མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་ཁྱེད་ཀྱིས་མཛངས་མའི་དབུ་རྒྱན་སུ་ལ་བསྒྲོན་རྒྱུ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་འགྲན་རྩོད་ཀྱི་མཛད་སྒོ་ཐེངས་དགུ་བ་དེ་དངོས་སུ་མགོ་འཛུགས་བྱས་ཡོད། ད་ལོ་ཡང་སྔར་ལོ་དང་འདྲ་བར་འགྲན་ཞུགས་བུ་མོ་བཞི་ལས་བྱུང་མེད། ཕྱི་ལོ་ ༢༠༠༢ ལོའི་སྐབས་དང་པོར་འགྲན་ཞུགས་པ་ ༤ དང་། སྐབས་གཉིས་པར་ ༡ ། སྐབས་གསུམ་པར་ ༥ ། སྐབས་བཞི་བར་ ༡ ། སྐབས་ལྔ་བར་ ༦ ། སྐབས་དྲུག་པར་ ༥ ། སྐབས་བདུན་པར་ ༢ ། སྐབས་བརྒྱད་པར་ ༤ བཅས་ད་བར་ཁྱོན་བསྡོམས་བུ་མོ་ ༢༨ ཙམ་བྱུང་ཡོད།

དེ་རིང་ཉིན་གུང་ཆུ་ཚོད་ ༡༢ སྟེང་བཞུགས་སྒར་ངྷ་རམ་ས་ལར་ཕྱི་ལོ་ ༢༠༡༠ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་སྔོན་འགྲོའི་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད། ད་ལོ་བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་མཁན་བུ་མོ་ ༤ ཡོད་པ་དང་། དེ་དག་ནི་རང་ལོ་ ༡༩ ཡིན་པའི་ངྷ་རམ་ས་ལའི་དབྱངས་ཅན་མེ་ཏོག་དང་། རང་ལོ་ ༢༥ ཡིན་པའི་བྷིང་ལོར་གྱི་རིན་ཆེན་ཆོས་སྒྲོན། རང་ལོ་ ༢༢ ཡིན་པའི་བྷིང་གྱི་བསྟན་འཛིན་རྣམ་ཆོས། རང་ལོ་ ༢༣ ཡིན་ཞིང་ཝ་རཱ་ན་སི་ནས་ཡིན་པའི་བསྟན་འཛིན་ནོར་འཛོམ་བཅས་རེད། གསར་འགོད་གསལ་བསྒྲགས་ཐོག་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་སྤྱི་ཁྱབ་བཀོད་འདོམ་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༡༠ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་སྔ་ཕྱིའི་བྱུང་རིམ་ངོ་སྤྲོད་གནང་དོན། ཐོག་མ་ད་ལོ་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་བཅུ་གྲངས་ཤིག་བྱུང་ཡོད་ཀྱང་། རིམ་གྱིས་རྒྱུ་རྐྱེན་འདྲ་མིན་གྱི་དབང་གིས་ཕྱིར་འཐེན་བྱས་ཏེ་ད་ཆར་དངོས་སུ་ཞུགས་མཁན་བུ་མོ་བཞི་ཡོད། འདས་པའི་བདུ་ཕྲག་ཅིག་ཙམ་ནས་འགྲན་ཞུགས་པ་དག་བཞུགས་སྒར་དུ་འཛོམས་ཏེ། ཁོང་ཅག་ངྷ་རམ་ས་ལ་གཡས་གཡོན་དུ་གཟིགས་སྐོར་དང་། ཆེད་མཁས་པ་དང་གནད་ཡོད་མི་སྣ་གདན་འདྲེན་ཞུས་ཏེ་སློབ་གསོ་ལམ་སྟོན་དང་སྦྱོང་བསྡུར་སྤྲད་པ་ཡིན།  

 

བདུན་ཕྲག་གཅིག་གི་རྗེས་དངོས་གཞིའི་འགྲན་བསྡུར་དེ་མགོ་འཛུགས་ཞུ་རྒྱུ་ཡིན། ཉིན་དང་པོར་ཆུ་རྐྱལ་གྱི་རོལ་རྩེད་དང་། ཉིན་གཉིས་པར་གཏམ་བཤད་དང་ལུས་རྩལ་འགྲན་བསྡུར་ཡིན། ཉིན་གསུམ་པར་བོད་གཞུང་ཟློས་གར་ཐང་ཆེན་དུ་མཐའ་མའི་སྟེང་རྩོད་འགྲན་བསྡུར་བྱ་རྒྱུ་རེད། ལོ་སྔ་མ་དག་དང་མི་འདྲ་བར་ད་ལོ་མཛངས་མས་གར་སྟབས་ངོམ་སའི་གར་སྟེགས་དང་། གློག་སྒྲོན་འདྲ་མིན་སོགས་ཀྱི་ཇུས་འགོད་ཅན་ངྷ་སྒར་གྱི་བཟོ་གྲྭ་ཞིག་གིས་འཁྱེར་ཡོང་གིན་ཡོད། ཉིན་དེའི་དགོང་མོ་བོད་གཞུང་ཟློས་གར་ཐང་ཆེན་དུ་མི་དམངས་འདུ་འཛོམས་ཐོག བུ་མོ་རེ་རེ་བཞིན་བོད་པའི་ཐུན་མོང་མ་ཡིན་པའི་ཆས་གོས་དང་། ཕྱི་ལུགས་དེང་རབས་ཀྱི་ཆས་གོས་འདྲ་མིན་བརྗེ་སྤོར་གྱིས་མི་དམངས་ཀྱི་མདུན་དུ་ཡོང་སྟེ། དཔྱད་འདེམ་པ་རྣམ་པའི་དྲི་བ་དྲིས་ལན་དང་། གླུ་དབྱངས་དང་ཞབས་བྲོ་སོགས་སོ་སོའི་ཁྱད་ཆོས་གང་ཡོད་ངོམ་རྗེས་མཛངས་མ་རྩེ་ཕུད་དེ་བདམས་ཏེ། ཕྱི་ལོ་ ༢༠༡༠ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་སྒྲོན་རྒྱུ་རེད། ཨང་དང་པོར་ཧིན་སྒོར་འབུམ་གཅིག་དང་། ཨང་གཉིས་པར་ཧིན་སྒོར་ལྔ་ཁྲི། ཨང་གསུམ་པར་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་། མཐའ་མ་དེར་ཆེ་མཐོང་བྱ་དགའ་བཅས་སྤྲོད་རྒྱུ་ཡིན། ཞེས་ངོ་སྤྲོད་གནང་བྱུང་། དེའི་རྗེས་འགྲན་ཞུགས་པ་དག་ལ་མཛངས་མའི་འགྲན་བསྡུར་ནང་ཞུགས་དོན་གང་ཡིན་དང་། ཨང་དང་པོ་ཐོབས་ཚེ་དམིགས་ཡུལ་གང་ཡོད་བཅར་འདྲི་ཞུས་ཡོད།

 

ངའི་མིང་ལ་བསྟན་འཛིན་རྣམ་ཆོས་ཟེར་གྱི་ཡོད། ང་རང་ ༢༠༠༠ ལོར་རྒྱ་གར་ལ་ཡོང་སྟེ་སུ་ཇ་བོད་ཁྱིམ་ནས་སློབ་སྦྱོང་བྱས་ཤིང་། ༢༠༠༩ ལོར་གྷོལ་པ་པུར་བོད་ཁྱིམ་ནས་འབྱུང་རིག་ཐོག་སློབ་སྦྱོང་ཐོན་རྗེས་ད་ཆར་བྷིང་ལོར་མཐོ་སློབ་དུ་སྤྱི་ཚོགས་ཞབས་ཞུའི་ཐོག་སློབ་སྦྱོང་ལོ་རིམ་གཉིས་པ་ཡིན། ང་རང་གི་རེ་བ་ལ། བོད་པའི་སྤྱི་ཚོགས་གཅིག་པུ་མ་ཡིན་པར་རྒྱ་གར་དང་། ཕྱི་རྒྱལ་བ་སུ་ཞིག་ཡིན་རུང་མི་ཡིན་པ་གཅིག་མཚུངས་ཀྱི་འདུ་ཤེས་ཐོག ཁོང་ཅག་ལ་ཕན་ཐོགས་པའི་ལས་ཀ་ཞིག་བྱ་ཐུབ་ན་དྲན་ཡོད། ངས་བྱེད་ཐུབ་པའི་ལས་ཀ་དེ་རྒྱ་མཚོའི་ནང་དུ་ཆུ་ཐིགས་ལྟ་བུ་ཞིག་ཡིན་ནའང་། ལས་ཀ་ཆུང་ཆུང་དེ་སྤུས་དག་པོ་ཞིག་དང་གཞུག་གཙང་མ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། བོད་ཀྱི་མཛངས་མ་དེ་སོ་སོར་ཐོབ་མིན་གཙོ་བོ་མ་རེད། འགྲན་བསྡུར་གང་ཞིག་ཡིན་རུང་ཐོབ་པ་དང་ཤོར་བ་གཉིས་ཀ་ཡོང་སྲིད་པ་ཞིག་རེད། ཉམས་མྱོང་དང་སློབ་སྦྱོང་། གོ་སྐབས་སོགས་མ་ཤོར་བ་བྱ་རྒྱུ་གལ་ཆེན་པོ་རེད།  གལ་སྲིད་ང་ལ་ཨང་དང་པོ་ཐོབ་པ་ཡིན་ནའང་། ང་རང་ནམ་རྒྱུན་གྱི་བུ་མོ་དེ་རེད། འོན་ཀྱང་སོ་སོའི་སྟེང་གི་ཞན་ཆ་ཡར་རྒྱས་སུ་གཏོང་རྒྱུ་དང་། སྔར་སོ་སོས་ནོར་འཁྲུལ་བཟོས་མྱོང་བའི་ཕྱོགས་ལ་གུན་གསབ་བྱ་རྒྱུ། དེ་བཞིན་མ་འོངས་པར་བོད་ཀྱི་མཛངས་མའི་མིང་བེད་སྤྱོད་ལོག་པར་མི་འགྲོ་བ་ཞིག་ལ་ཐབས་ཤེས་བྱ་འདོད་ཡོད།

 

ངའི་མིང་ལ་དབྱངས་ཅན་མེ་ཏོག་ཟེར་ཞིང་། ཕ་ཡུལ་མགོ་ལོག་ནས་ཡིན། བོད་ནས་སློབ་འབྲིང་བར་བཏོན་རྗེས་ ༢༠༠༨ ལོར་རྒྱ་གར་དུ་ཡོང་བ་ཡིན། ད་ཆར་ངྷ་རམ་ས་ལར་དབྱིན་ཡིག་སྦྱོང་གིན་ཡོད། ཐེངས་འདིའི་མཛངས་མ་འགྲན་བསྡུར་ནང་ཞུགས་དོན་གང་ཡིན་ཟེར་ན། བོད་པའི་བུད་མེད་ཚོ་སོ་སོར་ཡིད་ཆེས་ཞེ་དྲག་མི་འདུག ང་རང་གིས་བལྟས་ན་བློ་བཟང་དབང་རྒྱལ་གྱིས་མཛངས་མ་འགྲན་བསྡུར་ཟེར་བ་འདི་མཛངས་མ་གཅིག་འཚོལ་རྒྱུ་དེ་ཡིན་རྒྱུ་མ་རེད། ལས་འགུལ་འདི་བརྒྱུད་དེ་བོད་ཀྱི་བུད་མེད་མང་པོ་ཞིག་ལ་སེམས་ཤུགས་དང་བློ་ཁོག་ཆེ་རུ་གཏོང་རྒྱུ་དང་། བོད་པའི་བུད་མེད་ཚོས་ཀྱང་ད་ལྟའི་དུས་ཚོད་ཀྱི་ཆ་ཤས་མང་པོ་ཞིག་ལེན་ཐུབ་རྒྱུར་ལམ་ཁ་བཟོ་རྒྱུ་དེ་ཡིན་རྒྱུ་རེད་སྙམ་ཟེར། གལ་སྲིད་ང་རང་ལ་ཨང་དང་པོ་ཐོབ་ཚེ་དམིགས་ག་རེ་ཡོད་སྐོར་དྲིས་པར། བོད་ནང་གི་ཡུལ་ཤུལ་ས་ཆར་གོད་ཆག་བྱུང་ཡུལ་དུ་རོགས་པ་ཞིག་བྱ་ཐུབ་ན་བསམ་ཡོད། ང་རང་ཆུང་དུས་ནས་རྒྱ་གར་དུ་འགྲོ་འདོད་ཆེན་པོ་ཡོད། མ་འོངས་པར་རྒྱ་གར་ལ་ཕྱིན་ཏེ་༧རྒྱལ་བ་རིན་པོ་ཆེ་ལ་ཐེངས་གཅིག་མཇལ་རྗེས། ཕྱི་རྒྱལ་བ་དག་དང་འདྲ་བར་ཤེས་ཡོན་ཡོད་པ་དང་། སྐད་ཡིག་མང་པོ་ཞེས་མཁན་ཞིག་བྱ་དགོས་ཀྱི་འདུག་དྲན་ཡོད། ང་ཚོས་བོད་པ་བོད་མི་ཟེར་ནས་བཤད་ཀྱིན་ཡོད་ཀྱང་། བོད་དང་བོད་མིར་ཤ་ཚ་དང་ལ་རྒྱ་འཛིན་དགོས་ན། ཨང་དང་པོ་སོ་སོ་མི་ཡག་པོ་ཞིག་བྱ་དགོས་པ་རེད། དེ་ལ་གདོང་པ་དང་གྱོན་པ་ཡག་པོ་ཡོད་པས་འགྲིག་གི་མ་རེད། ནང་ན་ཤེས་ཡོན་དང་བསམ་བློ་དགོས་པ་རེད་དྲན་ཡོད།

 

ངའི་མང་ལ་བསྟན་འཛིན་ནོར་འཛོམ་དང་གཞིས་ཆགས་ཧོར་སོར་ནས་ཡིན། ཝ་ར་ན་སཱར་ལོ་བདུན་ལ་སློབ་སྦྱོང་བྱས་པ་ཡིན། ང་རང་བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་དོན་གཙོ་བོ། སྡིངས་ཆ་འདི་བོད་ཀྱི་བུ་མོ་ཚོའི་ཆེད་དུ་བཟོས་པ་རེད། འོན་ཀྱང་འདིར་ཞུགས་མཁན་ཉུང་ཉུང་རེད། སྔོན་མ་ང་རང་གིས་ཀྱང་མཛངས་མ་འགྲན་བསྡུར་འདི་སྡུག་ཅག་རེད་དྲན་ཡོད། དེ་ལྟ་ཚུལ་ནོར་བ་རེད། སྔོན་མ་ནས་ཞུགས་ཡོད་ན། ང་ལོ་ཆུང་སྟབས་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་ལ། གལ་སྲིད་ཐོབ་མེད་ཀྱང་སློབ་སྦྱོང་མང་པོ་རག་ཡོད་པ་རེད། དེ་ལ་ཅུང་བློ་ཕམ་སྐྱེ་ཀྱི་འདུག་ཟེར། གསར་འགོད་པའི་ཁོ་མོར་གལ་སྲིད་ཨང་དང་པོ་ཐོབ་ན་ཕྱག་ལས་ག་རེ་གནང་རྩིས་ཡོད་སྐོར་དྲིས་པར། ལ་ང་ལ་བོད་ཀྱི་མཛངས་མ་ཐོབ་སོང་བ་ཡིན་ན། ཕྱི་རྒྱལ་གྱི་བུད་མེད་མང་པོ་ཞིག་དང་འབྲེལ་བ་ཡོང་གི་རེད། འཛམ་གླིང་ནང་བོད་ཀྱི་ལུང་པ་ཧ་མི་གོ་མཁན་མང་པོ་ཞིག་ཡོད་པ་རེད། ཧ་གོ་མཁན་ཚོས་ཀྱང་བོད་ཀྱི་གནས་སྟངས་དང་། རྒྱ་ནག་གི་བྱེད་སྟངས་མང་པོ་ཞིག་ཤེས་ཀྱི་ཡོད་པ་མ་རེད། ངས་བོད་ཀྱི་མཛངས་མའི་མིང་ཐོག་ནས་བོད་དོན་ཁྱབ་བསྒྲགས་དང་། བོད་མི་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་འཛམ་གླིང་ལ་ཤེས་ཐུབ་པ་ཞིག་བྱ་ཐུབ་ན་དྲན་ཡོད། ཡང་ཆ་རྐྱེན་ཚང་དགོས་པ་རེད། བོད་ཀྱི་མཛངས་མ་ཟེར་ན། གཙོ་བོ་ནང་གི་སློབ་སྦྱོང་དང་རྣམ་པ་གཉིས་ཀ་དགོས་པ་རེད། ལྷག་པར་དུ་བོད་ཀྱི་གནས་སྟངས་ཡག་པོ་ཞིག་ཤེས་དགོས་པ་རེད་དྲན་ཡོད།

 

ངའི་མིང་རིན་ཆེན་ཆོས་སྒྲོན་ཟེར་གྱི་ཡོད། ང་རང་སྐྱེས་ས་མོན་རྟ་དབང་ཡིན། ང་རང་ཆུང་དུས་ནས་རྒྱ་གར་སློབ་གྲྭར་སོང་བ་ཡིན། མཐོ་སློབ་ཐོན་རྗེས་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་གྲོང་ཁྱེར་ནང་མཛེས་བཟོ་དང་སྐྲ་བཟོ་ཡི་ལས་ཀ་བྱེད་ཀྱིན་ཡོད། ང་རང་གིས་བོད་སྐད་མི་ཤེས་ཀྱང་། བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་རྒྱུ་གལ་ཆེན་པོ་རེད་དྲན་སོང་། བོད་པའི་བུ་མོ་མང་པོ་ཞིག་སྡིངས་ཆ་འདི་ལྟ་བུའི་ཐོག་ལ་འབུད་རྒྱུར་ཞེད་ཀྱི་ཡོད་པ་རེད། གལ་སྲིད་ང་ལ་ཐེངས་འདིར་ཨང་དང་པོ་ཐོབ་པ་ཡིན་ན། རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་དང་མོན་གྷོ་བོད་པའི་གཞིས་ཆགས་ནང་གི་བདག་པོ་མེད་པའི་རྒན་འཁོགས་ཚོར་རོགས་སྐྱོར་བྱ་དགོས་བསམ་ཡོད། ང་རང་གིས་བལྟས་ན། སྤྱིར་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་མཛངས་མ་ཟེར་དུས་ཤེས་ཡོན་དང་འཇོན་ཐང་། རྣམ་པ་སོགས་མང་པོ་ཞིག་འཛོམ་དགོས་ཀྱང་། བོད་པ་སྐྱབས་བཅོལ་བའི་ནང་གི་མཛངས་མ་ཟེར་དུས་སྤོབས་པ་དང་། ལྷག་པར་དུ་དོན་དག་ཆེ་ཆུང་གང་ལ་ཐུག་ཀྱང་གདོང་ལེན་བྱ་ཐུབ་པའི་བློ་སྟོབས་གལ་ཆེན་པོ་རེད་དྲན་ཡོད་ཟེར། ཡང་ཁོ་མོར་བོད་སྐད་མ་ཤེས་པའི་ཐད་དགོངས་ཚུལ་ག་འདྲ་ཡོད་སྐོར་དྲིས་པར། ངས་བོད་སྐད་མ་ཤེས་པའི་ཐད་བསམ་ཚུལ་དམིགས་བསལ་མེད། རྒྱ་གར་དང་ཕྱི་རྒྱལ་སོགས་སུ་བོད་པ་བོད་སྐད་མི་ཤེས་མཁན་མང་པོ་ཡོད་པ་རེད། སྤྱིར་ངས་བོད་སྐད་བཤད་མི་ཐུབ་ཀྱང་བོད་སྐད་གོ་ཐུབ་ཀྱི་ཡོད། ད་སྐབས་བོད་ཡིག་བོད་སྐད་སློབ་སྦྱོང་བྱེད་ཀྱིན་ཡོད།

གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༥༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 86

  1. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    ད་ལོར་ཡིན་ན་ངའི་སེམས་པ་མངོན་ནས་དབྱངས་ཅན་མེ་ཏོག་ལ་ཤོར་སོང་།

    Reply
  2. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    བཙན་བྱོལ་གྱི་སྤྱི་ཚོགས་ནས་མཛངས་མ་མཚན་ཉིད་ཚང་མཁན་རག་སྲིད། འོན་ཀྱང་མཛེས་མ་མཚན་ཉིད་ཚང་པ་ཞིག་ཁྱི་མགོ་རྡོ་རིལ་གྱི་སྤུན་ཟླ་ཆགས་ཤག

    Reply
  3. རང་རྟོན། says:
    ལོ་ 15 སྔོན།

    དགའ་བསུ་ཡོད།
    གཙོ་བོ་རང་ཉིད་ཀྱི་འཇོན་ཐང་དེ་མངོན་འགྱུར་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད་འདོད་གི
    ལོ་རེར་བཞིན་ཇེ་མང་དུ་འགྲོ་བའི་སྨོན་འདུན་གྲངས་མེད་ཞུ་ཞུ་ཞུ།

    Reply
  4. དུང་སེམས་འཚོ། says:
    ལོ་ 15 སྔོན།

    འདོན་སྤེལ་བྱས། ངོ་མ་ཡག་པོ་རེད།
    མང་བོ་ཞིག་གིས་མདུན་རྒྱབ་གང་རུང་ནས་ཁ་གཏོང་གི་ཡོད་ན་ཡང་།
    དོན་ལ་འདིས་ཁོང་ཚོར་ཤུགས་རྐྱེན་མི་ཉུང་བ་ཞིག་སྤྲོད་ཀྱི་ཡོད།
    མ་ཟད་འདིས་མི་རིགས་དང་མི་རིགས་ཀྱི་གནས་སྟངས་ཁྱབ་བསྒྲགས་ལ་ཡང་ནུས་པ་གང་འཚམ་ཐོན་ཡོད།
    མཛངས་མ་མཚན་ཉིད་ཚང་ཡོད་མེད་རྩོད་རྒྱུ་ལས་སླ་བོ་རེད།
    འོ་ན་མཚན་ཉིད་ཚང་བ་ཞིག་དགོས་ན་དེ་ལ་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་བྱོས་དང་རིམ་གྱིས་ང་ཚོར་དགོས་པའི་མཛངས་མ་དཔེ་མེད་དེ་རྙེད་ངེས།
    དེ་མིན་ཆང་གཞན་གྱིས་བཏུང་ན་མིག་ཚ།རང་གིས་བཏུང་ན་ཁ་ཚ་བའི་གར་སྟབས་མ་སྒྱུར་རོགས།

    Reply
  5. དུང་སེམས་འཚོ། says:
    ལོ་ 15 སྔོན།

    ངོ་མ་ཡག་པོ་རེད།
    མང་བོ་ཞིག་གིས་མདུན་རྒྱབ་གང་རུང་ནས་ཁ་གཏོང་གི་ཡོད་ན་ཡང་།
    དོན་ལ་འདིས་ཁོང་ཚོར་ཤུགས་རྐྱེན་མི་ཉུང་བ་ཞིག་སྤྲོད་ཀྱི་ཡོད།
    མ་ཟད་འདིས་མི་རིགས་དང་མི་རིགས་ཀྱི་གནས་སྟངས་ཁྱབ་བསྒྲགས་ལ་ཡང་ནུས་པ་གང་འཆམ་ཐོན་ཡོད།
    མཛངས་མ་མཚན་ཉིད་ཚང་ཡོད་མེད་རྩོད་རྒྱུ་ལས་སླ་བོ་རེད།
    འོ་ན་མཚན་ཉིད་ཚང་བ་ཞིག་དགོས་ན་དེ་ལ་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་བྱས་དང་རིམ་གྱིས་ང་ཚོར་དགོས་པའི་མཛངས་མ་དཔེ་མེད་དེ་རྙེད་ངེས།
    དེ་མིན་ཆང་གཞན་གྱིས་བཏུང་ན་མིག་ཚ།རང་གིས་བཏུང་ན་ཁ་ཚ་བའི་གར་སྟབས་མ་སྒྱུར་རོགས།

    Reply
  6. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དབྱངས་ཅན་མེ་ཏོག་ལ་ཕུལ་བའི་སེམས་གཏམ།།

    སྒེག་པའི་ཉམས་ནི་༼དབྱངས་ཅན༽་ལྷ་མོ་ཉིད།།
    གཞིན་རས་ཟླ་བ་དཀར་པོ་འཛུམ་མདངས་ཅན།།
    གངས་ལྷ་༼མེ་ཏོག་༽བཞད་འདྲའི་ལྟ་ན་སྡུག།
    བདག་གི་རང་བཞིན་གསལ་བའི་མེ་ལོང་ངོས།།
    ཁྱོད་ནི་མཛངས་མ་མ་ཡིན་མཛེས་མ་ཉིད།།

    ཁ་སྒོ་མཚར་བའི་སྒེག་ཉམས་ལ་བལྟས་ན།།
    སྨྲ་ལྕེ་བདེ་ཞིང་ཀུན་ལ་གསུངས་མཁས་འདྲ།།
    བརྩེ་སེམས་གངས་ཆུ་དྭངས་མོ་ཡིད་ལ་འཁྱིལ།།
    རྨ་བྱ་གཞོན་ནུའི་ལང་ཚོ་ཟིལ་གནོན་མ།།
    གཟུགས་མཛེས་ལང་ཚོར་བལྟས་ན་ཁྱོད་ཡིན་སྙམ།།

    Reply
  7. ཁྲག says:
    ལོ་ 15 སྔོན།

    ཁོ་རེ་ཚོ། སྐད་ཆ་བདེན་པ་བཤད་ཡིན། ཡིད་མ་ཆེས་ན་དགུ་བཅུ་གསུམ་གྱི་ལས་མི་ཚོ་དང་ཨ་མདོ་གྲོང་གསེབ། ད་དུང་ཟློས་གར་ཚོགས་པའི་བུ་མོ་ཚོ་ལ་སོགས་པ་དྲིས་དང་ང་ལས་སྒྲུང་ཡག་པ་ཤེས་ས་ཡོད། གཞི་ཡོད་བདེན་པ་རང་ཤོད་ལེ་ཡིན། མ་དགའ་ན་གང་བྱ།

    Reply
  8. ཁྲག says:
    ལོ་ 15 སྔོན།

    གཞི་ཡོད་བདེན་པ་རང་ཤོད་ལེ་ཡིན། མ་དགའ་ན་གང་བྱ།

    Reply
  9. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    ཤེས་འབྱོན་ལྡན་པའི་བཀུར་འོས་བློ་བཟང་དབང་རྒྱལ་མཆོག་གིས།
    དཀའ་ངལ་དང་སྐྱོན་བརྗོད་ལ་མགོ་མི་སྒུར་ཞིང་།
    བརྩེ་བ་དང་སྙིང་སྟོབས་ཆེན་པོས།
    ཉམ་ཆུང་བོད་རིགས་བུ་མོ་ཚོའི་སྤོབས་པ་དང་གཟི་བརྗིད་འཕེལ་ཕྱིར།
    ལོ་ལྟར་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་མཛད་སྒོ་ཚོགས་མཛད་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    བོད་མི་དམངས་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས།
    ལོ་ལྟར་བོད་རིགས་གཞོན་སྐྱེས་ཚོར།
    ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་གོ་སྒྲིག་གནང་མཛད་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    བོད་ཕྲུག་ཁྱིམ་སྡེ་རུ་སློབ་ཕྲུག་ ༢༢༠༠ ལྷག་ལ།
    ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས།
    ཐུགས་བརྩེ་བ་ཆེན་པོས་ཉིན་གཉིས་ཀྱི་རིང་ལ།
    ནང་ཆོས་ངོ་སྤྲོད་གསལ་བོར་གནང་མཛད་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    ཁྱད་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་གལ་ཆེན་རྣམས།
    ང་ཚོས་ཕྱོགས་དུས་ཀུན་ཏུ་དྲིལ་བསྒྲགས་རྒྱ་ཆེར་བྱེད་དགོས་སོ།

    བོད་ཀྱི་སྐད་ཡིག་བེད་སྤྱོད་མ་བྱས་ན།
    བོད་ཀྱི་ཆོས་དང་རིག་གཞུང་ཉམས་པར་འགྱུར། །

    བོད་ཀྱི་སྐད་ཡིག་དར་སྤེལ་བཏང་ན།
    བོད་ཀྱི་ཆོས་དང་རིག་གཞུང་དར་རྒྱས་ཡོང་བར་འགྱུར། །

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་ཤེས་དགོས་པ་ནི།
    མི་རིགས་ཀྱི་ཁྱད་ཆོས་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་རྒྱུན་དུ་བེད་སྤྱོད་བྱེད་རྒྱུ་ནི།
    དུས་རབས་ཀྱི་ལས་འགན་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་ཡིག་འབྲི་ཀློག་སྦྱོང་རྒྱུ་ནི།
    བོད་ཀྱི་རིག་གཞུང་གི་རྩ་བ་ཡིན།

    བོད་རིགས་རྣམས་ཀྱིས།
    སུམ་རྟགས་སྙན་ངག་སྦྱོང་རྒྱུ་ནི།
    བོད་ཀྱི་ཆོས་རིག་གི་ལྡེ་མིག་ཡིན།

    བོད་རིགས་རྣམས་ཀྱིས།
    དེང་དུས་ཤེས་ཡོན་བཟོ་རིག་སྦྱོང་རྒྱུ་ནི།
    བོད་འབངས་ཡར་རྒྱས་ཀྱི་འགྲོ་ལམ་ཡིན།

    བོད་རིགས་རྣམས་ཀྱིས།
    སངས་རྒྱས་ཆོས་ལ་ཐོས་བསམ་སྒོམ་པ་བྱེད་རྒྱུ་ནི།
    གངས་ཅན་མི་དམངས་ཀྱི་བླ་སྲོག་ཡིན།

    བོད་ཀྱི་སྐད་ཡིག་མེད་ན། བོད་ཀྱི་རིག་གཞུང་མེད། །
    བོད་ཀྱི་རིག་གཞུང་ཡོད་ན། བོད་ཀྱི་མི་རིགས་ཡོད། །

    བོད་ཀྱི་རིག་གཞུང་ཡང་དག་པ་ཞིག་ཤེས་དགོས་ན།
    
བོད་རང་གི་ཐུན་མོང་མིན་པའི་སློབ་གསོའི་སྒྲོམ་གཞི་ལ་ངེས་པར་བསྟེན་དགོས།

    གོང་དུ་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་འགའ་ཞིག་དཔེ་མཚོན་དང་དཔྱད་གཞིའི་ཆེད་ཁོ་ནར་ཕུལ་བ་ཡིན། མ་འོངས་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གཙོ་བོར་བྱས་པའི་བོད་གཞུང་དམངས་ཡོངས་ཀྱིས། མི་སེམས་འགུལ་ཐུབ་པའི་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་ལེགས་ཤོས་འགའ་ཞིག་བརྒྱུད་ལམ་སྣ་ཚོགས་ནས་དྲིལ་བསྒྲགས་བྱེད་ཐུབ་ན། བོད་པའི་སྤྱི་ཚོགས་རྨོངས་གཉིད་ལས་སད་པའི་ཕན་ནུས་རླབས་ཆེན་འབྱུང་ངེས་སོ།

    Reply
  10. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    ཤེས་འབྱོན་ལྡན་པའི་བཀུར་འོས་བློ་བཟང་དབང་རྒྱལ་མཆོག་གིས། དཀའ་ངལ་དང་སྐྱོན་བརྗོད་ལ་མགོ་མི་སྒུར་ཞིང་།
    བརྩེ་བ་དང་སྙིང་སྟོབས་ཆེན་པོས།
    ཉམ་ཆུང་བོད་རིགས་བུ་མོ་ཚོའི་སྤོབས་པ་དང་གཟི་བརྗིད་འཕེལ་ཕྱིར།
    ལོ་ལྟར་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་མཛད་སྒོ་ཚོགས་མཛད་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    བོད་མི་དམངས་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས།
    ལོ་ལྟར་བོད་རིགས་གཞོན་སྐྱེས་ཚོར།
    ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་གོ་སྒྲིག་གནང་མཛད་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    བོད་ཕྲུག་ཁྱིམ་སྡེ་རུ་སློབ་ཕྲུག་ ༢༢༠༠ ལྷག་ལ།
    ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས།
    ཐུགས་བརྩེ་བ་ཆེན་པོས་ཉིན་གཉིས་ཀྱི་རིང་ལ།
    ནང་ཆོས་ངོ་སྤྲོད་གསལ་བོར་གནང་མཛད་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    ཁྱད་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་གལ་ཆེན་རྣམས།
    ང་ཚོས་ཕྱོགས་དུས་ཀུན་ཏུ་དྲིལ་བསྒྲགས་རྒྱ་ཆེར་བྱེད་དགོས་སོ།

    བོད་ཀྱི་སྐད་ཡིག་བེད་སྤྱོད་མ་བྱས་ན།
    བོད་ཀྱི་ཆོས་དང་རིག་གཞུང་ཉམས་པར་འགྱུར། །

    བོད་ཀྱི་སྐད་ཡིག་དར་སྤེལ་བཏང་ན།
    བོད་ཀྱི་ཆོས་དང་རིག་གཞུང་དར་རྒྱས་ཡོང་བར་འགྱུར། །

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་ཤེས་དགོས་པ་ནི།
    མི་རིགས་ཀྱི་ཁྱད་ཆོས་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་རྒྱུན་དུ་བེད་སྤྱོད་བྱེད་རྒྱུ་ནི།
    དུས་རབས་ཀྱི་ལས་འགན་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་ཡིག་འབྲི་ཀློག་སྦྱོང་རྒྱུ་ནི།
    བོད་ཀྱི་རིག་གཞུང་གི་རྩ་བ་ཡིན།

    བོད་རིགས་རྣམས་ཀྱིས།
    སུམ་རྟགས་སྙན་ངག་སྦྱོང་རྒྱུ་ནི།
    བོད་ཀྱི་ཆོས་རིག་གི་ལྡེ་མིག་ཡིན།

    བོད་རིགས་རྣམས་ཀྱིས།
    དེང་དུས་ཤེས་ཡོན་བཟོ་རིག་སྦྱོང་རྒྱུ་ནི།
    བོད་འབངས་ཡར་རྒྱས་ཀྱི་འགྲོ་ལམ་ཡིན།

    བོད་རིགས་རྣམས་ཀྱིས།
    སངས་རྒྱས་ཆོས་ལ་ཐོས་བསམ་སྒོམ་པ་བྱེད་རྒྱུ་ནི།
    གངས་ཅན་མི་དམངས་ཀྱི་བླ་སྲོག་ཡིན།

    བོད་ཀྱི་སྐད་ཡིག་མེད་ན། བོད་ཀྱི་རིག་གཞུང་མེད། །
    བོད་ཀྱི་རིག་གཞུང་ཡོད་ན། བོད་ཀྱི་མི་རིགས་ཡོད། །

    བོད་ཀྱི་རིག་གཞུང་ཡང་དག་པ་ཞིག་ཤེས་དགོས་ན།
    
བོད་རང་གི་ཐུན་མོང་མིན་པའི་སློབ་གསོའི་སྒྲོམ་གཞི་ལ་ངེས་པར་བསྟེན་དགོས།

    གོང་དུ་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་འགའ་ཞིག་དཔེ་མཚོན་དང་དཔྱད་གཞིའི་ཆེད་ཁོ་ནར་ཕུལ་བ་ཡིན། མ་འོངས་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གཙོ་བོར་བྱས་པའི་བོད་གཞུང་དམངས་ཡོངས་ཀྱིས། མི་སེམས་འགུལ་ཐུབ་པའི་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་ལེགས་ཤོས་འགའ་ཞིག་བརྒྱུད་ལམ་སྣ་ཚོགས་ནས་དྲིལ་བསྒྲགས་བྱེད་ཐུབ་ན། བོད་པའི་སྤྱི་ཚོགས་རྨོངས་གཉིད་ལས་སད་པའི་ཕན་ནུས་རླབས་ཆེན་འབྱུང་ངེས་སོ།

    Reply
  11. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    གབ་མིང་ཁྲག་གི་ཐ་སྙད་ཅན། །
    ང་རྒྱལ་ཁོང་ཁྲོས་མ་ནོན་པར། །
    གཞན་ལ་གཞི་མེད་བསྙོན་འདིང་ན། །
    རང་ཉིད་ཕོངས་པའི་རྒྱུ་ལས་ཅི། །

    Reply
  12. འབའ་སྲས། says:
    ལོ་ 15 སྔོན།

    གཤིས་ལྷོད་འཛུམ་ཆུང་གི་འོག་ནས།།
    ཁ་སྒོ་བྱུ་དམར་གྱི་མདོག་འཛིན།།
    རིན་ཆེན་ཆོས་སྒྲོན་ལ་འགྲོགས་ན།།
    འགལ་འགྲོ་སེམས་པ་རང་མི་འདུག །

    Reply
  13. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    ཁྲག་ནི་ཁྲག་རང་རེད་ཁྲག་དྲི་དྲོ་བ་ལས་གཞན་གྱི་དྲི་ཞིམ་གང་ཡང་དྲོ་རྒྱུ་མི་འདུག་དེ་ལས་གནས་སྐབས་རིང་དུས་བབ་དྲ་སྟེང་དུ་མ་ཡོང་རོག

    Reply
  14. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    ཁོ་རེ་ཁྲག་ཞུ་མཁན་ཁྱེད་ཀྱིས་སྤུས་ཀའི་ཐད་བཤད་ན་དང་ཐོག་ཁྱེད་ཀྱི་སྤུས་ཀར་རྟག་སྤྱད་གཏང་དགོས་ས་རེད།

    Reply
  15. ཁྲག says:
    ལོ་ 15 སྔོན།

    མཛེས་མ་དང་མཛངས་མ་ལ་རང་གིས་བློ་ལ་འབབ་པ་ཞིག་གི་ཆ་རྐྱེན་ཚང་ཡ་ཁག་པོ་རེད་དེ། བོད་ཀྱི་བུ་མོ་ཡིན་ཟེར་ནས་བསྟན་ན་ངོ་ཚ་མི་དགོས་པ་ཞིག་ནི་དགོས་ལེ་རེད། སློབ་སྦྱོང་ལག་ཁྱེར་མཐོ་བོ་དང་བསམ་བློ་རྒྱ་ཆེན་པོ་དེ་འདྲ་མེད་ཀྱང༌། བོད་དང་བོད་མི་ལ་ནི་འགྲེལ་བཤད་ཡག་པོ་ཞིག་རྒྱག་ཤེས་དགོས་ལེ་རེད། ཆ་རྐྱེན་མཐོ་བོ་དགོས་ལེ་མ་རེད། བོད་སྐད་བཤད་དེ་བོད་དོན་བཤད་ཡ་གིས་ཤེས་བྱ་ཞིག་ཡོད་ན་འགྲིག་ལེ་བསྡད་ཀི་ བུ་མོ་གཞན་པ་དེ་ཚོ་ཤེས་ལེ་མ་རེད། དབྱངས་ཅན་མེ་ཏོག་ཡིན་ལབ་ནས་རྒྱ་མིང་ལ་བོད་མིང་བཏགས་ནས་ཡོང་བའི་བུ་མོ་དེ་ཡིན་ན་ཤེས་ཡོན་ལབ་མ་རེད། བོད་ཆོལ་ལ་གསུམ་ཡོད་པ་དང་བོད་མི་ལ་ས་ཡ་དྲུག་ཡོད་པ་ཡང་ཤེས་ཀི་མ་རེད། ཧ་གོ་ལེ་རེད། ཁོ་ཆད་ལེ་རེད།

    Reply
  16. ཁྲག says:
    ལོ་ 15 སྔོན།

    དབྱངས་ཅན་མེ་ཏོག ཨ་མདོ་ནས་ཡིན་ལབ་མཁན་དེ་རེད་པས། ད་ཡིན་ན་དཀོན་མཆོག་གསུམ་ཚར་བཞག བུ་མོ་དེ་ལ་རྒྱ་མིང་ཞིག་ཡོད་པ་གོ་མྱོང་ཡོད། དབྱངས་ཅན་མེ་ཏོག་མིང་རྫུན་མ་རེད་ཤག ཡང་བུ་མོ་དེ་སུ་ཇ་སློབ་གྲྭ་ནས་རྐིས་ཏི་དགོན་པའི་གྲྭ་བ་ཆུང་ཆུང་ཞིག་རྫོགས་ནས་སློབ་གྲྭ་ནས་སྤས་སོང༌། ད་ཡང་རྗེས་གྲྭ་ལོག་དང་མཉམ་དུ་མ་ཅིན་ཀྲིན་ལ་ཞིའ་བདེ་མགྲོན་ཁང་ནས་ཟླ་གཅིག་ལ་བསྡད། མཐའ་མཇུག་རྡ་རམ་ས་ལ་རུ་ཨ་མདོའོ་ཟ་ཁང་ཆུང་ཆུང་ཞིག་གི་སྦྱིན་བདག་དེའི་སྐྱེས་དམན་ཆུང་བ་དེ་བྱེད་ནས་བསྡད། ད་བུ་མོ་དེ་ཚོ་སྙིང་རྗེ། ལོ་རེ་རེར་མཛངས་མའི་སྤུས་ཀ་ཇེ་ཞན་ལ་འགྲོ་ལེ་འདུག

    Reply
  17. seartsang jamyang says:
    ལོ་ 15 སྔོན།

    དྲ་གྲོགས་རིག་པའི་རལ་གྲི་ལགས་ཁྱེད་ཀྱིས་བོད་ཀྱི་མཛངས་མ་
    རྣམས་ལ་ཁ་ཞེ་མེད་པའི་སྒོ་ནས་བསྔགས་བརྗོད་གནང་བར་
    དྲ་གྲོགས་ངས་ཀྱང་ཁྱེད་མཆོག་ལ་རྗེས་སུ་ཡིད་རང་ཞུ་བཞིན་ཡོད་
    རེད་དེ་མཛངས་མའི་དབུ་རྒྱན་ཏེ་བཞི་ཆར་ལ་ཐོབ་མི་སྲིད་པ་
    ཞིག་རེད།།

    Reply
  18. dorjee damdul says:
    ལོ་ 15 སྔོན།

    མཛངས་མ་མཛངས་མ་ཟེར་བར།
    ཀུན་སྤྱོད་ཁྱོན་ག་འདྲ་ཡོད་དམ།
    མཛེས་མ་མཛེས་མ་ཟེར་བར།
    བཞིན་རས་ག་འདྲ་ཡོད་དམ།
    བློ་སྟོབས་མཆོད་སེམས་དེ་ལ།
    བཀྲིས་བདེ་ལེགས་ཞུ་རྒྱུ།

    Reply
  19. མགར་རྟོགས་སད says:
    ལོ་ 15 སྔོན།

    འབྲོག་མོ་མ་ཐུག་ཡུན་རིང་འགོར་སོང་། དེ་རིང་ཐུག་པའི་སེམས་པ་དགའ་བྱུང་།
    འདས་པའི་བདུན་ཕྲག་ཁ་ཤས་རིང་ལ། ཁྱེད་རིང་མ་མཐོང་སེམས་པ་སྐྱོ་བྱུང་།

    Reply
  20. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ཕ་སར་ངུ་འབོད་འཇགས་ལོང་མེད་པའི་དུས་སྐབས་འདིར།།
    བདུན་ཞག་ཞེ་དགུ་རྫོགས་ལོང་མེད་པའི་མཚནཚོིགས་འདིར། །
    ཤེས་ལྡན་རྣམས་ཀྱི་ཐུགས་བསམ་བཞེས་ལ་ཉེ་རན་འདུག །
    ཁྲེལ་མེད་བེུད་ཆགས་པས་མྱོ་ན་དམར་ཁྲེང་ཐོན་ཡང་གཟི་བརྗེད་བརྩིས། །

    Reply
  21. འབྲོག་མོ says:
    ལོ་ 15 སྔོན།

    སྐྲ་ཞོབས་མགར་རྟོགས་ཟད་།།ངའི་ག་རེ་བཤད་ན་ཁྱོད་ལ་ཕོགས་དོན་གང་ཡིན་ནམ་།ངའི་བལྟས་ན་ཁྱོད་ཡང་ཁྱི་རྒན་དེ་ཚོས་རྐུབ་ལ་འགྲོ་མཁན་ཞིག་ཡིན་ས་རེད་།ཁྱོད་ཀྱི་ངའི་དངོས་མིང་ཤེས་ན་ཐད་ཀར་ལབ་རོགས་།ལུས་ལ་ན་ཚ་མེད་ན་།གདོང་ལ་དྲག་པ་ཁྱེར་དགོས་དོན་མེད་།།ཧ་ཧ་ཧ་ཧ་ཧ་ཧ་ཧ

    Reply
  22. འབའ་སྲས། says:
    ལོ་ 15 སྔོན།

    ཟུར་མིག་ཞགས་ཐག་རིང་མོ།།
    ཁ་ཆུང་བྱུ་དམར་འཛུམ་པ།།
    གཞིས་ཆགསབསྟན་འཛིན་ནོར་འཛོམས།།
    འོ་རེ་བྱེད་ས་འགྲིག་འདུག །

    Reply
  23. འབའ་སྲས། says:
    ལོ་ 15 སྔོན།

    མཛེས་མ་རྣམ་བཞི་ནང་ནས།།
    མཛངས་མ་སུ་ཡིན་མི་ཤེས།།
    ཉལ་ན་དབྱངས་ཅན་མེ་ཏོག །
    རུམ་ཁ་ལས་དྲོ་འདོད་གི །

    Reply
  24. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་ཡོངས་ལ་ཞུ་རྒྱུ། དུས་བབ་དྲ་ངོས་སུ་སྨྲ་བརྗོད་རང་དབང་བེད་སྤྱད་དེ་གསར་འགྱུར་དང་ཟིན་བྲིས་སོ་སོ་ལས་འཕྲོས་པའི་འབྲེལ་ཡོད་བསམ་ཚུལ་གང་འདྲ་སྤེལ་ན་འགྲིག་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ནི་མ་འགྲིག་པ་ཞིག་ཏུ་མ་མཐོང། ཡིན་ནའང་ཚིག་གཅིག་ཞུ་རྒྱུ་ཡོད་པ་ནི། རྣམ་པ་ཚོ་སུ་ཡིན་པ་དེ་མ་མཐར་དུས་བབ་གསར་ཁང་གིས་ངེས་པར་ཤེས་དགོས་པར་འདུག དེ་མིན་ཉིན་གཅིག་རྣམ་པ་ཚོ་ཁག་ཅིག་གིས་དུས་བབ་ཁྲིམས་ལ་སྐྱེལ་བར་འདུག དོགས་སློང་གི་སྐད་ཆ་མིན། འདི་ནི་དངོས་འབྲེལ་ཡོང་སྲིད་ཀྱི་རེད་ལ། སྐབས་དེར་དུས་བབ་ལ་ཁུངས་སྐྱེལ་མེད་ན་དུས་བབ་གསར་ཁང་ངོ་ཚར་གཏད་པ་ཡིན་ལ། སྡུག་ན་སྒོ་རྒྱག་དགོས་ཐུག་སྲིད་པ་རེད། དེ་བས་རྣམ་པ་ཚོས་དུས་བབ་གསར་ཁང་གི་རྩོམ་སྒྲིག་པར་དེབ་སྐྱེལ་ཚད་ལྡན་ཁྲིམས་མཐུན་བྱེད་རོགས། འདི་ནི་རེ་བ་དྲོན་མོ་ཞིག་ཡིན།

    Reply
  25. མི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    ཁྱེད་ཚོས་འདི་གར་ངོ་བསྟོད་དང་ངོ་དགའ་སོགས་ཅི་ཞིག་སྤེལ་ཡང་ད་ཐེངས་ཀྱི་བོད་པ་ཚང་གི་མཛངས་མ་སུས་ཀྱང་མཐོང་ཐབས་དཀའ་ནི་རེད། དེ་ལས་ཉོག་གཏམ་བཤད་འདོད་ན་གླེང་མོལ་ཁང་དུ་སོང་།

    Reply
  26. མི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། བརྗོད་གཞི་དང་མ་འབྲེལ་བའི་ཉོག་གཏམ་བཤད་འདོད་ན་གླེང་མོལ་ཁང་དུ་སོང་དང་དེ་རུ་འདྲེ་ཁེར་འདུག་ཅེས་པ་ཞིག་གིས་སྒུག་འདུག དུས་བབ་དྲ་ཐོག་འདིར་དེ་འདྲའི་བརྡ་འཕྲོད་དཀའ་བའི་འཆལ་གཏམ་རིགས་མ་སྤེལ་ན་འདོད་ཀྱིན་ཡོད།

    Reply
  27. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ང་བོད་པ་ཡིན། བོད་སྐད་བརྒྱབ། བོད་ཡིག་འབྲི། བོད་ཟས་ཟོས། བོད་ཆས་བསྐྲོན། བོད་མི་བདེ་སྡུག་ལ་སྤྱད་ཞིབ་བེད། ཧཧཧ

    Reply
  28. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    སྐབས་སུ་མ་བབ་ཀྱི་གཏམ་བཤད་དང་། ཕན་ཚུན་བཤེ་བའི་ཟུར་ཟའི་རིགས་འདི་ནི། ང་ཚོ་བོད་ཀྱི་གསར་ཚར་རྣམས་ཀྱི་ངེས་པར་ཅན་དུ་དོར་དགོས་པའི་སྐྱོན་ཆེ་ཤོས་སུ་མཐོང་།

    Reply
  29. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཅོ་རི་ལགས་མང་པོ་མི་ཞུ་༼ཆགས་རེན་༽ཞེས་པའི་ཚིག་དེ་དབྱིན་ཇིའི་མིང་མན་དྲོ་སྙན་པོ་ཞིག་འདུག་ཀྱང་བོད་སྐད་མིན་ཁོ་དག་རེད། ཨ་ཙི་དེ་འདྲ་མི་ཅོ་རི་དག་ཡིག་གསར་བསྒྲིགས་ལཡོད་ཀྱི་རེད། རེན་ཞེས་པའི་ཚིག་དེ་དག་ཡིག་ལ་མེད་པ་ཡིན་པ་ཅོ་རིས་ཤེས་སམ། ཅོ་རི་ཞེས་པ་དེ་ཡང་དག་ཡིག་ན་ཡོད་དམ། ཅོ་རི་མ་རེད་ཅོ་རེ་རེད།

    Reply
  30. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་བཞིའི་སྙིང་སྟོབ་དང་སྤོབས་པ་ལ་ཁ་ཞེ་མེད་པའི་སྒོ་ནས་ཡིད་རང་ཡོད། བུ་མོ་མཛེས་མིན་དེ། ཕྱིའི་བྱེད་གཟུགས་གཅིག་པུས་མཚོན་གྱི་མ་རེད། ནང་གི་ཡོན་ཏན་དང་། ཕྱིའི་ཀུན་སྤྱོད། སྤྱི་ཁྱབ་ཀྱི་སེམས་བཟང་ཁྱེར་སྟངས་ལ་རག་ལས་ཀྱི་རེད། བཞི་ཆར་ལ་ཐོབ་པའི་རེ་བ་ཡོད

    Reply
  31. མགར་རྟོགས་སད says:
    ལོ་ 15 སྔོན།

    འབྲོག་མོ་ཁྱོས་གཞན་འཚང་བཤད་རྒྱུ་མང་དྲག་འདུག
    ད་ངའི་ཁྱོས་དངོས་མིང་དྲ་ཐོག་ཏུ་འགོད་རྒྱུ་ཡིན།

    Reply
  32. མགར་རྟོགས་སད says:
    ལོ་ 15 སྔོན།

    ཉི་མ་རྒྱལ་མཚན་ལགས། བརྡ་སྤྲོད་ཀྱི་རིག་གཞུང་འདི་རྡོག་རྫིས་སུ་མ་གཏོང་རོགས། ཁྱོས་ནི་དུས་བབ་དྲ་རྒྱའི་སྟེང་གི་དྲ་འབུ་ནད་པ་ཞིག་རེད་འདུག
    ངའི་ཁྱོས་མཐོང་དུས་ཧ་ཅང་ཤ་ཚ་ཀི

    Reply
  33. མགར་རྟོགས་སད says:
    ལོ་ 15 སྔོན།

    ཉི་མ་རྒྱལ་མཚན་ལགས། བརྡ་སྤྲོད་ཀྱི་རིག་གཞུང་འདི་རྡོག་རྫིས་སུ་མ་གཏོང་རོགས། ཁྱོས་ནི་དུས་བབ་དྲ་རྒྱའི་སྟེང་གི་དྲ་འབུ་ནད་པ་ཞིག་རེད་འདུག
    ངའི་ཁྱོས་མཐོང་དུས་ཧ་ཅང་ཤ་ཚ་ཀི

    Reply
  34. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ལས་ཤོར་ ཞེས་པ་ལས་ཞོར་བཅོས།

    Reply
  35. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། ཁྱོད་ལ་གསལ་སྟོན་ཞུ་རྒྱུ་འབ་སོག་ཞེས་པའི་ཁྱི་བྱེ་བྲག་པ་ཞིག་གི་མིང་ཡིན། འབ་པ་ཞེས་པ་ཁྱིས་རྨུག་པའམ་ཟུག་པ་ཞེས་གསལ་པོ་ཡོད། སྤྱིར་མིང་ཚང་མ་དག་ཡིག་ནང་གསལ་དགོས་ཡོད་ན་ཁྱེད་མཁས་རྟགས་ཆེ་ བའི་སྐྱོན་དང༌། ཨོག་རྡོག་ནི་ཁྱོད་ལ་ཡོད་ཀྱི་ཁྱོད་ཀྱི་སྐྱེ་དམན་ལ་མེད་པའི་ཨོག་མའི་འོག་གི་རྡོག་རྡོག་དེ་རེད། དེ་དག་མ་ཤེས་ན་ད་དུང་ཁྱོད་ནས་ལས་ཤོར་དུ་བོད་ཡིག་བསྐྱར་སྦྱོང་ཅུང་གནང་དགོས་པ་མཐོང༌། ཤངས་ནི་དངོས་ནས་ཁྱེད་ཀྱི་མི་ཤེས་དེ་ནི་སྣའི་བཞེད་ས་རེད།
    ༼ད་དུང་བུ་མོ་ཚོས་བོད་ཡག་པོ་ཤེས་ཀྱི་མི་འདུག་མདོག་མདོག༽བརྗོད་པ་འདི་ནི་ཁྱེད་བྲིས་པའི་བརྗོད་པ་རེད་དེ་ངས་ཀློག་ཤེས་མ་སོང༌། དག་ཡིག་ཡོད་ན་ཡག་པོ་གཟིགས་སྐྱོར་ཐེངས་གཅིག་བགྱི་མེད་ན་ཐབས་ཤེས་མཐོང༌། དེ་དག་བོད་སྐད་གཙང་མ་ཡིན་མ་གོ་ན་སའི་སྐྱོན་རྟགས་དཔྱད་བྱས་སྐད་བཤད་ན་ལེགས། མ་ཤེས་ཤེས་དོགས་མ་བྱས་ན་ལེགས།ཧཧཧཧཧཧཧཧཧཧཧཧ

    Reply
  36. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེ་ལགས། ཡིག་ནོར་མཛུབ་མོ་འཛུགས་རོགས་གནང།
    ཁྱེད་ཀྱིས་ནོར་བ།

    འབ་སོབ་ཞེས་པའི་འབ་ཟེར་བ་ཞིག་དག་ཡིག་གསར་བསྒྲིགས་ནང་དུ་མེད།
    འབ་སོབ
    ཨོག་རྡོག
    ཤངས་ལེབ་བཞུ་གོ་མེད་འགྲོ།
    ཐ་སྙད་འདི་ཚོ་སུ་ཡི་སྐད་རེད་ཨ། རྒྱ་སྐད་རེད་དམ་བོད་སྐད་རེད་ཨ། ད་དུང་བུ་མོ་ཚོས་བོད་ཡག་པོ་ཤེས་ཀྱི་མི་འདུག་མདོག་མདོག

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese