚུལ་དང་བལྟ་ནས་མ་བཟོས་ན། གཅིག་ནས་བོད་མིའི་གོམས་བཤིས། གཉིས་ནས་རང་རེ་ཤེས་ཡོན་གྱི་ཆུ་ཚད་དམའ་རྐྱེན་གྱིས། དྲྭ་གྲོགས་ཁ་ཤས་ཀྱིས་དྲ་ངོས་བལྟ་མ་བདེ་བ་དང་། བལྟ་དགོས་པའི་རིགས་རྣམས་མཐོང་བའི་འགལ་རྐྱེན་བྱེད་ཀྱི་འདུག་པ་ནི་ཉམས་མྱོང་གིས་གྲུབ།
གུས་པ་རང་ཉིད་ལྟ་བུ་ཞིག་ཡིན་འང། སྨྱུག་མིང་བེད་སྤྱོད་མི་ཆོག་པའི་གནས་ཚུལ་ཞིག་བྱུང་སྐབས་དྲ་ཐོག་འདིར་བསམ་ཆར་ཇི་ཙམ་སྤེལ་ཐུབ་མིན་བཤད་ཚོད་མ་ཐིག འདི་འདྲའི་གནས་ཚུལ་ཅན་མང་པོ་ཡོད་རྒྱུ་རེད་བསམ་གྱི་འདུག
ངས་དུས་བབ་དྲ་ཚིགས་ཐོག་གསང་མིང་གི་ཐོག་ནས་མཆན་མི་ཉུང་བ་ཞིག་བྲིས་ཡོད། མཆན་དེ་དག་ལ་བོད་པ་ཞིག་གིས་བསམ་བློ་ཡག་པོ་བཏང་ན་བོད་ལ་ཕན་པ་ཡིན་ལ་མཆན་འདེབས་སའི་མི་སྒེར་དེ་དག་ལ་ཡང་ཕན་པར་བསམས། ཤ་ཚའི་གཏམ་ལ་སྙན་པོ་མེད་ཟེར་བ་ནི་ང་རང་ཚོ་བོད་པ་ལ་ཡོད་པའི་དཔེ་རྩ་ཆེན་ཞིག་ཡིན་པས་དེ་ནས་བློ་བསྐྱེད་ཞིག་ཡོང་ངེས་ལ། ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ནང་དུ་ཡང་སྲིད་གཞུང་དང་སྲིད་འཛིན་པ་སོགས་མི་སྒེར་ལ་ཡང་སྐྱོན་འདོན་གང་ཐུབ་བྱེད་པ་ལས་ཡོན་ཏན་རྒྱ་ཆེར་སྒྲོག་མཁན་སྲིད་མཐའ་ཙམ་རེད། དགོས་པ་རྒྱུ་མཚན་ནི་སྤྱི་ཚོགས་དང་མི་སྒེར་སུ་ཞིག་ཡིན་ཀྱང་སྐྱོན་འདོན་རོགས་བྱས་ན་ཡར་རྒྱས་འགྲོ་སྲིད་པ་རེད། ཐབས་སྡུག་པ་ཞིག་ལ་བོད་མི་མང་པོ་ཞིག་གི་ཀླད་པའི་ནང་དུ་སྒེར་གཅོད་སྲིད་གཞུང་གི་འདུ་ཤེས་འཛིན་སྟངས་ཆགས་པར་བརྟེན། བསྟོད་ར་འཁྱོག་པ་ལས་སྨད་ར་མི་འཁྱོག་པ་དང་། རང་གི་ལྟ་བ་ཁས་མི་ལེན་ན་དགྲ་བོར་བརྩི་བ་དང་། རང་ལ་མི་སྙན་པ་བརྗོད་ན་དཔུང་པ་འཕུར་བ་འདི་གཅིག་ནས་ཡ་རབས་སྲོལ་བཟང་དམངས་གཙོའི་སྤྱི་ཚོགས་ཀྱི་ངོ་བོ་དང་ཁྱད་ཆོས་ལ་རྒྱུས་ལོན་མ་ཐུབ་པ་དང་། གཉིས་ནས་བོད་རང་ལ་ཡོད་པའི་ཆོས་ཀྱིས་རང་སེམས་ལ་ཕན་ཐོགས་རྒྱུ་ལྟ་ཅི་ད་དུང་སེམས་ངོ་རྭ་ཅོ་ལས་གྱོང་བར་ཆགས་ཡོད་པའི་རྟགས་ཕྱི་ལ་བསྟན་པ་རེད། གསང་མིང་བཀོལ་ནས་ལྟ་བ་སྤེལ་བ་འདིའི་དགེ་མཚན་བཤད་ན་མི་རྣམས་ཀྱི་སྐྱོན་ལ་མཛུབ་མོ་ཐད་འཛུགས་བྱེད་ཐུབ་པ་དང་། སྐྱོན་འདོན་ཐུབ་པ་དེ་དག་གིས་མི་རིགས་ཀྱི་འཕེལ་རྒྱས་ལ་ནུས་པ་འདོན་ཐུབ་པ་རེད། བོད་པ་མང་པོ་བསྟོད་ར་ལས་སྨད་ར་མི་འཁྱོག་པའི་སྐབས་འདིར། བོད་པ་རྣམས་ཀྱི་ལྟ་བ་ལ་དགག་སྒྲུབ་བྱེད་དགོས་སམ་མི་དགོས། སྐྱོན་འདོན་དགོས་སམ་མི་དགོས། དགག་སྒྲུབ་མེད། སྐྱོན་ཡང་མ་བཏོན་ན་མི་རིགས་ལ་འཕེལ་རྒྱས་གང་ཞིག་ཡོང་། སྐྱོན་ཆེན་པོ་ཞིག་མཐོང་ནས་མིང་ངོ་མས་མདུན་དུ་ཐོན་དེ་ཐད་འཛུགས་བྱ་དགོས་ན། གོང་དུ་སྒོམ་སྡེ་དང་ལྷ་ཆབ་སྦྱིན་པ་རྣམས་ཀྱི་བྱེད་སྟངས་ལ་ལྟོས་དང་། མི་བསད་རྟ་འགྱེལ་དང་ཚེ་གང་གཏིང་ནད་འཛིན་པ་ཞིག་མ་གཏོགས་གང་ཡོང་བ་འདུག དེ་ད་ལྟ་ང་ཚོ་བོད་པའི་ཡོན་ཏན་ཅན་ཡིན་ཟེར་མཁན་མང་པོ་ཞིག་གི་ཚུགས་ཀ་རེད། དེའི་རྐྱེན་གྱིས་ཡི་གེ་དར་བ་ནས་ད་ལྟ་བར་དུ་འགྲོ་བ་མིའི་ལོ་རྒྱུས་ནང་དུ་གསང་མིང་གི་ཐོག་ནས་སྐྱོན་འདོན་མཁན་ཡོད་ལ། དེ་དག་གིས་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་ཐོན་ཡོད་པ་དེ་ཁས་མ་ལེན་རང་ལེན་རེད། དེ་མིན་ང་ཚོའི་ཤེས་ཡོན་པ་ཚོས་རྩོམ་བྲིས་ནས་སྤྱི་ཚོགས་ནང་གི་ནག་སྙིགས་ཐེར་འདོན་དང་མི་དམངས་ལ་དྲིལ་བརྡ་གཏོང་བ་སོགས་བྱས་པ་ནི་ཤེས་ཡོན་པས་རང་གི་ཚོར་བ་སྐྱེན་པོ་དེ་སྤྱད་ནས་མི་རིགས་ལ་ཁུར་ཞིག་བཞེས་ཏེ་ལས་དེ་རྩོམ་པ་ཨ་ཅང་ཅང་མོད། གཞན་གྱིས་མཆན་འདེབས་ནས་དག་སེལ་དང་འགྲེལ་བརྗོད་བྱས་པ་དག་ལ་དགོངས་པ་ལེགས་བཞེས་བྱེད་དགོས་པ་ཡིན། གལ་ཏེ་མི་གཞིར་དམའ་འབེབས་དང་ཁུངས་མེད་སྐྱོན་བརྗོད་བྱས་ན། ཁྱེད་རང་གིས་ཧ་ཧ་ཞེས་རྣ་རྒྱབ་ལ་གཡུགས་ན་འགྲིག་པ་ཡིན་ཏེ། གཞི་མེད་ཁུངས་མེད་ཀྱི་སྐད་ཆ་རྣོན་པོ་བཤད་ཀྱང་ནུས་པ་གང་ཡང་མེད་པ་གསལ་པོ་རེད། ཡིན་ཀྱང་ཞུ་དགོས་པ་ཞིག་ལ། ང་ཚོའི་ཤེས་ཡོན་ཅན་རྣམས་ཀྱང་ཐམས་ཅད་མཁྱེན་པ་དང་རྣམ་དཔྱོད་ལ་ལྷད་སྤུ་ཙམ་མེད་པ་ཞིག་མིན་སྟབས། རང་གིས་བྲིས་པའི་རྩོམ་ལ་སྐྱོན་དང་ལྷད། ཐ་ན་ཐལ་ཆ་དང་ལོག་སྒྲུབ་སོགས་པའི་ཆ་ཡོང་སྲིད་པ་ཡིན་པས། དེ་དག་ལ་དམིགས་ནས་དགག་སྒྲུབ་དང་སྐྱོན་བརྗོད་བྱས་པ་དེ་དག་ཁུར་དུ་བཟོད་དགོས་པ་བརྗོད་མེད་རེད། དེ་ཡང་བཟོད་མ་ཐུབ་ན། རང་གི་རྩོམ་ལ་དགོས་པའི་ལུང་དང་རིག་པ་བཙན་པོ་མེད་པ་དང་རང་གི་རྩོམ་ལ་གཞན་གྱིས་མདུང་འཛུགས་སའི་ཨི་ཁུང་མང་པོ་ཡོད་པའི་གནོང་ཆེན་པོ་ཡོད་པ་ལས་མ་འདས། དེས་ན་སྐྱོན་བརྗོད་བྱས་པ་དག་ལ་སྙིང་མ་ན། སེམས་མ་འཚབ། དེ་དག་ལས་བློ་བསྐྱེད་ལོངས། རིག་པ་རྡོར། ཉམས་མྱོང་གསོག་རྒྱུ་ནི་དོན་གྱི་ཨ་མ་ཡིན་པ་དང་། སོ་སོ་དང་། སོ་སོའི་མི་རིགས་གཉིས་ཀ་འཕེལ་རྒྱས་ཡོང་བའི་གཞི་མ་ཡིན་པ་ཧ་གོ་བ་གྱིས་ཤིག ཤེས་ཡོན་ཅན་པ་ཚོ། ལེགས་པར་སོམས།
ཅོ་རི་བ་རྗེས་ཕྱོགས་མཇལ་ཡོང་།
ཨ་རིག་འགྱུར་མེད་ལགས། ཉིད་ནས་དུས་བབ་ཟིན་བྲིས་པ་དང་། མཆན་འདེབས་མཁན་ཚོའི་སྐོར་ལ་བསམ་ཚུལ་གསར་འགྱུར་གལ་ཆེན་འདི་སྤེལ་བར་སླར་ཡང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲ་གྲོགས་ཡོངས་ལ་ཞུ་རྒྱུ། དུས་བབ་དྲ་ངོས་སུ་སྨྲ་བརྗོད་རང་དབང་བེད་སྤྱད་དེ་གསར་འགྱུར་དང་ཟིན་བྲིས་སོ་སོ་ལས་འཕྲོས་པའི་འབྲེལ་ཡོད་བསམ་ཚུལ་གང་འདྲ་སྤེལ་ན་འགྲིག་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ནི་མ་འགྲིག་པ་ཞིག་ཏུ་མ་མཐོང། ཡིན་ནའང་ཚིག་གཅིག་ཞུ་རྒྱུ་ཡོད་པ་ནི། རྣམ་པ་ཚོ་སུ་ཡིན་པ་དེ་མ་མཐར་དུས་བབ་གསར་ཁང་གིས་ངེས་པར་ཤེས་དགོས་པར་འདུག དེ་མིན་ཉིན་གཅིག་རྣམ་པ་ཚོ་ཁག་ཅིག་གིས་དུས་བབ་ཁྲིམས་ལ་སྐྱེལ་བར་འདུག དོགས་སློང་གི་སྐད་ཆ་མིན། འདི་ནི་དངོས་འབྲེལ་ཡོང་སྲིད་ཀྱི་རེད་ལ། སྐབས་དེར་དུས་བབ་ལ་ཁུངས་སྐྱེལ་མེད་ན་དུས་བབ་གསར་ཁང་ངོ་ཚར་གཏད་པ་ཡིན་ལ། སྡུག་ན་སྒོ་རྒྱག་དགོས་ཐུག་སྲིད་པ་རེད། དེ་བས་རྣམ་པ་ཚོས་དུས་བབ་གསར་ཁང་གི་རྩོམ་སྒྲིག་པར་དེབ་སྐྱེལ་ཚད་ལྡན་ཁྲིམས་མཐུན་བྱེད་རོགས། འདི་ནི་རེ་བ་དྲོན་མོ་ཞིག་ཡིན།
རྣམ་པ་གཉིས་སྐུ་ཚེ་བརྟན་པས་སྨོན་ལམ་ཡོད། ང་ཡང་རྒུན་ཆང་ཞིག་འཐུང་མཁན་འགྲོ་གི་ཡིན།
ལགས་སོ།། བཞུགས་ཨ། རྗེས་མར་མཇལ་ཡོང་།
ཞྭ་ནག་བློ་གྲོས་ལགས། ཕྲན་ནས་ཡུན་རིང་བསམ་པའི་སྐད་ཆ་མང་པོ་ཞིག་ཁྱོད་རང་བརྒྱུད་ནས་བཤད་ཐུབ་སོང་བས་དགའ་ཡོད།
རྗེས་ཕྱོགས་གནད་དོན་ཆེ་སྐབས་འབོད་ཀྱི་ཡིན། ཕེབས་པ་གནང་རོགས་ཞུ་གི་ཡོད།
འཇིགས་བྲལ་ལགས།
ད་ནི་འགྲོ་ཡང་རན། ཁྱེད་རང་དང་ལྷན་གླེང་འདོད་པ་དག་ཀྱང་གླེང་སློང་གྲུབ། འདི་གར་གླེང་མཚམས་བཞག་གོ། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།
དུས་བབ་རྩོམ་སྒྲིག་པ་ཟུར་པ་དགེ་འདུན་རབ་གསལ་གྱིས། དུས་བབ་ལྟ་བུ་ཚགས་པར་གྱི་རིགས་ཀྱིས་ཁུངས་མེད་པ་དང་བཏང་སྙོམས་མ་ཡིན་པ། བདེན་པ་མིན་པ་བཅས་ཀྱི་སྐད་ཆ་གང་ནས་སུ་ཞིག་གིས་བཤད་ཀྱང་ཧ་ཅང་མ་འོས་པ་རེད་དྲན། དེ་བས་སྟངས་འཛིན་ཡིན་གཅིག་བྱེད་དགོས་པ་རེད་དྲན། གསར་འགོད་པ་རྒན་པ་དང་། རྩོམ་སྒྲིག་པ་ལས་ཟུར་ཞིག་གི་ངོས་ནས་གསར་ཁང་གི་རླབས་ཆེ་བའི་རིན་ཐང་མཐོང་བའི་བསམ་ཚུལ་འདི་ཡང་བདག་མེད་དུ་འཇོག་རུང་བ་ཞིག་མ་རེད་འདོད།
འདི་འདྲ་སྐྱོན་བརྗོད་བྱས་ཀྱི་ཡོད།
མཇལ་མ་མྱོང་ཀྱང་གོ་མྱོང་ཡོད་པའི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱི་བསམ་ཚུལ་ལ་གུས་བརྩི
ཟིན་བྲིས་ལ་བཟོ་བཅོས་རྒྱག་པ། | བརྗོད་བྱ་འདི་གསུབ་པ།
མཇལ་མ་མྱོང་ཀྱང་གོ་མྱོང་ཡོད་པའི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱི་བསམ་ཚུལ་ལ་གུས་བརྩི་ཞུ་རྒྱུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་གསུངས་པ་རྣམས་དངོས་ཡོད་གནས་ཚུལ་ཞིག་དང་བོད་མི་རིགས་ཀྱི་བདེ་སྡུག་གི་རྩ་བ་ལ་ཐུག་ཡོད།
༡༽ཟམ་གདོང་བླ་མས་ཕྱི་རྒྱལ་འགྲོ་བ་ལ་བཀག་འགོག་བྱས་ཡོད་མེད་དང་བཙན་བྱོལ་གཞུང་གིས་ངོས་ནས་བཀག་འགོག་བྱས་ཡོད་མེད་ཀྱི་སྐད་ཆ་འདིར་༢༠༠༢་ཡན་མན་ནས་སྤྱི་ཚོགས་ནང་དུ་ཁྱབ། ཡིན་ནའང་ང་ཉམ་ཆུང་ཅོ་རིས་ངོས་ནས་མཁས་དབང་ཟམ་གདོང་བླ་མས་བཙན་བྱོལ་བོད་མི་ཉམ་ཐག་རྣམས་ཀྱི་ལྟོ་གོས་ལ་བསམ་གཞི་མེད་པའི་ཕྱག་ལས་གནང་གི་རེད་བསམ་པའི་སྣང་བའི་ཡུལ་ལ་ཡང་དྲན་མྱོང་མེད་ཁོང་ལ་ཡིད་ཆེས་ཡོད།
༢༽ཡིན་ནའང་བློ་ཕམ་དགོས་པ་ཞིག་ལ་༢༠༠༩ལོར་བཀའ་བློན་ཁྲི་པ་སུད་སིར་ཕེབས་སྐབས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ར་སྒང་ཚེ་རིང་ཕུན་ཚོགས་ཀྱིས་གནས་ཚུལ་སྦེལ་སྐབས་སུ་བཀའ་ཁྲི་མཆོག་གིས་གསུངས་དོན་དུ་ཁྱེད་རང་ཚོ་ནུབ་ཕྱོགས་སུ་པའི་བོད་མི་རྣམས་ཀྱིས་རང་གི་གཉེན་ཉེར་ངོ་ཤེས་རྣམས་ཚུར་ལེན་གྱི་བཞག་ནས་དེའི་ཚབ་ཏུ་ཚུར་མ་ཡོང་ཟེར་ནས་སློབ་བྱ་རྒྱག་རོགས་ཞེས་རེ་སྐུལ་གནང་སོང།
༣༽སྐད་ཆ་འདིར་ཡིད་ཆེས་མེད་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲ་མཛོད་ནང་དུ་ཚར་གཅིག་གཟིགས་རོགས་གནང་དང་དེ་ནས་ཧ་གོ་ཡོང་གི་རེད།
༤༽བཀའ་ཁྲིའི་གསུངས་བཤད་དེར་གོ་བ་ནས་བཟུང་ང་ཅོ་རི་སེམས་ལ་སྡུག་གི་མུན་པ་ཆགས་པ་དང་ཡར་ཁུང་མཆི་མའི་གང་བའི་བློ་ཕམ་སླེབས་སོང། རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཉམ་ཐག་ལས་མེད་ཚོའི་ནི་རང་གིས་རང་ཉིད་ཀྱི་ལྟོ་གོས་ཡག་པོ་ཞིག་འགྲུབ་ཐབས་མེད་པའི་གནས་ཚུལ་འདི་ཚོ་མིག་གི་མདུན་དུ་བཞག་ནས་དེར་མཐུན་འགྱུར་གྱི་རོགས་རམ་མེད་པར་བཀག་འགོག་བྱས་པ་འདིར་མཐའ་གཅིག་ངོ་རྒོལ་ཡོད།
༥༽དེ་རིང་ཁྱེད་ཀྱིས་བསམ་ཚུལ་འདི་འདྲ་ཞིག་སྤེལ་པ་དེར་ང་ཉམ་ཆུང་ཅོ་རི་ངོས་ནས་ཨ་སྒོར་སྟོང་གཅིག་ཐོབ་པ་ལས་ཀྱང་དགའ་སྤྲོ་ཆེན་པོ་བྱུང། བཙན་བྱོལ་གཞུང་གིས་ངོས་ནས་འགྱུར་བ་གཏོང་དགོས་ངེས་རེད།་་རྒྱ་བལ་འབྲུག་གསུམ་ནང་དུ་ཡོད་པའི་བོད་མི་ལོ་ཆུང་ལས་མེད་ཚོ་མི་ཚེ་སྟོང་ཟད་གཏོང་ནས་བཞག་པ་ལས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཡོང་ཐུབ་པར་འབད་བརྩོན་བྱེད་རྒྱུར་མཐའ་གཅིག་ཏུ་སེམས་ཐག་བཅད་ནས་སྡོད་ཡོད།
༦༽བཙན་བྱོལ་བོད་མི་ཉམ་ཆུང་ལས་མེད་རྣམས་ཕྱི་རྒྱལ་ལ་ལེན་ཐབས་གཙོ་བོ་གཞུང་གིས་ངོས་ནས་ཨ་རི་ལྟ་བུ་ལ་འབྲེལ་བ་བྱེད་ནས་གཞུང་འབྲེལ་གྱི་ཐོག་ནས་ལེན་ཐུབ་པ་ཡིན་ན་སྤུན་གྲོགས་ཚོ་སླེབས་ཚར་སྐབས་སུ་སྡོད་ཆོག་པའི་ལག་ཁྱེར་ཡག་པོ་ཐོབ་པ་དང། འགྲོ་སོང་ཉུང་བ་བཅས་ཀྱི་བོད་མི་རྣམས་ལ་ཁེ་ཕན་ཆེ་བ་ཡོད། ༧༽གལ་སྲིད་དེ་ལས་ལྷག་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་ཨ་རིའི་ལྟ་བུ་ལ་བོད་མིའི་གཞི་ཆགས་གསར་རྒྱག་བྱ་ཐུབ་ན་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་རྒྱ་གར་ལས་ལྷག་ཡོང་ངེས་རེད། བོད་དོན་འཐབ་རྩོད་ཐོག་ཏུ་ཡང་ནུས་པ་ཡག་པོ་ཐོན་གྱི་རེད།
༩༽གཞུང་གིས་ངོས་ནས་བོད་མི་ཕྱི་རྒྱལ་གཏོང་ཡ་དང་ནུབ་ཕྱོགས་ཡུལ་དུ་གཞི་ཆགས་གསར་རྒྱག་བྱེད་ཐུབ་དགོས་ན་དང་པོ་བཀའ་སྤྱི་གཉིས་ཀྱི་ངོས་ལེན་གནང་དགོས། བཀའ་སྤྱིོ་གཉིས་ཀྱི་ངོས་ལེན་ཡོང་བའི་ཆེད་དུ་ང་རང་ཚོའི་སྤུན་གྲོགས་ཚང་མས་ཅི་ཞིག་བྱ་དགོས་སམ་་་་ལྷ་མོ་སྐྱབས་གསུངས་དང། ང་རང་ཚོའི་དང་པོ་འགོ་འཛུགས་ས་བཀའ་སྤྱི་གཉིས་ཀྱི་རྒྱབ་སྐྱོར་ཐུབ་པ་བྱ་དགོས་དུས་་་ག་འདྲ་བྱེད་ན་ཡག་གི་རེད་དམ། ངས་བསམ་ཚུལ་ལ་བཀའ་སྤྱི་བསམ་མེད་འདི་ཚོ་བརྗེ་པོ་རྒྱག་ཚར་དུས་མ་གཏོགས་ཟམ་གདོང་བླ་མས་ཉན་མདོག་ཁག་པོ་མ་རེད་དྲན་གྱི་འདུག སྤུན་གྲོགས་ཚོ་མས་ཐབས་ལམ་ཡོད་པ་རྣམས་གསུང་རོགས་གནང་་་་ང་ཅོ་རི་མི་ནག་ཆགས་སོང་ཡང་མདུན་དུ་འགྲོ་ཆོག འདི་ནི་བོད་མི་རིགས་ཀྱི་བདེ་སྡུག་ལ་ཐུག་ཡོད་་་་་་་གསུང་རོགས་གནང་ལམ་སྟོན་ཡག་པོ་ཞིག་་་ལྷ་མོ་སྐྱབས་ལགས་ཅི་འདྲ་དགའ་ས་རེད། སྤུན་གྲོགས་རྨེའུ་དཀོན་རྒྱམ་ལགས་ཁྱེད་ཉིད་ནི་སྐྱེས་ཕོ་རབ་ཡི་མཚན་ཉིད་ཚང་བའི་མི་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། རྡ་ས་སྡོད་ཡོད་ན་བཀའ་སྤྱི་གཉིས་རྒྱུས་མངའ་ཆེ་བའི་ཅི་དགའ་གང་མཐུན་གྱི་ལམ་སྟོན་རེ་གནང་རོགས་
འཇིགས་བྲལ་ལགས།
ལགས་སོ།། འཇིགས་བྲལ་ལགས། ད་ནི་ངས་ཁྱེད་རང་དང་ལྷན་གླེང་སློང་བྱེད་བསམ་པ་དེ་ཚོ་བྱས་ཟིན་པ་ཡིན། གླེང་མཚམས་འདི་གར་འཇོག་པ་གནང་ན་གང་འདྲ་འདུག ཁྱེད་རང་དང་ལྷན་དུ་གླེང་མོལ་འདིར་དགའ་པོ་བྱུང་།
ཞར་ལ་ཅོ་རི་ལགས་ལ་ཞུ་རྒྱུར།
ཁྱེད་རང་གིས་དེ་འདྲ་བྱས་པ་རྣམས་བོད་མི་རིགས་ཀྱི་ཆེད་དུ་ཡིན་པ་མ་ཟད་བཙན་བྱོལ་བོད་མི་འཚོ་བ་སྐྱོ་པོ་ཡིན་པ་རྣམས་ཀྱི་ཆེད་དུ་ཡིན་པ་དང་། གཞན་ཁྱེད་རང་བཀའ་ཁྲི་ལ་སྡང་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད་ལུགས་མེད་སྟངས་དེ་ཀློག་མཁན་ཚོར་གཅིག་གཅིག་བྱས་ནས་གླེང་དགོས་རེད། བཤད་དགོས་རེད། དེ་ནས་ཁྱེད་རང་གི་གཏམ་ལ་བདག་པོ་ཐོན་གི་རེད། དེ་གཅིག་ཡིན།
ཁ་ཐུག་གིས་བཤད་ན། དྲ་ངོས་ཀྱི་མཆན་བུ་བ་དང་ཟིན་བྲིས་པ་ཚང་མས་གནས་ལུགས་ཟེར་བ་དེར་མིག་གིས་བལྟ་ཙམ་དང་རྣ་བས་ཉན་ཙམ་ནི་བྱེད་ཀྱི་ཡོད་པ་རེད།
ཅོ་རི་ལགས། སླར་ཡང་མཇལ་བ་དགའ་པོ་བྱུང་། བསམ་ཚུལ་གནང་བ་དེ་ལ་འགན་ཁུར་ཡོད་པ་དེ་དེ་བས་ཡག་པོ་རེད།
ཞྭ་ནག་བློ་གྲོས་ལགས།
སྒུག་བསྡད་ཡོད།
ཞྭ་ནག་བློ་གྲོས་ལགས། ཁྱོད་རང་གིས་གསུངས་པར་གནད་འགག་འདུག མཆན་འདེབས་མཁན་སུ་ཡིན་པ་དུས་བབ་ནས་ཤེས་པར་བྱས་རྗེས་ཟིན་བྲིས་སྐར་ཁུང་དུ་ཅི་ཡང་སྤེལ། ཅི་ཡང་ཤོད། ཡིན་ནའང་གསར་འགྱུར་དྲ་ངོས་སུ་གསར་འགྱུར་དང་འབྲེལ་བའི་རིགས་ཁོ་ན་ཤོད་ཡུལ་ཡིན་པའི་ལམ་ལུགས་བཟོས་ན་གང་འདྲ་འདུག ས་མཚམས་མེད་ན་རྩ་བ་ནས་འགྲིག་གི་མི་འདུག
རྩ་བ་ཤོད་མཁན་སུ་ཡིན་དུས་བབ་ནས་ཤེས་ཀྱི་ཡོད་པས་དགོས་གལ་བྱུང་ན་བདའ་འདེད་བྱེད་ཆོག་གི་རེད། དེས་ན་ལམ་ལུགས་དེ་གང་འདྲ་འདུག
བཀུར་འོས་སྤུན་གྲོགས་རྣམ་པ་གཉིས་ལགས།
ངས་སྔོན་མ་ནས་མང་པོ་ལབ་མྱོང་ཡོད་གཏམ་ལ་བདག་པོ་མེད་ན་གཏམ་འཁྱམ་དང་མི་ལ་བདག་པོ་མེད་ན་མི་འཁྱམ་རེད་ཞེས་ཞུ་མྱོང་ཡོད།
དུས་བབ་དྲ་ཐོག་ཏུ་གཏམ་འཁྱམ་བཤད་ན་ཡག་པོ་མ་རེད། གཞན་མི་ཚང་མས་བསམ་ཚུལ་གཅིག་པ་ཞིག་ཡོང་མི་སྲིད་པ་རེད། ཡིན་ནའང་རང་ཉིད་དང་བསམ་ཚུལ་མ་མཐུན་ཙམ་གྱིས་རྒྱུ་མཚན་བྱེད་ནས་ཕ་ཕྱོགས་བཀག་འགོག་བྱེད་དགོས་གསུངས་ན་འགྲིག་གི་མེད་པ་མཐོང་།
དཔེར་ན་དྲ་གྲོགས་ནད་པའི་མཆན་བུ་འདི་འདྲ་བྲིས་མྱོང་ཡོད། ཐག་རིང་གཉེན་ལས་གྲོང་པའི་དགྲ་དགའ་ཟེར་བ་གཏམ་དཔེ་བགྲངས་ནས་རྒྱ་ནག་པོ་འདི་བོད་མི་ཆེད་དུ་གལ་ཆེ་ཡིན་ལུགས་བཤད་པ་རེད།
འདི་ཚོ་ཡ་ལན་བྱེད་མཁན་དུས་བབ་དྲ་ཐོག་ཏུ་ང་ཅོ་རིའི་རྗེས་སུ་ཉུང་ཉུང་རེད།
དེ་ཚོ་རྒྱུ་རྐྱེན་གཅིག་རེད། གཞན་བཙན་བྱོལ་གཞུང་གི་མཛད་གཙོ་རྣམ་པ་ལ་སྐྱོན་བརྗོད་བྱས་དང་བྱེད་བཞིན་པ་རེད། དཔེར་ན་ང་ཅོ་རིས་བཀའ་བློན་ཁྲི་པ་ལ་ཁ་ཐུག་སྐྱོན་བརྗོད་བྱས་ཀྱི་ཡོད། ཡིན་ནའང་རང་གི་བཤད་པའི་སྐད་ཆ་ལ་རང་གིས་འགན་ཁུར་ཡོད། ཁྲིམས་ལ་ཐུག་པ་མི་དགོས་བཙོན་ཁང་ནང་དུ་འགྲོ་དགོས་ཐུག་ཀྱང་དགྱོད་པ་སྤུ་ཙམ་མེད།
ངས་འདི་འདྲ་བྱས་པ་རྣམས་བོད་མི་རིགས་ཀྱི་ཆེད་དུ་ཡིན་པ་མ་ཟད་བཙན་བྱོལ་བོད་མི་འཚོ་བ་སྐྱོ་པོ་ཡིན་པ་རྣམས་ཀྱི་ཆེད་དུ་ཡིན། གཞན་ངས་བཀའ་ཁྲི་སྡང་དགོས་པས་རྒྱུ་མཚན་སྤུ་ཙམ་མེད།
མི་སུ་ཡིན་ནའང་རང་གི་བཤད་པའི་སྐད་ཆ་དེས་ཁྲིམས་ལ་ཐུག་ཀྱང་འགྲོ་བསམ་པ་ཞིག་ཐོག་མ་ནས་དགོས་ཀྱི་རེད་སྙམ།
ང་དྲ་རྒྱའི་གཙོ་བདག་ཡིན་པའི་དབང་དུ་བཏང་ན། སྒྲུང་རྩོམ་དང་། སྙན་རྩོམ་ཁོ་ན་སྤེལ་སྡོད་མཁན་དེ་ཚོར་སྙན་ཚིག་དང་། སྒྲུང་རྩོམ་སྤེལ་སའི་དྲ་རྒྱའི་ཁ་བྱང་མཁོ་སྤྲོད་བྱས་ཏེ་ཕྱིར་འབུད་གཏོང་ས་རེད།
དེ་བཞིན་དྲ་འབུ་དེ་སུ་ཡིན་ཤེས་པ་བྱས་ཏེ་སྐབས་དོན་གསར་འགྱུར་དང་འབྲེལ་བའི་རིགས་ལ་བསམ་ཚུལ་གང་ཡོད་སྤེལ་འཇུག་ས་རེད།
དུས་བབ་དྲ་ཚིགས་ལ་ཤོག་ངོས་མི་འདྲ་བ་གཉིས་འདུག་པའི་གཅིག་ནི། ཁྱེད་རང་གིས་བཤད་པའི་གསར་འགྱུར་དྲ་རྒྱ་རེད། དེར་རྒྱལ་བ་ཀརྨ་པ་མཆོག་གིས་ཡུལ་ཤུལ་མི་མང་ལ་ཕུལ་བའི་སྙན་རྩོམ་དེ་བཀོད་པ་ཞིག་མཇལ་མྱོང་། དེ་མིན་ཤོག་ངོས་དེར་གསར་འགྱུར་མ་གཏོགས་གཞན་དེ་ཙམ་ཡོང་གི་ཡོད་པ་མ་རེད། དེ་མཐོང་སྟངས་གཅིག་རེད། མཐོང་སྟངས་གཞན་པ་དེ་ནི། དུས་བབ་དྲ་ཚིགས་ཀྱི་ཤོག་ངོས་གཉིས་པ་དེ་ཡིན། དེ་ནི་མི་སྒེར་སོ་སོའི་དྲ་ངོས་ཆུང་ཆུང་རེ་སྟེ། ད་ལྟ་ང་ཚོས་ཟིན་བྲིས་ཞེས་འབོད་ཀྱིན་པ་འདི་རེད། འདིའི་ནང་ལ་སྒྲུང་དང་སྙན་ངག། མགུར་དང་མཆིད་སོགས་གང་ཡང་བཀོད་ཆོག་པ་ཞིག་བྱས་ནས་འདུག་ག ད་ནི་གསར་འགྱུར་དྲ་རྒྱ་ཞེས་ཕྱོགས་གཅིག་ཁོ་ན་ལ་བལྟས་པས། པྱོགས་གཞན་དེ་མཐོང་དགའ་སོང་བའི་ཚུལ་དེ་རང་བཞིན་གྱིས་ཤེས་འོང་པ་ཞིག་འདུག
གསར་འགྱུར་དྲ་རྒྱ་ཟེར་བའི་ཚིག་གཅིག་བྲིས་ཡོད་པ་འདི་གནད་འགག་ཡིན། དུས་བབ་དྲ་རྒྱ་སྙན་རྩོམ་དྲ་རྒྱ་མ་རེད། སྒྲུང་རྩོམ་དྲ་རྒྱ་མ་རེད།
གསར་འགྱུར་དྲ་རྒྱ་ཟེར་བའི་དོན་དེ་བསམ་བློ་གཏོང་དགོས་པ་ཞིག་ཡིན།
༼བོད་ཀྱི་དུས་བབ་གསར་ཁང་གི་གསར་འགྱུར་དྲ་རྒྱའི་དམིགས་ཡུལ་གྱི་ཐོག་ནས་ཟིན་བྲིས་སྤེལ་ཕྱོགས་ཀྱི་ལམ་སྟོན་མེད་པས་ཟིན་བྲིས་པ་མང་པོ་ཞིག་གིས་དམིགས་ཡུལ་མེད་པ་དང་། འགན་ཁུར་མེད་པའི་གཏམ་ཡན་དྲན་ཚད་སྤེལ་བཞིན་ཡོད།༽འདི་ཁྱེད་རང་གིས་སྤེལ་བའི་མཆན་ཞིག་རེད། དེར་བསམ་ཚུལ་ཞིག་ཞུས་པ་ཡིན་ན། ཟིན་བྲིས་པ་ཚོར་གསལ་བསྒྲགས་ཐེངས་མང་པོར་བྱས་སོང་བ་དེ་ཚོའི་ནང་ལམ་སྟོན་གནད་འགག་ཅན་མང་པོ་ཐོན་ཡོད་པ་རེད་སྙམ། འདི་ངའི་ལྟ་སྟངས་ཡིན།
ཟིན་བྲིས་པ་དམིགས་ཡུལ་མེད་མཁན་དང་། འགན་ཁུར་མེད་པའི་གཏམ་ཡན་སྤེལ་མཁན་གྱི་མཚན་གཞི་ཞིག་འཇོག་རོགས། དེ་མིན་ཟིན་བྲིས་པ་མང་པོ་ཞིག་ལ་དམིགས་ཡུལ་མི་འདུག གཏམ་ཡན་སྤེལ་གྱི་འདུག་གསུངས་བསྡད་པས་ཕན་གྱི་མ་རེད། མཚན་གཞི་ཞིག་འཇོག་ཐུབ་པ་ཡིན་ན། དེ་ནས་དེ་དང་ཕྱོགས་འདྲ་ཚོ་རིགས་བསྒྲེ་བྱས་ཆོག་གི་རེད།
ཚིག་བཟང་ངན་འདྲ་མིན་ཡོང་གི་རེད། ངན་པ་ལབ་དགོས་སར་ལབ་དགོས་རེད། ཡིན་ནའང་ཤོད་རེས་གཏོང་མཁན་དེ་གཉིས་ཀ་དུས་བབ་ནས་ཤེས་ྡགོས་རེད། དེ་མིན་ཏག་ཏག་བསྡད་ཀྱི་མ་རེད།
བསམ་ཚུལ་འདི་དག་གི་གཞི་རྩ་འགན་ཁུར་དང་། ཁྲིམས་ལུགས་ཡིན། འགན་ཁུར་མེད་པའི་སྐད་ཆ་བཤད་ན་ཁྲིམས་ལུགས་ཡོད་དགོས་པ་དེ་ཡིན།
དེ་ནས་ངས་བཤད་པའི་བསམ་ཚུལ་ཡོངས་ལ་བལྟས་ནས་བགྲོ་གླེང་བྱེད་རོགས་ཞུ།
མི་རེ་རེའི་སྟེང་ལ་མར་བབས་ནས་བལྟས་པ་ཡིན་ན། སུ་བདེན་སུ་མི་བདེན་གྱི་ཚད་དེ་ཁ་སུ་བདེ་དང་ལག་སུ་མགྱོགས་ཀྱིས་ཁྱད་འབྱེད་པ་ལས་ཡོད་པ་མ་རེད། དྲ་འབུ་འདི་རིགས་ནི་གྲི་དང་མེ་མདའ་མེད་ཙམ་མ་གཏོགས་འཇིགས་སྐུལ་རིང་ལུགས་པ་རང་རེད། ལབ་མཁན་བྱུང་ཚར་བ་རེད། ལབ་མཁན་ཁོ་རང་གིས་ཀྱང་འཇིགས་སྐུལ་གྱི་ལས་ཀ་འདི་ཚོ་བྱས་མྱོང་ཚར་བ་རེད། དེ་ལ་ང་ལ་བཤད་རྒྱུ་མེད།
༼བོད་ཀྱི་དུས་བབ་ཀྱི་ཟིན་བྲིས་པ་མིང་མེད་ཚོ་དང་། ལྷག་པར་དྲ་འབུ་མི་རྫུན་དེ་ཚོའི་འགན་ཁུར་གང་ཡང་མེད་པའི་གང་དྲན་ལབ་རྡོལ་གྱིས། བོད་ཀྱི་དུས་བབ་ཀྱི་མཆན་བུ་ལ་རིན་ཐང་མེད་པ་བཟོ་བཞིན་ཡོད། དེ་ལས་ཀྱང་ཚབས་ཆེ་བ་ནི་མིང་མེད་དེ་ཚོས་བཙན་བྱོལ་བོད་གཞུང་མང་གི་མང་གཙོའི་འཕེལ་རིམ་ལ་ཚད་ལས་འདས་པའི་འགལ་རྐྱེན་བཟོ་བཞིན་ཡོད།༽ཅེས་ཁྱེད་རང་གིས་ཤུགས་ཆེན་པོས་གསུངས་འདུག མིང་མེད་དེ་ཚོ་དང་གཅིག དྲ་འབུ་མི་རྫུན་དེ་ཚོ་དང་གཉིས་ནི་གང་དག་ལ་ཟེར་རམ། དེ་གཉིས་ཐུན་མོང་གི་བྱས་ཉེས་ཆེ་ཤོས་ནི། བཙན་བྱོལ་བོད་གཞུང་མང་གི་མང་གཙོའི་འཕེལ་རིམ་ལ་འགལ་རྐྱེན་བཟོས་ཡོད་ཟེར་བ་དེ་གང་ལ་ཟེར་རམ། མིང་མེད་འདི་ཚོས་དམངས་གཙོའི་དུས་ཚོད་དེ་འཁོར་མ་བཅུག་ནས་ཡོད་པ་རེད་ཟེར་རམ། འདི་ནི་ཁྱེད་རང་གིས་གཞན་ལ་དམའ་འབེབས་བྱེད་དུ་བཤད་ཀྱི་ཡོད་ན་དེར་ཟད། དེ་མིན་ཁྲོམ་པར་དབྱུང་འོས་ཀྱི་ཚིག་མ་རེད་སྙམ། ཞུ་ཐལ་ཤོར་ཡོད་ན་དགོངས་དག་ཞུ།
ཞྭ་ནག་བློ་གྲོས་ལགས། གཞི་མེད་སྐྱོན་འཛུགས་ཡིན་ན་མཐའ་གཅིག་ཏུ་འགོག་དགོས་རེད། དེ་ལ་སྐྱོན་རྗོད་བྱེད་མཁན་དེས་དངོས་མིང་བཀོད་མ་བཀོད་ལ་འབྲེལ་བ་མེད། འོན་ཀྱང་དཀའ་ངལ་ངོ་མ་དེ་སྐྱོན་འཛུགས་དེ་གཞི་མེད་ཡིན་དང་མིན་ང་ཚོས་མི་ཤེས་པ་དེ་རེད། གཞི་མེད་ཡིན་པ་ཤེས་ན་བཀག་ན་འགྲིག་གི་རེད། དེ་གཅིག་ཡིན། ཅེས་ཟེར་བ་འདི་བདེན་པ་རེད། ཐམས་ཅད་རྩོམ་སྒྲིག་པས་བདེན་མིན་ཤེས་ཐབས་གར་ཡོད། དེ་བས་མཆན་འདེབས་པ་པོ་དེ་སུ་ཡིན་ཤེས་ན་ཁྲིམས་གཏུགས་བྱེད་ཆོག་གི་རེད། དྲ་རྒྱའི་ནང་ག་རེ་བཤད་ན་ཆོག་གི་རེད། དེ་འགོག་དགོས་ཟེར་ན་དུས་བབ་དྲ་ཚིགས་སྒོ་རྒྱག་དགོས་ཟེར་བ་དང་གཅིག་འདྲ་རེད། འདྲ་མིན་ཤོད་མཁན་དེ་སུ་ཡིན་དུས་བབ་ནས་ཤེས་པ་བྱས་ཏེ་འགན་ཁུར་དགོས་རེད། དེ་ནི་རྩ་དོན་ཡིན།
དེ་ནས་སྐྱོན་འཛུགས་ལ་གཞི་རྩ་ཡོད་རུང་སྐབས་དོན་དང་འབྲེལ་བ་ཡོད་མེད་ལའང་བལྟ་དགོས་འདུག ཅེས་པ་དེ་བདེན་པ་རེད། དེ་བས་འདིའི་ཐད་རྩོམ་སྒྲིག་པས་ཕྱོགས་སུ་མ་ལྷུང་པའི་སྟངས་འཛིན་བྱེད་དགོས།
ཡང་ཞུ་ཡག་གཅིག་ལ། དུས་བབ་ཀྱི་དྲ་ངོས་འདི་ན། མེད་དུ་མི་རུང་བའི་ཟིན་བྲིས་པ་ཁག་ཅིག་དང་། ཡོད་མེད་ཀྱི་ཁྱད་དེ་ཙམ་མེད་པའི་རིགས་ཁག་ཅིག ཡང་རྩ་བ་རང་ནས་མེད་ན་འགྲིག་ངེས་ཀྱི་ཟིན་བྲིས་པ་ཁག་ཅིག་བཅས་ཡོད་པར་ངོས་འཛིན་བྱེད་མཁན་ཡང་ཉུང་ཉུང་མ་རེད། དེ་ལྟར་ངོས་འཛིན་བྱེད་མཁན་མང་ཆེ་བ་ནི་ཚད་ལྡན་གྱི་རྩོམ་ཡིག་འབྲི་མཁན། རྒྱུ་མཚན་གྱི་སྣེ་མོར་གནས་ལུགས་བགྲངས་ཤེས་མཁན་ཚོ་རེད། ཁྱེད་རང་དུས་བབ་དྲ་ངོས་འདིའི་གཙོ་བདག་ཡིན་པའི་དབང་དུ་བཏང་ན། ངོས་འཛིན་བྱེད་སྟངས་འདིར་ངོས་ལེན་བྱེད་ཐུབ་པ་འདུག་གམ་མི་འདུག ཐུབ་པའི་དབང་དུ་བཏང་ན། རྩ་བ་རང་ནས་མེད་ན་འགྲིག་ངེས་ཀྱི་ཟིན་བྲིས་པ་ལྔ་ཤོད་ལབ་ན་སུ་དང་གང་དག་བགྲངས་ས་རེད་དམ། གང་ལ་ཟེར་ན། དྲ་ཚིགས་འདིར་ཕན་པ་ལས་གནོད་པའི་མཆན་འདེབས་མཁན་ཚོ་སྨྱུག་མིང་བ་ཚོ་རེད་ཅེས་ཁྱེད་རང་ཚོས་ལན་གྲངས་མང་པོར་བཤད་ཡོད་པ་རེད། བཤད་པ་དེར་འགན་ཞིག་འཁུར་བའི་དབང་དུ་བཏང་ན། ད་ནི་མཛུབ་མོས་གྲངས་ཀ་ཞིག་བགྲངས་དགོས་པར་མཐོང་གི་ཡོད།
ཟུར་ལྔའི་དམར་ཤོག་ཟེར་བའི་གསར་འགྱུར་ནང་བཤད་པ་བཞིན་གསར་འགྱུར་གྱི་བརྗོད་དོན་ལ་བགྲོ་གླེང་མི་འགྲོ་ཆེད་སྐད་ཆ་འདྲ་མིན་བཤད་ནས་བརྗོད་གཞི་བརླག་བཅུག་གི་འདུག
འདི་ཡང་ཧ་ཅང་སེམས་པ་སྐྱོ་བའི་སྐད་ཆ་ཞིག་ཡིན།
ཟུར་ལྡའི་དམར་ཤོག་ཟེར་བའི་གསར་འགྱུར་དེ་ཕྲན་གྱིས་འདྲེན་བཀོད་ཞུས་ཡོད། དེ་རིང་ཉིན་གུང་འདྲེན་བཀོད་བྱས་ཡོད། མཆན་བུར་གཟིགས་རོགས།
དྲ་འབུ་འདི་རིགས་ནི་གྲི་དང་མེ་མདའ་མེད་ཙམ་མ་གཏོགས་འཇིགས་སྐུལ་རིང་ལུགས་པ་རང་རེད། འདིའི་རིགས་ལ་ཨའུ་ཙི་མི་ཡོང་ངམ། ཨའུ་ཙི་མི་ཡོང་ངམ་སྙམ་དུ་བསམས་ན་གུ་ཡངས་བློ་དཀྱེལ་དང་། ལེགས་སུ་འགྲོ་རྒྱུ། རྙོག་ཁྲ་རང་ཞིར་འགྲོ་རྒྱུའི་རེ་བ་བྱས་ན་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བྱ་སྤྱོད་ཅིག་རེད། འདི་དག་ལ་བསྟུན་མཁས་དང་བསམ་ཤེས་ compromise ནམ་ཡང་བྱེད་མི་རུང་། ཅེས་ཟེར་བ་འདི་ཡང་སྒོམ་སྡེ་ལྟ་བུ་ལ་ཁག་མེད་པར་སྙམ། དེ་དང་འབྲེལ་ནས་བསམ་ཚུལ་ཞུ་རྒྱུ་ལ། བོད་ཀྱི་དུས་བབ་ཀྱི་ཟིན་བྲིས་པ་མིང་མེད་ཚོ་དང་། ལྷག་པར་དྲ་འབུ་མི་རྫུན་དེ་ཚོའི་འགན་ཁུར་གང་ཡང་མེད་པའི་གང་དྲན་ལབ་རྡོལ་གྱིས་༼བོད་ཀྱི་དུས་བབ་ཀྱི་མཆན་བུ་ལ་རིན་ཐང་མེད་པ་བཟོ་བཞིན་ཡོད། ༽ དེ་ལས་ཀྱང་ཚབས་ཆེ་བ་ནི་༼མིང་མེད་དེ་ཚོས་བཙན་བྱོལ་བོད་གཞུང་མང་གི་མང་གཙོའི་འཕེལ་རིམ་ལ་ཚད་ལས་འདས་པའི་འགལ་རྐྱེན་བཟོ་བཞིན་ཡོད།
༼མི་ཁག་ཅིག་གིས་རང་ཉིད་མི་དགའ་སའི་མི་དེ་གཅིག་པུ་མ་གཏོགས་བདའ་འདེད་གཏོང་གི་མི་འདུག་མོད། དེ་ཡང་སྤྱི་ཚོགས་གཏོར་བཤིག་གི་ཁོངས་སུ་འདུ་བར་སེམས། དེ་འདྲའི་རིགས་ཅན་ཞིག་གིས་ང་ཚོའི་དྲ་བའི་ངོས་ཡོངས་སུ་བཟུང་ཟིན་པས། ངས་གསང་མིང་ངམ་གབ་མིང་བ་འདི་དག་རྩ་བ་ནས་ཡག་པོར་མཐོང་གི་མེད།༽འདི་ནི་ལྷ་ཆབ་སྦྱིན་པས་བཤད་པའི་སྐད་ཆ་རེད། མི་གཅིག་གིས་དུས་རྒྱུན་དུ་ནས་ནོར་འཁྲུལ་ཤོར་ཡོང་གི་འདུག་ན། ཡང་ན། མི་གཅིག་གིས་དུས་རྒྱུན་དུ་ནས་འབྲེལ་མེད་དོན་གཞན་གྱི་ཚིག་དོན་བཤད་གླེང་བྱེད་ཀྱི་ཡོད་པ་ཡིན་ན། དེ་ལ་བདའ་འདེད་བཏང་ན་འགྲིག་པ་ཞིག་རེད་མ་གཏོགས། མ་འགྲིག་པ་གང་ཡང་ཡོད་པ་མ་རེད་འདོད།
དང་པོ་དུས་བབ་འདེད་དགོས་རེད། རྩིས་སྤྲོད་བྱ་རྒྱུ་ཡོད་ཉིན་དེར་དུས་བབ་ཐར་བ་རེད། རྩོས་སྤྲད་པ་དེ་དང་གདོང་གཏུགས་ནས་གླེང་རྒྱུ་ལས་ལྷག་མེད། ཡིན་ནའང་།་ངས་བསམ་མ་མྱོང་བ་ཞིག་ཁྱེད་རང་གིས་གླེང་སློང་གནང་སོང་། ང་ལ་མཚོན་ན། དུས་བབ་དྲ་ངོས་ཀྱི་ཟིན་བྲིས་པ་དང་མཆན་འདེབས་མཁན་ཚང་མ་དུས་བབ་དྲ་ངོས་འདིའི་རྩོམ་སྒྲིག་སྟངས་འཛིན་པ་དག་གིས་ངོ་ཐག་ཆོད་ཀྱི་ཡོད་ཤག་ཡིན། ཁོང་ཚོས་ངོ་ཐག་ཆོད་རྒྱུ་དཀའ་ངལ་འཕར་མ་ཞིག་རེད་ཅེས་གསལ་བསྒྲགས་གང་ཡང་བྱས་མ་སོང་སྟབས། ང་རང་ལ་མཚོན་ན། དྲ་ངོས་འདི་ན་ཡོད་པ་དག་ཁོང་ཚོས་ངོ་ཐག་ཆོད་ཀྱི་ཡོད་ཤག་ཡིན། ཁྱེད་རང་གི་གླེང་སློང་འདིས། ངའི་བསམ་བློ་གཏོང་སྟངས་དེ་བཤིག་སོང་།
མི་ཁག་ཅིག་གིས་རང་ཉིད་མི་དགའ་སའི་མི་དེ་གཅིག་པུ་མ་གཏོགས་བདའ་འདེད་གཏོང་གི་མི་འདུག་མོད། དེ་ཡང་སྤྱི་ཚོགས་གཏོར་བཤིག་གི་ཁོངས་སུ་འདུ་བར་སེམས། དེ་འདྲའི་རིགས་ཅན་ཞིག་གིས་ང་ཚོའི་དྲ་བའི་ངོས་ཡོངས་སུ་བཟུང་ཟིན་པས། ངས་གསང་མིང་ངམ་གབ་མིང་བ་འདི་དག་རྩ་བ་ནས་ཡག་པོར་མཐོང་གི་མེད། ཟེར་བ་འདི་ཡང་ཧ་ཅང་གནད་འགག་ཆེན་པོ་རེད། ཟིན་བྲིས་པ་ཚོ་གཅིག་བྱས་ན་དུས་བབ་ནས་རེ་རེ་བཞིན་ངོ་ཤེས་ཀྱི་ཡོད་པའི་རེ་བ་བྱེད་ཀྱི་ཡོད། ཡིན་ནའང་། མཆན་བུ་ཁོ་ན་འདེབས་མཁན་དེ་ཚོ་ཤེས་ཀྱི་མེད་པ་ང་ལ་ཆ་རྒྱུས་ཡོད་ཅེས་ཞུས་ན་འགྲིགས་པ་འདུག
ཅོ་རི་ཉི་མ་ལགས།
དྲ་ངོས་ནས་དུས་ཚོད་གཅིག་པའི་ནང་ལ་ཁྱེད་རང་མཇལ་བ་དང་པོ་ཡིན། འཚམས་འདྲི་ཡོད། དགོངས་ཚུལ་རེ་གསུང་ན་གང་འདྲ་འདུག ཀྱེད་ཀྱི་དགོངས་ཚུལ་ཉན་རྒྱུར་དགའ་པོ་ཡོད།
གཞི་མེད་སྐྱོན་འཛུགས་ཀྱི་ལས་ཀ་དེ་ཕྱོགས་གཉིས་ཀ་ནས་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཅེས་པ་དེ་བདེན་པ་རེད། དེ་ཚོ་ཁྲིམས་ཁང་སོགས་ལ་གཏུགས་དགོས་པའི་དགོས་གལ་ལ་ཐུག་ན་འདེད་ས་ཡོད་པ་རེད། ཡིན་ནའང་མིང་མེད་མང་པོ་ཞིག་དུས་བབ་ནས་སུ་ཡིན་ཤེས་ཀྱི་མེད་པར་ཡིད་ཆེས་ཡོད། སྐབས་དེར་དྲ་ངོས་སུ་བཏོན་པའི་བསམ་ཚུལ་ནས་གནས་ཚུལ་ཆེན་པོ་ལྷག་ན་སུ་འདེད་དགོས་རེད། སུས་འགན་ཁུར་གྱི་རེད། མུ་མཐུད་ནས་ཡོད།
སྨྱུག་མིང་བཀོད་མཁན་ཚོས་གཏོར་བཤིག་གཏོང་བའི་སྐད་ཆ་བཤད་ཀྱི་འདུག ཚིག་ངན་སྡུག་རིགས་ངན་ཚད་བཤད་ཀྱི་འདུག་ལབ་ན། དེ་ངས་ངོས་ལེན་བྱེད་མི་ཐུབ། ག་རེ་རེད་ལབ་ན། སྨྱུག་མིང་བཀོད་མཁན་ཚོའི་ནང་ན། དངོས་མིང་བཀོད་མཁན་ལས་ཡག་ག་དང་། དངོས་མིང་བཀོད་མཁན་ལས་རང་ཉིད་ཀྱི་སྐད་ཆར་དུས་ནམ་ཡང་འགན་ལེན་ཁག་ཁུར་བྱེད་མཁན་མིག་དཔེར་འཛིན་འོས་པ་དེ་འདྲ་གང་ལ་གང་འཚམ་ཡོད་པ་རེད། དེ་ཚོར་སྨྱུག་མིང་བ་ལ་ཤས་ཀྱི་བཤད་སྟངས་གླེང་སྟངས་ཀྱིས་རྒྱས་འགེབས་བྱས་ནས། དུས་བབ་དྲ་ཚིགས་ཀྱི་མཆན་བུའི་རིན་ཐང་བརླག་པའི་གཏེ་བོ་དེ་སྨྱུག་མིང་བ་ཚོ་རེད་ལབ་ན། དེ་ལ་གནས་ལུགས་ལྡན་པའི་ཁས་ལེན་སྟེར་ཐུབ་པ་མི་འདུག ད་གིན་ཁྱེད་རང་གིས་མཆན་ཞིག་སྤེལ་འདུག་པ་དེར། འདུ་ལྟར་མ་ཞུས་རང་ཞུས་རེད།
ཡིན་ནའང་། དེ་རིང་ང་འདིར་འཚང་ཁ་རྒྱག་དོན་ནི། ༼ངས་འདིར་འགྲན་རྩོད་བྱེད་ཀྱི་ཡོད། རྙོག་དྲ་ཤོད་ཀྱི་ཡོད། རྒྱལ་ཕམ་ཤན་འབྱེད་ཐབས་བྱེད་ཀྱི་ཡོད།༽ཅེས་པའི་ཁྱེད་ཀྱི་བཤད་སྟངས་དང་བསམ་སྟངས་འདིར་ཚད་གཞི་འཇལ་བ་སོགས་ཀྱི་ཆེད་དུ་ཡོང་བ་གང་ཡང་མིན། སྤྱིར་བཏང་གི་བསམ་ཚུལ་བརྗེ་རེས་ཙམ་གྱི་བསམ་པས་འདིར་སླེབས་པ་རང་ཡིན།
རེད་ལགས། ངས་ཀྱང་དེ་ག་རང་དུ་འདོད་ཀྱི་ཡོད། གང་ལ་ཟེར་ན། དུས་བབ་ཀྱི་དྲ་ངོས་འདི་ནས་མི་སུས་སུ་ལ་གླེང་འགེལ་སྒྲོ་འདོགས་སོགས་གང་བྱས་བརྩད་གཅོད་མ་བྱས་པར་ཉི་མ་ལོ་ལ་མཐུད་ནས་སྡོད་རྒྱུ་ཡོང་མི་སྲིད་པ་ཞིག་མ་རེད་དེ། གལ་སྲིད་ཅིག་གིས་འདི་འདྲ་ཞིག་ང་ལ་འདི་བྲིས་འདུག དེའི་ཁུངས་དུས་བབ་ཀྱིས་ཡིན་གཅིག་བསྐྱལ་རོགས་ལབ་ན།་དུས་བབ་རང་གིས་བསྐྱལ་དགོས་པ་དེ་དུས་བབ་ཀྱིས་དྲ་ཚིགས་འདི་སྒོ་འབྱེད་ཀྱི་ཉིན་དང་པོ་མས་སེམས་ན་ཁྲིག་སེ་ཡོད་རྒྱུ་རེད་ལ། དེ་དུས་མེད་ནའང་། ད་ལྟ་ངེས་པར་ཡོད་དགོས་པ་ཞིག་རེད། དེ་ནི་ངེད་གཉིས་ཀྱི་འདོད་བབ་གཅིག་རེད།
བཀའ་བཞིན་ཞུ།
ཅི་རི་བ་ཡང་ཕེབས་པར་དགའ་ནས་ཡོད།
ལགས་སོ་འཇིགས་བྲལ་ལགས།
དང་པོར་ཁྱེད་རང་གི་དགོངས་ཚུལ་ཉན་གྱི་ཡིན། དེ་ནས་བསམ་ཚུལ་ཞུ་ཡག་ཡིན། ཞུ་རྒྱུ་གཅིག་ལ། འབྲེལ་མེད་དོན་གཞན་གྱི་རིགས་དང་། ཚིག་ངན་གྱི་རིགས་མི་ཤོར་བ་བྱེད་པའི་དམ་བཅས་ནས་སླེབས་ཡོད། ཕལ་ཆེར་ཚིག་ངན་ཤོར་དོགས་མེད། གལ་སྲིད་ཤོར་བ་ཡིན་ན།་ཐད་ཀར་གསུང་རྐྱང་གནོངས། གང་ལྟར་གླེང་མོལ་ཟེར་དུས་རང་གཞན་རོགས་གསུམ་གྱིས་གོ་ན་རྣ་ལ་སྙན་པ་དང་། བལྟས་ན་མིག་ལ་མཛེས་པ་ཞིག་བྱེད་ཨ།
ཞྭ་ནག་བློ་གྲོས་ལགས། ང་མཆན་འདེབས་པ་མིང་ཡོད་མཁན་དང་། མེད་མཁན་གཉིས་ལས་ཡོད་མཁན་འདེམས་ཀྱི་ཡོད། ཡིན་ནའང་མིང་མེད་མཁན་ཚོ་དུས་བབ་དྲ་ཚིགས་ནས་སུ་ཡིན་ངེས་པར་ངོ་ཤེས་དགོས་ཀྱི་འདུག་ཟེར་གྱི་ཡོད། དེ་མིན་གནད་ལ་ཐུག་ན་ཁྲིམས་ཁང་ཚུན་ཆད་ལ་འགྲོ་དགོས་ཐུག་སྲིད་པ་རེད། དེ་དུས་དུས་བབ་ལ་སྟོན་རྒྱུ་མེད་ན་ཁྲིམས་ཐོག་གི་འགན་དུས་བབ་ནས་ཁུར་དགོས་པ་རེད་ཟེར་གྱི་ཡོད།
ཞ་ནག་བློ་གྲོས་ལགས། ཕེབས་པ་དགའ་ནས་ཡོད། ང་ཅུང་རྗེས་ལུས་ཐེབས་སོང་། དེར་དགོངས་འགལ་མེད་པ་ཞུ།
འཇིགས་བྲལ་ལགས།
ངས་དེ་རིང་ཤུགས་ཆེན་པོས་གླེང་མོལ་བྱེད་འདོད་པ་ནི། གཤམ་གྱི་མི་འདི་དག་གིས་གླེང་བའི་གནད་འགག་འདི་ཚོ་ཡིན།
རྡོ་རྗེ་དབང་ཕྱུག་གིས།
༼གཞི་མེད་སྐྱོན་འཛུགས་ཀྱི་ལས་ཀ་དེ་ཕྱོགས་གཉིས་ཀ་ནས་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།༽ཅེས་དང་། ༼དངོས་མིང་ཅན་དང་སྨྱུག་མིང་ཅན་ཕྱོགས་གཉིས་ཀའི་ནང་ན་ཚད་ཐུབ་ཀྱི་རྩོམ་ཡིག་སྤེལ་མཁན་དང་མཆན་བུ་འདེབས་མཁན་ཡོད་སྟབས། དངོས་མིང་དང་སྨྱུག་མིང་གི་ཁྱད་མེད་པར་ཁོང་ཚོའི་ཤེས་ཡོན་དང་རྩོམ་རྩལ་ལ་ང་ཚོས་བརྩི་མཐོང་ངེས་པར་བྱེད་དགོས་པ་རེད་དྲན་གྱི་ཡོད།༽
ལྷ་ཆབ་ཀྱིས།
༼སྨྱུག་མིང་འབྲི་མཁན་ཁ་ཤས་ཀྱིས་དགོས་དབང་གིས་རྩོམ་ཡིག་འབྲི་བ་དང་བསམ་ཚུལ་འདོན་གྱི་ཡོད། དེའི་བསམ་ཚུལ་དེ་སྤྱི་ཚོགས་ལ་ཕན་གནོད་གཉིས་ལས་ཕན་པའི་རིགས་ཡོད་པའང་ཡོད།༽ཅེས་དང་༼མི་ཁག་ཅིག་གིས་རང་ཉིད་མི་དགའ་སའི་མི་དེ་གཅིག་པུ་མ་གཏོགས་བདའ་འདེད་གཏོང་གི་མི་འདུག་མོད། དེ་ཡང་སྤྱི་ཚོགས་གཏོར་བཤིག་གི་ཁོངས་སུ་འདུ་བར་སེམས། དེ་འདྲའི་རིགས་ཅན་ཞིག་གིས་ང་ཚོའི་དྲ་བའི་ངོས་ཡོངས་སུ་བཟུང་ཟིན་པས། ངས་གསང་མིང་ངམ་གབ་མིང་བ་འདི་དག་རྩ་བ་ནས་ཡག་པོར་མཐོང་གི་མེད། ༽
སྒོམ་སྡེས།
༼དྲ་འབུ་འདི་རིགས་ནི་གྲི་དང་མེ་མདའ་མེད་ཙམ་མ་གཏོགས་འཇིགས་སྐུལ་རིང་ལུགས་པ་རང་རེད། འདིའི་རིགས་ལ་ཨའུ་ཙི་མི་ཡོང་ངམ། ཨའུ་ཙི་མི་ཡོང་ངམ་སྙམ་དུ་བསམས་ན་གུ་ཡངས་བློ་དཀྱེལ་དང་། ལེགས་སུ་འགྲོ་རྒྱུ། རྙོག་ཁྲ་རང་ཞིར་འགྲོ་རྒྱུའི་རེ་བ་བྱས་ན་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བྱ་སྤྱོད་ཅིག་རེད། འདི་དག་ལ་བསྟུན་མཁས་དང་བསམ་ཤེས་ compromise ནམ་ཡང་བྱེད་མི་རུང་།༽ཞེས་དང་། ༼ཟིན་བྲིས་པ་སོ་སོར་མཆན་ཧྲུལ་དེ་དག་བསུབ་ཐུབ་པའི་ཆ་རྐྱེན་ཡོད་པ་ཙམ་མ་ཟད། གཏན་འགོག་བྱེད་རྒྱུའི་ནུས་པའམ་ཆ་རྐྱེན་ཞིག་དགོས་ཀྱི་འདུག དེ་འདྲ་བྱུང་ཚེ་ཁྱེད་རྣམས་ལ་དེའི་ཐོག་རྒྱུན་དུ་ཐུགས་བསམ་བཞེས་མི་དགོས་པར་ལས་སླ་པོ་ཡོང་བ་འདུག༽
ཁང་རྡོར་གྱིས།
༼གཞི་མེད་སྐྱོན་འཛུགས་ཡིན་ན་མཐའ་གཅིག་ཏུ་འགོག་དགོས་རེད། དེ་ལ་སྐྱོན་རྗོད་བྱེད་མཁན་དེས་དངོས་མིང་བཀོད་མ་བཀོད་ལ་འབྲེལ་བ་མེད། འོན་ཀྱང་དཀའ་ངལ་ངོ་མ་དེ་སྐྱོན་འཛུགས་དེ་གཞི་མེད་ཡིན་དང་མིན་ང་ཚོས་མི་ཤེས་པ་དེ་རེད། གཞི་མེད་ཡིན་པ་ཤེས་ན་བཀག་ན་འགྲིག་གི་རེད། དེ་གཅིག་ཡིན། དེ་ནས་སྐྱོན་འཛུགས་ལ་གཞི་རྩ་ཡོད་རུང་སྐབས་དོན་དང་འབྲེལ་བ་ཡོད་མེད་ལའང་བལྟ་དགོས་འདུག༽ཅེས་དང་། ༼གཞི་མེད་སྐྱོན་འཛུགས་ཡིན་པ་དང་སྐབས་དོན་དང་འབྲེལ་བ་རྩ་བ་ནས་མེད་པའི་གནད་དོན། སྤྱི་ཚོགས་ཁྱོན་ཡོངས་དང་སྤྱི་ཚོགས་ཀྱི་སྡེ་ཚན་བྱེ་བྲག་པར་ཕོག་ཐུག་ཆེན་པོ་འགྲོ་བའི་སྐད་ཆ།༼དཔེར་ན། ཆོས་ལུགས་བྱེ་བྲག་པར་དམའ་འབེབས་ལྟ་བུ་༽ དེ་བཞིན་ཚོགས་ཀྱི་དབུས་སུ་དབྱུང་དུ་མི་རུང་བའི་ཚིག་ངན་དང་ཚིག་རྩུབ། སྤྱི་པའི་མཐུན་སྒྲིལ་ལ་གནོད་པའི་བསམ་ཚུལ། གང་ཟག་སྒེར་གྱི་འབྲེལ་ལམ་དང་གནས་ཚུལ་ལྟ་བུ་རྣམས་དྲ་ལམ་དུ་གླེང་སློང་བྱུང་སྐབས། འབྲེལ་ཡོད་དྲ་ཚིགས་བདག་པོས་སྟངས་འཛིན་ནན་པོ་གནང་གི་འདུག་པས། ང་ཚོས་ཀྱང་དེ་ལྟར་བྱེད་དགོས་པ་ཞིག་རེད༽
དགེ་རབ་ཀྱིས།
༼དུས་བབ་ལྟ་བུ་ཚགས་པར་གྱི་རིགས་ཀྱིས་ཁུངས་མེད་པ་དང་བཏང་སྙོམས་མ་ཡིན་པ། བདེན་པ་མིན་པ་བཅས་ཀྱི་སྐད་ཆ་གང་ནས་སུ་ཞིག་གིས་བཤད་ཀྱང་ཧ་ཅང་མ་འོས་པ་རེད་དྲན། དེ་བས་སྟངས་འཛིན་ཡིན་གཅིག་བྱེད་དགོས་པ་རེད་དྲན།༽