མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་མ་ལགས་ལ་གཟེངས་རྟགས་རག་པ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཨི་ཊ་ལིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་ཕུལ་ཡོད་འདུག

ཕྱི་ཚེས་ ༢༧ ཉིན་ཨི་ཊ་ལིའི་མེ་ལན་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་སྟེ། འགྲོ་བ་མིའི་ཐོབ་ཐང་དང་བཟོད་སྒོམ་ལྷན་ཚོགས་ཞེས་པས་ ༢༠༡༠ ལོའི་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་དེ་བཀའ་ཟུར་རྗེ་བཙུན་པདྨ་ལགས་སུ་ཕུལ་ཡོད་འདུག་ལ། མཛད་སྒོའི་སྐབས་ཚོཊ་པ་དེའི་ཚོགས་གཙོ་ལྕམ་ཧྥོར་ལི་སི་ཆི་ར་མཆོག་ Fiorella Cerchiara གིས་གཟེངས་རྟཊ་དེ་ཁོང་ལ་འབུལ་དོན་སྐོར་ནས་གསུངས་དོན། རྗེ་བཙུན་པདྨ་ལགས་ནི་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་ཆེ་མཐོང་ཤུགས་ཆེར་གནང་མཁན་གྱི་དཔེ་མཚོན་ཞིག་ཆགས་ཡོད་ལ། ཁོང་འདིར་ཕེབས་པ་དེས་ང་ཚོར་ཡང་ཆེ་མཐོང་ཞིག་ཐོབ་བྱུང་ཞེས་གསུངས་ཡོད་འདུག རྗེ་བཙུན་པདྨ་མཆོག་གིས་གསུངས་དོན། གཟེངས་རྟགས་འདི་ནི་འགྲོ་བ་མིའི་སྤྱི་ལ་བློ་སྤོབས་བསྐྲུན་བྱེད་ཅིག་ཡིན་པར་མ་ཟད། ལྷག་པར་དུ་ང་ཚོ་བཙན་བྱོལ་བའི་སེམས་སུ་སྤོབས་པ་བསྐྲུན་ཐུབ་པ་ཞིག་ཡིན། བོད་ནང་གི་བོད་མི་ཚོར་དུས་ད་དུང་ཡང་དཀའ་ངལ་རིམ་པར་འཕྲད་བཞིན་ཡོད་ལ། ངས་གཞིས་ལུས་བོད་མི་ཚོའི་མཚན་ཐོག་ནས་ཆེ་མཐོང་གི་གཟེངས་རྟགས་འདི་ལེན་རྒྱུ་ཡིན་ཞེས་གསུངས་ཡོད་འདུག ཐེངས་འདིའི་མཛད་སྒོའི་སྟེང་གྲོང་ཁྱེར་མེ་ལན་ནང་གནས་སྡོད་བོད་མི་ཚོས་བོད་ཀྱི་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ཡོད་ལ། མཛད་སྒོར་སེར་བྱེས་ཐར་ཤུལ་རིན་པོ་མཆོག་དང་ཆུང་བདག་ཀོ་རན་ལགས། དེ་བཞིན་གྲོང་ཁྱེར་དེའི་ཚོགས་གཙོ་མན་ཧྥིར་ཌི་ པཱིལ་མེ་རི Manfredi Palmeri མཆོག་ཀྱང་ཕེབས་ཡོད་འདུག

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

མཆན། 19

  1. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    བསྟོད་ན་གངས་ཅན་ཨ་མ་ཡིན། །སྨད་ན་དབྱིན་ཇིའི་ལག་རོགས་ཡིན། །
    བསྟོད་ན་བོད་ཀྱི་ཨ་མ་ཡིན། །སྨད་ན་མི་རིགས་རླག་མི་ཡིན། །
    བསྟོད་ན་དྭ་ཕྲུག་གསོ་མི་ཡིན། །སྨད་ན་རིགས་གཞུང་བསུབསམི་ཡིན། །

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    ཁྱོད་ནི་རང་རིག་གི་བཀག་རྡོ་རེད། དེའི་ཕྱིར་ངས་ཁྱོད་ལ་བདེ་ལེགས་མི་ཞུ།

    Reply
  3. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    པད་མ་ལ་བྱས་རྗེས་ཤིག་ཡོད་དམ། བོད་ཡིག་གདོན་དུ་ལྟ་བའི་བྱས་རྗེས་དེ་བྱས་རྗེས་ཤིག་ཡིན་ན། རྒྱ་དམར་གཞུང་ཡང་བྱས་རྗེས་ཅན་དུ་འགྱུར་བས་བཀྲ་་་་ཤིས་བདེ་ལེགས་ཞུ་དོན་མེད། པད་མ་ལ་བྱས་རྗེས་ཤིག་ཡོད་དམ། བོད་མིའི་ཁྱད་ཆོས་མེད་པའི་མི་བུ་གསོ་སྐྱོང་བྱས་པ་མི་རིགས་ཤིག་ལ་་
    བྱས་རྗེས་ཡིན་ན། རྒྱ་དམར་གཞུང་ཡང་བྱས་རྗེས་ཅན་དུ་འགྱུར་བས་བཀྲ་་་་ཤིས་བདེ་ལེགས་ཞུ་དོན་མེད། པད་མ་ལ་བྱས་རྗེས་ཤིག་ཡོད་དམ། ཁ་ཡག་གི་མཆོད་པ་འབུལ་མཁན་ཚོ། དོན་སྟོང་གི་ཐལ་མོ་རྡེབ་མཁན་ཚོ།

    Reply
  4. ཇོ་བོ་རྣམས་གཉིས། says:
    ལོ་ 12 སྔོན།

    ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཡོད་

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    མགོན་དང་སྐྱབས་ཀྱིས་དབེན་པའི་ཡུལ་བྲལ་བུ།།
    ཁྲི་མ་འབུལ་གྱི་མ་མ་ཆེན་མོ་སྟེ།།
    རྗེ་བཙུན་མཚན་ཅན་ཅོད་པན་ཐོད་ཆིང་བའི།།
    ཨ་མ་པད་མར་རྟེན་འབྲེལ་ལེགས་སོ་ཞུ།།

    Reply
  6. བོད་ says:
    ལོ་ 12 སྔོན།

    ཨ་མ་ལགས་བཀྲ་ཤིས་བདེ་ལེགས་ཞུ། བོད་ཕྲུག་ཁྲི་ཕྲག་གི་མ་ཚབ་ལགས་དགའ་བསུ་ཞུ།

    ཕ་མ་མེད་པའམ་ཡང་བོད་དུ་ཡོད་པའི་ས་མཐའི་བོད་ཕྲུག་འཁྱམས་པོ་ཚང་མའི་ཚབ་བྱས་ནས་ཡང་བསྐྱར་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  7. མི་ཞུན། says:
    ལོ་ 12 སྔོན།

    བདག་མེད་དྭ་ཕྲུག་སྟོང་ཕྲག་མང་པོའི་མགོན་དུ་བྱོན་པའི་ཨ་མ་རྗེ་བཙུན་པདྨ། མི་ཡུལ་གྱི་ཨ་མ། ས་མཐའི་ཨ་མ། གཞན་གྱི་ཨ་མ། རང་གི་ཨ་མ། ཨ་མ་ལྟ་བུའི་ཨ་མ། གཟེངས་རྟགས་འདི་ལྟ་བུ་ནི་སྔ་མོ་ནས་ཁྱེད་ལ་ཐོབ་ཆོག་ཆོག་ཡོད་ཨང་།

    Reply
  8. བོད་པ་ཚང་། says:
    ལོ་ 12 སྔོན།

    ཨ་མ་ལགས། བཀྲ་ཤིས་བདེ་ལེགས། ཁྱེད་ཉིད་ཀྱིས་མཛད་རྗེས་ལ་རིན་ཐང་གཞན་གྱིས་བཅལ་སོང་། དེ་ནི་སྤོབས་པ་བྱ་འོས་པ་ཞིག་ལོས་ཡིན། མུ་མཐུད་དྭ་ཕྲུག་དང་ཕྱེད་དྭ་ཕྲུག་གི་བོད་ཕྲུག་ཚོའི་སླད་དུ་སྐུ་ངལ་སྐྱོན་རོགས་གནང་། འོན་ཀྱང་ཤེས་ཡོན་སྲིད་བྱུས་ཐོག་ལ་དགོངས་པ་བསྐྱར་དུ་བཞེས་རོགས་གནང་། དེ་ཉིད་ཀྱང་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཅོལ་ནས་བཟོས་གནང་བ་ཞིག་ཡིན། སླར་ཡང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
    སྔར་ཁྱེད་ཉིད་ཀྱི་འོག་ཏུ་འཚར་ལོངས་བྱུང་བའི་ད་ལྟ་འཚོ་བཞིན་པའི་ལྗོན་ཤིང་ཞིག་ཡིན།

    Reply
  9. རོ་བདག says:
    ལོ་ 12 སྔོན།

    ཨ་མ་ལ་ལ། རྟེན་འབྲེལ་ཞུ། ངོ་འབྲས་བུ་ངོམ་འདུག ཐུགས་རྗེ་ཆེ།

    Reply
  10. དོན་གོ says:
    ལོ་ 12 སྔོན།

    ཨ་མ་དེ་ཨ་ན་མ་ན་ཞིག་མ་རེད། རེ་ཞིག་ཚགས་པར་འགྲེམས་སྤེལ་གྱི་སྐབས་སུ་ང་ལ་བློམ་ཕམ་སྐྱེས་རུ་བཅུག་མྱོང་ཡོད། ཁོ་མོས་་་་་་་་བོད་ཡིག་ཚགས་པར་་་་་་་་་་བེད་སྤྱོད་ཡོད་ནི་མ་རེད་ཟེར་གི

    ང་དངོས་ནས་ཧང་སངས་སོང་། ཁོས་འདས་སོང་གི་བྱ་བཞག་ཁྲོད་བྱིས་པ་ཚོར་སློབ་གསོ་ཅི་ལྟར་བཏང་མྱོང་ངམ། རིག་གཞུང་སྲུང་སྐྱོབ་ཁ་ལ་ཁྱེར་ནས་སོན་རྩ་དེ་ཚོས་སྣ་རྩར་ཅི་ཞིག་བཞག་མྱོང་ངམ།
    ཕྱི་རྒྱལ་པ་ཚོས་ཁོ་མོར་ཅིའི་ཕྱིར་གཟེངས་རྟགས་འདི་སྤྲད་ཡོད་མེད་མི་ཤེས་ལགས།
    རྟ་རྒན་དྲིན་ལས་བོང་རྒན་ལོས་ཡིན་བསམ་གི

    Reply
  11. གངང་ཅན་པ་ཡིན་ཕྱིར། says:
    ལོ་ 12 སྔོན།

    གངས་ཅན་པའི་ཨ་མ་མེད། ཡིན་ན་ཡང་ཕན་གནོད་གཉིས་ལྡན་གྱི་བུད་མེད་སྤྱང་པོ་ཞིག་ཡིན། ༧གོང་ས་མཆོག་ཡང་སྐབས་རེ་ཐུགས་ཕམ་བཅུག་སོང་། ཁོ་རང་ལ་ཡང་ཕན་ཐོག་བྱིས་པ་རྣམས་ལ་ཡང་གོ་སྐབས་རག་ཡག་པོ་འདུག

    ཡིན་ན་ཡང་གནས་ཚུལ་དེ་རིགས་འཐོན་ཚེ་འདི་འདྲ་ཡང་ཟེར་བཞིན་འདུག

    བོད་འདི་གནས་སྐབས་བེད་སྤྱོད་བྱེད་ས་ཡག་པོ་འདུག་ཞིག་ཕྱི་རྒྱལ་བ་མི་ཆེན་ཞིག་གི་གསུང་འདུག་པའི་དེ་ཐོག་དགོང་ཚུལ་ཨེ་ཡོད།

    Reply
  12. seartsang jamyang says:
    ལོ་ 12 སྔོན།

    གངས་ཅན་བོད་ཀྱི་ཨ་མ་རྗེ་བཙུན་པད་ྨལགས་ཁྱེད་ཉིད་ཀྱི་
    གསོས་ཕྲུག་ངས་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ཏེ་ཁྱེད་མཆོག་ལ་
    འགྲོ་བ་མིའི་ཆེ་མཐོང་གཟེངས་རྟགས་གནང་བར་བཅོས་མིན་གྱིས་ཁྱེད་མཆོག་ལ་ཁ་དྲོ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།

    Reply
  13. བོད་ཀྱི་མཛེས་མ། says:
    ལོ་ 12 སྔོན།

    བརྩེ་བའི་ཡུམ་ཆེན་ཨ་མ་རྗེ་བཙུན་པདྨ་མཆོག་གིས་འགྲོ་བ་མིའི་ཆེ་མཐོང་གི་གཟེངས་རྟགས་འབུལ་བཞེས་གནང་བར་སྙིང་གཏིང་ནས་དགའ་ཚོར་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    ང་ཚོ་བོད་ཚང་ལ་དམངས་གཙོ་དང།ཞི་བདེ།་འགྲོ་བ་མིའི་ཐོབ་ཐང་།ཀུན་ཁྱབ་སེམས་འཁུར་བཅས་ཆེས་བླ་ན་མ་མཆིས་པའི་བྱ་དགའ་དང་གཟེངས་རྟགས་འབུལ་བཞེས་མཛད་མཁན་ཇེ་མང་ནས་ཇེ་མང་དུ་འོང་བའི་རྒུ་རྐྱེན་གཅིག་ནི་༸གོང་ས་མཆོག་གི་ཐུགས་རྗེའི་བྱིན་ཟེར་དང།་གཉིས་ནི་དོ་བདག་སོ་སོའི་བོད་མིའི་ཐུན་མིན་ཁྱད་ཆོས་ཕྱག་བསྟར་གནང་བ་བཅས་ལ་ཐུག་ཡོད་སྙམ།

    ད་དུང་༸གོང་ས་མཆོག་གི་ལམ་སྟོན་གང་གནང་ལ་ཤར་སྐྱོད་རྦད་ཐག་ཆོད་པ་ཞིག་ཐོག་གཞན་ཕན་ཁོ་ནར་དོན་གཉེར་གནང་སྟེ་མི་ཚེ་ཧྲིལ་པོ་གཞན་དོན་ལ་བཀོལ་བ་ཞིག་བྱུང་ན་འཛམ་གླིང་འདིའི་གཟེངས་རྟགས་རྣམས་གཅིག་རྗེས་གཉིས་མཐུད་དུ་ཐོབ་ངེས་སོ།།

    Reply
  14. karma dorje says:
    ལོ་ 12 སྔོན།

    ཨ་མ་ལགས་ལ། གཟེངས་རྟག་རག་སོང་། ཨ་ཕ་ལགས་ལ། གཟེངས་རྟགས་ག་དུས་རག་བགྱི་རེད།

    Reply
  15. བློ་བཟང་ཐུབ་བསྟན་ says:
    ལོ་ 12 སྔོན།

    གང་ཅན་བོད་ཀྱི་ཨ་མ་རྗེ་བཙུན་པད་མ་ལགས་ཁྱེད་ཀྱི་མཚན་འཛམ་གླིང་ནང་ཁྱབ་བཞིན་ཡོད་པ་དགའ་བསུ་ཚད་མེད་ཞུ་བཞིན་ཡོད་

    Reply
  16. བོད་ཀྱི་བུ། says:
    ལོ་ 12 སྔོན།

    ཨ་མ་ལགས་སུ་ད་དུང་སྐུ་ཟླ་སྔོན་མ་རྒྱལ་པོ་ལགས་མི་མངོན་པའི་དབྱིངས་སུ་བཞུད་པའི་གཟེངས་རྟགས་ཕུལ་རྒྱུ་ལྷག་བསྡད་ཡོད་རེད།

    Reply
  17. སྨར་དྷཱིཿཟེར། says:
    ལོ་ 12 སྔོན།

    གཟིངས་རྟགས་རགས་པ་སྙིང་ནས་དགའ་བསུ་ཞུ།

    Reply
  18. དབྱངས་བུ། says:
    ལོ་ 12 སྔོན།

    i Diritti Umani e la Tolleranza (Association for Human Rights and Tolerance)ཞེས་པའི་ཚོགས་པས། གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པད་མ་མཆོག་ལ་འགྲོ་བ་མིའི་ཆེ་མཐོང་གི་གཟེངས་བསྟོད་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་གཟེངས་རྟགས་འབུལ་མཁན་གྱིས་ནོར་བུའི་ནོར་ཉམས་ཆོད་ནས་གཟེངས་རྟགས་ཕུལ་ས་ནོར་མེད་པ་དེས། གཟེངས་རྟགས་དེའི་མཚན་སྙན་འཛམ་གླིང་ནང་མི་ཉམས་འཕེལ་རྒྱས་ཡོང་རྒྱུར་རླབས་ཆེན་གྱི་ནུས་པ་བཏོན་འདུག་སྙམ། ལྷག་པར་ཨ་མ་ལགས་ཀྱིས་བཀའ་སློབ་གནང་བའི་ནང་དོན་ལ་གཞིགས་ན། བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཐུགས་འཁུར་ཆེ་བཞེད་གནང་བཞིན་པ་གསལ་པོ་མངོན་པས། བོད་མི་མང་གི་མགྲིན་ཚབ་པའི་ལས་འགན་དང་དུ་བླངས་མི་འདུག་གམ།

    གངས་ཅན་བོད་ཀྱི་ཨ་མ་ལྷ་སྐུ་རྗེ་བཙུན་པད་མ་མཆོག་ལ་སྙིང་ནས་བཀའ་དྲིན་རྗེས་དྲན་ཞུ་བ་དང་སྦྲགས་དགའ་སེམས་འཁོལ་བའི་ངང་ནས་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ལགས།།

    Reply
  19. ཕུན་ཚོགས ། says:
    ལོ་ 12 སྔོན།

    རྟེན་འབྲེལ་ཞུ།ཨ་མ་ལགས།

    Reply

Leave a Reply to karma dorje Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist