ཁྱེད་ལ་དཀའ་ངལ་ཡོད་ན་གསང་མིང་བེད་སྤྱད་བྱེད་ལོས་ཆོག ཡིན་ནའང་། ཁྱེད་ཀྱིས་གསང་མིང་གི་འོག་ནས་མི་གཞན་ལ་དོན་མེད་ཀྱི་དཀའ་ངལ་མ་སྤྲོད། གཞི་མེད་སྐྱོན་འཛུགས་དང་སྐུར་འདེབས་དེ་དག་ནི་དྲ་ཐོག་གི་རྩོམ་པ་པོ་དང་ཀློག་པ་པོའི་བར་གྱི་ཁོར་ཡུག་ལ་གཏོར་སྐྱོན་དུ་འགྱུར་གྱིན་འདུག
ཉེ་ཆར་བོད་ཀྱི་དུས་བབ་རྩོམ་སྒྲིག་པས་དྲ་ཐོག་གི་གསལ་འདེབས་ཤིག་ཏུ། སྨྱུག་མིང་གི་འོག་ནས་སྐྱོན་འདོགས་དང་དམའ་འབེབས། ཚིག་མཚོན་འདེབས་པའི་རིགས་ལ་དུས་ནས་དུས་སུ་ཚོད་འཛིན་བྱེད་ཀྱིན་ཡོད་ནའང་། དེ་ཚོའི་རིགས་སླེབ་པ་ཙམ་གྱིས་དྲ་ངོས་ཀྱི་མི་མང་པོ་ཞིག་ལ་རང་བཞིན་གྱིས་སུན་སྣང་དང་། ཐ་ན་དྲ་ངོས་དེ་ཁ་ཕྱེ་རྒྱུར་ཡང་སེམས་ཀྱི་དཀའ་ངལ་ལྟ་བུ་ཞིག་ཆགས་ཀྱི་ཡོད་སྟབས་སྟངས་འཛིན་བྱ་དགོས་བྱུང་། ཞེས་གསུངས་ཡོད།
འདི་གའི་གསར་འགོད་པས་སྨྱུག་མིང་འོག་ནས་འབྲི་མཁན་དག་གི་དགེ་སྐྱོན་ཐད་ལ་དྲ་ངོས་ཀྱི་རྩོམ་པ་པོ་འབྲེལ་ཡོད་ཁག་ཅིག་ལ་བཅར་འདྲི་ཞུས་པར། ནོར་གླིང་བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱིས། དྲ་རྒྱའི་བརྒྱུད་ལམ་ན། གཞན་གྱི་རྩོམ་ཡིག་ལ་གཞི་མེད་སྐྱོན་བརྗོད་དང་སྒྲོ་འདོགས་སྣ་ཚོགས་བྱེད་ཀྱིན་པའི་གནས་སྟངས་དེ་ནི། དངོས་མིང་མི་གསལ་བར་གསང་མིང་ཅན་ཁོ་ན་ལས། དངོས་མིང་སྤྱོད་མཁན་ཚོས་གཞི་མེད་སྐྱོན་བརྗོད་དང་སྒྲོ་འདོགས་བྱེད་ཀྱི་མེད་པ་དེ་འདྲ་མ་རེད། མང་ཉུང་གི་ཁྱད་པར་ཙམ་རེད། གཞི་མེད་སྐྱོན་འཛུགས་ཀྱི་ལས་ཀ་དེ་ཕྱོགས་གཉིས་ཀ་ནས་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། མང་ཉུང་གི་ཆ་ནས་བལྟས་ན། དངོས་མིང་བཀོད་མཁན་ཚོའི་ནང་སྐྱོན་འཛུགས་དང་འགན་ཁུར་མེད་པའི་སྐད་ཆ་ཉུང་བ་དང་། སྨྱུག་མིང་འོག་གབ་ནས་སྡོད་མཁན་ཚོའི་ནང་སྐྱོན་འཛུགས་དང་འགན་ཁུར་མེད་པའི་སྐད་ཆ་མང་བ་ཡོད་པ་ནི་དངོས་ཡོད་གནས་སྟངས་ཤིག་རེད། ད་ལྟ་དྲ་བདག་ཚོས་འདིའི་སྐོར་ལ་སྟངས་འཛིན་བྱེད་བདེའི་ལམ་ཁ་བརྒྱ་ཁ་གཅིག་ཆོད་ཅིག་རག་གི་མེད་པའང་གནས་སྟངས་འདི་ལ་འབྲེལ་བ་ཡོད་པ་ཞིག་རེད། ཅེས་གསུངས།
བོད་ཀྱི་དུས་བབ་ཟིན་བྲིས་པ་སྒོམ་སྡེ་ལྷ་རམས་པ་ལགས་ཀྱིས། ངེད་ཀྱི་བསམ་ཚུལ། གསང་མིང་འོག་ནས་མི་གཞན་དང་གཞན་གྱི་རྩོམ་ཡིག་ལ་གཞི་མེད་སྐྱོན་བརྗོད་དང་སྒྲོ་འདོགས་སྣ་ཚོགས་བྱེད་བཞིན་པ་འདི་ནི་ཧ་ཅང་གི་གལ་ཚབས་ཆེན་པོ་ཞིག་ཏུ་མཐོང་། འདིའི་རིགས་ཀྱིས་མི་སྒེར་ཞིག་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ཙམ་མ་ཟད། བོད་མིའི་ཚོགས་པ་སྤྱིའི་ཁྲོད་དུ་ནང་ཁུལ་ལ་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་ཐོག་ལ་དབྱེན་སྦྱོར་དཀྲུག་ཤིང་ཚབས་ཆེན་པོ་བཟོས་ཏེ། མཐུན་པ་མི་མཐུན་པར་བཟོ། མི་མཐུན་པ་རྒྱང་རིང་དུ་གཏོང་བའི་ལས་ཀ་ཚབས་ཆེན་བྱེད་ཀྱི་འདུག དྲ་འབུ་འདི་རིགས་ནི་གྲི་དང་མེ་མདའ་མེད་ཙམ་མ་གཏོགས་འཇིགས་སྐུལ་རིང་ལུགས་པ་རང་རེད། འདིའི་རིགས་ལ་ཨའུ་ཙི་མི་ཡོང་ངམ། ཨའུ་ཙི་མི་ཡོང་ངམ་སྙམ་དུ་བསམས་ན་གུ་ཡངས་བློ་དཀྱེལ་དང་། ལེགས་སུ་འགྲོ་རྒྱུ། རྙོག་ཁྲ་རང་ཞིར་འགྲོ་རྒྱུའི་རེ་བ་བྱས་ན་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བྱ་སྤྱོད་ཅིག་རེད། འདི་དག་ལ་བསྟུན་མཁས་དང་བསམ་ཤེས་ compromise ནམ་ཡང་བྱེད་མི་རུང་། ཞེས་དང་། ཡང་སྔོན་མ་ཡིན་ན་དུས་བབ་ཚང་ལ་མཆན་འདེབས་མཁན་སྤུས་དག་དེ་འདྲ་མང་པོ་ཡོད། ད་ལྟའི་ཆར་ཧ་ལམ་མཐོང་རྒྱུ་མི་འདུག
རྙོག་ཁྲ་འདི་སེལ་ཐབས་ནི་ཁྱེད་ཅག་ལས་ལྷག་པ་ཞིག་སུས་ཀྱང་ཤེས་ཀྱི་མ་རེད། ངེད་ལ་ནི་བསམ་འཆར་རེ་ཟུང་ཞིག་མ་གཏོགས་གཞན་དམིགས་བསལ་གང་ཡང་ཤོད་རྒྱུ་མེད། འོན་ཀྱང་དམ་བསྒྲགས་དང་སྟངས་འཛིན་ནི་དགོས་ངེས་སུ་མཐོང་། ཞེས་གསུངས།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལོ་རྒྱུས་རྩོམ་སྒྲིག་པ་ལྷ་ཆབ་སྦྱིན་པ་ལགས་ཀྱིས། ང་ནི་སྨྱུག་མིང་ངམ་གསང་མིང་གབ་མིང་སོགས་ལ་འདོད་པ་མེད་མཁན་ཞིག་མིན། ཡིན་ནའང་ད་ལྟའི་རང་རེའི་ཟིན་བྲིས་པའི་སྡེ་དང་མཆན་འདེབས་པའི་སྡེ་ལ་གཞིགས་ཏེ་ང་རྦད་དེ་དེའི་རིགས་ལ་ཡིད་སུན་ཡོད། ཡིན་ནའང་། དེའི་རིགས་ཡོད་ཚད་དེ་འདྲ་མིན་པར་སེམས། ང་ཚོས་དེའི་རིགས་བགར་སྐབས་རྣམ་པ་གསུམ་དུ་དབྱེ་ཆོག དང་བོ། སྨྱུག་མིང་འབྲི་མཁན་ཁ་ཤས་ཀྱིས་དགོས་དབང་གིས་རྩོམ་ཡིག་འབྲི་བ་དང་བསམ་ཚུལ་འདོན་གྱི་ཡོད། དེའི་བསམ་ཚུལ་དེ་སྤྱི་ཚོགས་ལ་ཕན་གནོད་གཉིས་ལས་ཕན་པའི་རིགས་ཡོད་པའང་ཡོད། དེའི་རིགས་ལ་སྲུང་སྐྱོབས་བྱེད་དགོས་པ་འདྲ། གཉིས། སྨྱུག་མིང་ངམ་གསང་མིང་འབྲི་མཁན་ཁག་ཅིག་གིས་ཆེད་དུ་སྤྱི་ཚོགས་ལ་གཏོར་བཤིག་གཏོང་གི་ཡོད། དེའི་རིགས་ནི་ང་ཚོའི་སྤྱི་ཚོགས་ཀྱི་གོང་བུར་གཏོར་བཤིག་གཏོང་མཁན་གྱི་གཏེ་བོ་རེད། གསུམ། ཡང་མི་ཁག་ཅིག་གིས་རང་ཉིད་མི་དགའ་སའི་མི་དེ་གཅིག་པུ་མ་གཏོགས་བདའ་འདེད་གཏོང་གི་མི་འདུག་མོད། དེ་ཡང་སྤྱི་ཚོགས་གཏོར་བཤིག་གི་ཁོངས་སུ་འདུ་བར་སེམས། དེ་འདྲའི་རིགས་ཅན་ཞིག་གིས་ང་ཚོའི་དྲ་བའི་ངོས་ཡོངས་སུ་བཟུང་ཟིན་པས། ངས་གསང་མིང་ངམ་གབ་མིང་བ་འདི་དག་རྩ་བ་ནས་ཡག་པོར་མཐོང་གི་མེད། ཅེས་གསུངས།
ཁེ་ན་ཌར་གནས་བཞུགས་ཁང་གསར་རྡོ་རྗེ་ལགས་ཀྱིས། གཞི་མེད་སྐྱོན་འཛུགས་ཡིན་ན་མཐའ་གཅིག་ཏུ་འགོག་དགོས་རེད། དེ་ལ་སྐྱོན་རྗོད་བྱེད་མཁན་དེས་དངོས་མིང་བཀོད་མ་བཀོད་ལ་འབྲེལ་བ་མེད། འོན་ཀྱང་དཀའ་ངལ་ངོ་མ་དེ་སྐྱོན་འཛུགས་དེ་གཞི་མེད་ཡིན་དང་མིན་ང་ཚོས་མི་ཤེས་པ་དེ་རེད། གཞི་མེད་ཡིན་པ་ཤེས་ན་བཀག་ན་འགྲིག་གི་རེད། དེ་གཅིག་ཡིན། དེ་ནས་སྐྱོན་འཛུགས་ལ་གཞི་རྩ་ཡོད་རུང་སྐབས་དོན་དང་འབྲེལ་བ་ཡོད་མེད་ལའང་བལྟ་དགོས་འདུག དཔེར་ན། ངས་སྐུ་ཕྱྭའི་སྐོར་གྱི་རྩོམ་ཞིག་སྤེལ་ན། སྐུ་ཕྱྭའི་སྐོར་ནས་བགྲོ་གླེང་བྱེད་དགོས་རེད། དེ་མིན་དེ་འབྲི་མཁན་སྒེར་གྱི་སྐྱོན་སྒང་ལ་ཕྱིན་ན། གཅིག་ནས་སྐབས་དོན་དང་མ་འབྲེལ་བ་དང་། གཉིས་ནས་བགྲོ་གླེང་ཡག་པོ་ཡོང་གི་མ་རེད། གསུམ་ནས་གང་ཟག་བྱེ་བྲག་པའི་སྒེར་གྱི་གནས་ཚུལ་དེ། སྤྱི་པའི་གནད་དོན་ནམ་སྐབས་དོན་དང་འབྲེལ་ཆེ་བ་མིན་ན་བརྒྱུད་ལམ་ཐོག་གླེང་རུང་བ་ཞིག་མ་རེད། ཡང་གང་ཟག་བྱེ་བྲག་པའི་སྐོར་དེ་སྐབས་དོན་དང་འབྲེལ་བའམ་སྤྱི་པའི་གནད་དོན་དང་འབྲེལ་བ་ཡོད་ན་བཤད་འཇུག་དགོས། དཔེར་ན། ཁང་གསར་རྡོ་རྗེས་རྟག་པར་ཤོ་སྦག་རྩེ་བཞིན་དུ། ཤོ་སྦག་རྩེས་ན་ཡག་པོ་མེད་པའི་རྩོམ་ཞིག་བྲིས་ན། སྐྱོན་དེ་གླེང་དགོས། དེ་བཞིན་ངས་ལོ་རྒྱུས་ཀྱི་དེབ་ཆེན་ཞིག་བརྩམས་ཏེ་དེའི་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཆགས་སྡང་ཕྱོགས་རིས་བཏོན་ཡོད་ན། ནམ་རྒྱུན་གྱི་ངའི་བསམ་སྤྱོད་དེ་ཚོ་ཡང་བཤད་དགོས་རེད། དེ་ནི་མི་གཅིག་གི་སྐད་ཆ་དང་ལག་ལེན་མཐུན་མིན་དང་། རང་གིས་བྲིས་པའི་དེབ་དང་རང་གི་བྱ་སྤྱོད་ཀྱི་གནད་དོན་རེད། ཅེས་གསུངས།
ཁ་བརྡ་དྲ་རྒྱའི་རྩོམ་སྒྲིག་པ་དགེ་འདུན་རབ་གསལ་ལགས་ཀྱིས། དྲ་ཐོག་ནས་སྟངས་འཛིན་བྱེད་མིན་དེ་ཕལ་ཆེར་དྲ་བ་རང་ལ་རག་ལས་འདོད། ཁ་བརྡ་ལྟ་བུ་ཡིན་ན་ཅུང་གུ་ཡངས་པ་རེད་བསམས། འོན་ཀྱང་དུས་བབ་ལྟ་བུ་ཚགས་པར་གྱི་རིགས་ཀྱིས་ཁུངས་མེད་པ་དང་བཏང་སྙོམས་མ་ཡིན་པ། བདེན་པ་མིན་པ་བཅས་ཀྱི་སྐད་ཆ་གང་ནས་སུ་ཞིག་གིས་བཤད་ཀྱང་ཧ་ཅང་མ་འོས་པ་རེད་དྲན། དེ་བས་སྟངས་འཛིན་ཡིན་གཅིག་བྱེད་དགོས་པ་རེད་དྲན་ཞེས་གསུངས།
ཡང་གཞི་མེད་སྐྱོན་འཛུགས་རིགས་དང་དྲ་རྒྱའི་ཁོར་ཡུག རྩོམ་པོ་བོ་དང་ཀློག་པ་བོའི་ཁོར་ཡུག་ལ་གཏོར་སྐྱོན་བཟོ་བ་འདིའི་རིགས་གཏན་འགོག་བྱེད་དགོས་མིན་དང་། དྲ་རྒྱ་གཙང་མ་ཞིག་ཉར་ཐབས་ཐད་བཀའ་འདྲི་ཞུས་པར། རྡོ་རྗེ་དབང་ཕྱུག་ལགས་ཀྱིས། ནམ་རྒྱུན་གྱི་དྲན་སྟངས་ལ་སྒྲུབ་སླ་བ་དང་དགོས་ངེས་ཅན་དུ་ཡང་མཐོང་གིན་ཡོད་པ་གཅིག་ནི། དུས་བབ་དྲ་ངོས་འདིར་མཚོན་ན། དངོས་མིང་ཡོད་མཁན་གྱི་ཟིན་བྲིས་པའི་སྡེ་ཚན་གཅིག་དང་། སྨྱུག་མིང་ཅན་གྱི་ཟིན་བྲིས་པའི་སྡེ་ཚན་གཅིག་བཅས་སྡེ་ཚན་གཉིས་སུ་བགོས་ཏེ། དངོས་མིང་བས་དངོས་མིང་བ་ནང་ཕན་ཚུན་ལ་མཆན་བུ་འདེབས་པ་དང་། སྨྱུག་མིང་བ་ཚོའི་ནང་སྨྱུག་མིང་བ་དང་དངོས་མིང་བ་གཉིས་ཀས་མཆན་འདེབས་པའི་དབྱེ་མཚམས་ཤིག་ཕྱེས་པ་ཡིན་ན། དེ་ནས་བལྟ་རྒྱུ་ཞིག་ཡོད་རྒྱུ་རེད་འདོད། འདི་ལྟར་བཤད་དོན་གང་ཡིན་ཟེར་ན། དངོས་མིང་ཅན་དང་སྨྱུག་མིང་ཅན་ཕྱོགས་གཉིས་ཀའི་ནང་ན་ཚད་ཐུབ་ཀྱི་རྩོམ་ཡིག་སྤེལ་མཁན་དང་མཆན་བུ་འདེབས་མཁན་ཡོད་སྟབས། དངོས་མིང་དང་སྨྱུག་མིང་གི་ཁྱད་མེད་པར་ཁོང་ཚོའི་ཤེས་ཡོན་དང་རྩོམ་རྩལ་ལ་ང་ཚོས་བརྩི་མཐོང་ངེས་པར་བྱེད་དགོས་པ་རེད་དྲན་གྱི་ཡོད། ཅེས་གསུངས་པ་དང་། སྒོམ་སྡེ་ལྷ་རམས་པས། ཟིན་བྲིས་པ་སོ་སོར་མཆན་ཧྲུལ་དེ་དག་བསུབ་ཐུབ་པའི་ཆ་རྐྱེན་ཡོད་པ་ཙམ་མ་ཟད། གཏན་འགོག་བྱེད་རྒྱུའི་ནུས་པའམ་ཆ་རྐྱེན་ཞིག་དགོས་ཀྱི་འདུག དེ་འདྲ་བྱུང་ཚེ་ཁྱེད་རྣམས་ལ་དེའི་ཐོག་རྒྱུན་དུ་ཐུགས་བསམ་བཞེས་མི་དགོས་པར་ལས་སླ་པོ་ཡོང་བ་འདུག ཅེས་གསུངས།
ཡང་ཁང་གསར་རྡོ་རྗེས། རྒྱ་ཡིག་དང་དབྱིན་ཡིག བོད་ཡིག་བཅས་ཀྱི་དྲ་ལམ་ལ་སྤྱིར་བཏང་གནད་དོན་འདི་གཅིག་མཚུངས་སུ་གནས་འདུག་མ་གཏོགས་ང་ཚོ་བོད་པ་གཅིག་པུར་ཡོད་པའི་གནད་དོན་ཞིག་མ་རེད། འོན་ཀྱང་གོང་དུ་ཞུས་པ་བཞིན། གཞི་མེད་སྐྱོན་འཛུགས་ཡིན་པ་དང་སྐབས་དོན་དང་འབྲེལ་བ་རྩ་བ་ནས་མེད་པའི་གནད་དོན། སྤྱི་ཚོགས་ཁྱོན་ཡོངས་དང་སྤྱི་ཚོགས་ཀྱི་སྡེ་ཚན་བྱེ་བྲག་པར་ཕོག་ཐུག་ཆེན་པོ་འགྲོ་བའི་སྐད་ཆ།༼དཔེར་ན། ཆོས་ལུགས་བྱེ་བྲག་པར་དམའ་འབེབས་ལྟ་བུ་༽ དེ་བཞིན་ཚོགས་ཀྱི་དབུས་སུ་དབྱུང་དུ་མི་རུང་བའི་ཚིག་ངན་དང་ཚིག་རྩུབ། སྤྱི་པའི་མཐུན་སྒྲིལ་ལ་གནོད་པའི་བསམ་ཚུལ། གང་ཟག་སྒེར་གྱི་འབྲེལ་ལམ་དང་གནས་ཚུལ་ལྟ་བུ་རྣམས་དྲ་ལམ་དུ་གླེང་སློང་བྱུང་སྐབས། འབྲེལ་ཡོད་དྲ་ཚིགས་བདག་པོས་སྟངས་འཛིན་ནན་པོ་གནང་གི་འདུག་པས། ང་ཚོས་ཀྱང་དེ་ལྟར་བྱེད་དགོས་པ་ཞིག་རེད། ཅེས་གསུངས།
དེ་བཞིན་མིང་བརྗོད་འདོད་མེད་ཅིང་སྨྱུག་མིང་འོག་གནས་པའི་བོད་ཀྱི་དུས་བབ་ཟིན་བྲིས་པ་ཞིག་གིས། ང་སྨྱུག་མིང་འོག་གབ་སྡོད་བྱས་པར་རྒྱུ་མཚན་གཅིག་ཡོད། ལས་ཀའི་ངོ་བོའི་སྟེང་ནས་གནོན་ཤུགས་ཡོང་གི་འདུག དེ་ཡོང་དོན་ནི་ང་རང་སྒེར་གྱི་ལས་ཀ་ནི་དྲ་བ་བསྔོག་རྒྱུ་དང་ཟིན་བྲིས་འབྲི་རྒྱུ། མཆན་བུ་འདེབས་རྒྱུ་མ་ཡིན་སྟབས། དངོས་མིང་བཀོད་ཚེ་ཚོགས་གཙོ་དང་དྲུང་ཆེ། ཐ་ན་ལས་བྱེད་ཚང་མས་དྲ་བ་ཀློག་གི་ཡོད་སྟབས། འདི་ལྟར་དྲ་མིང་གི་འོག་ནས་མ་བྲིས་ན་མི་ཡོང་བ་ཞིག་ཆགས་ཡོད། དེའི་སྟབས་ཀྱིས་དགོས་དབང་གིས་དྲ་མིང་བེད་སྤྱོད་གཏོང་དགོས་བྱུང་སོང་། ཞེས་ཟེར།
དེའི་ཐད་འདི་གའི་རྩོམ་སྒྲིག་པའི་གསལ་འདེབས་ཞེས་པར། དགོས་པ་རྒྱུ་མཚན་དམིགས་བསལ་ཡོད་ན་ག་དུས་ཡིན་རུང་དམིགས་བསལ་ལ་ལོས་འཇོག དྲ་ངོས་དང་གསར་ཤོག་གང་དུའང་གཅིག་མཚུངས་ཡིན། དཔེར་ན། བཙན་བྱོལ་བོད་གཞུང་དང་ཚོགས་པ་སྒྲིག་འཛུགས་གཞན་གྱི་ནང་དུ་ཡོད་ཅིང་། བརྒྱུད་ལམ་ཁག་ལ་སྐད་ཆ་བཤད་རྒྱུའི་དབང་ཚད་མེད་མཁན་གྱི་རིགས་ཤིག་ཡོད་ལ། དེ་དོན་དངོས་སུ་གསར་ཁང་ལ་ཞུ་མཁན་ཡང་འདུག ལྷག་པར་དུ་སྨྱུག་མིང་གི་འོག་ནས་ཟིན་བྲིས་དམིགས་བསལ་བ་སྤེལ་མཁན་རིགས་ལ་དམིགས་བསལ་ཡོད་པའི་གོ་བརྡ་སྔ་མོ་ནས་སྤྲད་ཡོད་ལ། ཁ་ཉིན་ཡང་དེ་ལྟར་བཤད་ཡོད། ཅེས་གསུངས་ཡོད།
གསར་འགོད་པ། ཨ་རིག་འགྱུར་མེད།
འཇིགས་བྲལ་ལགས།
ང་དུས་ཚོད་ཏག་ཏག་ལ་སླེབས་ཡོད། ༼ངས་འདིར་འགྲན་རྩོད་བྱེད་ཀྱི་ཡོད། རྙོག་དྲ་ཤོད་ཀྱི་ཡོད། རྒྱལ་ཕམ་ཤན་འབྱེད་ཐབས་བྱེད་ཀྱི་ཡོད།༽འདི་ཁྱེད་རང་གིས་བཤད་པའི་ཚིག་དང་བཏབས་པའི་མཆན་རེད། ཡིན་ནའང་། འདིའི་སྐོར་བཤད་རྒྱུ་ཡོད། གླེང་རྒྱུ་ཡོད་བསམ་ནས་ང་སླེབས་པ་མིན།་ང་འདིར་ཡོང་དོན་ནི། བརྗོད་གཞི་རང་གི་སྟེང་ནས་གླེང་མོལ་ཐུང་ཙམ་ཞིག་བྱེད་ཆེད་རང་ཡིན། ངས་སྒུག་ནས་བསྡད་ཡོད་ལགས།
འཇིགས་བྲལ་ལགས་ཕེབས་ཤོག་་་་་ལན་ཞིག་གནང་རོགས་ཞྭ་ནག་བློ་གྲོས་ལ།
འཇིགས་བྲལ་བསྟན་འཛིན་ལགས།
ང་སླེབས་ཡོད། ཐོག་མར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བ་དང་ཆབས་ཅིག དྲི་བ་གཅིག་རང་ནས་མགོ་བཙུགས་ན་བསམ་སོང་། ད་ལྟ་ང་ཚོས་གླེང་བཞིན་པའི་བརྗོད་གཞི་ནི། དུས་བབ་དྲ་ཚིགས་འདིར། དངོས་མིང་དང་སྨྱུག་མིང་བ་གཉིས་ལས། སྨྱུག་མིང་བ་ཚོས་གཏོར་བཤིག་གཏོང་གི་འདུག དངོས་མིང་བ་ཚོས་བྱས་རྗེས་འཇོག་གི་འདུག་ཟེར་མཁན་རིགས་གཅིག་དང་། ཡང་རིགས་གཅིག་གིས། དངོས་མིང་སྨྱུག་མིང་གི་ཁྱད་པར་མི་འདུག གཉིས་ཀའི་ནང་ན་གཏོར་བཤིག་གི་ལས་ཀ་བྱེད་མཁན་འདུག་ལ། གཉིས་ཀའི་ནང་ན་ཁ་མིག་ཡར་ལྟ་བྱེད་དགོས་ས་ཡང་ཡོད་པ་ཁྱབ་མཉམ་རེད་ཟེར་གྱི་ཡོད་པ་རེད། ད་བྱས་ན། ཁྱེད་རང་འདི་གཉིས་ཀྱི་གང་གི་ཕྱོགས་སུ་ལངས་འདོད་ཡོད་དམ། གང་ལ་ཟེར་ན། ངས་ཐོག་མར་དེ་སྐོར་ཤེས་འདོད་བྱུང་། དེ་ནས་བརྗོད་གཞི་རང་གི་སྟེང་ནས་གླེང་ན་སྙམ་པ་ཡིན། ལར་ནས། སྨྱུག་མིང་དང་དངོས་མིང་གི་འོག་ནས་ཕན་ཚུན་ཌྷལ་གདོང་སྟོན་སྟངས་དེའི་དབང་གིས། ད་ཡོད་བོད་ཡིག་གི་དྲ་ཚིགས་མང་པོ་ཞིག་ལ་དཀའ་ངལ་མང་དག་ཅིག་འཕྲད་མུས་ཀྱི་སྐབས་རེད། ཡིན་ནའང་། དྲ་ཚིགས་ཀྱི་བདག་པོ་ཚོས་དེར་གདོང་ལེན་བྱེད་སྟངས་གཏན་འཁེལ་བ་ཞིག་རག་གི་མེད་པ་འདྲ་པོ་རེད། དཔེར་ན། ད་ལྟ་ང་ཚོས་གླེང་མུས་སམ། ཡང་ན་གཤམ་ལ་མཆན་འདེབས་མུས་ཀྱི་རྩོམ་ཡིག་འདི་ནི་དེར་གདོང་ལེན་གྱི་ཐབས་ཤེས་འཚོལ་བའི་གནས་སྟངས་ཤིག་གི་འོག་ནས་འདི་ལྟར་བཀོད་སྒྲིག་བྱས་པ་འདྲ་པོ་ཞིག་ཀྱང་ཆགས་འདུག་པ་འདི་རེད།
འཇིགས་བྲལ་བསྟན་འཛིན་ལགས།
ད་ལྟའི་རྩིས་བྱས་ན།་ད་གིན་གྱི་དུས་ཚོད་དེ་རང་ལ་ཡོང་རྩིས་ཡིན། དེ་ནས་ཐུག་ཨ། ངས་བརྩད་རྒྱག་པ་དང་། རྙོག་དྲ་བཤད་བསམ་པ་མིན། དྲ་ངོས་ཀྱི་གླེང་སྟངས་སྐོར་ཞིག་ལས་འཕྲོས་པའི་གླེང་མོལ་ཞིག་བྱེད་བསམ་པ་དེ་ག་རང་ཡིན།
འཇིགས་བྲལ་བསྟན་འཛིན་ལགས། སྨྱུག་མིང་སྤྱོད་མཁན་རྣམས་རེ་རེ་ནས་བཙད་གཅོད་གནང་ནས་དམ་འདོགས་གནང་ཡས་ཡིན་ནམ། སྨྱུག་མིང་དེ་དག་ཁོང་རྣམས་ཀྱི་གསང་མིང་ཡིན་པ་མི་མཁྱེན་ནམ། གསང་མིང་གི་དོན་གང་ཡིན། གལ་ཏེ་གསང་མིང་ཁྲོམ་བསྒྲགས་ཆགས་པ་ཡིན་ན་དེ་ལ་གསང་མིང་ཟེར་རམ། གསང་མིང་དང་སྨྱུག་མིང་དཔྱོད་མཁན་ཡར་ཐོན་རྒྱལ་ཁབ་དང་མང་གཙོའི་རྒྱལ་ཁབ་དག་ལ་མང་པོ་ཡོད་ན་བཙན་བྱོལ་ནང་དཔྱོད་མི་ཆོག་པའི་རྒྱུ་མཚན་གང་ཡོད། དེ་ཡན་འཇིགས་བྲལ་ལགས་སུ་དྲི་གི་ཡོད། དྲྭ་གྲོགས་གཞན་མཐུན་མོང་ལ་འདི་དྲི་བ་ཡིན་པས་ལན་ཞིག་གནང་རོགས། སྤྱིར་སྨྱུག་མིང་དང་གསང་མིང་དེ་དག་དགོས་པ་རྒྱུ་མཚན་གང་གི་ཆེད་སྲོལ་ཐོག་མ་རྒྱལ་ཁབ་གང་ནས་དུས་རབས་ག་དུས་དར་བ་ཡིན་པ་དང་ང་ཚོའི་སྤྱི་ཚོགས་ནང་དུས་རབ་ག་དུས་དར་བ་སོགས་གསུང་རྒྱུ་ཡོད་མཁན་དག་ནས་ལན་ཁ་གསལ་ཞིག་ཀྱང་གནང་རོགས།
དྲ་གྲོགས་བོད་ཤ་རུས་ཁྲག་གསུམ། ནི་བརྩེ་དུང་གི་རྒྱལ་སྲས་རེད།
བསེ་རུ།
སྤོབས་པ་མཐའ་ཡས། ནི་གྲྭ་པ་ཞིག་ཡིན་ཚོད།
གཅན་བཟོད་རྒྱམ། ནི་ཁོ་རང་གི་དངོས་མིང་རེད།
གནམ་ལྕགས། ནི་སུ་ཡིན་མི་ཤེས།
ཟ་ལེ་རྒྱལ། ནི་རི་སྐྱེས་ཁ་བ་འཚོ་རེད།
མེ་འོད། ནི་ནོར་གླིང་ཁུལ་དུ་ཡོད་ཚོད།
ཆུ་ཐིགས་སྔོན་མོ། ནི་ས་ར་དང་འབྲེལ་ཡོད་ཅིག་ཡིན་ཚོད།
རི་བོང། ནི་སུ་ཡིན་མི་ཤེས།
སྨར་དྷཱིཿཟེར། དྷཱི་ཟེར་སྲོལ་ལ་བལྟས་ན་གྲྭ་པ་ཞིག་མིན་ནམ།
ཧ་མ་གོ་བ་ཚོ་ངོ་སྤྲོད་ཅིག་གནོང་དང་།
ངས་འདིར་འགྲན་རྩོད་བྱེད་ཀྱི་ཡོད།
རྙོག་དྲ་ཤོད་ཀྱི་ཡོད།
རྒྱལ་ཕམ་ཤན་འབྱེད་ཐབས་བྱེད་ཀྱི་ཡོད།
ཡིན་ནའང་ངས་དེ་དག་ང་རང་དངོས་སུ་ཐོན་ནས་བྱེད་ཀྱི་ཡོད། མི་ལོ་བཅུ་ཙམ་གྱི་རིང་དེ་ལྟར་བྱས་པ་ཡིན། རྒྱལ་ཕམ་བརྒྱུད་ནས་ཡོང་བ་ཡིན།
དེར་བརྟེན་འགྲན་རྩོད་ཡིན་ནའང་འདྲ།
རྙོག་དྲ་ཤོད་ཀྱི་ཡོད་པ་ཡིན་ནའང་འདྲ།
གདོང་དང་གདོང་ཐུག་ནས་མི་དང་མི་སྐད་ཆ་བཤད་ཡུལ་ཡོད་དགོས་པ་ལས། ཅི་ཡིན་འདི་ཡིན་མེད་པ། གང་བཤད་འགན་ཁུར་མེད་པ། གར་ཡོད་སུ་ཡིན་མེད་པ་དེ་མང་གཙོའི་སྤྱི་ཚོགས་དང་། དེང་རབས་ཀྱི་དུས་ཚོད་ནང་དགོས་པ་མི་འདུག
ལྷག་པར་རང་དབང་དང་། མང་གཙོ། ཞི་བདེ། ཟེར་མཁན་གྱི་བཙན་བྱོལ་སྤྱི་ཚོགས་ནང་དགོས་པ་མི་འདུག དེ་འདྲ་ཞིག་མ་རེད་དམ།
ཨོ་དངོས་གནས་མི་ཟེར་བ་དེས་ངོ་མ་ཤེས་པ་རང་རེད། དུས་བབ་ཚང་གི་བཀག་དགོས་པ་དངོས་གནས་འཇིགས་བྲལ་བསྟན་འཛིན་དང་ཅོ་རི་ཉི་མ་ལྷ་ཆབ་སྤྱིན་པ་ཁྱོད་རང་གསུམ་རེད་འདུག
སྐད་ཆ་ཆོལ་མེད་པ་རྐྱང་ག་དུས་ཡིན་ནའང་བཤད་མ་ཚད་མི་སུ་དང་ཐུག་དུས་རྩོད་པ་རྒྱབ་རང་སྐྱོན་མ་མཐོང་མཁན་ཁྱོད་ཚོ་གསུམ་རེད།
སྤྱི་ཚོགས་ཀྱི་གྲུབ་ཆའི་ངོས་ནས་གླེང་ན།ཉོག་དྲ་དང་རྩོད་པ་ནི་མིའི་རིགས་ཀྱི་རྒྱུན་ལྡན་ཀྱི་འཚོ་བའི་གྲུབ་ཆ་ཞིག་ཡིན་ལ།གྲུབ་ཆ་འདི་ཉིད་ཀྱི་གསེང་དུ་འགྲན་རྩོད་ཅེས་པའི་སྒུལ་ཤུགས་དཔེ་མེད་ཅིག་བསྐང་ཡོད།སྒུལ་ཤུགས་འདི་ཡིས་མི་རྣམས་ཨུ་ཐུག་ཐབས་ཟད་དུ་གཏོང་གི་ཡོད་ཅིང་།ཨུ་ཐུག་པའི་ལམ་ཁ་དེ་དག་ཏུ་མིའི་རིགས་ཀྱི་འཚོལ་སྙེག་གི་སེམས་ཁམས་དང་འདུ་ཤེས་ཐོན་ཡོང་བ་མ་ཟད།ནམ་ཡང་མདུན་དུ་བསྐྱོད་དགོས་པའི་རེ་བ་དང་ཅིས་ཀྱང་རྩོད་དགོས་པའི་སྟོབས་ཤུགས་ཀྱང་མཐོང་ཡོང་གི་རེད།
དྲ་གྲོགས་ཅོ་རི་ཉི་མ་ལགས། བསམ་ཚུལ་འཛེམས་མེད་གསུངས་པར་དགའ་ཡོད།
གུས་པས་ཁ་སང་སྤེལ་བའི་འདིའི་སྐོར་གྱི་བསམ་ཚུལ་དུ།
༢ བོད་ཀྱི་དུས་བབ་ཟིན་བྲིས་པ་ཚོར། བོད་ཀྱི་དུས་བབ་གསར་ཁང་གི་གསར་འགྱུར་དྲ་རྒྱའི་དམིགས་ཡུལ་གྱི་ཐོག་ནས་ཟིན་བྲིས་སྤེལ་ཕྱོགས་ཀྱི་ལམ་སྟོན་མེད་པས་ཟིན་བྲིས་པ་མང་པོ་ཞིག་གིས་དམིགས་ཡུལ་མེད་པ་དང་། འགན་ཁུར་མེད་པའི་གཏམ་ཡན་དྲན་ཚད་སྤེལ་བཞིན་ཡོད།
༣ བོད་ཀྱི་དུས་བབ་ཀྱི་ཟིན་བྲིས་པ་མིང་མེད་ཚོ་དང་། ལྷག་པར་དྲ་འབུ་མི་རྫུན་དེ་ཚོས་༼བོད་ཀྱི་དུས་བབ་ཀྱི་མཆན་བུ་ལ་རིན་ཐང་མེད་པ་བཟོ་བཞིན་ཡོད། ༽ དེ་ལས་ཀྱང་ཚབས་ཆེ་བ་ནི་༼མིང་མེད་དེ་ཚོས་བཙན་བྱོལ་བོད་གཞུང་མང་གི་མང་གཙོའི་འཕེལ་རིམ་ལ་ཚད་ལས་འདས་པའི་འགལ་རྐྱེན་བཟོ་བཞིན་ཡོད།༽
དེ་སྔོན་སྤེལ་བའི་བསམ་འཆར་ནང་།
༢ སྨྱུག་མིང་བཀོལ་དགོས་དོན་ཅང་མི་འདུག བཙན་བྱོལ་རང་དབང་ལུང་པ་རེད། སུ་གང་གིས་རྡུང་གི་མ་རེད། གསོད་ཀྱི་མ་རེད། ཞེད་དགོས་པ་དང་བཤད་དགོས་པ་གཉིས་ཀ་ཡོང་རྒྱུ་ཡོད་མ་རེད།
༣ ད་དུང་སྨྱུག་མིང་གི་འོག་ན་ཡོད་པ་འདི་ཚོས་གདོང་ཐུག་ན་ལྕེ་ནར་ནར་བྱེད་ཀྱི་རེད། མགོ་འཕྲུག་འཕྲུག་བྱེད་ཀྱི་རེད། འདི་འདྲའི་ཕྱི་ནང་མི་མཚུངས་པའི་མི་ཤ་སྟག་རེད།
༤ སྨྱུག་མིང་བེད་སྤྱོད་བྱེད་པ་འདིས་དོན་དངོས་སུ་བཙན་བྱོལ་རང་དབང་ལུང་པའི་ནང་མང་གཙོ་འཕེལ་རྒྱས་ཡོང་བར་འགོག་རྐྱེན་བཟོ་གི་འདུག
དེ་ནས་ད་དུང་ཞུ་རྒྱུར།
ང་སྒེར་ལ་ཁྱད་གང་ཡང་མི་འདུག བོད་སྤྱི་དང་། བོད་ཀྱི་དུས་བབ་ཀྱི་ཆེ་མཐོང་རང་བཞིན་དང་འབྲེལ་བའི་དོན་ཚན་འདི་དག་གི་གནད་ཆེའི་རང་བཞིན་ལ་དགོངས་པ་བཞེས་དགོས།
ཁྱོད་རང་གིས་དྲངས་པའི་མི་སྐོར་ཅིག་ཡོད་པ་དེ་དག་ངེད་གཉིས་ལྟ་ཚུལ་ཕལ་ཆེར་གཅིག་པ་རེད། གལ་སྲིད་མི་དེ་དག་སྨྱུག་མིང་གི་འོག་ཏུ་མཐའ་གཅིག་ཏུ་གནས་དགོས་ཀྱི་ཡོད་ན། ཕྱིན་ཆད་དྲ་ཐོག་བགྲོ་གླེང་དང་འབྲེལ་ནས་ཁྲིམས་གཏུགས་ཚུན་ཡོང་སྲིད་པ་རེད། དེ་དུས་མི་དེ་དག་སུ་ཡིན་གསལ་པོ་བྱས་ནས་བོད་ཀྱི་དུས་བབ་ནས་མིང་འདོན་བྱེད་རྒྱུ་ཡོད་དགོས། དེ་མིན་ཁྲིམས་ཐོག་གི་འགན་དུས་བབ་ནས་ཁུར་དགོས་པ་རེད། འདི་སྨྱུག་མིང་བཀོལ་འདོད་ཡོད་མཁན་ཚོ་དང་། དུས་བབ་དྲ་ཚིགས་གཉིས་ཀའི་འགན་ཁུར་རེད།
གྲོགས་པོ་ཁ་ཤས་ཀྱིས་འདི་ནི་གནས་ཚུལ་ཚབ་ཆེན་ཞིག་ཏུ་ཁྱེར་ཏེ་ཆབ་སྲིད་དང་།ཆོས་ལུགས་སོགས་ཀྱི་དར་རྒུད་ལ་གནོད་པའི་དོགས་པ་དང་རྣམ་རྟོག་ལང་གི་འདུག་
ངས་བསམ་ན་དེ་ནི་མི་ཞིག་དང་ཡང་ན་སྤྱི་ཚོགས་ཤིག་གི་ཐོག་མའི་འགྲོ་སྟངས་ཙམརེད་ལ།ང་ཚོ་ཡང་ཅིས་ཀྱང་བགྲོད་དགོས་པའི་ལམ་ཁ་ལྡོག་མེད་ཅིག་ཀྱང་ཡིན།སྟག་ལ་སྐྲག་ཏེ་ནགས་ལ་མི་འགྲོ་བའི་ང་ཚོ་བོད་པ་ཚང་གི་གཤིས་ཀ་འདིས་ནི་ད་ལྟའི་བར་སྡུག་གྱོང་མང་པོ་བསུས་ཡོད་ཅིང་།ད་དུང་ཡང་མང་པོ་བསུ་རྒྱུ་ཡིན་ས་རེད།
ཚིག་ཡག་བཙོག་སྣ་ཚོགས་ཀྱིས་ཤོད་ཐུབ་པའི་གནས་ལུགས་རེརེས་ང་ཚོའི་གུ་དོག་པའི་བྲང་གཞུང་གི་སྒོ་ཕུགས་བར་གསུམ་གྱི་གནད་དོན་མང་པོ་སློང་ངེས་ལ།དེ་ལྟར་བསླངས་པས་ང་དང་ཁྱོད་ཚོའི་ཤེས་རབ་ཀྱི་མཐོང་རྒྱའང་ཆེ་རུ་འགྲོ་ངེས།་དེ་ལྟར་སོང་བའི་མི་ཡུལ་འདི་ཉིད་མི་ཡུལ་ངོ་མ་ཞིག་ཏུ་འགྱུར་ངེས།
མ་ཟད་ཁྱེད་གསུངས་པར་ལྟར་དོགས་པ་གཞན་ཞིག་ཡོད་ནས་བཀག་འགོག་བྱེད་ཡིན་ན་དགོས་པ་དང་རྒྱུ་མཚན་ཡོད་ཀྱང་ནང་ཁུལ་དུ་ཚིག་ངན་ཙམ་གྱི་ན་ཟུག་ལ་བརྟེན་ནས་ཁྲག་དོགས་ཀྱིས་ཡིན་ན་ཡག་པོ་མ་རེད།
འཇིགས་བྲལ་བ་ཁྱེད་ངེད་གཉིས་དུས་བབ་དྲ་ཐོག་ཏུ་ཕྱི་གསལ་ནང་གསལ་རེད། དྲ་གྲོགས་རེ་འགའ་ལ་དོགས་པ་བྱེད་དགོས་པ་ཡོད། དཔེར་ན་ནད་པ་ལྟ་བུ་རེད།
ཁོ་ནི་དངོས་གནས་བོད་མི་རིགས་ལས་རྒྱ་ནག་དམར་གཞུང་ལ་དུང་ཞེན་མཁན་ཡོད་རེད་འདུག་སྙམ།
འདིའི་རིགས་བཀག་འགོག་བྱེད་དགོས་པ་ལས་ཡོད་ཚོད་བཀག་པ་ཡིན་ན་སྨྱུག་མིང་འོག་ཏུ་བོད་མི་ཚད་ལྡན་དེ་ཚོ་ག་རེ་བྱེད་དགོས་པ་རེད་དམ།
དཔེར་ན།་་དྲ་གྲོགས་བོད་ཤ་རུས་ཁྲག་གསུམ།
བསེ་རུ།
སྤོབས་པ་མཐའ་ཡས།
གཅན་བཟོད་རྒྱམ།
གནམ་ལྕགས།
ཟ་ལེ་རྒྱལ།
མེ་འོད།
ཆུ་ཐིགས་སྔོན་མོ།
རི་བོང།
སྨར་དྷཱིཿཟེར།
ཞེས་འདི་འདྲ་རིགས་རྣམས་བཀག་འགོག་བྱེད་ན་ཡག་པོ་མི་འདུག་སྙམ།
རྒྱུ་མཚན་གཞིར་བཞག་གི་གོང་གསལ་གསར་འགྱུར་གྱི་བརྗོད་དོན་ལ་བགྲོ་གླེང་བྱེད་འདོད་ཡོད་ན་ཡོང་ཐག་ཆོད་ཡིན།
འཇིགས་བྲལ་བསྟན་འཛིན་ལགས།
ཁྱེད་རང་ལ་དུས་ཚོད་ཡོད་ན། དེ་རིང་དགོང་དྲོའི་ཆུ་ཚོད་དགུ་ཕྱེད་ཀ་ནས་བཅུ་པ་བར་ལ་འདིར་ཐེངས་གཅིག་ཕེབས་རོགས། གང་ཡིན་ཟེར་ན། ཁྱེད་རང་གིས་གླེང་གི་ཤོག་ལབ་པ་བཞིན། ང་ཡོང་འདོད་ཡོད། འོན་ཀྱང་། ད་ལྟ་ང་ལ་དུས་ཚོད་མེད། ཁྱེད་ལ་དུས་ཚོད་ཡོད་ན་ཕེབས་ཤོག་ཨ། ཡོང་གི་ཡིན་མིན་ང་ལ་ལན་ཞིག་གྱིས་ཨ།
བོད་ཀྱི་དུས་བབ་ཀྱི་ཟུར་ལྡའི་དམར་ཤོག་ཟེར་བའི་གསར་འགྱུར་ཡང་འདིར་འདྲེན་བཀོད་བྱས་ཡོད། བསམ་བློ་ཡག་པོ་གཏོང་དང་། གནད་འགག་ཅིག་མི་འདུག་གམ།
ཟུར་ལྔའི་དམར་ཤོག་ཚོགས་པ།
འདོན་སྤེལ། ༢༠༡༠/༠༢/༡༠
ཕྱི་ཚེས་ ༡༨ ཉིན། ཀན་སུའུ་ཞིང་ཆེན་དམར་ཤོག་འཐུས་ཚོགས་ཀྱི་རྒྱུན་ལས་དང་དྲིལ་བསྒྲགས་ལས་ཁང་མགོ་གཙོ་ལིས་ཞའོ་ཅེ་ཡིས་ཞིང་ཆེན་གྱི་བསམ་བློ་དྲིལ་བསྒྲགས་བྱ་བའི་ཚོགས་འདུའི་སྟེང་བརྗོད་དོན། ད་ལོ་ཀན་སུའུ་ཞིང་ཆེན་གྱིས་དྲ་བར་ཞིབ་བཤེར་སྟངས་འཛིན་དང་། དྲ་ངོས་སུ་དམར་ཤོག་པའི་བསམ་བློ་དྲིལ་བསྒྲགས་བྱེད་པའི་དྲ་ཐོག་དཔྱད་བརྗོད་པ་ ༦༥༠ ལྷག་རྩ་འཛུགས་བྱས་ཡོད་པ་དང་། དེའི་ཁྲོད་དྲ་ཐོག་གླེང་བརྗོད་པ་རྩེར་སོན་ ༥༠ དང་། གླེང་བརྗོད་པ་ལེགས་གྲས་ ༡༠༠། སྤྱིར་བཏང་གླེང་བརྗོད་པ་ ༥༠༠ བཅས་ཡོད་ཚུལ་ཁྱབ་བསྒྲགས་བྱས་ཡོད།
ཨ་རིའི་ <<རྒྱ་ནག་ཆ་འཕྲིན་ལྟེ་གནས>> ཀྱི་གཙོ་སྒྲིག་པ་ཡཱང་ལིས་ལིས་བརྗོད་དོན། དེ་སྔོན་དྲ་ངོས་སུ་དམར་ཤོག་པའི་ལྟ་བ་དྲིལ་བསྒྲོགས་ཀྱི་གླེང་བརྗོད་རེ་སྤེལ་ན་གླ་དངུལ་ཟུར་ལྔ་རེ་སྤྲོད་ཀྱིན་ཡོད་པས་ན་དམངས་ཁྲོད་དུ་ཁོ་ཚོར་”ཟུར་ལྔའི་དམར་ཤོག་པ” ཞེས་འབོད་ཀྱིན་ཡོད། དྲ་ཐོག་གི་ཟུར་ལྔའི་དམར་ཤོག་པ་དེ་དག་ནི་ཕྱི་ལོ་ ༢༠༠༥ ནས་བཟུང་མགོ་བཙུགས་ཡོད་པ་དང་། རྩ་འཛུགས་ཆེས་སྔ་ཤོས་ཀྱི་ས་ཁུལ་ནི་ཧུའུ་ནན་ཞིང་ཆེན་རེད། རྗེས་སུ་ཁོ་ཚོས་ཐབས་ཤེས་དེར་ནུས་པ་ལྡན་པར་ངོས་འཛིན་གྱིས། རིམ་བཞིན་ཞིང་ཆེན་ས་ཁུལ་གཞན་དག་ཏུའང་རྩ་འཛུགས་བྱེད་མགོ་ཚུགས་ཡོད། ད་དུང་མཚམས་ལན་རེར་དྲ་ངོས་ནས་ལས་ཁུངས་རེ་འགའི་མིང་ཐོག་ནས་དྲ་ཐོག་གླེང་བརྗོད་པ་བསྡུ་ལེན་གྱི་བརྡ་ཐོ་རེ་འགའ་མཐོང་རྒྱུ་འདུག ཆ་རྐྱེན་འདྲ་མིན་སྣ་ཚོགས་བཏོན་འདུག་ནའང་། ཐོག་མའི་ཆ་རྐྱེན་གཙོ་བོ་ནི་རྒྱ་ནག་དམར་ཤོག་པའི་གཞི་རྩའི་ལམ་ཕྱོགས་བཞི་རྒྱུན་སྐྱོང་དང་དམར་ཤོག་པའི་སྲིད་ཇུས་ཤེས་དགོས་པ་དེ་རེད། དྲ་ཐོག་གླེང་བརྗོད་པ་དག་གི་ལས་འགན་ནི། དུས་རྒྱུན་དམངས་ཁྲོད་དུ་ཤུགས་རྐྱེན་ངེས་ཅན་ལྡན་པའི་དྲ་ངོས་དག་ལ་ལྟ་ཀློག་བྱས་ཏེ། དྲ་ངོས་སུ་ཐོན་པའི་མི་དམངས་ཀྱི་གླེང་ཕྱོགས་འདྲ་མིན་གྱི་ཁ་ཕྱོགས་བསྒྱུར་ཏེ་དམར་ཤོག་པའི་བསམ་བློ་བརྒྱུད་སྒྲོག་བྱེད་རྒྱུ་དེ་རེད་ཟེར།
ཚིག་ངན་བེད་སྤྱོད་གཏོང་བ་མང་གཙོ་ཐོབ་ཐང་མིན། རང་དབང་བེད་སྤྱོད་གཏོང་སྟངས་ཀྱང་མིན། གང་འདོད་བཤད། གང་དྲན་བྱས་ཆོག་པའི་རྒྱལ་ཁབ་ཅིག་་ཚོགས་པ་ཅིག་་་་་ ཡང་ན་མི་ཚང་གཅིག་ཡོད་ན་དེ་ང་ཚོ་བོད་པ་ཚོ་འགྲོ་ས་ཞིག་མིན། དེ་ལོག་ལམ་ཞིག་ཡིན་པས་ང་ཚོ་ལམ་ཁ་དེ་མི་འགྲོ་བའི་རེ་སྐུལ་ཞུ་གི་ཡོད།
ཐུགས་རྗེས་གཟིགས།
དྲ་གྲོགས་སྨྱུག་མིང་ཅན་ཚོ། རྒྱུ་མཚན་ལྡན་པའི་བགྲོ་གླེང་བྱེད་རྒྱུ་ཡོད་ན་ཤོག་དང་།
བཙན་བྱོལ་ནང་བོད་ཡིག་གསར་འགྱུར་དྲ་ཚིགས་ཁ་ཤས་ལས་ཡོད་པ་མ་རེད། ཁྱབ་ཆེ་ཤོས་ནི་བོད་ཀྱི་བང་ཆེན་དང་། བོད་ཀྱི་དུས་བབ་རེད། གསར་ཁང་འདི་གཉིས་ཀྱི་བོད་ཡིག་དྲ་ཚིགས་ལ་ཁྱབ་ཆེ་ཆུང་ཞེ་དྲག་ཡོད་པ་རེད། བང་ཆེན་ལྟ་བུར་མཚོན་ན། གསར་འགྱུར་ལ་མཆན་འདེབས་པ་སོགས་ཀྱི་ཐད་ལ་དམ་དྲག་ཆེན་པོ་འདུག་པ་དང་། དྲ་རྒྱའི་བཟོ་ལྟ་སོགས་ཀྱི་ཐད་ནས་བོད་ཀྱི་དུས་བབ་ལས་ཁྱད་ཆེན་པོ་ཡོད་པའི་མཐོང་ཚུལ་བྱུང་། དུས་བབ་དྲ་ཚིགས་ལ་ཚད་དང་ཚོད་མེད་པའི་མཆན་འདེབས་པ་དང་། ཟིན་བྲིས་སྤེལ་ཤེས་ན་སྤེལ་སའི་ས་མིག་ཁམས་གཙང་ཡོད་པ་རེད། དེར་བརྟེན་གཤམ་ལ་འཛེམས་ཟོན་རྩ་བ་ནས་མེད་པའི་ཐོག་ནས་བསམ་ཚུལ་སྐོར་ཅིག་ཞུ་གི་ཡིན།
༡ བོད་ཀྱི་དུས་བབ་འདི་ཐོག་མ་འཛུགས་སྐབས་ཀྱི་དམིགས་ཡུལ་ནས་བསམ་ན། ཟིན་བྲིས་པ་སྐོར་ཅིག་ཏག་ཏག་དེའི་ལྡོག་ཕྱོགས་བྱས་ནས་འབྱུང་བཞིན་ཡོད། དཔེར་ན། ལུང་ཚན་རུབ་རྒྱག་བྱེད་པ། སྤྱི་སྐད་གཏོར་བརླག་གཏོང་བ། (འདིའི་ཐད་དུས་བབ་གསར་ཤོག་ཁོ་རང་ལ་སྐྱོན་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ) ཁུངས་མེད་དཀྲོགས་གཏམ་སྤེལ་བ། དེ་དང་དེ་འདྲ་བ་བདག་སྤྲོད་དམ་སྣང་མེད་དུ་འཇོག་པ་བྱུང་ཡོད།
༢ བོད་ཀྱི་དུས་བབ་ཟིན་བྲིས་པ་ཚོར། བོད་ཀྱི་དུས་བབ་གསར་ཁང་གི་གསར་འགྱུར་དྲ་རྒྱའི་དམིགས་ཡུལ་གྱི་ཐོག་ནས་ཟིན་བྲིས་སྤེལ་ཕྱོགས་ཀྱི་ལམ་སྟོན་མེད་པས་ཟིན་བྲིས་པ་མང་པོ་ཞིག་གིས་དམིགས་ཡུལ་མེད་པ་དང་། འགན་ཁུར་མེད་པའི་གཏམ་ཡན་དྲན་ཚད་སྤེལ་བཞིན་ཡོད།
༣ བོད་ཀྱི་དུས་བབ་ཀྱི་ཟིན་བྲིས་པ་མིང་མེད་ཚོ་དང་། ལྷག་པར་དྲ་འབུ་མི་རྫུན་དེ་ཚོས་༼བོད་ཀྱི་དུས་བབ་ཀྱི་མཆན་བུ་ལ་རིན་ཐང་མེད་པ་བཟོ་བཞིན་ཡོད། ༽ དེ་ལས་ཀྱང་ཚབས་ཆེ་བ་ནི་༼མིང་མེད་དེ་ཚོས་བཙན་བྱོལ་བོད་གཞུང་མང་གི་མང་གཙོའི་འཕེལ་རིམ་ལ་ཚད་ལས་འདས་པའི་འགལ་རྐྱེན་བཟོ་བཞིན་ཡོད།༽
བསམ་ཚུལ་མདོར་བསྡུས་འདི་ལས་འཕྲོས་ནས་མུ་མཐུད་གླེང་མོལ་བྱེད་ཆོག
༢༠༡༠/༠༢/༡༢ ཉིན་བོད་ཀྱི་དུས་བབ་དྲ་ངོས་སུ་གཤམ་གྱི་མཆན་དེ་བྲིས་ཡོད།
སྐབས་རེ་བསམ་ཚུལ་ཏོག་ཙམ་བཤད་པ་མ་གཏོགས་འདི་ནས་དྲ་གྲོགས་ཚོའི་སྤྱོད་ཚུལ་ལ་བལྟས་ནས་བསྡད་པ་ཡིན། སེམས་པ་སྐྱོ་ཡག་རེད།
༡ ཁ་སང་དུས་བབ་ཀྱི་གསར་འགྱུར་༼ཟུར་ལྔའི་དམར་ཤོག་༽ཟེར་བ་གཅིག་འདུག དེ་ཀློག་སྐབས་རྒྱ་ནག་གིས་རྒྱུགས་ཁྱི་ཚོས་བཙན་བྱོལ་ནང་ལས་ཀ་དེ་རང་བྱེད་ཀྱི་ཡོད་ས་རེད་བསམས་པ་བྱུང་།
༢ སྨྱུག་མིང་བཀོལ་དགོས་དོན་ཅང་མི་འདུག བཙན་བྱོལ་རང་དབང་ལུང་པ་རེད། སུ་གང་གིས་རྡུང་གི་མ་རེད། གསོད་ཀྱི་མ་རེད། ཞེད་དགོས་པ་དང་བཤད་དགོས་པ་གཉིས་ཀ་ཡོང་རྒྱུ་ཡོད་མ་རེད།
༣ ད་དུང་སྨྱུག་མིང་གི་འོག་ན་ཡོད་པ་འདི་ཚོས་གདོང་ཐུག་ན་ལྕེ་ནར་ནར་བྱེད་ཀྱི་རེད། མགོ་འཕྲུག་འཕྲུག་བྱེད་ཀྱི་རེད། འདི་འདྲའི་ཕྱི་ནང་མི་མཚུངས་པའི་མི་ཤ་སྟག་རེད།
༤ སྨྱུག་མིང་བེད་སྤྱོད་བྱེད་པ་འདིས་དོན་དངོས་སུ་བཙན་བྱོལ་རང་དབང་ལུང་པའི་ནང་མང་གཙོ་འཕེལ་རྒྱས་ཡོང་བར་འགོག་རྐྱེན་བཟོ་གི་འདུག
༥ སྨྱུག་མིང་གི་འོག་ནས་འགན་ཁུར་མེད་པའི་སྐད་ཆ་ཐོན་ཚད་བཤད་ནས་སྡོད་ཀྱི་ཡོད་སྟབས་༼བོད་ཀྱི་དུས་བབ་ཟིན་བྲིས་སུ་ཡོད་པའི་མཆན་ཡོངས་རྫོགས་ལ་རིན་ཐང་མེད་པ་བཟོ་གི་འདུག༽
༦ ཟུར་ལྔའི་དམར་ཤོག་ཟེར་བའི་གསར་འགྱུར་ནང་བཤད་པ་བཞིན་གསར་འགྱུར་གྱི་བརྗོད་དོན་ལ་བགྲོ་གླེང་མི་འགྲོ་ཆེད་སྐད་ཆ་འདྲ་མིན་བཤད་ནས་བརྗོད་གཞི་བརླག་བཅུག་གི་འདུག
༧ ད་ནས་བཟུང་འདི་རིགས་ལ་སྟངས་འཛིན་མེད་ན་འདི་དུས་བབ་ཚང་གིས་ཆེད་བཟོས་གནང་བ་ཞིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། འདི་ལྟར་བརྗོད་པ་དེ་གནོན་ཤུགས་སྤྲོད་པ་མིན་ཡང་འགན་མ་ཁུར་ན་ཡག་པོ་རྩ་བ་ནས་མི་འདུག
ཨ་རིག་དགེ་མཐོང་ཁ་བཙུམ་ཀྭ སོ་སོར་སོ་སོས་སྐྱོན་མ་མཐོང་བར་དུས་བབ་ཚང་གི་སྒེར་བཅད་བྱས་འདུག་ལབ་པར་ཧམ་ཚ་ཐག་ཆོད་རེད།
དུས་བབ་ཚང་ལ་ཁ་གཏོང་པ་ལ་ཁྱེད་རང་གིས་དཀྲུགས་ཤིང་རྒྱག་པ་དེ་ཚོ་མཚམས་བཞག་ན་དགའ་གི་རེད།
གྲོགས་པོ་ཚོ་དུས་བབ་ཚང་གིས་མིང་གྲགས་ཅན་མ་གཏོགས་དོ་སྣང་མ་བྱས་པ་འདི་ཕྱོགས་གཅིག་ནས་སྒེར་གཅོད་ལྟ་བུར་ཚོར་བྱུང་། ཕྲན་ལ་མཚོན་ན་ཟིན་བྲིས་པ་ལེགས་ཤཽས་ཤིག་མིན་ཡང་། དུས་བབ་ཚང་ལ་དགའ་མཁན་ཞིག་དང་ད་ཚིགས་ལ་དུང་མཁན་ཞིག་ཡིན། ཁ་སང་དྲ་འབུ་ཞིག་གིས་ཕྲན་གྱི་ཁ་གཏད་དུ་ལངས་པ་ཡིན་ཞེས་ཨ་རིག་དགེ་མཐཽང་དང་ཨ་རིག་སྡིགས་མཐོང་། ཚེ་རིང་སྐྱིད་ཀྱི་མིང་བེད་སྤྱད་ནས་མི་རུང་བའི་སྐད་ངན་པ་ག་འདྲ་བཤད་ཁྱེད་ཅག་གིས་མཁྱེན་གསལ་རེད། དེ་རིང་ངས་ཞིབ་འཇུག་བྱས་སྐབས་དེ་རིང་ཁོ་མིང་དེ་ཚེ་རིང་སྐྱིད་ཅེས་པ་བེད་སྤྱོད་གཏོང་བཞིན་འདུག འདི་ཕྱོགས་ནས་ཐུགས་བསམ་བཞེས་རྒྱུ་མཁྱེན། དྲ་དཔོན་ལགས། རྒྱུ་འབྲས་དྲང་སྙོམས་ཟེར་བ་མ་བརྗེད་པ་བགྱིས་ཤིག
དྲ་གྲོགས་ལྷ་ཆབ་སྤྱིན་པ་ལགས།
ཁྱེད་ཀྱིས་ང་ཅོ་རི་ལ་གབ་མིང་རེད་གསུངས་ན་དྲང་པོ་རེད་ད། ཅོ་རི་ཉི་མ་ཞེས་པ་ནི་ངའི་མིང་ཁྱབ་ཆེ་ཤོས་དང་དངོས་མིང་གཉིས་ཀ་རེད། རང་སྐྱོན་རང་གིས་མཐོང་ན་མཁས་པ་རེད།
འོག་ཏུ་ངའི་ཟིན་བྲིས་ཁ་བྱང་རེད།
དུག་སྦྲུལ་གྱི་ལང་ཚོ།
བོད་གངས་ཅན་ནོར་བུའི་རིག་གཞུང་འདིར།
ལེན་འདོད་ན་དངོས་སྟོབས་རིག་པ་དགོས།
དུག་ནག་པོ་སྦྲུལ་གྱི་ལང་ཚོ་འདིར།
ཟ་འདོད་ན་རྨ་བྱའི་མཛེས་མདོངས་དགོས།
བུ་ཅོ་རིའི་རྩ་བའི་དམ་བཅའ་འདིར།
རྩོད་འདོད་ན་རྟོག་གེ་སྨྲ་བ་དགོས།
ཕྱི་གསལ་གསལ་གོས་མེད་གཅེར་བུ་ཡིན།
ནང་གསལ་གསལ་ཤེལ་གྱི་སེམས་པ་ཡིན།དགེའོ།
དགའ་བ་རྣམས་ཀྱིས་དགའ་གླུ་ལོངས། མི་དགའ་བ་དག་ངུས་ཤིག
༄༅། ཨང་ལགས་ལྷ་ཆབ་སྤྱིན་པ་ཟེར་བའི་མི་འདི་ངས་སྔོན་མ་ནས་ངོ་ཤེས་ཀྱི་ཡོད། མི་འདི་འདྲ་པོ་དེ་ཚོས་སྤྱི་ཚོགས་ནང་དུ་དཀྲུགས་ཤིང་རྒྱག་དགོས་ན་ཨང་དང་རེད།
ཁོ་རང་གི་ལས་ཀ་ག་རེ་བྱས་པ་དང་ཁོ་རང་གཡོ་རྒྱུ་ག་ཚོད་ཁྲམ་པ་ངོ་ཤེས་ཀྱི་མེད་འདྲ།
ད་དུང་མི་གཞན་ཞིག་ལ་སྨྲ་བརྗོད་རང་དབང་བཀག་དགོས་གསུངས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་།
ཐུགས་རྗེ་གཟིགས་རྒད་པོ་མདོག་ངན་མ་ཁྱོད་ཀྱིས་དུས་བབ་ཚང་ལ་ངན་ལབ་རྒྱག་ནས་དཀྲུགས་མ་བཟོ་རོགས།
དགེ་ཆོས་ནས་ཕྱི་རབས་པར་གདམས་དོན།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།
དེ་ཡི་རྒྱབ་བསྐྱོར་རྡོ་རྗེ་བཀའ་ལུང་རེ།
འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས།
རིགས་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་དགའ།
མི་མཐུན་ཚོགས་ཀྱིས་ཐོས་ན་ཞེ་རེ་ཁྲེལ།
བོད་ཀྱི་མི་རྒྱུད་རྒྱ་གར་དུ་གཏུགས་མཁན་སྒོམ་སྡེ་བ་དང་དུས་བབ་ཚགས་པར་ལ་དབང་ཤུགས་ངོམས་མཁན་དགེ་འདུན་རབ་གསལ་གཉིས་ཀྱི་ལྟ་ཚུལ་ལ་ངོས་ལེན་མེད་པ་མ་གཏོགས་གཞན་པ་ཚོས་འདྲ་བོ་འདྲ་རེ་གསུང་ཤག ཡིན་ནའང་། འགོག་མིན་ཟེར་བ་དེ་ཐད་ཀར་དུས་བབ་དྲ་བའི་དར་རྒུད་ལ་ཐུག་ཡོད་པ་ཞིག་རེད་མ་གཏོགས་དྲ་འབུ་ཚོ་འཁོར་ས་མེད་པ་ཞིག་ག་ཡིན། དེ་འདྲ་ཞིག་མ་རེད། དེ་བས། ཁ་ཡག་ལ་སྦྱར་ནས་མགོ་བོ་འོག་ལ་ཤོར་ཉིན་འགྱོད་པ་མི་ཡོང་བ་ཞིག་གནང་རྒྱུའང་དུས་བབ་དྲ་བའི་ལས་འགན་རེད་འདོད། མ་གཞི་སྐད་ཆ་འདི་རིགས་བཤད་འདུན་མེད་མོད། པཱ་ལེ་བ་ཞིག་གི་སྐད་ཆར་དོ་སྣང་སྤྲོད་ས་དུས་བབ་དྲ་བ་འདིའི་སྒང་ཡིན་པས་བཤད་པ་ཡིན། ཚང་མ་ལོས་ཤོད་དང་། དུས་བབ་དྲ་བ་མེད་ན་དྲ་རྒྱ་མེད་སོང་བ་ཞིག་རེད་དམ།
མི་ཁ་ཤས་ཤིག་གིས་གབ་མིང་བའམ་གསང་མིང་བ་བཀག་པ་ནི་སྨྲ་བརྗོད་རང་དབང་འཕྲོག་སོང་བ་འདྲ་ཞིག་བཤད་ཀྱི་འདུག དེ་ནི་གཏན་ནས་མ་རེད་འདོད། གལ་སྲིད་ཁྱོད་ཀྱིས་སྐྱོན་བརྗོད་བྱེད་འདོད་ན་གདོང་ལ་བུད་ནས་བྱེད་དགོས་པ་རེད། དེར་གབ་པ་ལ་སྐྱོན་ཞིག་ཡོང་གི་ཡོད་པའི་རྟགས་རེད། ཁྱོད་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་དོན་དེ་བདེན་པ་ཡིན་ན། ཁྱོད་ཀྱིས་ཐེར་འདོན་བྱེད་ཀྱིན་པའི་གནས་ལུགས་དེ་དྲང་བདེན་ཡིན་ན། རང་མིང་འགེབས་དགོས་དོན་ཅི་བས་མེད། གདོང་དང་གདོང་གཏུགས་ནས་ཤོད་དང་དེ་དུས་མི་ཚང་མས་ཉན་གྱི་རེད་ལ། མི་ཚང་མས་ཆ་འཇོག་ཅིག་ཀྱང་བྱེད་ངེས་རེད། དེ་མིན་ལྐོག་ལྐོག་སུད་སུད་བྱས་ནས་ངའི་སྐད་ཆ་ནི་བདེན་པའོ་ཞེ་ན། ཁྱོད་ཀྱིས་ནོར་བ་རེད།
ད་དུང་མི་མང་བོ་ཞིག་གིས་རང་སྐྱོན་གབ་ཡོད་པ་རེད། གཞན་སྐྱོན་ཕྲ་མོ་ཙམ་ཡང་བརྗོད་པར་བྲེལ་གྱི་ཡོད། དྲང་མོར་བཤད་ན། དེ་འདྲ་ཞིག་ལོས་ཡིན་མོད། འོན་ཀྱང་སྤྱི་ཚོགས་ཀྱི་ཆིག་སྒྲིལ་ལ་བསམ་བློ་བཏང་ནས་གང་གཟབ་གཟབ་བྱེད་རྒྱུ་གལ་ཆེ་བར་མཐོང་། རང་རེའི་དྲ་ཐོག་གི་གནས་སྟངས་གཅིག་བུ་མ་རེད། གཅིག་གིས་གཅིག་ལ་དམའ་འབེབས་ཁྱད་གསོད་བྱེད་ཀྱིན་པ་ཡིག་རིགས་གཞན་དུ་མཐོང་རྒྱུ་ཡོད་ཀྱང་། རང་རེའི་གནས་སྟངས་དང་གཞན་གྱི་གནས་སྟངས་མི་འདྲ་ཕྱིར། ང་ཚོ་ལ་འགན་གཞན་ཞིག་ཡོད་པ་རེད།
གོང་དུ་མི་ཁག་ཅིག་གིས་ངས་ཚིག་རྩུབ་སྨྲས་རབས་མང་བོ་གླེང་གི་འདུག་ལ། ཐ་ན་ང་རང་དྲ་ཐོག་ནས་སྤྱུགས་དགོས་པའི་དགོས་འདུན་ཡང་འདོན་གྱི་འདུག བདེན་པ་རེད། ངས་ཇི་ལྟར་གཞན་ལ་སྐྱོན་བརྗོད་དང་ཚིག་རྩུབ་སྨྲས་ཡོད་ན། དེ་ནི་རང་གི་ཚོད་ཀྱིས་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་སྒོ་ནས་དེ་ལྟར་བྱས་པ་ལོས་ཡིན། དེ་མིན་ན་ངས་ཀྱང་ཁྱོད་ནང་བཞིན་གབ་མིང་གི་འོག་ནས་དེ་ལྟར་མི་བྱེད་པ་ཅི།
གོང་དུ་དྲ་བ་དོ་དམ་ཚན་པས་གླེང་སློང་ཤུགས་ཆེན་པོ་བྱེད་དོན་གྱི་ཉིང་དགོས་ཀྱང་དེ་རེད། སྐད་ཆ་འདི་འདོད་ཀྱང་མི་འདོད་རུང་ངས་བཤད་པ་ཡིན།
བཀག་ན་ཚང་མ་མཉམ་དུ་འགོག་དགོས་པ་རེད། དམིགས་བསལ་ཅིག་ཅིག་མིག་་མིག་གི་སྐད་ཆ་ཞིག་ཡོང་གིན་ཡོད་དུས་མ་འགྲིགས་པ་རེད། དམིགས་བསལ་ཡོད་ན་ཁྲིམས་ལུགས་ཀྱི་སྒྱེ་མོ་ལ་བུ་ག་རྡོལ་ཡོང་གིན་ཡོད་པ་རེད།
བཀག་ན་ཚང་མ་མཉམ་དུ་འགོག་དགོས་པ་རེད། དམིགས་བསལ་ཅིག་ཅིག་མིག་་མིག་གི་སྐད་ཆ་ཞིག་ཡོང་གིན་ཡོད་དུས་མ་འགྲིགས་པ་རེད། དམིགས་བསལ་ཡོད་ན་ཁྲིམས་ལུགས་ཀྱི་སྒྱེ་མོ་ལ་བུ་ག་རྡོལ་ཡོང་གིན་ཡོད་པ་རེད།
༆། མཁྱེན་རྒྱ་ཡངས་པ་གངས་ཅན་པའི་སྨྱུག་འཛིན་ཡོངས་དང་སྒོས་སུ་དུས་བབ་གསར་ཁང་གིས་ལས་བྱེད་དམ་པ་རྣམས་ཀྱི་ཞབས་དྲུང་དུ།།
རེ་བསྐུལ།
ད་ལམ་དགོངས་ཚུལ་འདི་ལ་དགོངས་པ་བཞེས་མཁན་མ་འདྲ་བ་ཧ་ཅང་མང་པོ་བྱུང་འདུག ཡིན་ན་ཡང་ང་ཡི་རེ་བ་དང་རྦད་དེ་ལོག་ཁ་རེད་འདུག དེ་སྔོན་གུས་པས་ཀྱང་གབ་མིང་འོག་ནས་རིག་པ་འདོན་པ་ཉུང་ཉུང་མིན། དེ་བཞིན་ང་དང་ང་འདྲ་བའི་དུ་མའི་གྲོས་གླེང་དངོས་དང་མཐུན་པ་དང་ཡང་མི་མཐུན་པ་ཡང་ན་གང་ཟག་སྒེར་ལ་ཟུར་ཟ་ཚིག་་སོགས་མང་དག་ཞིག་སྤེལ་ཡོད། དེ་ཚོ་ཚང་མ་ནི་རང་དོན་གཏན་ནས་མིན་ལ་དེ་ལས་ཕྲག་དོག་སོགས་ཀྱང་མིན། དེ་ནི་སྤྱི་བོད་མི་ཡོངས་ལ་ཉིན་རེ་བཞིན་མང་གཙོ་དེ་ཡར་རྒྱས་དང་གཞུང་ལས་པ་རྣམས་གཏན་པོ་གནས་ཐུབ་བྱུང་བ། དེ་བཞིན་སྤྱི་རྒྱུ་སྒེར་བདག་བ་ཉུང་དུ་འགྲོ་བ། དེ་སྔོན་སྐུ་དྲག་དང་མི་ཆེན་རྣམས་རང་གནས་འདུག་རྒྱུ་ལས་སྔོན་ལམ་ལྟར་འཕྲབ་མི་ཕོད་པ། བཙན་བྱོལ་ནང་ཚོགས་སྡེ་ཚང་མའི་བློ་ཟུར་བོར་གནས་ཐུབ་པ། སྒོས་སུ་རིག་པ་འདོན་མཁན་གང་ཟག་དེ་ཉིན་རེ་བཞིན་བོད་ཡིག་ཡར་རྒྱས་འགྲོ་བ། གསར་འགྱུར་སོགས་བོད་པའི་བསྐོར་ལ་དོ་སྣང་ཆེ་རུ་འགྲོ་བ་སོགས་དགེ་མཚན་ཧ་ཅང་ཆེ་སྙམ། ཡིན་ན་ཡང་རྩོམ་བྲིས་པ་རྒན་གྲས་རྐྱང་རྐྱང་གིས་དགོང་ཚུལ་ཡིན་དུས་འབྲས་བཟང་རེ་ནས་རེ་བསྐུལ་དེ་ཕུལ་མིན། རིམ་བཞིན་ལྟོས་དང་དམ་འཛིན་བྱོས་དང་དངོས་མིང་བེད་སྤྱོད་ཏེ་རིག་པ་འདོན་མཁན་ཇི་ཙམ་འདུག་མཐོང་ངེས་ལ། མིང་དངོས་བེད་སྤྱོད་བཏང་ན་མི་འགྲིག་པ་དེ་ཡང་མཁྱེན་དགོས། བོད་ནས་ཕེབས་མཁན་ཞིག་ཡིན་ན་ཕ་ཡུལ་ལ་བསམ་མནོ་བཏང་དགོས། དེ་མཚུངས་གཞུང་གི་ལས་བྱེད་ཚོ་ལ་ཡང་བསྟུན་དགོས་པ་ཆགས་ཡོང་གི་རེད། ལས་བྱེད་བྱེ་བྲག་པ་ཞིག་གི་མ་དྲང་བ་ཞིག་བྱེད་པ་མཐོང་ཚེ་ད་བཞག་ན་མ་རྟོགས་མི་འགྲིག་དྲན་ངེས། གང་ཡིན་ཞེ་ན་དངོས་མིང་ཐོག་ནས་སྐྱོན་བརྗོད་མི་ཕོད། ད་རྒྱུ་མཚན་མང་པོ་འདུག ཡིན་ན་ཡང་ད་ལམ་འདི་ལ་མཚམས་འཇོག་རྒྱུ་ཡིན།།
སྤྱིར་སྨྲར་བརྗོད་རང་དབང་དང་། བསམ་འཆར་རང་དབང་གི་སྒོ་ནས་འབྲི་རྒྱུ་འདི་ནི་དམངས་གཙོའི་འགྲོ་ལུགས་ཞིག་རེད། མི་རང་རང་སོ་སོའི་བསམ་ཚུལ་ག་འདྲ་ཞིག་ཡོད་ན་བཤད་དགོས་སྙམས། འོན་ཀྱང་དེའི་རྗེས་སུ་འབྲངས་དེ་བརྩད་གཅོད་དང་མཁོན་འཛིན་བྱེད་རྒྱུ་འདི་ནི་བོད་མི་མངས་རང་ངོས་ནས་དམངས་གཙོ་སྤྱོད་པའི་ཤེས་ཡོན་གྱི་ཆ་སྐྱེན་མ་ཚང་བ་རེད་སྙམས།
གང་ལྟར་ཡང་བསམ་ཚུལ་འབྲི་མི་ཆོག་ཞེས་དུས་བབས་ཚང་གི་འབྲི་རྒྱུ་འདི་ནོར་འཁྲུལ་ཞིག་རེད།
༄ གལ་སྲིད་མཚམས་འཇོག་དགོས་ན། དུས་བབས་ཚང་གི་ཚགས་པར་འབྲི་རྒྱུ་ཡང་མཚམས་འཇོག་བྱས་ན་མི་ལེགས་སམ། དུས་བབས་ཚང་གི་ཚགས་པར་ལ་སྐྱོན་ཆེན་པོ་བཞི་ཡོད་
༡ བརྗོད་བྱ་མི་བདེན་པ་མངས་པོ་བྲིས་པ་དང་།
༢ བརྗོད་བྱེད་ཀྱི་ཚིགས་མ་དག་པ་དང་།
༣ མི་སེར་བཏངས་འཛིན་དང་དབང་བརྒྱུར་བྱེད་སྣང་ཤར་བ་དང་།
༤ རང་གི་བལྟ་དང་མི་མཐུན་པའི་ཟིན་བྲིས་བསུབ་པ་དང་།
རེད་ཡ། ལ་ལ་ཞིག་གིས་གཞན་གྱི་རྩོམ་ཡིག་གིས་ཅི་ཞིག་བཤད་ཀྱིན་མི་ཤེས་པ་དེའི་ཚོད་ཀྱིས་མི་འཇོག་པར། རྩོམ་ཡིག་དེར་ལག་རྩེད་བྱས་ཏེ་ལག་རྩེད་སྦོ་ལོ་འདྲ་ཞིག་ཏུ་བཏང་འདུག དེའི་མི་ཚད་དྲ་ཚིགས་ནི་ལག་རྩེད་ར་བ་འདྲ་ཞིག་ཏུ་གཏོང་གི་འདུག
ཨ་རོགས་ཚོ། མིག་ཡོད་པའི་གྲོགས་པོ་ཚོ།
ང་ཚོ་བོད་པ་ཚང་གི་མི་ཞིག་ཡིན་ན་ཆོས་ཁས་ལེན་མཁན་ཞིག་ཧ་ལམ་ཡིན་རྒྱུ་རེད། དེ་ཡིན་ན་ཐོས་བསམ་སྒོམ་གསུམ་ཟེར་བ་དང་། ལས་རྒྱུ་འབྲས་ལ་བརྩི་འཇོག་ཟེར་བ་ཞིག་མ་ཐུབ་རུང་མ་མཐའ་ཡང་ཁྱི་ཁོག་དྲང་མོ་ཞིག་དགོས་ཀྱི་རེད་པ།
ད་མི་ཚང་མས་ཁ་གྲག་ཡོང་དུས་གཅིག་ལྟོས་དང་། ལྷ་ཆབ་སྦྱིན་པས་ཅོ་རི་ཉི་མ་ལ་གསོད་རྡུང་གི་འཇིགས་སྐུལ་བྱས་པ་དང་། སྒོམ་སྡེ་ལྷ་རམས་པར་ཚུལ་ཁྲིམས་མཐར་ཕྱིན་ལ་གསོད་རྡུང་གི་འཇིགས་སྐུལ་བྱས་པ་གཉིས་ལ་ལྟོད་དང་། འདི་གཉིས་དུས་བབ་སང་གི་ཟིན་བྲིས་པ་ཆེ་གྲས་གཉིས་རེད། དུས་བབ་ཚང་གིས་བཀག་དགོས་ན་ཁ་ནང་དུ་ཐལ་བ་སྒྱེ་མོ་གང་བླུགས་དགོས་རྒྱུའི་གྲྭ་ལོག་ཁྱི་འདྲ་མ་འདི་ཚོ་མ་བཀག་བར་མཆན་འདེབས་མཁན་ཚོ་འགོག་རྒྱུ་ཟེར་ན་དེ་དགོད་ཤོར་བྱད་ཅིག་རེད། འདི་ལ་ལྟོས་ནས་མི་ཚང་མས་དྲང་མོར་ཤོད་དང་།
ལྷ་ཆབ་སྦྱིན་པ།
༢༠༡༠/༠༢/༠༡ ཉིན་འདོན་སྤེལ་བྱས། ཡ་ཁོ་རེ་ཅོ་རུ་ཉི་མ་ལགས། ཁྱོད་ཀྱིས་ཆོལ་ཁའི་འཐེན་འཁྱེར་བྱེད་ཀྱིན་མེད་ན། ཁྱོད་ཀྱིས་ཆོས་ལུགས་ཀྱིས་འཐེན་འཁྱེར་བྱེད་ཀྱིན་མེད་ན། ཁྱོད་ཀྱིས་ཁ་མ་དལ་བར་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པར་གསུང་མཁན་ལ་དེ་འདྲའི་ཞེ་སྡང་བྱེད་དོན་ག་རེ་འདུག ད་དུང་ཁྱོད་ཀྱིས་རང་ཉིད་ནི་དྲང་བདེན་སྐྱོང་མཁན་ཡིན་སྣང་སྐྱེས་འདུག སྙིང་རྗེ། དེས་མི་ཚད་བོན་རྒྱ་ལ་གྲྭ་ལོག་དང་ངར་ངར་རྫིག་རྫིག་གི་འཇིགས་སྐུལ་རིམ་པས་གནང་སྟངས་ལས་ཁྱོད་ནི་ཅི་འདྲ་ཞིག་ཡིན་མིན་ཤེས་ཐུབ་པ་ཞིག་རེད། དེ་རིང་འུ་གཉིས་ཀྱིས་རྩོད་མི་དགོས་པ་ཞིག་རྩོད་དོན་མི་འདུག དེ་བས་ཁྱོད་ཀྱིས་ཁ་པར་ཨང་གྲངས་ཤིག་སྤྲོད་དང་ངས་ཁྱོད་ལ་ཁ་ཐུག་གིས་འབྲེལ་བ་བྱེད་ཆོག དེ་དུས་འུ་གཉིས་ཀྱི་གཏམ་དང་ཁ་ལྕེ་སུ་བདེ་དང་བློ་དང་ཁོག་པ་སུ་ཆེ། དཔའ་དང་སྤོབས་པ་སུར་ཡོད། ངར་དང་ཁུ་ཚུར་སུར་ཡོད་ཅིག་བལྟ། དེ་བྱེད་མི་ཐུབ་ན་ཁ་རོག་སྡོད། སྤྱི་ཚོགས་ལ་དཀྲུགས་ཤིང་མ་འཕེན་རོགས།
སྒོམ་སྡེ་ལྷ་རམས་པ།
༼ཚུལ་ཁྲིམས་མཐར་ཕྱིན་ཟེར་བའི་མི་འདི་སུ་ཡིན་ཤེས་མཁན་ཡོད་དམ།༽
དྲ་གྲོགས་རྣམ་པ་ཚོའི་ཁྲོད་ན་ཚུལ་ཁྲིམས་མཐར་ཕྱིན་ཟེར་བའི་མི་འདི་སུ་ཡིན་ཤེས་མཁན་དང་། ད་དུང་གལ་སྲིད་ཁོའི་སྡོད་གནས་དང་ཁ་བྱང་ཁང་མིག་གི་ཨང་གྲངས་སོགས་གསལ་པོ་མཁྱེན་མཁན་ཡོད་ན་ངེས་པར་འདི་རུ་མཆན་བུ་འཇོག་རོགས། དཀོན་མཆོག་གསུམ་ལྟད་མོ་ལྟོས་ཤིག མི་འུ་ཐུག་ན་ལས་ཀ་གང་ཡང་བྱེད་སྲིད་ཀྱི་རེད་དཱ། འདོན་སྤེལ།: ༢༠༡༠/༠༣/༠༣༽
མདོ་ན་དུས་བབ་དྲ་ཐོག་ཏུ་ཚིག་ངན་ཙམ་ལ་སྐྲག་ནས་དྲ་སྒོ་ཕྱེ་མི་ནུས་ན་མི་དེ་འདྲ་ཞིག་ལ་བོད་མི་རིགས་ཀྱི་ཆེད་དུ་སེམས་ཤུགས་ག་ཚོད་ཡོད་དམ། བོད་མི་རིགས་ཀྱི་ཆེད་དུ་ཚིག་ངན་གྱི་ན་ཟུག་ཁུར་མི་ཐུབ་པའི་མི་རྣམས་བོད་མི་རིགས་ཀྱི་ཆེད་དུ་དགོས་མཁོ་མེད་པས་དུས་བབ་དྲ་ཐོག་ནས་ཕེབས་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།
གཞི་ལུས་བོད་མི་རྩོམ་པ་ཚོས་བོད་མི་རིགས་ཀྱི་ཆེད་དུ་ལུས་ཤ་ཁྲག་གི་ཐོག་ཏུ་ལྕགས་དབྱུག་དང་གློག་རྡུང་གི་ན་ཟུག་ཁུར་ནུས་པ་མ་ཟད་རང་སྲོག་ཀྱང་མི་རིགས་ཀྱི་ཆེད་དུ་འབུལ་བཞིན་པ་ཚོའི་མདུན་དུ་ངོ་མི་ཚ་པ་ག་རེ་རེད་དམ།
སྙིང་རྗེ་ཁྱེད་ཚོ་ཅིག་ཅིག་ཡིན་དང་མུག་མུག་ཡིན་ཟེར་མཁན་ཚོ་བོད་མི་ནང་ཁུལ་ཐུག་དུས་སྟག་འདྲ་པོ་རྒྱ་མི་རིགས་ཐུག་དུས་ཝ་འདྲ་པོ་ཁྱེད་ཚོ། ཁྱོད་ཚོ་ལ་ག་དུས་ཡིན་ནའང་བསྟོད་པ་ཤ་དག་འབུལ་དགོས་པ་འདུག་གམ།
བསྟོད་ན་དགའ་བ་དང་སྨད་ན་མི་དགའ་བ་འདི་སྐྱེ་བོ་ཐ་མ་པའི་རང་སྐྱེས་སུ་ཡོད་པར་བདེན་ན་ཡོང། བོད་མི་རིགས་ཀྱི་ཆེད་དུ་སྨད་འབོད་དང་ཚིག་རྩུབ་ཙམ་ཁུར་ཐུབ་པ་གནང་རོགས།
འོ་ན་དེ་ཙམ་བཟོད་པ་མེད་ན་མཁས་དབང་དང་ལྷ་རམས་པ་ཞེས་པའི་མིང་དེར་ཚོ་ལ་ཐོབ་ཐང་མི་འདུག་ཞུ།
༄༅ྲྲ་ཆོ་མེད་རང་རེད་འགོ་བཙུགས་ནས་ཡིན་རང་མ་སོང་བར་འཇུག་སྡོམས་རྒྱག་རྩེས་བྱེད་གི་འདུག
ཡ་མེད་འགའ་ཡོད་པ་དེར་ཁ་ཡ་མ་བྱས་ན་དེ་ག་རང་མ་རེད་པས
དུས་བབ་དྲ་ཐོག་ཏུ་སྨྱུག་མིང་འོག་ཏུ་ཡོད་པ་རྣམས་བཀག་འགོག་བྱེད་ཀྱི་ཡིན་གསུངས་ཀྱི་ཡོད་རེད། སྤྱིའི་ཆ་ནས་ཅིག་བཀག་འགོག་བྱེད་ཀྱི་ཟེར་བ་འདིའི་རིགས་ཀྱི་སྤྱི་ཚོགས་ནང་དུ་འགལ་ཟླ་བཟོ་བ་ལས་འགོག་ཐུབ་ཀྱི་མ་རེད།
ལག་རྩལ་དང་དབང་ཤུགས་གཉིས་ལྡན་གྱི་རྒྱ་ནག་དམར་ཕྱོགས་པས་དྲ་བ་ཐོག་གཙང་མ་བཟོ་མི་ཐུབ་པར་རང་དབང་མང་གཙོ་ལུང་པ་ནང་དུ་དུས་བབ་ཚང་གིས་བཀག་འགོག་བྱེད་མི་ཐུབ་འདི་ནི་མཐོང་ལག་ཟིན་རེད།
དེ་འདྲ་ཡིན་དུས་ཐབས་ཤེས་གཅིག་ཡོད་པ་ནི་བཟོད་པ་སྒོམ། མི་གཞན་གྱིས་རང་ཉིད་ལ་འཇིགས་བསྐུལ་དང་སྨད་འབོད་བྱེད་ཡོང་དུས་བཟོད་པ་སྒོམ།
སྨྱུག་མི་འོག་ཏུ་ཡོད་ཀྱང་བོད་མི་ནི་བརྒྱ་ཆ་བརྒྱ་རེད། བོད་མི་རིགས་ནང་ཁུལ་ཚིག་སྐོམ་ཙམ་བཟོད་པ་སྒོམ་མ་ཐུབ་ན་་་་རྒྱ་མི་རིགས་མཉམ་དུ་གཉིས་སྨན་དབུ་མའི་ལམ་ཇི་ལྟར་བེད་སྤྱོད་བྱེད་ཀྱི་ཡིན་ནམ།
ནང་ཆོས་དང་ཡར་རབ་བཟང་སྤྱོད་ཞེས་པ་དེ་རང་མདུན་དུ་སླེབས་དུས་མེད་ན་ཚོག་སྐོམ་པོ་ཞིག་འབོད་ཀྱང་ཅི་ཕན།
བཀུར་འོས་དྲ་གྲོགས་རྣམས་པ་ལགས།
དུས་བབ་དྲ་ཐོག་ཏུ་བཀག་འགོག་བྱེད་ཀྱི་ཡིན་ཟེར་མཁན་མི་རྣམས་ལ་ཚར་གཅིག་ཡག་པོ་བྱེད་ནས་གཅིག་གཟིགས་དང་། དཔེར་ན་ལྷ་ཆབ་སྤྱི་པ་ལྟ་བུ་རང་སྐྱོན་རང་གི་མཐོང་བ་གཞན་ལ་ཆ་གཞི་བཀོད་མཁན་ལ་གཟིགས་དང།
འདིར་དང་འབྲེལ་བའི་ཐོག་ནས་དུས་བབ་དྲ་ཐོག་ཏུ་སྔོན་མ་བྱུང་མྱོང་ཡོད་པའི་ལོ་རྒྱུས་ཞིག་ཞུ་རྒྱུ་ཡིན།
བོན་རྒྱལ་བསྟན་འཛིན་རབ་རྒྱས་ཟེར་བ་ཞིག་གིས་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་གནད་ལུགས་དམར་ཧྲེང་མ་ཞེས་པའི་རྩོམ་ཡིག་ཞིག་སྦེལ་མྱོང་ཡོད། དེར་དུས་ང་ཅོ་རིས་ངོས་ནས་དགག་པ་རྒྱག་མྱོང་ཡོད་ལ་རྒྱུ་མཚན་ཡོད།
བོན་རྒྱའི་རྩོམ་ཡིག་དེར་བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་འགལ་ཡོད་ལ་དྲང་བདེན་དང་རྒྱུ་འབྲས་བརྩི་སྲུང་གནང་མཁན་གྲྭ་ས་ཁག་ལ་དྲང་བདེན་མེད་པ་རྒྱུ་མཚན་བཟུང་ནས་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་སྒྲུབ་བྱེད་བཀོད་འདུག
དེར་དུས་ལྷ་ཆབ་སྤྱིན་པས་གནད་ལུགས་དང་རྒྱུ་མཚན་མེད་པར་ང་ཅོ་རི་ལ་འཇིགས་བསྐུལ་བྱས་མྱོང་ཡོད་ལ་དཔའ་དང་དཔང་སུ་རྒོད་ལྟ་གྱི་ཡིན་ལབ་མྱོང་ཡོད་པར་ཁོའི་མཆན་བུ་རྣམས་བཤད་གསལ།
ལྷ་ཆབ་སྦྱིན་པ།
༢༠༡༠/༠༢/༠༡ ཉིན་འདོན་སྤེལ་བྱས། ཡ་ཁོ་རེ་ཅོ་རུ་ཉི་མ་ལགས། ཁྱོད་ཀྱིས་ཆོལ་ཁའི་འཐེན་འཁྱེར་བྱེད་ཀྱིན་མེད་ན། ཁྱོད་ཀྱིས་ཆོས་ལུགས་ཀྱིས་འཐེན་འཁྱེར་བྱེད་ཀྱིན་མེད་ན། ཁྱོད་ཀྱིས་ཁ་མ་དལ་བར་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པར་གསུང་མཁན་ལ་དེ་འདྲའི་ཞེ་སྡང་བྱེད་དོན་ག་རེ་འདུག ད་དུང་ཁྱོད་ཀྱིས་རང་ཉིད་ནི་དྲང་བདེན་སྐྱོང་མཁན་ཡིན་སྣང་སྐྱེས་འདུག སྙིང་རྗེ། དེས་མི་ཚད་བོན་རྒྱ་ལ་གྲྭ་ལོག་དང་ངར་ངར་རྫིག་རྫིག་གི་འཇིགས་སྐུལ་རིམ་པས་གནང་སྟངས་ལས་ཁྱོད་ནི་ཅི་འདྲ་ཞིག་ཡིན་མིན་ཤེས་ཐུབ་པ་ཞིག་རེད། དེ་རིང་འུ་གཉིས་ཀྱིས་རྩོད་མི་དགོས་པ་ཞིག་རྩོད་དོན་མི་འདུག དེ་བས་ཁྱོད་ཀྱིས་ཁ་པར་ཨང་གྲངས་ཤིག་སྤྲོད་དང་ངས་ཁྱོད་ལ་ཁ་ཐུག་གིས་འབྲེལ་བ་བྱེད་ཆོག དེ་དུས་འུ་གཉིས་ཀྱི་གཏམ་དང་ཁ་ལྕེ་སུ་བདེ་དང་བློ་དང་ཁོག་པ་སུ་ཆེ། དཔའ་དང་སྤོབས་པ་སུར་ཡོད། ངར་དང་ཁུ་ཚུར་སུར་ཡོད་ཅིག་བལྟ། དེ་བྱེད་མི་ཐུབ་ན་ཁ་རོག་སྡོད། སྤྱི་ཚོགས་ལ་དཀྲུགས་ཤིང་མ་འཕེན་རོགས།
ཞེས་པར་ལབ་པ་འདིར་བོད་མི་ཡར་རབ་ཤིག་གི་སྐད་ཆ་རེད་པས། ཤེས་ཡོན་པ་ཞིག་གི་སྐད་ཆ་རེད་པས། སྤྱི་ཚོགས་ནང་དུ་མཐུན་སྒྲིལ་བྱས་སྟངས་འདི་འདྲ་རེད་པས། ད་དུང་སོ་སོའི་བསམ་ཚུལ་དང་མི་མཐུན་དུས་མི་གཞན་ཅིག་ཅིག་འགྲིག་མུག་མུག་འགྲིག་མི་ཟེར་བའི་ཐོབ་ཐང་བཤད་ཡ་ལྷག་འདུག་པས།་ཧ་ཧ་ཧ
ལྷ་ཆབ་སྤྱི་པས་དུས་བབ་དྲ་ཐོག་ཏུ་གནད་ལུགས་རྒྱུ་མཚན་མེད་པར་ང་ཅོ་རི་ལ་འཇོགས་བསྐུལ་བྱས་མྱོང་ཡོད། ཁོས་ང་ལ་དཔའ་དང་དཔང་པའི་ཐོག་ནས་འཐབ་ཀྱི་ཡིན་ཟེར་མྱོང་ཡོད།
འདིར་ཚོ་བོད་ཡར་རབ་གཅིག་གི་སྐད་ཆ་རེད་པས། འོ་ན་འདིར་རྒྱུ་མཚན་འདུག་པས། གཞི་མེད་སྐྱོན་བརྗོད་མ་ཡིན་པར་གཞི་ཡོད་རེད་པས།
དུས་བབ་དྲ་ཐོག་ཏུ་བཀག་འགོག་བྱེད་དགོས་པ་མི་འདིའི་གྲལ་རེད་ད།་་་སྒོམ་སྡེ་ལྷ་རམས་པ་ཁྱེད་གཉིས་མི་གཞན་ལ་གསད་ཀྱི་རྡུང་གི་ཡིན་ལབ་ཆོག་བ་གང་ཡིན་ནམ།
ས་སྐྱ་པས།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་།
རང་ཉིད་ལྟ་ན་མེ་ལོང་དགོས།
རང་བློ་ནང་དུ་མ་སྡུས་ན།
རང་སྐྱོན་རང་གིས་མཐོང་བ་དཀའ།་་་་ཞེས་གསུངས་པ་དེ་ཁྱེད་གཉིས་ཀྱི་ཆེད་དུ་རེད་ད།
དྲ་འབུ་ཚོར་ཁ་ཡ་མ་བྱས་ན་དེ་རེད།
ཚིག་ལ་ཚིག་ལན་མེད་ན་སྐད་ཆ་གཉིས་བ་དེ་ཡོང་གི་མ་རེད། མྱི་ངན་པའི་ཁ་བསྔོག་ཅེས་བའི་དོན་ཡང་དེ་རེད། ངས་དྲ་འབུ་ཚོར་ལོ་ལེ་སེ་ཞེས་རང་སར་འཇོག་གིན་ཡོད། དེ་ལས་ལྷག་པའི་ཐབས་ཤེས་ཡོད་ནི་མ་རེད།
གསང་མིང་བེད་སྤྱོད་བྱེད་པར་རྒྱུ་མཚན་ཤིན་ཏུ་མང་ནའང་གུ་ཡངས་ཀྱི་སྤྱི་ཚོགས་འདིའི་ནང་དུ་གསང་མིང་བེད་སྤྱོད་བྱེད་པར་རྒྱུ་མཚན་གཅིག་ལས་མི་འདུག་སྙམ།
འདི་ལོའི་ལོ་གསར་བསུ་བའི་ཟིན་བྲིས་སུ་སྤེལ་ཡོད་པ་སླར་འདིར་བཤུས་ཏེ་བཀོད་པ་ཡིན།
སང་ཉིན་ནི་བོད་ཤིང་སྟག་ལོའི་གནམ་ལོ་གསར་ཚེས་རེད། ང་རང་ཐེ་བས་བོད་མི་ཚོས་གནམ་ལོ་གསར་པ་འདིའི་ནང་བོད་དོན་ལ་གཏིང་ཟབ་པོའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་། ནང་ཁུལ་གྱི་དཀྲུགས་མཁན་ཆེ་ཆུང་ཚང་མ་རེ་རེ་བཞིན་ཐེར་འདོན་གྱིས་ཞབས་འདྲེན་འདི་དག་མཚམས་འཇོག་ཡོང་བ་ཞིག་བྱེད་པ་བརྒྱུད་བོད་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་ཆིག་སྒྲིལ་གྱི་ལམ་དུ་འགྲོ་བར་ཚང་མས་འབད་བརྩོན་བྱེད་དགོས།
གངས་ཅན་བོད་རྒྱལ་ཁབ་ཆེན་པོའི་ཁྲིམས་མཐུན་བོད་ཀྱི་སྲིད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་མངའ་ཐང་གོང་དུ་འཕེལ་བ་དང་། གཞིས་བྱེས་བོད་ཀྱི་མི་མང་ལྷན་འཛོམས་ཡོང་བའི་སྨོན་འདུན་དང་ང་ཚོས་འབད་བརྩོན་བྱེད།
གཞིས་ལུས་བོད་འབངས་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་༸གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་ཅིང་མཛད་བཞེད་ལྷུན་གྲུབ་ཡོང་བའི་སྨོན་འདུན་དང་། ཁོང་ལ་ཅིག་ཏུ་རེ་བའི་ཉམ་ཐག་གདུལ་བྱ་དེ་དག་གི་རེ་བ་མྱུར་འགྲུབ་ཡོང་བའི་ཆེད་དུ་ང་ཚོ་ཚང་མས་འབད་བརྩོན་བྱེད།
ད་བར་མི་ཚེ་ཧྲིལ་པོ་བོད་དོན་གྱི་ཕྱག་ལས་གནང་ནས་ནམ་ཡང་ཡལ་བ་མེད་པའི་བོད་ཀྱི་ལོ་རྒྱུས་ཀྱི་མེས་པོ་འདས་ཟིན་པ་དག་གི་མཛད་རྗེས་ཡིད་ལ་དྲན་བཞིན་སྙིང་ནས་ཕྱིར་དྲན་གྱིས་ཁོང་རྣམས་ཀྱི་དགོངས་པར་སློབ་སྦྱོང་བྱེད་རྒྱུ་དང་། ད་ལྟ་ཞལ་བཞུགས་པ་དག་གི་སྐུ་ཚེ་བརྟན་ཅིང་ཁོང་རྣམས་ཀྱི་ཐུགས་བཞེད་ལྷུན་གྲུབ་ཡོང་བའི་སྨོན་འདུན་དང་འཕྱར་བ་གྲུ་འདེགས་སྙིང་ནས་བྱེད།
དེ་བཞིན་དུས་བབ་དྲ་ཚིགས་འདིར་འཛོམས་པའི་རྒྱལ་ཞེན་ལྷག་བསམ་ཅན་གྱི་དྲ་གྲོགས་ཚོར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ་གནམ་ལོ་གསར་པ་འདིའི་ནང་བོད་དོན་གྱི་གནད་ཆེ་སར་བགྲོ་གླེང་མང་ཙམ་བྱེད་རོགས་ཅེས་ཐལ་མོ་སྙིང་ཁར་བཞག་ནས་རེ་སྐུལ་ཞུ།
གཞན་ཡང་གནམ་ལོ་གསར་པ་འདི་ནས་བཟུང་བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་དྲ་འབུ་རྒྱ་དམར་གྱི་རྒྱུགས་ཁྱི་མིན་ནམ་སྙམ་པ་འགའ་ཡོད་པ་དེ་དག་གི་མགོ་ལ་ཉི་མ་ནག་པོ་ཞིག་ཤར་བའི་སྨོན་འདུན་སྙིང་ནས་ཞུ།
གུས་མིང་འཇིགས་བྲལ་བསྟན་འཛིན་ནས།
ཨ་རིག་འགྱུར་མེད་ལགས་ཀྱིས་ཕྱོགས་བསྡུ་རང་བཞིན་ཅན་གྱི་བསམ་ཚུལ་ཡག་པོ་ཞིག་སྤེལ་འདུག འདིའི་ཐད་ནས་དགའ་བསུ་ཞུ་རྒྱུ་ཡིན།
བཙན་བྱོལ་ནང་བོད་ཡིག་གསར་འགྱུར་དྲ་ཚིགས་ཁ་ཤས་ལས་ཡོད་པ་མ་རེད། ཁྱབ་ཆེ་ཤོས་ནི་བོད་ཀྱི་བང་ཆེན་དང་། བོད་ཀྱི་དུས་བབ་རེད། གསར་ཁང་འདི་གཉིས་ཀྱི་བོད་ཡིག་དྲ་ཚིགས་ལ་ཁྱབ་ཆེ་ཆུང་ཞེ་དྲག་ཡོད་པ་རེད། བང་ཆེན་ལྟ་བུར་མཚོན་ན། གསར་འགྱུར་ལ་མཆན་འདེབས་པ་སོགས་ཀྱི་ཐད་ལ་དམ་དྲག་ཆེན་པོ་འདུག་པ་དང་། དྲ་རྒྱའི་བཟོ་ལྟ་སོགས་ཀྱི་ཐད་ནས་བོད་ཀྱི་དུས་བབ་ལས་ཁྱད་ཆེན་པོ་ཡོད་པའི་མཐོང་ཚུལ་བྱུང་། དུས་བབ་དྲ་ཚིགས་ལ་ཚད་དང་ཚོད་མེད་པའི་མཆན་འདེབས་པ་དང་། ཟིན་བྲིས་སྤེལ་ཤེས་ན་སྤེལ་སའི་ས་མིག་ཁམས་གཙང་ཡོད་པ་རེད། དེར་བརྟེན་གཤམ་ལ་འཛེམས་ཟོན་རྩ་བ་ནས་མེད་པའི་ཐོག་ནས་བསམ་ཚུལ་སྐོར་ཅིག་ཞུ་གི་ཡིན།
༡ བོད་ཀྱི་དུས་བབ་འདི་ཐོག་མ་འཛུགས་སྐབས་ཀྱི་དམིགས་ཡུལ་ནས་བསམ་ན། ཟིན་བྲིས་པ་སྐོར་ཅིག་ཏག་ཏག་དེའི་ལྡོག་ཕྱོགས་བྱས་ནས་འབྱུང་བཞིན་ཡོད། དཔེར་ན། ལུང་ཚན་རུབ་རྒྱག་བྱེད་པ། སྤྱི་སྐད་གཏོར་བརླག་གཏོང་བ། (འདིའི་ཐད་དུས་བབ་གསར་ཤོག་ཁོ་རང་ལ་སྐྱོན་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ) ཁུངས་མེད་དཀྲོགས་གཏམ་སྤེལ་བ། དེ་དང་དེ་འདྲ་བ་བདག་སྤྲོད་དམ་སྣང་མེད་དུ་འཇོག་པ་བྱུང་ཡོད།
༢ བོད་ཀྱི་དུས་བབ་ཟིན་བྲིས་པ་ཚོར། བོད་ཀྱི་དུས་བབ་གསར་ཁང་གི་གསར་འགྱུར་དྲ་རྒྱའི་དམིགས་ཡུལ་གྱི་ཐོག་ནས་ཟིན་བྲིས་སྤེལ་ཕྱོགས་ཀྱི་ལམ་སྟོན་མེད་པས་ཟིན་བྲིས་པ་མང་པོ་ཞིག་གིས་དམིགས་ཡུལ་མེད་པ་དང་། འགན་ཁུར་མེད་པའི་གཏམ་ཡན་དྲན་ཚད་སྤེལ་བཞིན་ཡོད།
༣ བོད་ཀྱི་དུས་བབ་ཀྱི་ཟིན་བྲིས་པ་མིང་མེད་ཚོ་དང་། ལྷག་པར་དྲ་འབུ་མི་རྫུན་དེ་ཚོས་༼བོད་ཀྱི་དུས་བབ་ཀྱི་མཆན་བུ་ལ་རིན་ཐང་མེད་པ་བཟོ་བཞིན་ཡོད། ༽ དེ་ལས་ཀྱང་ཚབས་ཆེ་བ་ནི་༼མིང་མེད་དེ་ཚོས་བཙན་བྱོལ་བོད་གཞུང་མང་གི་མང་གཙོའི་འཕེལ་རིམ་ལ་ཚད་ལས་འདས་པའི་འགལ་རྐྱེན་བཟོ་བཞིན་ཡོད།༽
བསམ་ཚུལ་མདོར་བསྡུས་འདི་ལས་འཕྲོས་ནས་མུ་མཐུད་གླེང་མོལ་བྱེད་ཆོག
ནོར་བཅོས་བྱས་ནས་བསྐྱར་འགོད་བྱས།
བོད་ནང་གི་གངས་ལྗོངས་གཞོན་ནུའི་དྲ་ཚིགས་ཀྱི་མགོར།ཆབ་སྲིད་དང་འདོད་ཆགས་རིགས་ཀྱི་རྩོམ་ཡིག་སྤེལ་མི་ཆོག་ཅེས་བཀོད་དེ་ཆོག་པ་བྱས་འདུག
ནོར་་་་་་ནམ་ཡང་་་་རེ་སྒུག
འདི་ནི་དེ་འདྲའི་གནས་ཚུལ་རྫབ་ཆེན་ཞིག་མ་རེད་ལ།་ཚོགས་པ་དང་རྒྱལ་ཁབ་ཅིག་གི་ངོས་ནས་བལྟས་ན་དགོས་ངེས་ཤིག་ཀྱང་ཡིན།སྐྱོན་འཛུག་དང་སུན་འབྱིན་ནི་ནམ་ང་ཚོའི་སྤྱི་ཚོགས་ལ་ལྷག་ཏུ་མཁོ།ནམ་ཡང་གཏམ་སྙན་རྐྱང་རྐྱང་ལ་ར་སྒུག་བྱེད་པའི་མི་ནི་མི་ག་འདྲ་ཞིག་ཡིན་རྒྱུ་རེད།
སྤྱིར་དྲ་ངོས་སུ་སྐད་ཆ་གང་བྱུང་དུ་བཤད་མཁན་ནི་རྒྱ་ནག་གིས་ཀྱང་སྟངས་འཛིན་ནན་མོ་བྱེད་ཐུབ་ཀྱི་མེད།འདིས་ནི་དྲ་རྒྱ་ནི་དྲ་བ་ངོ་མ་ཞིག་ཡིན་པ་མཚོན་གྱི་ཡོད་པ་དེ་རེད།གང་ནས་བཀག་ཀྱང་ཟུར་ནས་ཐོན་འགྲོ་བའི་གནས་ལུགས་འདིས་ང་ཚོའི་ཟིན་བྲིས་ལའང་ཕྱོགས་ཡོངས་ནས་ཚོད་འཛིན་བྱེད་མི་ཐུབ་པ་གསལ་བཤད་བྱས་འདུག་པ་མ་ཡིན་ནམ།
ངས་བསམ་ན་འདི་ལ་རྩོམ་སྒྲིག་པ་ཚོའི་ངོས་ནས་རེ་སྐུལ་ཞུ་མ་ཆོག་པ་མིན་ཀྱང་།ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་རྒྱུ་ནི་ཅུང་ཐལ་དྲག་འདུག་སྙམ།སྤྱིར་དྲ་ངོས་སུ་གང་ཟག་སྒེར་གྱི་བསམ་ཚུལ་དང་རེ་སྐྱིད་རེ་སྡུག་གི་ཚོར་འདྲ་མིན་ཡོང་རྒྱུ་ནི་བོད་པ་གཅིག་པུ་མ་རེད་ལ་དུས་བབ་ཚང་གཅིག་པུ་ཡང་མ་རེད།ཡང་གཅིག་བཤད་ན་བོད་པ་ཚང་ལ་མཚོན་ན་དྲ་བའི་ངོས་སུ་ཞུགས་མཁན་ཤིན་ཏུ་ཉུང་ལ་ཞུགས་ཡོད་པ་དག་ཀྱང་དུས་ཡུན་རིང་པོ་འགོར་མེད།དེ་བས་ང་ཚོར་ཟིན་བྲིས་སྤེལ་རྒྱུ་ནི་གནས་ཚུལ་གསར་བ་ཞིག་དང་ཤེས་ཡོན་གསར་བ་ཞིག་ཡིན་པས་དྲ་ངོས་སུ་ཞུགས་མཁན་ཚོའིཚོར་བ་དྲག་པོས་ཟིན་བྲིས་དང་མཆན་སྤེལ་རྒྱུར་དགའ་སྤྲོ་ཧ་ཅང་ཆེ།དེ་ནི་རྒྱུན་ལྡན་ཞིག་རེད།བཟོད་བསྲན་ཏོག་ཙམ་བྱོས་དང་རང་ཞིར་འགྲོ་གི་རེད།
རྡོ་རྗེ་དབང་ཕྱུག་གིས།
༼གཞི་མེད་སྐྱོན་འཛུགས་ཀྱི་ལས་ཀ་དེ་ཕྱོགས་གཉིས་ཀ་ནས་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།༽ཅེས་དང་། ༼དངོས་མིང་ཅན་དང་སྨྱུག་མིང་ཅན་ཕྱོགས་གཉིས་ཀའི་ནང་ན་ཚད་ཐུབ་ཀྱི་རྩོམ་ཡིག་སྤེལ་མཁན་དང་མཆན་བུ་འདེབས་མཁན་ཡོད་སྟབས། དངོས་མིང་དང་སྨྱུག་མིང་གི་ཁྱད་མེད་པར་ཁོང་ཚོའི་ཤེས་ཡོན་དང་རྩོམ་རྩལ་ལ་ང་ཚོས་བརྩི་མཐོང་ངེས་པར་བྱེད་དགོས་པ་རེད་དྲན་གྱི་ཡོད།༽
ལྷ་ཆབ་ཀྱིས།
༼སྨྱུག་མིང་འབྲི་མཁན་ཁ་ཤས་ཀྱིས་དགོས་དབང་གིས་རྩོམ་ཡིག་འབྲི་བ་དང་བསམ་ཚུལ་འདོན་གྱི་ཡོད། དེའི་བསམ་ཚུལ་དེ་སྤྱི་ཚོགས་ལ་ཕན་གནོད་གཉིས་ལས་ཕན་པའི་རིགས་ཡོད་པའང་ཡོད།༽ཅེས་དང་༼མི་ཁག་ཅིག་གིས་རང་ཉིད་མི་དགའ་སའི་མི་དེ་གཅིག་པུ་མ་གཏོགས་བདའ་འདེད་གཏོང་གི་མི་འདུག་མོད། དེ་ཡང་སྤྱི་ཚོགས་གཏོར་བཤིག་གི་ཁོངས་སུ་འདུ་བར་སེམས། དེ་འདྲའི་རིགས་ཅན་ཞིག་གིས་ང་ཚོའི་དྲ་བའི་ངོས་ཡོངས་སུ་བཟུང་ཟིན་པས། ངས་གསང་མིང་ངམ་གབ་མིང་བ་འདི་དག་རྩ་བ་ནས་ཡག་པོར་མཐོང་གི་མེད། ༽
སྒོམ་སྡེས།
༼དྲ་འབུ་འདི་རིགས་ནི་གྲི་དང་མེ་མདའ་མེད་ཙམ་མ་གཏོགས་འཇིགས་སྐུལ་རིང་ལུགས་པ་རང་རེད། འདིའི་རིགས་ལ་ཨའུ་ཙི་མི་ཡོང་ངམ། ཨའུ་ཙི་མི་ཡོང་ངམ་སྙམ་དུ་བསམས་ན་གུ་ཡངས་བློ་དཀྱེལ་དང་། ལེགས་སུ་འགྲོ་རྒྱུ། རྙོག་ཁྲ་རང་ཞིར་འགྲོ་རྒྱུའི་རེ་བ་བྱས་ན་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བྱ་སྤྱོད་ཅིག་རེད། འདི་དག་ལ་བསྟུན་མཁས་དང་བསམ་ཤེས་ compromise ནམ་ཡང་བྱེད་མི་རུང་།༽ཞེས་དང་། ༼ཟིན་བྲིས་པ་སོ་སོར་མཆན་ཧྲུལ་དེ་དག་བསུབ་ཐུབ་པའི་ཆ་རྐྱེན་ཡོད་པ་ཙམ་མ་ཟད། གཏན་འགོག་བྱེད་རྒྱུའི་ནུས་པའམ་ཆ་རྐྱེན་ཞིག་དགོས་ཀྱི་འདུག དེ་འདྲ་བྱུང་ཚེ་ཁྱེད་རྣམས་ལ་དེའི་ཐོག་རྒྱུན་དུ་ཐུགས་བསམ་བཞེས་མི་དགོས་པར་ལས་སླ་པོ་ཡོང་བ་འདུག༽
ཁང་རྡོར་གྱིས།
༼གཞི་མེད་སྐྱོན་འཛུགས་ཡིན་ན་མཐའ་གཅིག་ཏུ་འགོག་དགོས་རེད། དེ་ལ་སྐྱོན་རྗོད་བྱེད་མཁན་དེས་དངོས་མིང་བཀོད་མ་བཀོད་ལ་འབྲེལ་བ་མེད། འོན་ཀྱང་དཀའ་ངལ་ངོ་མ་དེ་སྐྱོན་འཛུགས་དེ་གཞི་མེད་ཡིན་དང་མིན་ང་ཚོས་མི་ཤེས་པ་དེ་རེད། གཞི་མེད་ཡིན་པ་ཤེས་ན་བཀག་ན་འགྲིག་གི་རེད། དེ་གཅིག་ཡིན། དེ་ནས་སྐྱོན་འཛུགས་ལ་གཞི་རྩ་ཡོད་རུང་སྐབས་དོན་དང་འབྲེལ་བ་ཡོད་མེད་ལའང་བལྟ་དགོས་འདུག༽ཅེས་དང་། ༼གཞི་མེད་སྐྱོན་འཛུགས་ཡིན་པ་དང་སྐབས་དོན་དང་འབྲེལ་བ་རྩ་བ་ནས་མེད་པའི་གནད་དོན། སྤྱི་ཚོགས་ཁྱོན་ཡོངས་དང་སྤྱི་ཚོགས་ཀྱི་སྡེ་ཚན་བྱེ་བྲག་པར་ཕོག་ཐུག་ཆེན་པོ་འགྲོ་བའི་སྐད་ཆ།༼དཔེར་ན། ཆོས་ལུགས་བྱེ་བྲག་པར་དམའ་འབེབས་ལྟ་བུ་༽ དེ་བཞིན་ཚོགས་ཀྱི་དབུས་སུ་དབྱུང་དུ་མི་རུང་བའི་ཚིག་ངན་དང་ཚིག་རྩུབ། སྤྱི་པའི་མཐུན་སྒྲིལ་ལ་གནོད་པའི་བསམ་ཚུལ། གང་ཟག་སྒེར་གྱི་འབྲེལ་ལམ་དང་གནས་ཚུལ་ལྟ་བུ་རྣམས་དྲ་ལམ་དུ་གླེང་སློང་བྱུང་སྐབས། འབྲེལ་ཡོད་དྲ་ཚིགས་བདག་པོས་སྟངས་འཛིན་ནན་པོ་གནང་གི་འདུག་པས། ང་ཚོས་ཀྱང་དེ་ལྟར་བྱེད་དགོས་པ་ཞིག་རེད༽
དགེ་རབ་ཀྱིས།
༼དུས་བབ་ལྟ་བུ་ཚགས་པར་གྱི་རིགས་ཀྱིས་ཁུངས་མེད་པ་དང་བཏང་སྙོམས་མ་ཡིན་པ། བདེན་པ་མིན་པ་བཅས་ཀྱི་སྐད་ཆ་གང་ནས་སུ་ཞིག་གིས་བཤད་ཀྱང་ཧ་ཅང་མ་འོས་པ་རེད་དྲན། དེ་བས་སྟངས་འཛིན་ཡིན་གཅིག་བྱེད་དགོས་པ་རེད་དྲན།༽
ད་རེས་རྒན་རབས་པ་ཚོས་གནས་ལུགས་དང་རྒྱུ་མཚན་གཉིས་ཀ་ཡོད་པའི་ལྟ་ཚུལ་བཏོན་པ་འདི་དག་ལ་ཚང་མས་ཐུགས་བསམ་རེ་བཞེས་ན་ལེགས་པར་མཐོང་།
གསང་མིང་འོག་ཏུ་ཡིབ་ནས་འཇབ་རྒོལ་བྱ་མཁན་དེ་དག་ནི་མེ་འདའ་དང་འབར་རྫས་མེད་པ་མ་རྟོགས་འཇིགས་སྐུལ་རིང་ལུགས་པ་རང་རེད་གསུང་པར་རྒྱབ་སྐྱོར་ཡོད། ད་ལྟའི་འཆར་དེ་དག་ལ་དོ་དམ་ནན་མོ་བྱ་དགོས་པའི་དུས་ཚོད་ཏག་ཏག་རེད། དེ་དག་??????????????????????
གསང་མིང་བེད་སྤྱད་བྱས་པ་ཙམ་གྱིས། འཇབ་རྒོལ་བ་ཡིན་པ་ཁྱེད་ཀྱིས་བཤད་ཕོད་པ་དེ་ཆེས་ཐལ་ཆེ་བ་མ་ཡིན་ནམ། ཐུགས་བསམ་མ་བཞེས་པའི་བཀའ་མོལ་རང་རེད།
ཨ་རིག་འགྱུར་མེད་ལགས་ཀྱིས་ཟིན་བྲིས་པ་དང་། མཆན་འདེབས་མཁན་ཚོའི་སྐོར་ལས་འཕྲོས་པའི་བསམ་ཚུལ་གསར་འགྱུར་སྤེལ་བར་དགའ་ཡོད། ད་ལན་གྱི་གོ་སྐབས་དང་བསྟུན་ནས་ངས་འདིའི་ཐད་མཆན་བུ་འགའ་འགོད་ཀྱི་ཡིན།
གསར་འགྱུར་འདི་དུས་བབ་དྲ་ཚིགས་རང་ངོས་ནས་བཏོན་པར་དགའ་བསུ་ཞུ།