མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་ཁྱེད་ཀྱིས་མཛངས་མའི་དབུ་རྒྱན་སུ་ལ་བསྒྲོན་རྒྱུ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་འགྲན་རྩོད་ཀྱི་མཛད་སྒོ་ཐེངས་དགུ་བ་དེ་དངོས་སུ་མགོ་འཛུགས་བྱས་ཡོད། ད་ལོ་ཡང་སྔར་ལོ་དང་འདྲ་བར་འགྲན་ཞུགས་བུ་མོ་བཞི་ལས་བྱུང་མེད། ཕྱི་ལོ་ ༢༠༠༢ ལོའི་སྐབས་དང་པོར་འགྲན་ཞུགས་པ་ ༤ དང་། སྐབས་གཉིས་པར་ ༡ ། སྐབས་གསུམ་པར་ ༥ ། སྐབས་བཞི་བར་ ༡ ། སྐབས་ལྔ་བར་ ༦ ། སྐབས་དྲུག་པར་ ༥ ། སྐབས་བདུན་པར་ ༢ ། སྐབས་བརྒྱད་པར་ ༤ བཅས་ད་བར་ཁྱོན་བསྡོམས་བུ་མོ་ ༢༨ ཙམ་བྱུང་ཡོད།

དེ་རིང་ཉིན་གུང་ཆུ་ཚོད་ ༡༢ སྟེང་བཞུགས་སྒར་ངྷ་རམ་ས་ལར་ཕྱི་ལོ་ ༢༠༡༠ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་སྔོན་འགྲོའི་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད། ད་ལོ་བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་མཁན་བུ་མོ་ ༤ ཡོད་པ་དང་། དེ་དག་ནི་རང་ལོ་ ༡༩ ཡིན་པའི་ངྷ་རམ་ས་ལའི་དབྱངས་ཅན་མེ་ཏོག་དང་། རང་ལོ་ ༢༥ ཡིན་པའི་བྷིང་ལོར་གྱི་རིན་ཆེན་ཆོས་སྒྲོན། རང་ལོ་ ༢༢ ཡིན་པའི་བྷིང་གྱི་བསྟན་འཛིན་རྣམ་ཆོས། རང་ལོ་ ༢༣ ཡིན་ཞིང་ཝ་རཱ་ན་སི་ནས་ཡིན་པའི་བསྟན་འཛིན་ནོར་འཛོམ་བཅས་རེད། གསར་འགོད་གསལ་བསྒྲགས་ཐོག་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་སྤྱི་ཁྱབ་བཀོད་འདོམ་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༡༠ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་སྔ་ཕྱིའི་བྱུང་རིམ་ངོ་སྤྲོད་གནང་དོན། ཐོག་མ་ད་ལོ་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་བཅུ་གྲངས་ཤིག་བྱུང་ཡོད་ཀྱང་། རིམ་གྱིས་རྒྱུ་རྐྱེན་འདྲ་མིན་གྱི་དབང་གིས་ཕྱིར་འཐེན་བྱས་ཏེ་ད་ཆར་དངོས་སུ་ཞུགས་མཁན་བུ་མོ་བཞི་ཡོད། འདས་པའི་བདུ་ཕྲག་ཅིག་ཙམ་ནས་འགྲན་ཞུགས་པ་དག་བཞུགས་སྒར་དུ་འཛོམས་ཏེ། ཁོང་ཅག་ངྷ་རམ་ས་ལ་གཡས་གཡོན་དུ་གཟིགས་སྐོར་དང་། ཆེད་མཁས་པ་དང་གནད་ཡོད་མི་སྣ་གདན་འདྲེན་ཞུས་ཏེ་སློབ་གསོ་ལམ་སྟོན་དང་སྦྱོང་བསྡུར་སྤྲད་པ་ཡིན།  

 

བདུན་ཕྲག་གཅིག་གི་རྗེས་དངོས་གཞིའི་འགྲན་བསྡུར་དེ་མགོ་འཛུགས་ཞུ་རྒྱུ་ཡིན། ཉིན་དང་པོར་ཆུ་རྐྱལ་གྱི་རོལ་རྩེད་དང་། ཉིན་གཉིས་པར་གཏམ་བཤད་དང་ལུས་རྩལ་འགྲན་བསྡུར་ཡིན། ཉིན་གསུམ་པར་བོད་གཞུང་ཟློས་གར་ཐང་ཆེན་དུ་མཐའ་མའི་སྟེང་རྩོད་འགྲན་བསྡུར་བྱ་རྒྱུ་རེད། ལོ་སྔ་མ་དག་དང་མི་འདྲ་བར་ད་ལོ་མཛངས་མས་གར་སྟབས་ངོམ་སའི་གར་སྟེགས་དང་། གློག་སྒྲོན་འདྲ་མིན་སོགས་ཀྱི་ཇུས་འགོད་ཅན་ངྷ་སྒར་གྱི་བཟོ་གྲྭ་ཞིག་གིས་འཁྱེར་ཡོང་གིན་ཡོད། ཉིན་དེའི་དགོང་མོ་བོད་གཞུང་ཟློས་གར་ཐང་ཆེན་དུ་མི་དམངས་འདུ་འཛོམས་ཐོག བུ་མོ་རེ་རེ་བཞིན་བོད་པའི་ཐུན་མོང་མ་ཡིན་པའི་ཆས་གོས་དང་། ཕྱི་ལུགས་དེང་རབས་ཀྱི་ཆས་གོས་འདྲ་མིན་བརྗེ་སྤོར་གྱིས་མི་དམངས་ཀྱི་མདུན་དུ་ཡོང་སྟེ། དཔྱད་འདེམ་པ་རྣམ་པའི་དྲི་བ་དྲིས་ལན་དང་། གླུ་དབྱངས་དང་ཞབས་བྲོ་སོགས་སོ་སོའི་ཁྱད་ཆོས་གང་ཡོད་ངོམ་རྗེས་མཛངས་མ་རྩེ་ཕུད་དེ་བདམས་ཏེ། ཕྱི་ལོ་ ༢༠༡༠ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་སྒྲོན་རྒྱུ་རེད། ཨང་དང་པོར་ཧིན་སྒོར་འབུམ་གཅིག་དང་། ཨང་གཉིས་པར་ཧིན་སྒོར་ལྔ་ཁྲི། ཨང་གསུམ་པར་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་། མཐའ་མ་དེར་ཆེ་མཐོང་བྱ་དགའ་བཅས་སྤྲོད་རྒྱུ་ཡིན། ཞེས་ངོ་སྤྲོད་གནང་བྱུང་། དེའི་རྗེས་འགྲན་ཞུགས་པ་དག་ལ་མཛངས་མའི་འགྲན་བསྡུར་ནང་ཞུགས་དོན་གང་ཡིན་དང་། ཨང་དང་པོ་ཐོབས་ཚེ་དམིགས་ཡུལ་གང་ཡོད་བཅར་འདྲི་ཞུས་ཡོད།

 

ངའི་མིང་ལ་བསྟན་འཛིན་རྣམ་ཆོས་ཟེར་གྱི་ཡོད། ང་རང་ ༢༠༠༠ ལོར་རྒྱ་གར་ལ་ཡོང་སྟེ་སུ་ཇ་བོད་ཁྱིམ་ནས་སློབ་སྦྱོང་བྱས་ཤིང་། ༢༠༠༩ ལོར་གྷོལ་པ་པུར་བོད་ཁྱིམ་ནས་འབྱུང་རིག་ཐོག་སློབ་སྦྱོང་ཐོན་རྗེས་ད་ཆར་བྷིང་ལོར་མཐོ་སློབ་དུ་སྤྱི་ཚོགས་ཞབས་ཞུའི་ཐོག་སློབ་སྦྱོང་ལོ་རིམ་གཉིས་པ་ཡིན། ང་རང་གི་རེ་བ་ལ། བོད་པའི་སྤྱི་ཚོགས་གཅིག་པུ་མ་ཡིན་པར་རྒྱ་གར་དང་། ཕྱི་རྒྱལ་བ་སུ་ཞིག་ཡིན་རུང་མི་ཡིན་པ་གཅིག་མཚུངས་ཀྱི་འདུ་ཤེས་ཐོག ཁོང་ཅག་ལ་ཕན་ཐོགས་པའི་ལས་ཀ་ཞིག་བྱ་ཐུབ་ན་དྲན་ཡོད། ངས་བྱེད་ཐུབ་པའི་ལས་ཀ་དེ་རྒྱ་མཚོའི་ནང་དུ་ཆུ་ཐིགས་ལྟ་བུ་ཞིག་ཡིན་ནའང་། ལས་ཀ་ཆུང་ཆུང་དེ་སྤུས་དག་པོ་ཞིག་དང་གཞུག་གཙང་མ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། བོད་ཀྱི་མཛངས་མ་དེ་སོ་སོར་ཐོབ་མིན་གཙོ་བོ་མ་རེད། འགྲན་བསྡུར་གང་ཞིག་ཡིན་རུང་ཐོབ་པ་དང་ཤོར་བ་གཉིས་ཀ་ཡོང་སྲིད་པ་ཞིག་རེད། ཉམས་མྱོང་དང་སློབ་སྦྱོང་། གོ་སྐབས་སོགས་མ་ཤོར་བ་བྱ་རྒྱུ་གལ་ཆེན་པོ་རེད།  གལ་སྲིད་ང་ལ་ཨང་དང་པོ་ཐོབ་པ་ཡིན་ནའང་། ང་རང་ནམ་རྒྱུན་གྱི་བུ་མོ་དེ་རེད། འོན་ཀྱང་སོ་སོའི་སྟེང་གི་ཞན་ཆ་ཡར་རྒྱས་སུ་གཏོང་རྒྱུ་དང་། སྔར་སོ་སོས་ནོར་འཁྲུལ་བཟོས་མྱོང་བའི་ཕྱོགས་ལ་གུན་གསབ་བྱ་རྒྱུ། དེ་བཞིན་མ་འོངས་པར་བོད་ཀྱི་མཛངས་མའི་མིང་བེད་སྤྱོད་ལོག་པར་མི་འགྲོ་བ་ཞིག་ལ་ཐབས་ཤེས་བྱ་འདོད་ཡོད།

 

ངའི་མིང་ལ་དབྱངས་ཅན་མེ་ཏོག་ཟེར་ཞིང་། ཕ་ཡུལ་མགོ་ལོག་ནས་ཡིན། བོད་ནས་སློབ་འབྲིང་བར་བཏོན་རྗེས་ ༢༠༠༨ ལོར་རྒྱ་གར་དུ་ཡོང་བ་ཡིན། ད་ཆར་ངྷ་རམ་ས་ལར་དབྱིན་ཡིག་སྦྱོང་གིན་ཡོད། ཐེངས་འདིའི་མཛངས་མ་འགྲན་བསྡུར་ནང་ཞུགས་དོན་གང་ཡིན་ཟེར་ན། བོད་པའི་བུད་མེད་ཚོ་སོ་སོར་ཡིད་ཆེས་ཞེ་དྲག་མི་འདུག ང་རང་གིས་བལྟས་ན་བློ་བཟང་དབང་རྒྱལ་གྱིས་མཛངས་མ་འགྲན་བསྡུར་ཟེར་བ་འདི་མཛངས་མ་གཅིག་འཚོལ་རྒྱུ་དེ་ཡིན་རྒྱུ་མ་རེད། ལས་འགུལ་འདི་བརྒྱུད་དེ་བོད་ཀྱི་བུད་མེད་མང་པོ་ཞིག་ལ་སེམས་ཤུགས་དང་བློ་ཁོག་ཆེ་རུ་གཏོང་རྒྱུ་དང་། བོད་པའི་བུད་མེད་ཚོས་ཀྱང་ད་ལྟའི་དུས་ཚོད་ཀྱི་ཆ་ཤས་མང་པོ་ཞིག་ལེན་ཐུབ་རྒྱུར་ལམ་ཁ་བཟོ་རྒྱུ་དེ་ཡིན་རྒྱུ་རེད་སྙམ་ཟེར། གལ་སྲིད་ང་རང་ལ་ཨང་དང་པོ་ཐོབ་ཚེ་དམིགས་ག་རེ་ཡོད་སྐོར་དྲིས་པར། བོད་ནང་གི་ཡུལ་ཤུལ་ས་ཆར་གོད་ཆག་བྱུང་ཡུལ་དུ་རོགས་པ་ཞིག་བྱ་ཐུབ་ན་བསམ་ཡོད། ང་རང་ཆུང་དུས་ནས་རྒྱ་གར་དུ་འགྲོ་འདོད་ཆེན་པོ་ཡོད། མ་འོངས་པར་རྒྱ་གར་ལ་ཕྱིན་ཏེ་༧རྒྱལ་བ་རིན་པོ་ཆེ་ལ་ཐེངས་གཅིག་མཇལ་རྗེས། ཕྱི་རྒྱལ་བ་དག་དང་འདྲ་བར་ཤེས་ཡོན་ཡོད་པ་དང་། སྐད་ཡིག་མང་པོ་ཞེས་མཁན་ཞིག་བྱ་དགོས་ཀྱི་འདུག་དྲན་ཡོད། ང་ཚོས་བོད་པ་བོད་མི་ཟེར་ནས་བཤད་ཀྱིན་ཡོད་ཀྱང་། བོད་དང་བོད་མིར་ཤ་ཚ་དང་ལ་རྒྱ་འཛིན་དགོས་ན། ཨང་དང་པོ་སོ་སོ་མི་ཡག་པོ་ཞིག་བྱ་དགོས་པ་རེད། དེ་ལ་གདོང་པ་དང་གྱོན་པ་ཡག་པོ་ཡོད་པས་འགྲིག་གི་མ་རེད། ནང་ན་ཤེས་ཡོན་དང་བསམ་བློ་དགོས་པ་རེད་དྲན་ཡོད།

 

ངའི་མང་ལ་བསྟན་འཛིན་ནོར་འཛོམ་དང་གཞིས་ཆགས་ཧོར་སོར་ནས་ཡིན། ཝ་ར་ན་སཱར་ལོ་བདུན་ལ་སློབ་སྦྱོང་བྱས་པ་ཡིན། ང་རང་བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་དོན་གཙོ་བོ། སྡིངས་ཆ་འདི་བོད་ཀྱི་བུ་མོ་ཚོའི་ཆེད་དུ་བཟོས་པ་རེད། འོན་ཀྱང་འདིར་ཞུགས་མཁན་ཉུང་ཉུང་རེད། སྔོན་མ་ང་རང་གིས་ཀྱང་མཛངས་མ་འགྲན་བསྡུར་འདི་སྡུག་ཅག་རེད་དྲན་ཡོད། དེ་ལྟ་ཚུལ་ནོར་བ་རེད། སྔོན་མ་ནས་ཞུགས་ཡོད་ན། ང་ལོ་ཆུང་སྟབས་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་ལ། གལ་སྲིད་ཐོབ་མེད་ཀྱང་སློབ་སྦྱོང་མང་པོ་རག་ཡོད་པ་རེད། དེ་ལ་ཅུང་བློ་ཕམ་སྐྱེ་ཀྱི་འདུག་ཟེར། གསར་འགོད་པའི་ཁོ་མོར་གལ་སྲིད་ཨང་དང་པོ་ཐོབ་ན་ཕྱག་ལས་ག་རེ་གནང་རྩིས་ཡོད་སྐོར་དྲིས་པར། ལ་ང་ལ་བོད་ཀྱི་མཛངས་མ་ཐོབ་སོང་བ་ཡིན་ན། ཕྱི་རྒྱལ་གྱི་བུད་མེད་མང་པོ་ཞིག་དང་འབྲེལ་བ་ཡོང་གི་རེད། འཛམ་གླིང་ནང་བོད་ཀྱི་ལུང་པ་ཧ་མི་གོ་མཁན་མང་པོ་ཞིག་ཡོད་པ་རེད། ཧ་གོ་མཁན་ཚོས་ཀྱང་བོད་ཀྱི་གནས་སྟངས་དང་། རྒྱ་ནག་གི་བྱེད་སྟངས་མང་པོ་ཞིག་ཤེས་ཀྱི་ཡོད་པ་མ་རེད། ངས་བོད་ཀྱི་མཛངས་མའི་མིང་ཐོག་ནས་བོད་དོན་ཁྱབ་བསྒྲགས་དང་། བོད་མི་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་འཛམ་གླིང་ལ་ཤེས་ཐུབ་པ་ཞིག་བྱ་ཐུབ་ན་དྲན་ཡོད། ཡང་ཆ་རྐྱེན་ཚང་དགོས་པ་རེད། བོད་ཀྱི་མཛངས་མ་ཟེར་ན། གཙོ་བོ་ནང་གི་སློབ་སྦྱོང་དང་རྣམ་པ་གཉིས་ཀ་དགོས་པ་རེད། ལྷག་པར་དུ་བོད་ཀྱི་གནས་སྟངས་ཡག་པོ་ཞིག་ཤེས་དགོས་པ་རེད་དྲན་ཡོད།

 

ངའི་མིང་རིན་ཆེན་ཆོས་སྒྲོན་ཟེར་གྱི་ཡོད། ང་རང་སྐྱེས་ས་མོན་རྟ་དབང་ཡིན། ང་རང་ཆུང་དུས་ནས་རྒྱ་གར་སློབ་གྲྭར་སོང་བ་ཡིན། མཐོ་སློབ་ཐོན་རྗེས་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་གྲོང་ཁྱེར་ནང་མཛེས་བཟོ་དང་སྐྲ་བཟོ་ཡི་ལས་ཀ་བྱེད་ཀྱིན་ཡོད། ང་རང་གིས་བོད་སྐད་མི་ཤེས་ཀྱང་། བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་རྒྱུ་གལ་ཆེན་པོ་རེད་དྲན་སོང་། བོད་པའི་བུ་མོ་མང་པོ་ཞིག་སྡིངས་ཆ་འདི་ལྟ་བུའི་ཐོག་ལ་འབུད་རྒྱུར་ཞེད་ཀྱི་ཡོད་པ་རེད། གལ་སྲིད་ང་ལ་ཐེངས་འདིར་ཨང་དང་པོ་ཐོབ་པ་ཡིན་ན། རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་དང་མོན་གྷོ་བོད་པའི་གཞིས་ཆགས་ནང་གི་བདག་པོ་མེད་པའི་རྒན་འཁོགས་ཚོར་རོགས་སྐྱོར་བྱ་དགོས་བསམ་ཡོད། ང་རང་གིས་བལྟས་ན། སྤྱིར་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་མཛངས་མ་ཟེར་དུས་ཤེས་ཡོན་དང་འཇོན་ཐང་། རྣམ་པ་སོགས་མང་པོ་ཞིག་འཛོམ་དགོས་ཀྱང་། བོད་པ་སྐྱབས་བཅོལ་བའི་ནང་གི་མཛངས་མ་ཟེར་དུས་སྤོབས་པ་དང་། ལྷག་པར་དུ་དོན་དག་ཆེ་ཆུང་གང་ལ་ཐུག་ཀྱང་གདོང་ལེན་བྱ་ཐུབ་པའི་བློ་སྟོབས་གལ་ཆེན་པོ་རེད་དྲན་ཡོད་ཟེར། ཡང་ཁོ་མོར་བོད་སྐད་མ་ཤེས་པའི་ཐད་དགོངས་ཚུལ་ག་འདྲ་ཡོད་སྐོར་དྲིས་པར། ངས་བོད་སྐད་མ་ཤེས་པའི་ཐད་བསམ་ཚུལ་དམིགས་བསལ་མེད། རྒྱ་གར་དང་ཕྱི་རྒྱལ་སོགས་སུ་བོད་པ་བོད་སྐད་མི་ཤེས་མཁན་མང་པོ་ཡོད་པ་རེད། སྤྱིར་ངས་བོད་སྐད་བཤད་མི་ཐུབ་ཀྱང་བོད་སྐད་གོ་ཐུབ་ཀྱི་ཡོད། ད་སྐབས་བོད་ཡིག་བོད་སྐད་སློབ་སྦྱོང་བྱེད་ཀྱིན་ཡོད།

གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༦ སྔོན་ལ།

མཆན། 86

  1. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཅོ་རི་ལགས། ༼ཁྱེད་ལ་ངོ་ཚ་རྒྱུ་མི་འདུག་པས། འོ་ན་སྨྱོན་པ་ཆགས་རེན་དྲག་ཡོད་པས།༽ཚིག་འདི་ཚོ་ཁྱོད་ཀྱིས་བཤད་པའི་སྐད་སོང་ཁ་རྡུང་མ་ཡིན་པ་དང༌། སྣ་ལེབ་ཞེས་ངས་བཤད་པའི་སྐད་སོང་ཁ་རྡུང་རེད་ཟེར་ན་མི་གད་མོ་མི་ཤོར་རམ། དགོངས་པ་ཡག་པོ་ཞེས། མ་དག་པའི་ཚིག་འདྲ་ཡོད་ན་སློབ་སྟོན་གནང་རོགས་གུས་བཀུར་བཞུ་ཆོག

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཅོ་རི་ལགས་གཟིགས་དང་ཁྱེད་དང་ང་རྒྱ་མར་སྟེགས་ན་དོ་སྙམ་ཨ་ན་མ་ན་རེད། མི་བདེན་བསམ་ན་ཉིད་ཀྱི་བྲིས་པའི་མཆན་དག་ལ་ཕྱི་མིག་ཞིག་གཟིགས། རང་གི་ངོ་ལ་གཡག་རྒྱུགས་པ་མི་མཐོང༌། གཞན་གྱི་ངོ་ལ་ཤིག་ཞེས་པའི་གཏམ་དཔེ་དེ་ཉིད་ལ་གསུང་པ་མིན་ན་སུ་ལ་ཡིན།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེ་ལགས་་་་ཁྱེད་རང་གིས་བྲིས་པའི་ཡི་གེའི་དག་ཆ་དེར་གཅིག་གཟིགས་དང་། ཐུགས་རྗེ་གཟིགས། སྐད་ཆ་ལ་གོ་རྒྱུ་མེད། ཚིག་ལ་དག་ཆ་མེད། མི་སེར་ཉམ་ཆུང་ལ་མཐོང་ཆུང་བྱས། ད་དུང་མི་གཞན་ལ་ཁ་རྡུང་སྣ་རྡུང་གཏོང་ནུས་པ་འདི་འདྲ་ག་རེ་རེད་ཨ།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཅོ་རི་ལགས་དགོངས་པ་མ་འཛོམས་སྣ་ལེབ་ལ་སྣ་ལེབ་ཞེས་བཤད་པར་མཐོང་ཆུང་བྱས་པ་འགྲོ་གི་ཡོད་ན་ཤངས་ལེབ་བཞུ་གོ་མེད་འགྲོ། ང་གྲྭ་བ་སོང་ཙང་དེ་དག་མི་དགོས་ཞེས་ལབ་ཡོད། ཁྱེད་ནས་རྒྱལ་སྲས་བྱང་ཆུབ་སེམས་པ་བསམ་བཞིན་དུ་སྲིད་པ་བཟུང་བ་བཞིན་སྲས་སྟོང་ལ་སོགས་པ་བསྐྲུན་པ་མཛད་ན་གོ་སྐབས་དམ་བཟུང་གནང་ཞིག་སྐུ་རྩེ་ཞུས་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    ༢༠༡༠ལོའི་མཛངས་མའི་འགྲན་བརྡུར་ནང་བཞུགས་མཁན་ཚོ་སྔོན་ལས་ཡར་རྒྱས་ཤིག་ཏུ་སྣང་བས་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  6. འབྲོག་མོ says:
    ལོ་ 15 སྔོན།

    ཨ་ཨ་ཨ་བོད་ཀྱི་མཛེས་མེས་འགྲན་བསྡུར་ནང་དུ་བུ་མོ་དེ་འདྲ་བོ་ཀྱང་ཀྱང་སླེབས་ཡོང་དུས་དངོས་གནས་སེམས་ནང་དུ་བཤད་མི་ཤེས་པའི་ཚོར་བ་ཞིག་བྱུང་སོང།གང་ཡིན་ཟེར་ན་བུ་མེད་དེ་ཚོ་མཐོང་བ་ཙམ་ཀྱི་སེམས་ནང་དུ་བོད་པའི་བུ་མོ་རྫོགས་པ་འདྲ་བསམ་སོང་།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨེ་བཟོད་པ་ལྷ་རྩེ་ལགས།
    ཁྱེད་གྲྭ་བ་ཞིག་གིས་ངོས་ནས་སྐད་ཆ་བཤད་སྟངས་འདི་འདྲ་རེད་པས། ཁྱེད་ལ་ངོ་ཚ་རྒྱུ་མི་འདུག་པས།
    འོ་ན་སྨྱོན་པ་ཆགས་རེན་དྲག་ཡོད་པས། སོ་སོར་སོ་སོའི་མི་རིགས་ལ་མཐོང་ཆུང་དེ་ཙམ་བྱེད་པ་དེར་ཡིད་མ་རུང་བ་རང་རེད་ད།

    Reply
  8. སྦྲ་ནག་གྲུ་བཞི says:
    ལོ་ 15 སྔོན།

    བོད་ཀྱི་མཛངས་མ་ནི་ སྐུ་གཟུགས་གཅིག་པོ་མ་ཡིན་པར་ བོད་ཀྱི་སྐད་ཡིག་དང་ བོད་མི་རིགས་ཀྱི་ཡུལ་སྲོས་གོམ་ཤིས་ཡོད་པ་ཞིག་དགོས་ངས་རེད

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    སྣ་ལེབ་འབ་སོབ་འདྲ་བའི།
    མཛངས་མ་བསྟན་འཛིན་རྣམ་ཆོས།
    བུ་ཆུང་ཨོག་རྡོག་མེད་པ།
    མཛངས་མ་དབྱངས་ཅན་མེ་ཏོག།
    ཕག་སྤྱན་བྱེའུ་མཆུ་ཅན།
    མཛངས་མ་བསྟན་འཛིན་ནོར་འཛིན།
    རང་སྐད་མི་ཤེས་རྨོ་གདོང༌།
    མཛངས་མ་རིན་ཆེན་སྒྲོལ་མ།
    བོད་ཀྱི་མཛངས་མའི་རྣམ་པ།
    གཅིག་ལས་གཅིག་ལེགས་འདུག་ཀྱང་།
    བུ་ཆུང་བདག་ལ་མི་དགོས།
    སུ་ལ་དགོས་ཀྱང་འཁྱེར་ཤིག

    Reply
  10. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ཨོ་ཧོ་ཧོ་བསམ་བསམ་ཞིག
    ་མི་འདུག་ནའང་།
    བཤད་ན་མ་བཤད་ན་གཅིག་ཐོབ་ནི་ཐོབ་འགྲོ་རེད།
    དེ་ག་རང་རེད།
    ཉ་རེ་ཉཽ་རེ་མང་པོ་གླེང་ནས་ཅི་བྱེད། དུག་འབུ་ཡིན་དྲ་འབུ་ཡིན་མི་ཤེས་མང་པོ་འདུག་དཱ་་་་
    བོད་ཀྱི་མཛངས་མའི་ཁྱད་ཆོས་ལྡན་ས་ནི་ཁག་པོ་རེད་མ་རེད།
    དྲྭ་འབུ་རྣམས་ཀྱིས་ཕྱིར་འབུད་གཏོང་ཐོབ་རྒྱུ་མ་རེད་་་ཁོང་ཚོའི་ག་རེ་གླེང་ན་སློང་ཆིགས་ན་དེ་ག་རང་རེད་ཧཧཧ་་ཧ་ཧ་ཧ་

    Reply
  11. སྟོབས ། says:
    ལོ་ 15 སྔོན།

    ཁ་བྱང་འདི་མཐོང་བ་ཙམ་གྱིས་དྲ་འབུ་མང་པོ་སླེབས་ཡོད་པ་ཤེས་སོང་ །
    ཕྱོགས་གཅིག་བཤད་ན་ཁག་མེད་ཀྱང་སྐྱེས་པ་ཡོད་བུད་མེད་ལ་དུང་བས་དབང་གིས་རང་ཉིད་སྡུག་ལ་སྦྱར ། སྡུག་བསྔུལ་འདི་སུ་ཡིས་རྟོགས །
    སྤྱིར་ཡིན་ན་བློ་བཟང་དབང་རྒྱལ་ལ་མཚོན་ན ། འཛངས་མ་ཚད་ལྡན་ཞིག་བཙལ་ནས་འཛམ་གླིང་འདིའི་ཆེས་མཐོ་ས་ནས་བོད་ཀྱི་འཛེས་མ་ཞེས་པའི་དབུ་རྒྱན་དེ་ཤར་ནུབ་ཀུན་གྱི་བུད་མེད་ལ་དུང་བ་ཟབ་ཞིང་བརྩེ་ཆེ་བའི་སྐྱེ་བོ་དག་གི་མིག་ལམ་དུ་ངོམ་ངོམ་ཆོག་ཡོད་པ་ཞིག་སྟོན་རྒྱུའི་རེ་བ་བཅང་ཡོད་ནའང་།
    དུས་ད་ལྟ་བར་བོད་ཀྱི་འཛངས་མ་ཞེས་པའི་འགྲན་རྩོད་ལ་ཞུགས་མཁན་ལ་བུད་མེད་ཁ་རྣ་ཡག་པོ་ཡོད་མཁན་ཞིག་ཀྱང་སྔ་གཞུག་ཏུ་རེག་མེད་ལ་བྱུང་ཀྱང་མེད། དེ་ལས་ཐབས་སྐྱོ་བ་ཞིག་སྐྱེ་གཟུགས་ཀི་ཆ་ནས་ཀྱང་ཕྱིའི་མི་རིགས་གཞན་ལ་སྟོན་དཀའ་བ་རྐྱང་རྐྱང་ཐོན་ཡོད ། ང་སྒེར་སྟེང་ལ་མཚོན་ན་བྱ་འགུལ་འདིའི་རིགས་ལ་དཀའ་མོས་ཡོད་ལ་ལྟ་འདོད་ཀྱང་ཆེན་པོ་ཡོད །
    ཡིན་ནའང་ ། ལྟ་ཐུབ་མེད་པའི་བུད་མེད་དག་མིག་མདུན་ལ་ཤར་ཡོད་དུས་ང་གང་དུ་བྲོས་དགོས་སམ །

    Reply
  12. ཉི་མ་རྒྱལ་མཚན says:
    ལོ་ 15 སྔོན།

    སྐུ་ལུས་མཛེས་པའི་བུ་མོར།།
    མཛངས་མའི་མིང་ཞིག་ཐོབ་པ།།
    མཛངས་མའི་གྲལ་ཏུ་མི་ཆུད།
    རང་སེམས་དུང་ཟལ་བཞིན་དུ།།
    འོད་ཟེར་སྟོང་ལྡན་ཡིན་ན།།
    མཛངས་མའི་གྲལ་ཏུ་ཆུད་ཡོད།།
    ཤིང་བྱ་རིག་པའི་གནས་ལ།།
    བག་ཆགས་ཆེ་པོ་ཡོད་ན།།
    མཛངས་མའི་གྲལ་ཏུ་ལོ་ཡོད།།

    Reply
  13. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གསང་མིང་འོག་གི་འཇབ་རྒོལ་བ་དང་རྨས་མ་ཚོ།
    འདོན་སྤེལ། ༢༠༡༠/༠༥/༣༡
    ཞེས་པའི་གསར་འགྱུར་འདིའི་ཐད་ལ་བགྲོ་གླེང་བྱེད་པར་ཕེབས་ཤོག

    Reply
  14. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    འོད་ལགས་ལ་ཞུ་རྒྱུར་ཁྱེད་ཀྱང་ང་དང་འདྲ་བར་ཁོ་མོར་རྒྱུར་མངའ་ཡོད་མཁན་ཞིག་ཡིན་བཟོ་འདུག་པས་དེ་རིང་ང་གཉིས་མཉམ་དུ་ཁོ་མོའི་ལས་དབང་ལ་འགྱུར་བ་ཞིག་གཏང་ཐུབ་རྒྱུའི་སྨོན་ལམ་རྒྱབ་ན་འགྲིག་གམ།
    བཤད་མི་དགོས་པ་ཞིག་ལ་ཁོ་མོ་ནི་དངོས་གནས་དངས་གཙང་ཞིག་ཡིན་ཡང་གནས་སྐབས་ཞིག་གི་རིང་གཞན་གྱི་གནོད་འཚེ་འཕྲན་བུ་ཞིག་ཕོག་འདུག་པ་དེ་ལས་མཐར་ཐུབ་པའི་རེ་བ་ཆེ། །

    Reply
  15. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    ང་ནི་ཁྱེད་ལ་རྒྱུས་མངའ་ཕྲན་བུ་ཡོད་པའི་མི་ཞིག་ཡིན་པས་ངས་ཁྱེད་ལ་ངའི་སེམས་གཏིང་གི་སྐད་ཆའམ་དྲན་སྐུལ་ཞིག་བྱེད་འདོད་ཡོད་ལ་དེ་ནི་ངའི་རེ་བ་ཡང་ཡིན་ལ་ཕལ་ཆེར་ཁྱེད་ཀྱི་ཕ་མ་གཉིས་པོས་ཡང་དེ་ལྟར་ང་དང་འདྲ་བ་འི་དྲན་སྐུལ་བྱེད་སྲིད།
    དབྱངས་ཅན་མེ་ཏོག་ལགས་དངོས་ནས་བཤད་ན་ཁྱེད་ཉིད་དངས་གཙང་ཞིག་ཡིན་མོད།
    སྟབས་མ་ལེགས་པ་ཞིག་ལ་ནོར་འཕྲུལ་ཕྲན་བུ་ཞིག་ཤོར་ཡོད་ཟོ་འདུག་པས་དེ་རིང་གི་འགྲན་བརྩོད་དེ་རྗེས་ཁྱེད་ལ་ལེགས་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཐེབས་ཐུབ་པའི་རེ་བ་ཧ་ཅང་ཆེ།
    གལ་སྲིད་ཁྱེད་ལ་དེ་རིང་གི་འགྲན་རྩོད་དེ་དང་དུས་རྒྱུན་འཚོ་བའི་ཁྲོད་དཀའ་ངལ་འདྲ་བྱུང་ཚེ་ངའི་གློག་འཕྲིན་ཁ་སྦྱང་དེའི་ཐོག་འབྲེལ་བ་གནང་ན་ངས་གང་ཐུབ་བྱས་ཆོག་ tsephel@ovi.com
    དངོས་གནས་ཁྱེད་རང་ཡག་པོ་ཞིག་ཆག་ཐུབ་པའི་རེ་བ་ཡོད། ཤུགས་རྒྱབ། ངས་ཀྱང་ཁྱེད་ལ་སྨོན་ལམ་རྒྱབ་རྒྱུ་ཡིན།

    Reply
  16. tenzen lhamo says:
    ལོ་ 15 སྔོན།

    བུ་མོ་ཟེར་དུས་འདི་འདྲ་སྤོབས་ཅན་དགོས་པ་རེད། རྣམ་ཡག་པོ་མེད་ནའང་འགྲན་བསྡུར་ཕེབས་ནུས་པ་ཐུགས་རྗེ་ཆེ་ཞུ།

    Reply
  17. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་བྱ་འགུལ་འདིར་སྤྱི་ཚོགས་ཀྱི་ཟུར་ངོས་གང་རུང་ནས་གླེང་སློང་མི་འདྲ་བ་བྱ་མཁན་ཡོད་ན་ཡང་། རིམ་གྱི་ནར་སོན་ནས་འགྲོ་གི་ཡོད་པ་དེར་དགའ་བསུ་ཞུ།

    Reply
  18. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཧ་ཧ་ཧ་པེ་ཡག་པོ་འདུག་
    རྨོག་རུ་བརྟན་པ་ཁྱོད་ཀྱིས་ཀྱང་བོད་སྤྱི་བའི་དོན་ལ་དཀའ་ལས་མ་བརྒྱབ་བསམ་པ་ཞིག་མེད་པས་དབུ་རྒྱན་གཉིས་པ་ཞིག་ཡོད་ན་ཁྱོད་ལ་བཀོན་ན་འགྲིག་ཧ་ཧ་ཧ་

    Reply
  19. མི་ཞུན། says:
    ལོ་ 15 སྔོན།

    གཙན་ཚ་དཔལ་ལྡན་ལགས་ཀྱི་ངོ་སྤྲོད་དེའི་ནང་དུ་དོན་དངོས་མིན་པའི་འཁྱོག་བཤད་མང་པོ་ཞིག་འདུག ཞེ་ཞེན་གྱི་དབང་གིས་སེམས་པ་ལ་གཡོ་ལྷད་ཞུགས་འདུག གང་ལྟར་མོ་རང་ན་ག་སངས་རྒྱས་བསྟན་དར་གྱི་ཚ་མོ་རེད་ཟེར་མཁན་སུ་ཡིན་པའི་སྐོར་ལ་ཤེས་འདོད་ཆེན་པོ་བྱུང་། ཁོ་རེ། སྐྱག་རྫུན་མ་བཤད།

    Reply
  20. མི་ཞུན། says:
    ལོ་ 15 སྔོན།

    གོང་གི་བུ་མོ་འདི་ཚོའི་ནང་ནས་རྒྱས་མངའ་ཆེ་ཤོས་དང་ཞེ་འདྲེས་ཟབ་ཤོས་ནི་ཝཱར་ཎ་མཐོ་སློབ་ཀྱི་བུ་མོ་བསྟན་འཛིན་ནོར་འཛོམས་ཡིན། མོ་ལ་རྣམ་པ་ཡག་པོ་ཡོད་པ་མ་ཟད་དགའ་བོ་ཡང་མང་པོ་ཡོད་པ་རེད། བྱས་ཙང་། ཐེངས་འདིའི་མཛངས་མ་འགྲན་སྡུར་གྱི་དབུ་རྒྱན་དེ་ང་རང་གིས་བུ་མོ་བསྟན་འཛིན་ནོར་འཛོམས་ལ་སྤྲོད་འདོད་ཆེན་པོ་ཡོད།

    Reply
  21. ཕུན་ཚོགས ། says:
    ལོ་ 15 སྔོན།

    དྭངས་གཙང་ཆུ་ཕྲན་གྱི་ངོགས་སུ།།
    རྒྱུ་བའི་ངང་དཀར་གྱི་ཟླ་བ།།
    ཝུ་བའི་མེ་ཏོག་གི་འཕྱངས་འཕྲུལ།།
    1111111111111111111

    Reply
  22. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    དབྱངས་ཅན་མེ་ཏོག་ལ་འདྲི་བ། གལ་སྲིད་ང་རང་ལ་ཨང་དང་པོ་ཐོབ་ཚེ་དམིགས་ག་རེ་ཡོད་སྐོར་དྲིས་པར། འདི་ལ་ གལ་སྲིད་ཁོ་མོར་ཨང་དང་པོ་ཐོབ་ཚེ་དམིགས་ཡུལ་ག་རེ་ཡོད་སྐོར་དྲིས་པར་ ཞེས་བཅོས་ན་མི་བཟང་ངམ།

    Reply
  23. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ང་རང་སྒེར་གྱི་བསམ་ཚུལ་ལྟར་ན། ཧོང་སོར་ནས་ཡིན་པའི་ཝ་ཎ་མཐོ་སློབ་ཀྱི་བུ་མོ་བསྟན་འཛིན་ནོར་འཛོམས་ལགས་ལ་ལོ་འདིའི་མཛངས་མའི་ཅོད་པན་རག་ན་འོས་འཚམ་ཞིག་གི་ཏུ་མཐོང་། ངེད་གཉིས་བར་ལ་དམིགས་བསལ་འབྲེལ་འདྲིས་གང་ཡང་མེད་ཀྱང་། དེ་སྔོན་གུས་པས་ཝ་ཎ་མཐོ་སློབ་ཏུ་སློབ་སྦྱོང་བྱེད་པའི་སྐབས་སུ། ནོར་འཛོམས་ལཊ་ཀྱི་སྤྱོད་ཡོན་སྐོར་ཕྲན་ཙམ་ཤེས་ཀྱི་ཡོད། ཁོ་མོ་ནི་ཝ་ཎ་མཐོ་སློབ་ཀྱི་དགེ་ལུགས་ཆོས་བརྒྱུད་ནང་བསྟན་བཅོས་ལོ་རིམ་ཐོན་པ་ཞིག་ཡིན་ལ། སྐབས་དེར་འཛིན་གྲྭའི་ནང་སློབ་སྦྱོང་རྩེ་ཕུད་ཀྱི་གྲངས་མིན་མོད། ཐོག་མཐའ་བར་གསུམ་བོད་ཀྱི་རིག་གཞུང་ལ་དགའ་ཞེན་དང་བརྩི་འདང་ཡོད་མཁན་ཞིག་རེད་ལ། ལྷག་པར་ཁོ་མོའི་ཀུན་སྤྱོད་ཐད་མཐོ་སློབ་དེའི་དགེ་སློབ་ཚང་མས་ཡི་རངས་བྱེད་ཀྱིན་ཡོད། ཁོ་མོས་བཤད་པ་དེ་བདེན་པ་རེད། སྐབས་དེར་མོའི་གཡས་གཡོན་གྱི་མི་མང་པོ་ཞིག་གིས་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་དགོས་པ་རེད་ཅེས་ཡང་ཡང་ཞུས་མྱོང་ཡང་། མ་གཞི་ནས་ངོ་ཚ་སྨིན་པོ་ཡིན་སྟབས། ད་བར་གོ་སྐབས་འདི་ལོན་པ་ཐུབ་པ་རེད། ཡིན་ཡང་ཁོ་མོར་འདི་ལྟ་བུའི་བློ་ཁོག་ཅིག་བྱུང་བ་དེ་བསམ་ཡུལ་ལས་འདས་པ་ཞིག་རེད། ངས་གོ་ཐོས་ལ་ཁོ་མོ་ནི་ཀྱི་རིག་གཞུང་ལ་མཁས་པའི་ན་ག་སངས་རྒྱས་བསྟན་དར་ལགས་ཀྱི་ཚ་མོ་ཞིག་ཡིན་པར་མ་ཟད། ཁོང་གི་ལམ་སྟོན་འོག་ཚ་མོ་གཉིས་པོ་རྒྱ་གར་མཐོ་སློབ་ཏུ་མ་མངགས་པར་བོད་ཀྱི་མཐོ་སློབ་ཏུ་རིག་གཞུང་སློབ་གཉེར་ཆེད་བཏང་བ་ཡིན་འདུག དེའི་ཕྱིར་འདས་པའི་བོད་ཀྱི་མཛངས་མའི་འགྲན་བསྔུར་ནང་དོན་གྱི་རིག་གཞུང་ཆེད་སྦྱོང་གནང་ཡོད་མཁན་ཁོ་མོ་གཅིག་པུ་ལས་མ་འདས་ན། ངེས་པར་དུ་དངོས་ཡོད་གསལ་རྟོགས་ཐོག་ཁོ་མོར་རོགས་རམ་གནང་བའི་རེ་བ་ཆེ། ང་ཚོར་དགོས་པ་ཁོ་མོ་ལྟ་བུའི་དོན་གྱི་མཛངས་མ་དགོས་ཀྱི་རེད། འདིར་ཁོ་མོ་ངོ་སྤྲོད་ཙམ་གྱི་ཚུལ་དུ་ཡིན། ཐུགས་རྗེས་ཆེ། ཁོ་མོར་ལོ་འདིའི་མཛངས་མའི་དབུ་རྒྱན་རག་པར་སྨོན་འདུན་ཡོད།

    Reply
  24. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 15 སྔོན།

    དྲང་མོ་བཤད་ན། བུ་མོ་འདི་ཚོ་མཛེས་མ་དང་མཛངས་གང་གི་ཆ་རྐྱེན་ཡང་མཐོང་གི་མི་འདུག ཁོ་ཚོའི་རྣམ་པ་དང་སློབ་སྦྱོང་། གཏམ་བཤད་བྱེད་སྟངས་སོགས་གང་ནས་ཡང་བོད་ཀྱི་མཛེས་མ་མཛངས་མའི་མང་འདི་སྤྲད་རྒྱུའི་འོས་བབ་མཐོང་མ་སོང་།

    Reply
  25. ཐོས་དགའ། says:
    ལོ་ 15 སྔོན།

    ཕོ་གསར་ཚོ། http://www.misstibet.com དྲྭ་རྒྱར་འདྲ་དཔར་གསལ་བོ་དང་ཡག་པོ་འདུག་པས་གཅིག་གཟིགས་དང་།

    Reply
  26. ཐོས་དགའ། says:
    ལོ་ 15 སྔོན།

    ༢༠༡༠ ཡི་མཛངས་མའི་ཅོད་པན་དབྱངས་ཅན་མེ་ཏོག་ལ་ཐོབ་པར་སྨོན།

    Reply
  27. འོད། says:
    ལོ་ 15 སྔོན།

    དབྱངས་ཅན་མེ་ཏོག་ལགས་ལ་ཐོབ་པར་ཡིད་ཆས་ཡོད། དབྱངས་ཅན་མེ་ཏོག་ལགས་ལ་ཞུ་རྒྱུ། ཧམ་པ་དང་སེམས་ཤུགས་ཆེ་ཞིག་བསྐྱེད་རོགས།

    Reply
  28. སྐར་མདའ། says:
    ལོ་ 15 སྔོན།

    ཡང་དུས་བབས་ཚང་གི་འདིར་ ༼ དབུ་རྒྱན་འགྲན་རྩོད ༽ ཞེས་བྲིས་འདུག་ཀྱང་། ༼མཛེས་མ་འགྲན་བསྡུར ༽ཞེས་བྲིས་ན་མི་ལེགས་སམ།
    མཛེས་མ་འགྲན་བསྡུར་ནང་ལ་ཞུགས་མཁན་གཉིས་དང་གསུམ་སོགས་ཅི་ཞིག་ཡོད་བཀྲ་ཤེས་བདེ་ལེགས་ཞུ།

    Reply
  29. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ཨ་ཙེ་ཀུ་རུ་བྱས་པ་ཡིན།་བུ་མོ་བསྟན་འཛིན་མེ་ཏོག་སྙིང་རྗེ་པོ་འདྲ་ཞིག་འདུག།
    གལ་སྲིད་ང་རང་སྟག་ཤར་གཞོན་པ་ཞིག་ཡིན་ན་ངས་ཁོང་ཉིད་གཏན་གྱི་མདུན་མ་ལ་བསུ་ནས་ཡིད་ཚིམས་པའི་བཀོལ་སྤྱོད་བྱེད་འདོད།་འོན་ཀྱང་ང་རང་ལ་ལས་སྐལ་མེད་པས་བྱ་ཐབས་བྲལ།
    སྐྱེ་བ་ཕྱི་མར་ཁྱེད་ཚོས་ལྟད་མོ་ལྟོས་ཨང།
    ང་སྟག་ཤར་གཞོན་པ་ཞིག་ཏུ་སྐྱེས་ནས་བུ་མོ་ཡོད་ཚད་བྲང་འོག་ཏུ་མནན་ངེས་ཡིན།

    Reply
  30. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ད་ཐེངས་འོ་ཚོའི་བུ་མོ་བཞི་པོ་འདི་རྣམས་མཛངས་མའི་འགྲན་རྩོད་ནང་ཞུགས་ཐུབ་པ་ཙམ་ལ་དགའ་སྤོབས་སྟེར་ཆོག་སྙམ།་ངས་ཁོང་བཞི་པོའི་པར་རིས་ལ་ཞིབ་བལྟ་བྱས་པ་ཡིན།ཇི་ཙམ་བལྟས་ཀྱང་མདོག་ཉེས་འགྲོ་བ་ལས་ཡིད་འཕྲོག་པ་གཏན་ནས་མ་བྱུང།ངས་ལྟར་ན་སྤྱི་ཁྱབ་བཀོད་འདོམས་པ་བློ་བཟང་དབང་རྒྱལ་ཁོ་རང་ཡང་འགྲན་སྡུས་ཁྲོད་ཞུགས་ན་མི་འགྲིགས་པ་མེད་སྙམ་པ་བྱུང།་

    Reply
  31. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    སྐར་མདའ་ལགས
    སྨྲ་བརྗོད་རང་དབང་ཟེར་བར་གོ་ལ་ལོག་གིན་ཡོད་པ་འདྲ།
    ང་ཚོའི་དྲ་འབུ་ལ་ལས་ཁ་ནང་དུ་གང་བྱུང་དང་མི་གཞི་ལ་དམའ་འབེབས།
    ཁུངས་ལུང་མེད་པའི་འཆལ་གཏམ་བཤད་པ་འདིར་ཡང་རང་དབང་ཟེར་རམ།
    ཨ་མེ་རི་ཁའི་སྲིད་བློན་རྒྱ་ནག་ལ་ཕེབས་དུས་དམངས་གཙོ་དང་རང་དབང་ནི་ཀུན་སྤྱོད་ལེགས་པོ་གཞིར་བྱས་ནས་ཡོངས་པ་ཞིག་ཡིན་ཟེར་བཞིན་རེད།
    རང་དབང་ཟེར་རུང་འདོད་འདོད་དྲན་དྲན་ཞིག་བརྗོད་ན་ག་ལ་ཆོག
    བོད་པ་ཞིག་ཡིན་ན་དགེ་བ་་དང་མི་དགེ་བ་གང་ཡིན་པ་ཤེས་ངེས་ཡིན་གྱིན་རེད།
    མི་དགེ་བ་ལས་པའི་རང་དབང་ཞིག་ད་ལྟའི་མང་གཙོ་རྒྱལ་ཁབ་གང་ནའང་ཡོད་པ་མ་རེད། རང་ཉིད་ཀྱི་སྐད་ཆ་ལ་རང་ཉིད་ཀྱིས་འགན་འཁུར་དགོས་པ་རེད།

    Reply
  32. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ཕྱི་སྡོད་བོད་ཀྱི་བུད་མེད་ཚོས་ཤེས་ཡོན་དང་བློ་སྤོབས། ཞི་འཇམ་གྱི་རང་གཤིས་ཁྱེར་ནས་ཡུལ་ལ་ཤོག

    ཕྱི་སྡོད་བོད་མིའི་ཕོ་གསར་ཚོ་སྐྲ་སེར་མིག་སྔོ་ལོ་ལོན་དེ་ཚོའི་རྗེས་ན་འདུར་རྒྱུགས་བྱེད་ཀྱིན་པ་དེའི་ལད་མོ་བྱེད་མི་ཉན་ཡ། ད་རུང་དགོན་པའི་ཚོགས་ལ་འགྲོ་རྒྱུ་མགོ་བོ་ན་ཞོར་དྲ་ཁང་ན་ཉི་མ་སྐྱེལ་ཐབས་བྱེད་ཀྱིན་པའི་སྒྱིད་ལུག་གི་དགེ་འདུན་པ་དེ་ཚོར་མིག་ཟུར་གྱིས་ཀྱང་ལྟ་མི་དགོས།

    Reply
  33. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    དུས་བབ་འགན་འཛིན་པར་ཞུ་རྒྱུ།
    འདིར་བསམ་ཚུལ་སྣ་སང་སྤེལ་གྱིན་འདུག་པ་འདིར། ཁྱེད་ཚོས་འགན་འཁུར་ན་རེད། བོད་ཀྱི་བུ་མོ་བཞི་ཡིས་རང་སྣང་དང་ཕུགས་བསམ་ཁྱེར་ནས་འགྲན་བསྡུར་ལ་ཞུགས་པར་སྟབས་གོན་བྱེད་ཀྱིན་པའི་སྐབས་འདིར། དྲ་འབུ་ལ་ལས་ཀྱིས་ཁ་ལ་གང་ཐོན་ཞིག་བཤད་ཀྱིན་འདུག ལྷག་པར་དུ་མི་གཞི་ལ་དམོད་ཀྱིན་པའི་མཆན་ཡོད་ཚད་བསུབ་ན་རེད།
    དྲ་འབུ་ཚོར།
    སྐད་ཆ་ཡོད་ན་ཤུབ་ནས་མ་བྱེད། རང་མི་རིགས་ཀྱི་ན་ཆུང་བུ་མོ་ཚོའི་མདུན་ན་དེ་འདྲ་སྙིང་སྟོབས་ལྡན་པ་ཞིག་གང་ནས་བྱུང་བ་ཡིན། ཁྱེད་ལ་སྙིང་སྟོབས་དེ་འདྲ་ཡོད་ན་རྒྱ་གར་ནས་ཡུབ་ནས་མ་འདུག་པར་བོད་ནང་དུ་ཕེབས་ཏེ་རྒྱ་གུང་ཁྲན་ལ་རྒོལ་གཏམ་ཤོད་ཡ། ང་ཚོ་གཞིས་ལུས་བོད་མི་ཚོ་བཙན་དབང་གི་མངའ་འོག་ན་འཕག་འཚག་བྱེད་ཀྱིན་པའི་སྐབས་འདིར། ཁྱེད་ཚོས་ད་རུང་རང་མི་རིགས་ཀྱི་ཉམས་ཆུང་བུ་མོ་ཚོར་ངན་མཚང་དང་ཁུངས་ལུང་མེད་པའི་འཆལ་གཏམ་ནས་འདུག་པ་འདི་རིག་ན་ཨ་ཤུ་རེ་ཁོ་ཞིག་མི་ཟེར་རང་ཟེར་རེད།

    Reply
  34. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བྱམས་པ་རིན་ཆེན་ལགས།
    འདིའི་ནང་ནས་མཛེས་མ་གཅིག་ཁྱེད་ཀྱི་ཆུང་མ་ཡོང་བ་ཤོག་ཞུ་རྒྱུ་དང་ཁྱེད་དུས་བབ་དྲ་ཐོག་ཏུ་མཆན་བུ་ཐོག་མ་དེར་བོད་ཀྱི་མཛངས་མའི་ལན་ཚན་ནང་དུ་བཏགས་པ་རྟེན་འབྲེལ་བཟང།

    དབྱིན་མིང་ཕར་བརྗེ་པོ་རྒྱག་རོགས།

    Reply
  35. སྐར་མདའ། says:
    ལོ་ 15 སྔོན།

    སྤྱིར་སྨྲར་བརྗོད་རང་དབང་དང་། བསམ་འཆར་རང་དབང་གི་སྒོ་ནས་འབྲི་རྒྱུ་འདི་ནི་དམངས་གཙོའི་འགྲོ་ལུགས་ཞིག་རེད། མི་རང་རང་སོ་སོའི་བསམ་ཚུལ་ག་འདྲ་ཞིག་ཡོད་ན་བཤད་དགོས་སྙམས། འོན་ཀྱང་དེའི་རྗེས་སུ་འབྲངས་དེ་བརྩད་གཅོད་དང་མཁོན་འཛིན་བྱེད་རྒྱུ་འདི་ནི་བོད་མི་མངས་རང་ངོས་ནས་དམངས་གཙོ་སྤྱོད་པའི་ཤེས་ཡོན་གྱི་ཆ་སྐྱེན་མ་ཚང་བ་རེད་སྙམས།
    གང་ལྟར་ཡང་བསམ་ཚུལ་འབྲི་མི་ཆོག་ཞེས་དུས་བབས་ཚང་གི་འབྲི་རྒྱུ་འདི་ནོར་འཁྲུལ་ཞིག་རེད། གལ་སྲིད་མཚམས་འཇོག་དགོས་ན། དུས་བབས་ཚང་གི་ཚགས་པར་འབྲི་རྒྱུ་ཡང་མཚམས་འཇོག་བྱས་ན་མི་ལེགས་སམ།

    Reply
  36. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    སྤྱིར་བོད་ཀྱི་མཛངས་མ་ནི་མཛེས་མ་དང་མི་འདྲ་བར་རྣམ་པ་ལས་གཞན་པའི་ཆ་རྐྱེན་མང་དག་ཅིག་དགོས་ངེས་རེད། དེར་བརྟེན་དགོས་འདོད་ཀུན་བྱུང་གི་དབུ་རྒྱན་དེ་སུ་བརྒྱན་མིན་ཆ་མ་འཚལ་ཡང་། ཕྱི་རྣམ་པའི་ཆ་ནས་བུ་མོ་བསྟན་འཛིན་ནམ་ཆོས་དང་། བུ་མོ་བསྟན་འཛིན་ནོར་འཛོམས་གང་རུང་ལ་གཏན་འཁེལ་རེད།

    Reply
  37. jamparenchen says:
    ལོ་ 15 སྔོན།

    མཛངས་མའི་འགྲན་བསྡུར་ཁྲོད་ཉམས་ཞུག་གནང་མཁན་ཚོ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གང་ཡིན་ཟེར་ན་སྤྱིར་ང་ཚོ་བོད་པ་ཚང་ལ་མཚོན་ན་གནའ་སྔ་མོ་ནས་དེ་འདྲའི་ལུགས་སྲོད་མེད་པ་མ་གཏོགས་དེ་འདྲའི་ལམ་དང་ལུགས་སྲོད་མེད་པ་ནི་རྗེས་ལས་ཀྱི་རྣམ་པ་རེད་མ་གཏོགས་དེ་སྲོད་རྒྱུན་གྱི་ལུགས་བཟང་དོར་མི་ཉན་པ་ཡིན་གྱི་མ་རེད་བསམ་གྱི་་འདུག་ཁྱེད་རིང་ཉམ་ཞུག་གནང་མཁན་ཚོ་ལ་ཐོབ་ན་འདྲ་མ་ཐོབ་ན་འདྲ་གང་ལྟར་དེ་འདྲའི་ལུས་འགུལ་ལ་མཉམས་ཞུག་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཁྱེད་ཚོ་ལམ་འགྲོ་ཡོངབར་ཤོག

    Reply
  38. རྟུལ་ཕོད། says:
    ལོ་ 15 སྔོན།

    ངས་དབྱངས་ཅན་མེ་ཏོག་གདམ་རྒྱུ་ཡིན་རྒྱུ་མཚན་མོ་མཛེས་ཤོས་དང་སྐད་ཆ་འདི་ཡག་པོ་བཤད་འདུག ང་རང་གིས་བལྟས་ན་བློ་བཟང་དབང་རྒྱལ་གྱིས་མཛངས་མ་འགྲན་བསྡུར་ཟེར་བ་འདི་མཛངས་མ་གཅིག་འཚོལ་རྒྱུ་དེ་ཡིན་རྒྱུ་མ་རེད།

    Reply
  39. ཞེ་འདང་མཚོ། says:
    ལོ་ 15 སྔོན།

    ཨ་རོ། བླ་རྒན། བུའི་ནང་ན་མཛེས་མ་ཡོད་ནི་མ་རེད། གྲྭ་རྟ་བརྒྱབས་ནས་གོམས་སོང་བས་བུའི་མིང་ལའང་མཛེས་མ་ཟེར་གྱིན་ཡོད་དམ།

    Reply
  40. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    བོད་ཀྱི་བུ་མེད་མཛེས་མ་འགྲན་བསྡུར་བཞིན་བུ་མཛེས་མ་འགྲན་བསྡུར་ཞིག་བློ་
    བཟང་དབང་རྒྱལ་གྱིས་གོ་སྒྱིག་མ་བྱེད་པ་གང་ཡིན་ནམ་ཕལ་ཆེར་ཁོང་བུ་མེད་ལ་
    དགའ་དྲག་པའི་རྐྱེན་གྱི་ཡིན་གྱི་རེད་ཡིན་གྱི་རེད

    Reply
  41. འཇིག་རེྟན་གྱི་དུག། says:
    ལོ་ 15 སྔོན།

    འོ་རེད་་་་དབྱངས་ཅན་མེ་ཏོག་ཟེར་ཡ་འདི་་་ན་ནིང་རྡ་རམ་ས་ལ་རུ་བུ་མོ་ཁ་ཤས་དང་ལྷན་དུ་འཁྲུག་པ་ཤོར་སོང་དེ་རེད་འདུག་་་་ད་ཆ་སྐད་ཆ་ཤོད་ལྟར་ན་བསམ་བློའི་དཔལ་ཡོན་ཡར་རྒྱས་ཞི་དྲགས་ཕྱིན་ཡོད་པའི་རྣམ་པ་ཐོན་འདུག་པས་་་་ང་དགའ་བོ་ཞི་དྲགསབྱུང་་་་་་་་་་ཧ་ཧ་ཧ་ཧ་ རྣམ་པ་མཛེས་ཤོས་མོ་རང་རེད་འདུག།

    Reply
  42. འཇིག་རེྟན་གྱི་དུག། says:
    ལོ་ 15 སྔོན།

    ཡག་པོ་བྱུང་ངེས་པར་དུ་སྤོབས་པ་ཡོད་དགོས།

    Reply
  43. ཞེ་འདང་མཚོ། says:
    ལོ་ 15 སྔོན།

    ད་ལྟའི་བར་ཏུ་ང་ལ་མཛམས་མའི་དབུ་རྒྱན་ཐོབས་ན་བོད་ཀྱི་བུ་མོ་ཚོའི་ཞབས་འདྲེན་རེད་བསམ་ནས་རང་སར་བསྡད་པ་ཡིན། འདི་མོ་འདིའང་ཡོང་ན་ལོ་རྗེས་མར་ང་ཡང་ཡོང་གི་ཡིན།

    Reply
  44. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དངོས་གནས་རྣམ་པ་འདུག་་་་་ཡོན་ཏན་ཡང་རྣམ་པ་འདྲ་པོ་ཡོད་དགོས་པ་རེད། བོད་སྐད་ཡང་རྣམ་པ་འདྲ་པོ་རྒྱག་ཐུབ་ན་ཧ་ཅང་ཡག་པོ་རེད།་་ཧ་ཧ་ཧ

    Reply
  45. བོད་ཀྱི་བུ། says:
    ལོ་ 15 སྔོན།

    བུ་མོ་བསྟན་འཛིན་རྣམ་ཆོས་ཀྱི་གདོང་ལ་བྱུག་རྫས་འཐུག་དྲགས་ནས་རང་མདོག་ག་འདྲ་ཡོད་མེད་ཤེས་ཀྱི་མི་འདུག
    བུ་མོ་དབྱངས་ཅན་མེ་ཏོག་ནི་རྒྱ་གར་གྱི་བྱི་ཕྲུག་འདྲ་བོ་ཞིག་འདུག
    བུ་མོ་བསྟན་འཛིན་ནོར་འཛོམས་དང་རིན་ཆེན་ཆོས་སྒྲོན་གཉིས་ནི་རྨོ་གཟུགས་དོད་བསྡད་པ་འདྲ་ཞིག་འདུག ཡིན་ནའང་གཅིག་ཐོན་འགྲོ་རྒྱུ་རེད་པ།

    Reply
  46. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    མ་མཐའི་ཆ་རྐྱེན་ལ། བོད་ཀྱི་མཛངས་མ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ནི་བོད་སྐད་སྤུས་དག་ཞིག་བཤད་ཐུབ་དགོས་པ་དེ་ནི་བཤད་མི་དགོས་པར་འདོད། དེ་ཡིན་དུས་རིན་ཆེན་ཆོས་སྒྲོན་ལ་བོད་ཀྱི་མཛངས་མའི་ནང་དུ་ཞུགས་པའི་ཆ་རྐྱེན་གཏན་ནས་ཚང་མེད་པར་འདོད།

    Reply
  47. karma dorje says:
    ལོ་ 15 སྔོན།

    ད་ལོ་ངས་བོད་ཀྱི་མཛེས་མའི་དབུ་རྒྱན་དེ་བསྟན་འཛིན་ནོར་འཛོམ་ལགས་ལ་བསྒྲོན་རྒྱུ་ཡིན།

    Reply
  48. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    གང་མཛངས་མ་ཡིན་མིན་མི་ཤེས། སྐད་ཆ་དྲང་མོར་བཤད་ན་གཡབ་ན་འདོད་སོ་བསྟན་འཛིན་རྣམ་ཆོས་རེད།

    Reply
  49. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    གངས་རི་ལྗོངས་སུ་སྤུན་ཟླ་བེམ་རོ་བརྩིས་པ་རྩིགས། ། །
    ཞི་བདེ་དེད་དཔོན་ས་དྲུག་ཆེད་དུ་ལྷོད་བཞུགས་མེད། །
    བོད་པའི་རྩ་དོན་ལ་ཁའི་སྣུང་ཟད་མར་མེ་བཞིན། །
    ཁྲེལ་གཞུང་མེད་པའི་བེུད་འདི་ཚོ་གདོང་ལ་ལྟོས། །

    Reply
  50. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ཁྱེད་ཚོ་ཚང་མ་ལ་ཐང་འདིའི་རྒྱལ་ཁ་ཐོབ་པར་ཤོག

    ཧ་ཧ་ཧ

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese