མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རིམ་སློབ་མའི་མཚན་གཞི།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་མཐོ་རིམ་སློབ་མའི་མཚན་གཞི་འཇོག་དགོས་ན་ཁྲག་ཡིག་རྩོམ་པ་པོའམ།  ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཐེའུ་རང་འཇོག་དགོས། ཁོང་ནི་བོད་ཀྱི་མཐོ་རིམ་སློབ་མའི་མཚན་གཞི་ངོ་མ་དེ་རེད་ཅེས་དགེ་རྒན་སྐལ་བཟང་ཉི་མས་གསུངས།
དེ་རིང་ཉིན་རྒྱབ་ངྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གོ་སྒྲིག་འོག བོད་ཀྱི་སྐད་ཡིག་དང་ངའི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་། བགྲོ་གླེང་གི་གཏམ་བཤད་གནང་མཁན་ཉེ་ཆར་ས་རཱ་མཐོ་སློབ་ནས་དགེ་རྒན་འོས་སྦྱོང་ཐོག་སློབ་མཐར་ཕྱིན་ཏེ། མི་རིང་བར་ཤེས་རབ་དགའ་ཚལ་སློབ་གླིང་གི་བོད་དགེ་གནང་དུ་ཕེབས་རྒྱུའི་དགེ་རྒན་སྐལ་བཟང་ཉི་མ་ལགས་རེད་ལ། ཁོང་གིས་དེ་སྔོན་ཡང་སློབ་གླིང་དེ་རུ་དགེ་རྒན་གྱི་ཕྱག་ལས་གནང་མྱོང་། བགྲོ་གླེང་ཚོགས་འདུའི་ཐོག་ཉིན་འདི་འགར་གསུང་ཆོས་ཞུ་རུ་ཡོང་བའི་བོད་ཕྲུག་ཁྱིམ་སྡེ་ཁག་གི་སློབ་ཕྲུག་རྣམས་དང་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་བཅས་སློབ་མ་བརྒྱ་ཙམ་ཞིག་མཉམ་ཞུགས་གནང་ཡོད།
ཚོགས་ཐོག་ཏུ་དགེ་རྒན་སྐལ་བཟང་ཉི་མས་གཏམ་བཤད་གནང་སྐབས། བོད་ཀྱི་སྐད་ཡིག་དང་ངའི་མདུན་ལམ་ཞེས་པའི་ ༼ ང ༽ དེ་མཐོ་རིམ་སློབ་མར་དཔེ་བླངས་ནས་བཤད། ཁོང་གིས་གསུངས་དོན། སྤྱིར་བཏང་ང་ཚོས་བཤད་རྒྱུན་དུ་སློབ་གྲྭ་ནི་མིའི་བཟོ་གྲྭ་ལྟ་བུ་རེད་ཟེར་ལ། མཐོ་རིམ་སློབ་གྲྭ་ནི་མིའི་བཟོ་གྲྭ་ཡག་ཤོས་དང་ཆེ་ཤོས། མི་སྤུས་ལེགས་བཟོ་སའི་བཟོ་གྲྭ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དེར་བརྟེན་བཟོ་གྲྭ་ཆེན་མོ་ནས་ཐོན་ཡོང་བའི་མཐོ་རིམ་སློབ་མ་ཚོ་སྟོན་གྱི་སྟོན་འབྲས་ལྟ་བུ་རེད། སྟོན་འབྲས་དེ་སྤྱི་ཚོགས་ཀྱིས་ཟ་ཆོག་ཆོག་ཅིག་དགོས་པ་རེད་ལ། སྤྱི་ཚོགས་ཀྱིས་སྟོན་འབྲས་དེ་ཟོས་པ་ཙམ་མ་ཡིན་པར་ལྟོ་བ་འགྲང་དགོས། ལྟོ་བ་འགྲངས་པ་ཙམ་མ་ཟད་དེའི་བཅུད་ལ་བརྟེན་ཏེ་སྤྱི་ཚོགས་དེ་ཡར་རྒྱས་དང་སྤྱི་ཚོགས་ཀྱི་ངོ་བོ་མ་འདྲ་བ་ཞིག་ཆགས་ཐུབ་དགོས་ཟེར།
ཡང་ཁོང་གིས། སྔོན་ཆད་ངས་སྐད་ཡིག་སྣ་གཅིག་ལེགས་པོ་ཤེས་སོང་ན་སྐད་ཡིག་གཞན་ཞིག་ཞོར་ནས་སྦྱང་ཐུབ་སྙམ་མྱོང་། ཡིན་ནའང་། ད་ལྟའི་ང་ཚོའི་ཁོར་ཡུག་གི་གནས་སྟངས་ལ་དེ་ལྟའི་ཁོར་ཡུག་བཟང་བོ་མི་འདུག དེར་བརྟེན་ང་ཚོ་ནི་ལམ་ཁ་གཅིག་གི་མི་རེད། རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཁག་ཏུ་འགྲོ་མཁན་ལ་བོད་སྐད་ཡིག་སྦྱང་རྒྱུའི་གོ་སྐབས་མེད་པ་དང་། བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་ཏུ་འགྲོ་མཁན་ཚོར་སྐད་ཡིག་གཞན་པ་སྦྱང་རྒྱུའི་གོ་སྐབས་མེད་ཅེས་གསུངས། དེའི་དཔེ་མཚོན་དུ་ཁོང་རང་ཉིད་བཞག་སོང་། ཁོང་ནི་ཉེ་ཆར་རང་ས་རཱ་མཐོ་སློབ་ནས་དགེ་རྒན་འོས་སྦྱོང་ཐོག་སློབ་མཐར་ཕྱིན་མ་ཐག་ཡིན། 
ཁོང་གི་གསུང་མོལ་མཚམས་འདིར་སླེབས་སྐབས། ངས་ཉིན་འགའི་སྔོན་འཛིན་རིམ་བཅུ་གཉིས་ཐོན་ཏེ་མཐོ་རིམ་སློབ་གྲྭར་བསྐྱོད་སོང་བའི་གྷོ་པལ་པུར་གྱི་སློབ་མ་དབང་གྲགས་འབུམ་གྱིས་བཤད་པའི་སྐད་ཆ་ཞིག་དྲན་བྱུང་། དབང་གྲགས་འབུམ་གྱིས། མཐོ་རིམ་མི་སྣ་ཚང་མས་ང་ཚོར་དེང་དུས་ཀྱི་འདབས་གཤོག་གཉིས་ལྡན་ཅན་ཀྱི་ཤེས་ཡོན་པ་ཞིག་འབྱུང་དགོས་ཟེར་ལ། ༧གོང་ས་མཆོག་གིས་ཀྱང་དེ་ལྟར་བཀའ་གནང་གིན་ཡོད། ཡིན་ནའང་། དོན་དངོས་ཐོག་ང་ཚོ་དེང་དུས་ཀྱི་འདབས་གཤོག་གཉིས་ལྡན་ཅན་གྱི་ཤེས་ཡོན་པ་ཞིག་ཏུ་འགྱུར་རྒྱུར་ཁོར་ཡུག་མི་འདུག དཔེར་ན་ཝ་ར་ཎ་སི་དང་ས་རཱ་སོགས་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་ཏུ་གཞན་གྱི་སྐད་ཡིག་ཡིད་ཚིམས་པ་ཞིག་སྦྱོང་ས་མེད་ལ། ཡང་རྒྱ་གར་སྤྱི་ཚོགས་ཀྱི་མཐོ་རིམ་སློབ་གྲྭ་ཁག་ཏུ་མགོ་འཛུལ་ཙམ་ནས་བོད་སྐད་ཡིག་དང་རྒྱང་ཐག་རིང་དུ་གྱེས་དགོས་ཞེས་པ་དེ་རེད།
ཡང་བོད་དགེ་སྐལ་བཟང་ཉི་མ་ལགས་ཀྱིས་མུ་མཐུད་དེ་གསུངས་དོན། ད་ལྟ་མཐོ་རིམ་སློབ་གྲྭར་བསྐྱོད་ཀྱིན་པའི་མཐོ་རིམ་སློབ་མ་དག་གིས་རང་གི་ཁོར་ཡུག་དང་རྒྱ་གར་སྤྱི་ཚོགས་ཀྱི་མཐོ་རིམ་སློབ་གྲྭར་བསྐྱོད་ཀྱིན་པར་ཁག་བཞག་སྟེ། བོད་སྐད་གཙང་མའི་ནང་དུ་ཧིན་དབྱིན་བསྲེས་སྐད་འདྲེས་བཅུག་པར་དོ་སྣང་བྱེད་དགོས། བོད་མི་རིགས་རང་གི་སྐད་ཡིག་ལ་དོ་སྣང་བྱེད་དགོས། རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དུ་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་གཞི་རྒྱ་ཇེ་ཆེ་དང་། གཙང་མར་ཉར་དགོས་ཞེས་དང་། སྐད་ཡིག་གི་མདུན་ལམ་ནི་མི་རིགས་ཀྱིས་བཟོས་པ་ཡིན་ལ། སྐད་ཡིག་ལ་མདུན་ལམ་ཡོད་སོང་ན་སྐད་ཡིག་གིས་ཕྱིར་མི་རིགས་དེ་དང་མི་རིགས་དེའི་མི་རེ་རེ་བཞིན་མདུན་ལམ་བཟོ་གི་རེད། དེར་བརྟེན་ང་ཚོའི་མི་རིགས་འདིས་བོད་སྐད་ཡིག་འདི་ལ་མདུན་ལམ་རྒྱ་ཆེན་པོ་ཞིག་བཟོས་བཞག་ཚེ། ང་ཚོའི་མི་རིགས་ཀྱི་མདུན་ལམ་ཡང་རང་བཞིན་གྱིས་རྒྱ་ཆེ་རུ་འགྲོ་གི་རེད་ཅེས་ཟེར།
ཡང་ཁོང་གིས་ཁོང་རང་ཉིད་དཔེ་མཚོན་དུ་བཀོད་ནས་གསུངས་དོན།  ང་སྔོན་ཆད་བོད་ནས་ཐོག་མར་འབྱོར་སྐབས་ངའི་སྐད་ཡིག་དེ་ཧིན་དབྱིན་གྱི་བསྲེས་སྐད་མ་འདྲེས་པའི་སྐད་ཡིག་དྭངས་མ་ཞིག་ཡིན། ཡིན་ནའང་། སྐབས་དེར་ངས་བོད་སྐད་ཀྱི་ནང་དུ་ཧིན་དབྱིན་གྱི་ཚིག་རེ་རེ་བཞིན་འཇུག་ཐུབ་པར་འབད་བརྩོན་བྱས་པ་རེད། དེང་སྐབས་ཨུ་ཚུགས་རྒྱག་མི་དགོས་པར་ཁ་ནང་དུ་ཤོར་ཡོང་གིན་འདུག དེ་ནི་ངའི་རང་སྐད་གཙང་མ་ཞིག་མི་འཁྱོངས་པ་དང་རང་གི་སྐད་ཡིག་གཙང་མའི་སྐད་ཆ་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པའི་རྟགས་མཚན་རེད་ཟེར།
མཇུག་མཐར་ཁོས་མཐོ་རིམ་སློབ་མའི་མཚན་གཞིའི་སྐོར་ནས་བཤད་དོན། སྤྱིར་བཏང་མཐོ་རིམ་སློབ་མ་ཟེར་དུས་ང་ཚོ་ཚང་མའི་སེམས་ནང་དུ་ང་མཐོ་རིམ་སློབ་མ་ཡིན་ཟེར་བ་ཞིག་དགོས་ཀྱིན་འདུག དེ་རིང་ཁ་སང་མཐོ་རིམ་སློབ་གྲྭ་འགྲིམ་མཁན་མང་བོ་ཞིག་གིས་རང་ཉིད་མཐོ་རིམ་སློབ་གྲྭའི་སློབ་མ་ཡིན་པ་དང་། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་མཐོ་རིམ་སློབ་མའི་གནས་སྟངས་གང་དུ་འདུག རང་ཉིད་མཐོ་རིམ་སློབ་མ་ཞིག་ཡིན་པའི་ཆ་ནས་ནམ་རྒྱུན་ནས་རང་གི་ནང་བསམ་བློ་དང་ཤེས་ཡོན་གྱི་གནས་ཚུལ། ཕྱིའི་ཀུན་སྤྱོད་དང་སྤྱི་ཚོགས་ལ་འགན་ལེན་བྱེད་སྟངས་སོགས་ཀྱི་ཐད་ནས། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་མཐོ་རིམ་སློབ་མ་དང་ང་ཚོའི་མཐོ་རིམ་སློབ་མ་གཉིས་བསྡུར་དགོས་ཀྱི་འདུག དེ་ལྟར་ད་ལྟའི་བོད་ཀྱི་མཐོ་རིམ་སློབ་མའི་གནས་སྟངས་གང་དུ་ཡོད་མེད་རྙེད་དགོས་ཟེར།
ཁོང་གིས་བོད་ཀྱི་མཐོ་རིམ་སློབ་མའི་མཚན་གཞི་འཇོག་དགོས་ན་བསམ་བློའི་ཆ་དང་ཤེས་ཡོན་གྱི་ཆ། སྙིང་སྟོབས་ཀྱི་ཆ་དང་སྤྱི་ཚོགས་ལ་འགན་འཁྱེར་སྟངས་ཀྱི་ཆ་སོགས་གང་ནས་བཤད་ཀྱང་། བོད་ནང་གི་ཁྲག་ཡིག་རྩོམ་པ་པོའམ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མཐོ་རིམ་སློབ་མ་ཐེའུ་རང་ལགས་བཞག་ན་འགྲིག་གི་འདུག གལ་སྲིད་བོད་ལ་ཁོང་ལྟ་བུའི་མཐོ་རིམ་སློབ་མ་རྐྱང་རྐྱང་ཡོད་ན། མཐོ་རིམ་སློབ་མས་ང་ཚོའི་བོད་ཟེར་བའི་སྤྱི་ཚོགས་འདི་ལ་འགན་འཁྱེར་སྟངས་དང་ཁ་ཕྱོགས་མ་འདྲ་བ་ཞིག་ཏུ་འགྱུར་བ་གཏོང་ཐུབ་རྒྱུར་རེ་བ་ཏན་ཏན་ཡོད་ཅེས་གསུངས་ཡོད།
ཁོང་གི་གསུང་མོལ་གྲུབ་རྗེས་བོད་ཀྱི་སྐད་ཡིག་དང་ངའི་མདུན་ལམ་ཞེས་པར་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ་དང་། དྲི་བ་དྲིས་ལན་གནང་ཡོད།
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༣ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༥ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༧ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 28

  1. ལུང་རྟོགས། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེའི་སྐད་ཆ་བཤད་བཏང་ལ་གཅིག་བལྟོས་དང་། ཤེས་ཡོན་པ་ཞིག་གི་སྐད་ཆ་འདྲ་པོ་འདུག་གམ། འདི་ནི་ནང་ཁུལ་བསྐྲུག་ཤིང་རྒྱབ་ཡ་གི་སྐད་ཆ་རང་རེད་འདུག།

    Reply
  2. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    དགེ་རྒན་ནི་མི་རིགས་ཤིག་གི་ལམ་སྟོན་པ་རེད།དགེ་རྒན་ནི་བྱིས་པ་མང་པོ་ཞིག་ལ་མིག་གནང་བའི་སྦྱིན་པ་ཆེན་པོ་རེད།ནམ་ཡང་ཁྱེད་ཅག་བོད་ཡིག་དགེ་རྒན་རྣམ་རྒྱལ་གྱུར་ཅིག བོད་ལ་ཐེའུ་རངས་ལྟ་བའི་མི་བུ་་མང་པོ་ཞིག་ཡོང་བའི་རེ་བ་ཞུ་བཞིན།ཁྱེད་ཀྱི་བསམ་བློ་དེས་བཙན་བྱོལ་ན་ཐེའུ་རངས་ལྟ་བུའི་གངས་ཕྲུག་མང་པོ་ཞིག་བསྐྱེད་ཐུབ་པའི་རེ་བ་ཡོད།

    Reply
  3. འབྲོག་རུ་རྡོ་རྗེ། says:
    ལོ་ 15 སྔོན།

    འདི་ནི་བོད་ནང་གི་སློབ་ཆེན་པ་ཞིག་རེད

    Reply
  4. འབྲོག་རུ་རྡོ་རྗེ། says:
    ལོ་ 15 སྔོན།

    སློབ་ཆེན་པའི་འགན་འཁྲི་ལས་བྱུང་བའི་ན་ཟུག
    བྲོས།

    སློབ་ཆེན་པའི་འགན་འཁྲི་ལས་བྱུང་བའི་ན་ཟུག
    སྤྱིར་སློབ་ཆེན་པ་ཞིག་གི་འགན་འཁྲི་ཞེས་པ་ནི། སྨྲ་བརྗོད་སྟོང་གིས་ཐེག་པར་དཀའ་བའི་ན་ཟུག་ཅིག་ཡིན་པར་འདོད་ལ། དེ་བས། ད་ལྟའི་བོད་ཀྱི་སློབ་ཆེན་པའི་འགན་འཁྲི་ནི་དེ་ལས་ཀྱང་ཁ་ཚ་དགོས་གཏུགས་ཀྱི་ གནད་དོན་ཞིག་རེད་འདོད་ཀྱིན་ཡོད། ད་ལྟའི་བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་གནས་བབ། བོད་ཀྱི་རང་སྐྱོང་ཁེ་དབང་བཅས་ལ་ཁ་ཕྱིར་འཁོར་ཏེ་བསམ་བློ་ཞིག་བཏང་ན། དེ་ནི་ནམ་ཡང་ང་ཚོའི་ཕྲག་ན་རྗི་ཏིག་ཏིག་གི་ན་ཟུག་ཅིག་ཡིན་པ་སྨོས་མེད་རེད། དེ་ན་ང་ཚོས་ཀྱང་འདི་ན་འཛམ་གླིང་ལོ་རྒྱུས་ཧྲིལ་བོར་འཁྱུག་ཙམ་བལྟས་ན། མིའི་རིགས་ཤིག་འཇིག་རྟེན་དུ་སླེབ་དུས་སློབ་ཆེན་པ་དག་གིས་མ་སྐུལ་དང་བླང་གི་ འགན་འཁྲིའི་འོག་ནས་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བཏང་ཡོད་པ་འཛམ་གླིང་ལོ་རྒྱུས་ དེབ་ཐེར་དག་ལས་ཧ་ཅང་གསལ་ལ། དཔེར་ན། ནུབ་གླིང་གི་རིག་རྩལ་བསྐྱར་དར་དང་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་སོགས་ནི་སློབ་ ཆེན་པ་ཚོས་མ་སྐུལ་དང་བླང་གི་འགན་འཁྲི་ལས་བྱུང་བ་ཤ་སྟག་རེད། དེ་ན་ང་ཚོས་སློབ་ཆེན་པའི་ཐེམ་སྐས་འགྲིམ་ཉིན་ནས་བཟུང་སྟེ། ང་ཚོས་ཀྱང་སུ་ཞིག་གི་ཆེད་དུ་ཅི་ཞིག་འཚོལ་གྱིན་ཡོད་དམ། ང་ཚོ་ནི་བསླབ་དེབ་དང་རྒྱུགས་འབྲས་ཁོ་ནས་ཆེད་དུ་འཚོ་དགོས་པ་མ་ཡིན་ལ། བརྩེ་དུང་དང་འཁྲིག་སྤྱོད་ཀྱི་ཆེད་དུ་འཚོ་དགོས་པ་དེ་བས་ཀྱང་མ་ཡིན་ཏེ། ང་ཚོས་ད་ལྟའི་འཇིག་ལ་ཉེ་བའི་མི་རིགས་ཤིག་གི་ལས་དབང་ལ་བསམ་གཞིག་བྱེད་བཞིན། ནང་བསམ་བློ་ལ་བློ་འབྱེད་ཐེངས་ཤིག་བྱེད་དགོས་པ་མ་ཡིན་ནམ། ངོ་མ་བཤད་ན། ཁ་ཁུ་སིམ་མེར་གནས་པའི་ང་ཚོའི་གཞི་རིམ་མང་ཚོགས་ཚོ་གཉིད་ལས་དཀྲོག་དགོས་ན། འདིའི་ཆེས་མཐོ་བའི་འགན་འཁྲི་ནི་སློབ་ཆེན་པ་ཚོ་ལ་རེག་ལས་པ་ནི་བཤད་མ་དགོས་པ་ ཞིག་རེད་འདོད་ཀི། ང་ཚོས་ད་ལྟའི་བར་དུ་སློབ་སྦྱོང་བྱེད་པ་ཡང་དམིགས་ཡུལ་འདིའི་ཆེད་དུ་ཡིན་པ་ང་ ལ་ཡིད་ཆེས་ཡོད། ང་ཚོ་ལ་ཡུལ་མི་སྤུན་གྲོགས་མང་བོས་མིག་ཟུང་སྟོང་གི་རེ་ལྟོས་ཡོད་ལ། ང་ཚོའི་ཕྲག་ན་འཇིག་ལ་ཉེ་བའི་མི་རིགས་ཤིག་གི་ལས་དབང་ཡོད། ང་ཚོ་ད་ལྟའི་བར་དུ་སློབ་སྦྱོང་བྱེད་པ་ཡོད་ཚད་རང་ཉིད་གཅིག་པོ་དང་ཁ་ཕོར་ཙམ་ བོའི་ཆེད་དུ་གཏོང་གཏན་ནས་མི་རུང་སྟེ། ང་ཚོའི་རུ་བ་སྲ་མོ་ཅན་གྱི་མེས་པོ་དག་གིས་རང་རིགས་ཀྱི་ཆེད་དུ་དཀའ་སྡུག་གི་ རྔུལ་ཆུ་ཅི་ཙམ་གཏོར་ཡོད་པ་ལ་བསམ་བློ་ཞིག་གཏོང་དགོས་པ་མ་ཡིན་ནམ། ང་ཚོས་སློབ་སྦྱོང་བྱེད་པ་ཡང་གཞན་གྱིས་དྲིལ་སྒྲོག་ཀྱི་ཡོ་བྱད་ལྟ་བུའི་ལག་ཆ་ རུ་འགྱུར་ག་ནས་རུང༌། ད་ལྟའི་ང་ཚོའི་ལས་དབང་ལ་རྒྱུ་འབྲས་ཀྱི་བློ་མིག་ཡངས་པོར་ཕྱེ་སྟེ་བསམ་ཞིང་ བསམ་ན། འཇིག་ལ་ཉེ་བའི་མི་རིགས་འདི་ལ་བསམ་བློ་རྟོག་སད་ཀྱི་མེ་སོན་སྒྲོན་མཁན་ནི་ སློབ་ཆེན་པའི་སྡེ་ལ་རག་ལས་པ་ནི་སྨོས་མེད་རེད། དེ་ན་ང་ཚོས་ཀྱང་དཔྱོད་ཤེས་ཀྱི་བློ་མིག་ཡངས་པོར་ཕྱེ་སྟེ། མིའི་རིགས་སྤྱི་ལ་དབང་བའི་ཁེ་དབང་དང་འདྲ་མཉམ་གྱི་ཕྱིར་དུ། རང་ཉིད་ཀྱི་ཕྲག་ལ་བབ་པའི་འགན་འཁྲི་ལ་བདག་པོ་བརྒྱག་དགོས་པ་མ་ཡིན་ནམ། ངས་ད་ལྟའི་སློབ་ཆེན་པའི་འགན་འཁྲི་ཞེས་པ་ནི་མ་སྐུལ་དང་བླང་གི་འགན་འཁྲི་ཞིག་ ལ་གོ་དགོས་པ་ལས། ཁྲིགས་ལུགས་དང་བཀོད་སྒྲིག་རང་བཞིན་ཅན་ཞིག་གཏན་ནས་མ་ཡིན། དེ་ནི་སློབ་ཆེན་པའི་འགན་འཁྲི་རེད་འདོད་གི། ཡིན་ཡང་ང་ཚོའི་ཁོར་ཡུག་ན་འགན་འཁྲིའི་འདུ་ཤེས་ཅན་གྱི་མི་བུ་ག་ཚོད་ཡོད། ང་ཚོའི་ཁོར་ཡུག་ན་རུས་པ་སྲ་མོ་ཅན་གྱི་མི་བུ་ག་ཚོད་ཡོད། འདི་ལྟར་བསམ་ན་ངའི་སེམས་བསམ་པའི་གཏིང་སར་འགན་འཁྲིས་བྱིན་པའི་ན་ཟུག་ཇེ་ཆེ་ ནས་ཇེ་ཆེ་རེད །

    2010 -5 -19ཉིན་བྲོས་སུ་འབོད་པས་ནུབ་བྱང་ཚང་ནས་བྲིས།

    Reply
  5. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    ཁང་རྡོར་ཁྱོད་ང་ཚོའི་རྒན་ལགས་ལ་གཅིག་བཤད་ན་རྣར་མི་འགྲོ་གི

    Reply
  6. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    ཁང་རྡོར་ཁྱོད་འདི་ཟོ།

    beautiful blond on a white background photo

    Reply
  7. ངག་དབང་རབ་རྒྱས། says:
    ལོ་ 15 སྔོན།

    ཚང་མའི་བསམ་ཚུལ་ཡག་པོ་གསུང་འདུག་ཐུགས་རྗེ་ཆེ།

    Reply
  8. ཟླ་བ་གཞོན་ནུ། says:
    ལོ་ 15 སྔོན།

    གོང་གི་ཟླ་བ་གཞོན་ནུ་ཟེར་བ་འདི་ཡང་དྲ་འབུ་ཞིག་རེད་འདུག ངས་འདི་ལྟ་བུའི་མཆན་ཞིག་བརྒྱབ་མེད།
    དེར་མ་ཟད་གོང་གི་ཁང་གསར་རྡོ་རྗེ་ཡིན་པར་སྐད་པ་འདི་ཡང་དྲ་འབུ་ཞིག་ཡིན་ས་རེད། ཁང་གསར་རྡོ་རྗེས་འདི་ལྟར་བྱུང་རྒྱལ་དུ་སྨྲ་སྲིད་ཀྱི་མ་རེད།
    འདི་ལ་དྲ་དཔོན་མཆོག་ནས་བརྟག་དཔྱད་རེ་གཏང་རྒྱུ་གལ་ཆེ།

    Reply
  9. ཟླ་བ་གཞོན་ནུ། says:
    ལོ་ 15 སྔོན།

    གོང་གི་ཟླ་བ་གཞོན་ནུ་ཟེར་བ་འདི་ཡང་དྲ་འབུ་ཞིག་རེད་འདུག ངས་འདི་ལྟ་བུའི་མཆན་ཞིག་བརྒྱབ་མེད།
    དེར་མ་ཟད་གོང་གི་ཁང་གསར་རྡོ་རྗེ་ཡིན་པར་སྐད་པ་འདི་ཡང་དྲ་འབུ་ཞིག་ཡིན་ས་རེད། ཁང་གསར་རྡོ་རྗེས་འདི་ལྟར་བྱུང་རྒྱལ་དུ་སྨྲ་སྲིད་ཀྱི་མ་རེད།
    འདི་ལ་དྲ་དཔོན་མཆོག་ནས་བརྟག་དཔྱད་རེ་གཏང་རྒྱུ་གལ་ཆེ།

    Reply
  10. ཟླ་བ་གཞོན་ནུ། says:
    ལོ་ 15 སྔོན།

    གོང་གི་ཟླ་བ་གཞོན་ནུ་ཟེར་བ་འདི་ཡང་དྲ་འབུ་ཞིག་རེད་འདུག ངས་འདི་ལྟ་བུའི་མཆན་ཞིག་བརྒྱབ་མེད།
    དེར་མ་ཟད་གོང་གི་ཁང་གསར་རྡོ་རྗེ་ཡིན་པར་སྐད་པ་འདི་ཡང་དྲ་འབུ་ཞིག་ཡིན་ས་རེད། ཁང་གསར་རྡོ་རྗེས་འདི་ལྟར་བྱུང་རྒྱལ་དུ་སྨྲ་སྲིད་ཀྱི་མ་རེད།
    འདི་ལ་དྲ་དཔོན་མཆོག་ནས་བརྟག་དཔྱད་རེ་གཏང་རྒྱུ་གལ་ཆེ།

    Reply
  11. ཟླ་བ་གཞོན་ནུ། says:
    ལོ་ 15 སྔོན།

    ད་ཐེངས་ཁང་གསར་རྡོ་རྗེ་ཡི་སྐད་ཆ་དེ་ཁྱོན་ནས་སྣང་བ་འགྲོ་མ་སོང་། ཁོང་གིས་ཁོ་རང་ཅིག་ཅིག་ཡིན་མདོག་མདོག་བསྟན་འདུག

    Reply
  12. གཞིས་ཆགས་བུ། says:
    ལོ་ 15 སྔོན།

    འཛིན་གྲོགས་ལགས། ཁྱེད་ཀྱིས་མཐོ་རིམ་སློབ་མའི་གཞོན་སྐྱེས་ཁག་གཅིག་ལ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་གསུང་བཤད་གནང་སོང་ཞེས་གཞན་ཞིག་གི་སར་ནས་ཐོས་སོང་། དེ་གོ་མ་ཐག་ངོ་མ་དགའ་བོ་བྱུང། བཀྲ་ཤིས་བདེལེགས།།།།།

    Reply
  13. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་གལ་ཆེན་རྣམས།
    ང་ཚོས་ཕྱོགས་དུས་ཀུན་ཏུ་དྲིལ་བསྒྲགས་རྒྱ་ཆེར་བྱེད་དགོས་སོ།

    བོད་ཀྱི་སྐད་ཡིག་བེད་སྤྱོད་མ་བྱས་ན།
    བོད་ཀྱི་ཆོས་དང་རིག་གཞུང་ཉམས་པར་འགྱུར། །

    བོད་ཀྱི་སྐད་ཡིག་དར་སྤེལ་བཏང་ན།
    བོད་ཀྱི་ཆོས་དང་རིག་གཞུང་དར་རྒྱས་ཡོང་བར་འགྱུར། །

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་ཤེས་དགོས་པ་ནི།
    མི་རིགས་ཀྱི་ཁྱད་ཆོས་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་རྒྱུན་དུ་བེད་སྤྱོད་བྱེད་རྒྱུ་ནི།
    དུས་རབས་ཀྱི་ལས་འགན་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་ཡིག་འབྲི་ཀློག་སྦྱོང་རྒྱུ་ནི།
    བོད་ཀྱི་རིག་གཞུང་གི་རྩ་བ་ཡིན།

    བོད་རིགས་རྣམས་ཀྱིས།
    སུམ་རྟགས་སྙན་ངག་སྦྱོང་རྒྱུ་ནི།
    བོད་ཀྱི་ཆོས་རིག་གི་ལྡེ་མིག་ཡིན།

    བོད་རིགས་རྣམས་ཀྱིས།
    དེང་དུས་ཤེས་ཡོན་བཟོ་རིག་སྦྱོང་རྒྱུ་ནི།
    བོད་འབངས་ཡར་རྒྱས་ཀྱི་འགྲོ་ལམ་ཡིན།

    བོད་རིགས་རྣམས་ཀྱིས།
    སངས་རྒྱས་ཆོས་ལ་ཐོས་བསམ་སྒོམ་པ་བྱེད་རྒྱུ་ནི།
    གངས་ཅན་མི་དམངས་ཀྱི་བླ་སྲོག་ཡིན།

    བོད་ཀྱི་སྐད་ཡིག་མེད་ན། བོད་ཀྱི་རིག་གཞུང་མེད། །
    བོད་ཀྱི་རིག་གཞུང་ཡོད་ན། བོད་ཀྱི་མི་རིགས་ཡོད། །

    བོད་ཀྱི་རིག་གཞུང་ཡང་དག་པ་ཞིག་ཤེས་དགོས་ན།
    
བོད་རང་གི་ཐུན་མོང་མིན་པའི་སློབ་གསོའི་སྒྲོམ་གཞི་ལ་ངེས་པར་བསྟེན་དགོས།

    གོང་དུ་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་འགའ་ཞིག་དཔེ་མཚོན་དང་དཔྱད་གཞིའི་ཆེད་ཁོ་ནར་ཕུལ་བ་ཡིན། མ་འོངས་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གཙོ་བོར་བྱས་པའི་བོད་གཞུང་དམངས་ཡོངས་ཀྱིས། མི་སེམས་འགུལ་ཐུབ་པའི་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་ལེགས་ཤོས་འགའ་ཞིག་བརྒྱུད་ལམ་སྣ་ཚོགས་ནས་དྲིལ་བསྒྲགས་བྱེད་ཐུབ་ན། བོད་པའི་སྤྱི་ཚོགས་རྨོངས་གཉིད་ལས་སད་པའི་ཕན་ནུས་རླབས་ཆེན་འབྱུང་ངེས་སོ།

    Reply
  14. གཡང་ལགས། says:
    ལོ་ 15 སྔོན།

    དགེ་རྒན་སྐལ་བཟང་ཉི་མས་ཐེའུ་རང་སློབ་ཆེན་སློབ་མའི་མཚན་ཉིད་ཚང་བ་ཞིག་ཏུ་བགྲངས་པ་དེ་ནི་དོན་ལ་གནས་པ་ཞིག་ཡིན་ལ། བགྲངས་སྟངས་དེ་ཡང་ཁོང་གིས“བོད་ཀྱི་མཐོ་རིམ་སློབ་མའི་མཚན་གཞི་འཇོག་དགོས་ན་བསམ་བློའི་ཆ་དང་ཤེས་ཡོན་གྱི་ཆ། སྙིང་སྟོབས་ཀྱི་ཆ་དང་སྤྱི་ཚོགས་ལ་འགན་འཁྱེར་སྟངས་ཀྱི་ཆ་སོགས་གང་ནས་བཤད་ཀྱང་” ཅེས་ཕྱོགས་མང་པོ་ཞིག་ནས་གཞི་འཛིན་ས་ཡོད་པ་བྱས་འདུག སྤྱིར་བོད་མི་གཞིས་བྱེས་གཉིས་ཀའི་ཁྲོད་དུ་བསྟོད་པ་བྱེད་འོས་པའི་སློབ་མ་མང་པོ་ཞིག་ཡོད་པ་ནི་གསལ་པོ་ཡིན་མོད། སྐལ་བཟང་ཉི་མས་ཐེའུ་རང་དམིགས་སུ་བཀར་ནས་བརྗོད་དོན་ནི་ཐེའུ་རང་ད་ལྟ་བཙོན་དུ་ཡོད་པ་དང་། བཙོན་དུ་ཚུད་དོན་ཡང་བོད་པའི་འཐབ་རྩོད་དོན་དུ་ཚུད་པ། རྒྱ་དམར་གྱིས་དྲག་གནོན་བྱེད་པའི་ཁ་དབུགས་བཙན་པོའི་ནང་དུ་རང་བློས་བཏང་གིས་མི་རིགས་ཀྱི་བདེན་དོན་རྩོད་ཕོད་པ་བཅས་ཐེའུ་རང་ནི་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་བདེ་སྡུག་གི་ཚབ་མཚོན་བྱེད་ཐུབ་པའི་མི་སྣ་ཞིག་ཡིན་པའི་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་མཚན་བསྟོད་དེ་ཕུལ་བ་ཡིན་པ་ལས། “ཆུང་ཆུང་ཞིག་ཆེན་པོ་བཟོས། དེ་ལ་དཔེ་མང་པོ་བསྒྲགས་ནས་བཤད་པ་”ཞིག་མ་རེད་ལ། དེ་བཞིན་“མཐོ་རིམ་སློབ་མའི་དཔེ་མཚོན་ཞེས་རྒྱང་རིང་ཞིག་ལ་མཛུབ་མོ་བཙུགས་འདུག་པ་འདིས་ཀྱང་རང་གི་ཁོར་ཡུག་ན་མ་བལྟས་པར་ཐག་རིང་གི་རྫིག་རྫིག་ཅིག་ལ་བལྟས་ཁུལ་རེད།”ཟེར་བ་འདི་འདྲ་དེ་བས་མ་རེད། ད་དུང་“འདིས་ཀྱང་གསར་འབྱོར་བའི་མཐོང་རྒྱ་ཆུང་ཆུང་དེ་མཐོང་ཡོང་གི” ཟེར་བའི་སྐད་ཆ་འདི་འདྲ་བོ་ནི་ཁང་གསར་ལྟ་བུ་ཤེས་ཡོན་ཅུང་ཟད་ཡོད་ཟེར་མཁན་དང་རྟག་པར་རང་ཉིད་རིགས་ཞེན་ཅན་ཡིན་ཟེར་བ་ཁ་ནས་མ་ཎི་འདོན་འདོན་བྱེད་མཁན་ཞིག་གིས་བརྗོད་འོས་པ་རྩ་བ་ནས་མ་རེད། རྒྱུ་མཚན་ནི། སྐད་ཆ་འདི་དག་ནས་མི་དེ་ཁོག་ཆུང་རློམ་ཆེ་དང་གཞན་པ་མིག་ནང་མི་འཇོག་མཁན་ཞིག་ཡིན་པའི་དྲི་ངན་ལྡང་ཡོང་གིས། “ཁོར་ཡུག་ན་མ་བལྟས་པར་ཐག་རིང་གི་རྫིག་རྫིག་ཅིག་ལ་བལྟས་ཁུལ་”ཟེར་བའི་སྐད་ཆ་འདི་ལ་གཅིག་སོམས་དང་། འདི་ལྟ་བུ་བཤད་མཁན་གྱི་མི་དེའི་སྙིང་ཁ་དང་གངས་ལྗོངས་བར་དུ་རྒྱང་ཐག་ཅི་ཙམ་འདུག ཕ་ཡུལ་དང་གཞིས་ལུས་མི་དམངས་ལུས་པོས་མ་ཚད་སེམས་ཀྱིས་ཀྱང་བསྐྱུར་ཚར་བའི་ཚོར་བ་ཞིག་སྟེར་གྱི་མི་འདུག་གམ། ཁྱེད་འདྲ་བས་རྒྱུན་དུ་ཁ་སྦོམ་བཤད་ས་དེ་ཁོར་ཡུག་གང་འདྲ་ཞིག་ལ་གཞི་བཟུང་གི་ཡོད་དམ། རང་ཉིད་འཚོ་སའི་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ངུ་དེའི་ནང་དུ་ཁ་བརྡར་སྦོམ་བཤད་བྱ་རྒྱུ་དེ་ཁོ་ན་ཡིན་ནམ། ང་ཚོ་ལ་གཞིས་ལུས་མི་དམངས་ལས་ལྷག་པ་ཞིག་བལྟ་རྒྱུ་ཡོད་དམ། “འདིས་ཀྱང་གསར་འབྱོར་བའི་མཐོང་རྒྱ་ཆུང་ཆུང་དེ་མཐོང་ཡོང་གི་”ཟེར་བ་འདི་ནི་གཞིས་ལུས་མི་དམངས་ཀྱི་བློ་གྲོས་ལ་ཁྱད་བཟོད་བྱས་པ་མ་ཡིན་ནམ། སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་དུ་བཞུགས་པའི་གཞིས་ལུས་མི་དམངས་ཁྲོད་དུ་ཁང་གསར་ལས་མཐོང་རྒྱ་ཆེ་བ་དང་། ཡོན་ཏན་བཟང་བ་འཇོག་དགོས་བྱུང་ན་ངས་ད་ལྟ་རང་ལ་སྟོང་ཕྲག་ལྷག་བགྲངས་ཐུབ།

    Reply
  15. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    སློབ་གྲོགས་སྐལ་བཟང་ཉི་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐད་ཡིག་སྲོག་རྩ་ཁྱེད་ཚོའི་དགེ་རྒན་རྣམས་ལ་རག་ལས་པའི་ཁ་དབྱངས་འདི་བཞིན་ཤི་རེ་བྱོས།

    Reply
  16. ཕུན་ཚོགས ། says:
    ལོ་ 15 སྔོན།

    ད་ལྟའི་བོད་ཀྱི་སྐད་ཡིག་གི་ངོས་ནས་གླེང་ན་ཡིག་ནོར་འདྲི་མཁན་ཞིག་ཡོད་ནའང་དགའ་དགོས་པའི་ཚོད་རེད།

    Reply
  17. ཕུན་ཚོགས ། says:
    ལོ་ 15 སྔོན།

    མཁའ་དབུགས་གསར་བ་ལགས།
    ཁྱོད་ཀྱི་ཡིག་ནོར་དེ་དག་ལའང་སྐྱོན་དུ་མི་ལྟ་བར་མུ་མཐུད་དུ་ཤོག་དང་།ཞེས་དགའ་བསུ་ཞུ།

    Reply
  18. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཁང་གསར་ལགས།ངས་བསམ་ན་ཁྱོད་ཀྱིས་ཀྱང་རྒྱང་རིང་རྒྱང་རིང་ལ་ཞིག་བལྟས་ཏེ་བསམ་བློའི་སྣེ་གཏོད་ས་མེད་པ་ཞིག་ཏུ་འཁྲིད་རྩིས་རེད།སྐད་ཆ་རྡོག་རྡོག་ཅིག་ཤོད་དང་།ང་ཁྱོད་ཀྱི་སྐད་ཆ་ལ་ཉན་རྒྱུར་ཅུང་དགའ་བོ་ཡོད།

    Reply
  19. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མི་ཚོས་སྐད་ཡིག་གི་སྐོར་གླེང་གི་མ་འདུག
    བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་ཚོའི་ཁྲོད་དུ་ཡིག་ནོར་མི་འབྲི་བ་གཅིག་ཀྱང་མེད། ཡིག་ནོར་གྱི་སྦག་པའི་གསར་འགྱུར་འདི་འདྲ་ཞིག་རྒྱལ་ཁབ་གང་དུ་ཡོང་ཨང་།

    Reply
  20. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཐོག་མར་ཚོགས་དེར་བཀྲིས་བདེ་ལེགས་ཀྱི་མཚམས་འདྲི་དང་ང་ཚོའི་སྤྱི་ཚོགས་ནང་ཚོགས་པ་དེ་འདྲ་ཞིག་ཡོད་པར་དགའ་བོ་བྱུང༌། ཚོགས་པ་འདི་རྒྱུད་ནས་བོད་ཀྱི་སྐད་ཡིག་ཆེད་སྦྱོང་མཐོ་སློབ་ཞིག་གསར་འཛུགས་ཐུབ་པ་ཡིན་ན་ཤིན་ཏུ་ལེགས་སྙམ། སྤྱིར་ང་ཚོའི་སྤྱི་ཚོགས་ནང་བོད་ཡིག་མཐོ་སློབ་༼ཝ་ནཱ་མཐོ་སློབ། ༽ ༼ས་རཱ་མཐོ་སློབ།༽ ༼ནོར་གླིང་མཐོ་སློབ་༽སོགས་འགའ་ཞིག་ཡོད་ཀྱང་དེ་དག་ནས་ལོ་རེ་སློབ་ཐར་ཕྱིན་པའི་སློབ་ཕྲུག་གི་གྲངས་ཧ་ཅང་ཉུང་བས་སྤྱི་ཚོགས་ནང་ཚད་ལྡན་གྱི་བོད་དགེ་ཞིག་འཚོལ་དགོས་བྱུང་ན་རྒྱ་མཚོ་ནང་ནས་ཁབ་འཚོལ་བ་ལས་དཀའ་བའི་གནས་ལགས། ང་ཚོའི་སྤྱི་ཚོགས་སམ་འཁོར་ཡུག་ནང་སློབ་གསོ་འདུ་ཤེས་ཤིན་ཏུ་དམན་ལ་དཔལ་འབྱོར་གྱི་འདུ་ཤེས་གཙོ་བོར་འཛིན་པའི་རྒྱུ་རྐྱེན་ཡང་བྱིས་བའི་དུས་ནས་སློབ་དགེ་ཚད་ལྡན་གྱིས་མི་རིགས་དང་རིག་གཞུང་གི་ཁེ་དབང་སྲུང་སྐྱོབས་ཆེད་སློབ་གསོ་མ་གདེངས་བའི་སྐྱོན་ཡིན། འདུ་ཤེས་དེ་དག་ལ་སྒྱུར་བ་གཏོང་དགོས་ན་ཐོག་མར་སློབ་དགེ་ཚད་ལྡན་གསོ་སྐྱོང་བྱ་དགོས་པ་དོན་གྱི་དམ་པ་ཡིན།

    Reply
  21. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ཆུང་ཆུང་ཞིག་ཆེན་པོ་བཟོས། དེ་ལ་དཔེ་མང་པོ་བསྒྲགས་ནས་བཤད་པ་ཙམ་ལས་སྙིང་པོ་ཡོད་པ་ཅང་མ་རེད།

    དོན་དམ་དུ་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བའི་རྐྱེན་རྩ་བཤད་ཐུབ་མི་འདུག་ལ། ཡར་རྒྱས་གཏོང་ཕྱོགས་ཀྱང་བཤད་ཐུབ་མི་འདུག

    དེ་བཞིན་མཐོ་རིམ་སློབ་མའི་དཔེ་མཚོན་ཞེས་རྒྱང་རིང་ཞིག་ལ་མཛུབ་མོ་བཙུགས་འདུག་པ་འདིས་ཀྱང་རང་གི་ཁོར་ཡུག་ན་མ་བལྟས་པར། ཐག་རིང་གི་རྫིག་རྫིག་ཅིག་ལ་བལྟས་ཁུལ་རེད། འདིས་ཀྱང་གསར་འབྱོར་བའི་མཐོང་རྒྱ་ཆུང་ཆུང་དེ་མཐོང་ཡོང་གི།

    འདི་ཚོར་འུར་རྒྱག་པ་ཟེར་བ་ལས་གསར་འགྱུར་གྱི་རིན་ཐང་ལྡན་པ་ཞིག་མ་རེད།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ཟེར་བ་འདི་ཚང་ལ་ཡོན་ཏན་ཡོད་པའི་མི་གཅིག་ཀྱང་ཡོད་པ་མ་རེད་པས། ཡིད་སྐྱོ་དགོས་པ་འདི་འདྲ་ག་རེ་རེད་ཨ།
    བོད་ཀྱི་ལས་དབང་ལ་རེ་བ་མེད་པར་འདྲ།

    Reply
  23. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་སྐད་གཙང་མ་རྒྱབ་དགོས་གསུངས་མཁན་ཞིག་གིས་ངོས་ནས་གཙང་བཙོག་གི་ས་མཚམས་ཤེས་དགོས་པ་རེད་སྙམ།
    བཅོས་པ་ཡིན།

    Reply
  24. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་གཙང་མ་རྒྱབ་དགོས་གསུངས་མཁན་ཞིག་ངོས་ནས་གཙང་བཙོག་གི་ས་མཚམས་ཤེས་དགོས་པ་རེད་སྙམ།

    Reply
  25. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 15 སྔོན།

    གཞུང་གིས་མི་ཤེས་མདོག་མདོག་བསྟན་ནས་ད་བར་སློབ་མའི་ཤེས་ཚད་འཐུས་ཤོར་ཕྱིན་པ་འདྲ། དངོས་གནས་སློབ་གསོའི་ཁོར་ཡུག་གི་ཆ་ནས་བལྟས་ནས་བཙན་བྱོལ་ནང་ཐེའུ་ིུ་རང་འདྲ་མོ་བརྒྱ་ཕྲག་ཁ་ཤསག་ཐོན་དགོས་པའི་ཚད་དུ་རེད།

    Reply
  26. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 15 སྔོན།

    མི་ཤེས་མིཤེས

    Reply
  27. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁ་སང་ཉིན་གསུམ་བཞིའི་སྔོན་ནས་བོད་ཀྱི་སྐད་ཡིག་སྐོར་རུ་འཚོགས་ཀྱི་ཡིན་ཟེར་བའི་སྐད་ཆའི་མདོག་རྒྱ་འདི་རེད་བས།

    Reply
  28. དོན་གོ says:
    ལོ་ 15 སྔོན།

    དགེ་རྒན་སྐལ་བཟང་ཉི་མ་ལགས་ཀྱིས། བོད་ནང་གི་སློབ་ཆེན་པ་ཐེའུ་རིང་བོད་ཀྱི་སློབ་ཆེན་སློབ་མའི་མཚན་ཉིད་ཚང་བ་ཞིག་ཏུ་བགྲངས་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་མཐོ་རིམ་སློབ་མའི་ཁྲོད་ཐེའུ་རིང་ལགས་ཀྱིས་བརྩམས་པའི་ཁྲག་ཡིག་ཀློག་ཟིན་པ་དང་། ཁོང་གི་མི་རིགས་ཀྱི་འགན་འཁྲི་དང་། སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་བླངས་ཏེ་བཙོན་ཏུ་ཚུད་པའི་གནས་ཚུལ་རྟོགས་མཁན་ག་ཚོད་ཅིག་ཡོང་ཨང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese