མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཡོན་ཐལ་ཆེ་བའི་ཆབ་སྲིད་ཚོགས་པའི་ལས་འགུལ་སྤེལ་སྟངས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

གཡོན་ཐལ་ཆེ་བའི་ཆབ་སྲིད་ཚོགས་པའི་ལས་འགུལ་སྤེལ་སྟངས།
 
 
དཀོན་མཆོག་དབང་འདུས་ཨབ་ཕྱི།

དང་པོ།
བཙན་བྱོལ་བོད་མིའི་མང་གཙོ་ནི་གྲོས་ཚོགས་ལམ་ལུགས་ཅན་གྱི་མང་གཙོ་ཡིན་པ་གང་ཞིག་ལ་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ་ཡོད་པའི་མང་གཙོ་མིན། གྲོས་ཚོགས་གཅིག་གིས་གཞུང་འཛིན་དང་ཁ་གཏད་ཀྱི་གོ་གཉིས་ཆོད་བྱེད་དགོས་ཀྱི་ཡོད། གཞུང་འཛིན་ཚོགས་པ་དེ་ཁ་གཏད་ཚོགས་པ་ཡང་ཡིན། རྒྱུ་མཚན་འདི་འདྲར་བརྟེན། བཀའ་བློན་ཁྲི་བའི་འོས་མི་གཞུང་འཛིན་དང་ཁ་གཏད་ཀྱི་ཚོགས་ཁོངས་ནས་འདེམས་ས་མེད་ལ་སོ་སོའི་འོས་མི་ཡིན་ཞེས་ཕྱིར་བསྒྲགས་ཀྱང་བྱེད་རྒྱུ་མེད། བཀའ་ཁྲིའི་འོས་མི་ཁྱབ་བསྒྲགས་ཚུད་པའི་འོས་བསྡུའི་ལས་ཀ་ཚང་མ་འོས་བསྡུ་ལས་ཁུངས་ནས་བྱེད་ཀྱི་ཡོད། འོན་ཀྱང་། ད་ལོར་ཆབ་སྲིད་ཚོགས་པ་ཁ་ཤས་ཀྱིས་འོས་མི་ཁྱབ་བསྒྲགས་མཉམ་དུ་མི་མང་གི་ཁྲོད་ནས་འོས་བསྡུའི་ཤུགས་རྐྱེན་འཚོལ་བཞིན་པ་ནི་གཡོན་ཐལ་ཆེ་བའི་བྱ་སྤྱོད་རེད། དཔེར་ན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ལྟ་བུ།

གཉིས་པ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མཚོན་ན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་འགན་ནི་། མི་མང་ལ་མང་གཙོའི་གོ་རྟོགས་བསྐྲུན་པ་དང་འོས་བསྡུའི་ཆ་ཤས་ལེན་རྒྱུའི་འབོད་སྐུལ་ཞུ་རྒྱུ་དེ་ཡིན། མི་མང་ལ་འོས་མི་ངོ་སྤྲོད་དང་འོས་མི་དེར་འོས་བླུགས་དགོས་བའི་ལས་འགུལ་སྤེལ་བ་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་འགན་མིན། མི་མང་ལ་འོས་མི་ངོ་སྤྲོད་བྱས་ཏེ་འོས་མི་དེར་འོས་འཐོབ་ཐབས་ཀྱི་ལས་འགུལ་སྤེལ་བ་ནི་གཡོན་ཐལ་ཆེ་བའི་བྱ་སྤྱོདཡིན། མི་མང་ལ་མང་གཙོའི་གོ་རྟོགས་སྤྲོད་རྒྱུའི་ཚབ་ལ་འོས་མི་ངོ་སྤྲོད་བྱེད་པ་དང་འོས་མི་དེར་འོས་འཐོབ་ཐུབ་ཀྱི་ལས་འགུལ་སྤེལ་བ་འདིས་བཀའ་ཁྲིའི་འོས་བསྡུ་ཆེན་མོར་བརྡག་གསུག་གཏོང་གི་ཡོད། དཔེར་ན།་ བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་མི་མང་ལ་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ངོ་སྤྲོད་དང་ཁོང་གཉིས་གང་རུང་གཅིག་ལ་འོས་འཐོབ་ཐབས་ཀྱི་ལས་འགུལ་སྤེལ་བ་ནི་ཧ་ཅང་གཡོན་ཐལ་ཆེ་བའི་བྱ་སྤྱོད་ཡིན།

གསུམ།
བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་སྤྱི་ལོ་༢༠༡༠ལོའི་ཟླ་༥བའི་ཚེས་༡༥ཉིན། བཀའ་བློན་ཁྲི་བའི་འོས་མི་༢དང་བོད་མི་མང་སྤྱི་འཐུས་འོས་མི་མདོ་སྟོད་ནས་མི་༦དང་མདོ་སྨད་ནས་མི་༥། དབུས་གཙང་ནས་མི་༡༠བཅས་ཀྱི་མཚན་གཞུང་ཕྱིར་བསྒྲགས་བྱས་ཡོད། ཕྱིར་བསྒྲགས་བྱས་ཙམ་མ་ཟད་ས་གནས་སོ་སོར་སྐོར་བསྐྱོད་ཀྱིས་བཀའ་ཁྲིའི་འོས་མི་གཉིས་ངོ་སྤྲོད་དང་འོས་ཤོག་འཚོལ་གྱི་ཡོད། གཡོན་ཐལ་ཆེ་བའི་ལས་འགུལ་སྤེལ་སྟངས་འདིས་ཡོང་རྒྱུར་བསྡད་པའི་བཀའ་ཁྲིའི་འོས་མི་གཞན་དག་ལ་འོས་ཤོག་གི་ལམ་ཁ་དེ་འགོག་བཞིན་ཡོད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་”མང་གཙོ་དང་རང་དབང་གི་ཆེད། གལ་ཆེའི་འོས་ཤོག་གི་ཐོབ་ཐང་ལེན་དགོས་”ཞེས་ཁ་གཡང་རྫུན་མ་ཞིག་བསྒྲགས་བཞིན། དོན་དངོས་སུ་མི་མང་ལ་བཀའ་ཁྲིའི་འོས་ཤོག་གི་ཐོབ་ཐང་ལེན་དགོས་བའི་གོ་རྟོགས་མ་བསྐྲུན་པར་དེའི་ལྡོག་ཕྱོགས་ནས་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གང་རུང་ལ་འོས་ཤོག་བླུགས་དགོས་བའི་འབོད་སྐུལ་ཞུ་བཞིན་ཡོད། གཞིས་ཆགས་ཁག་དང་དགོན་སྡེ་ཁག སློབ་གྲ་ཁག་བཅས་སུ་བསྐྱོད་ནས་འོས་མི་འདི་གཉིས་ཀྱི་གང་རུང་ལ་འོས་ཤོག་བླུགས་དགོས་བའི་གཡོན་ཐལ་ཆེ་བའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་གྱི་ཡོད།

བཞི།
མང་གཙོ་ཚོགས་པའི་གཡོན་ཐལ་ཆེ་བའི་ལས་འགུལ་སྤེལ་སྟངས་འདིས་ཡོང་རྒྱུར་བསྡད་པའི་བཀའ་ཁྲིའི་འོས་མི་ཚང་མ་ལ་འགོག་རྐྱེན་ཆེན་པོ་ཞིག་བཟོ་བཞིན་པ་མ་ཟད་འོས་བསྡུའི་ལས་ཀ་རྙོག་ཟིང་ཅན་ཏུ་བསྒྱུར་བཞིན་ཡོད། མི་མང་ལ་མང་གཙོའི་གོ་རྟོགས་བསྐྲུན་རྒྱུའི་ཚབ་ལ་སོ་སོའི་འོས་མི་དེར་འོས་བླུགས་དགོས་བའི་ལས་འགུལ་སྤེལ་བ་ནི་འོས་མི་གཞན་པ་ཚོའི་འོས་སྒམ་སྒོ་བརྒྱབ་པ་དང་གཅིག་མཚུངས་ལྟ་བུ་ཆགས་བཞིན་ ཡོད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གི་ངོས་ནས་འོས་མི་ངོ་སྤྲོད་ཀྱི་ཚབ་ལ་འོས་མིར་འོས་ཤོག་འཚོལ་བ་ནི་ཧ་ཅང་གཡོན་ཐལ་ཆེ་བའི་བྱ་སྤྱོད་ཡིན། གཡོན་ཐལ་ཆེ་བའི་ལས་འགུལ་སྤེལ་སྟངས་འདིའི་རིགས་ལ་མི་མང་གིས་དོ་སྣང་དང་གཟབ་ནན་བྱེད་དགོས།
 

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 26

  1. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་དམིགས་རྣམས་མི་མང་གི་མདུན་སར་དོན་ནས་རང་གི་ལྟ་བ་དང་མངོན་འདོད་མ་འོངས་ལས་འཆར་གང་ཡོད་ཤོད་པའི་དུས་ལ་སླེབ་ཡོད་སྙམ། ཚོགས་པ་ཁག་གི་བཀའ་ཁྲིའི་འོས་མི་དམིགས་སྟོན་པ་གཞི་བཟུང་རང་གི་བཀའ་ཁྲིའི་འོས་དམིགས་ཀྱི་ཤེས་ཡོན་དང་ལོ་རྒྱུས་བྱས་རྗེས་དང་ཉམ་མྱོངས་ཀྱི་ཡིག་ཆ་བཀའ་སློབ་གོ་བསྒྲིགས་སོགས་མི་མང་མདུན་སར་གཤམ་སྟོན་གྱིས་ལས་འགུལ་སྤེལ་དགོས་པ་དང་འོས་དམིགས་བྱེ་བྲག་པར་འགག་རྒྱག་ཐེར་འདོན་གྱི་བགྲོ་གླེང་གནང་ནས་བདེན་འཛིན་དབྱེ་འབྱེད་ཞིག་བྱས་པ་ཡིན་ན་བཀའ་ཁྲི་ཚད་ལྡན་ཞིག་ཐོབ་རྒྱུར་ཐེ་ཚོམ་མེད།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    གཡོན་ཐལ་ཆེ་བའི་ཆབ་སྲིད་ཚོགས་པའི་ལས་འགུལ་སྤེལ་སྟངས་ཞེས་གསུངས་པར་རྒྱབ་སྐྱོར་རྩ་བ་ནས་མེད།
    འདི་འདྲའི་ལས་འགུལ་སྤེལ་མཁན་ད་དུང་ཡང་ང་ཚོའི་སྤྱི་ཚོགས་ནང་ཉུང་སྐྱོན་འདུག ཚོགས་པ་སོ་སོ་སོ་སོས་བཀའ་བློན་ཁྲི་པའི་འོས་མི་མི་འདྲ་བ་མང་པོ་ཞིག་ལོ་རྒྱུས་དང་བཅས་ཏེ་ངོ་སྤྲོད་བྱེད་ཐུབ་ན། འབྱུང་འགྱུར་གྱི་
    ་བཀའ་བློན་ཁྲི་པར་འོས་ཤོག་བླུག་རྒྱུར་ཕན་ཐོགས་ཡོང་རྒྱུ་གཏན་འཁེལ་རེད།
    ད་ལྟ་ང་ཚོ་བོད་མི་མང་པོ་ཞིག་ལ་མི་སྣ་ངོ་སྤྲོད་བྱེད་མཁན་མེད་པར་མགོ་བོ་ཐོམས་ཏེ་ལུས་འདུག།

    Reply
  3. tenzen lhamo says:
    ལོ་ 15 སྔོན།

    བོད་ཀྱི་མཛེས་མ་ལགས།
    ངས་ང་རང་མཛེས་མ་ཞིག་བསམ་ཀྱང་མཛེས་མའི་མིང་ཁྱེད་རང་ཁུར་ནས་ཤོར་སོང་།
    ཁྱེད་ཀྱིས་བཀའ་ཁྲིའི་འོས་མི་ནང་དུ་མིང་བཏོན་པ་རྣམས་ཀྱི་ནང་དུ་རྒྱ་རི་བློ་གྲོས་དང་རྒྱ་རི་སྒྲོལ་མ་གཉིས་མ་གཏོགས་བཏོན་མི་འདུག

    ད་དུང་རྒྱ་རི་བུ་ཕྲུག་དང་རྒྱ་རི་པདྨ་རྒྱལ་པོ་གཉིས་ལུས་འདུག ཁོང་རྣམ་པ་གཉིས་ཀྱང་ཡག་པོ་ཡོད་པར་སྔོན་མ་ནས་གོ་མྱོང་ཡོད། ཐས་ཝན་ཕོག་ཟ་དགོས་ན་བླ་མ་ཀུན་བཟང་ལས་ཀྱང་འཇོན་པ་ཡོད་པར་གོ་མྱོང་ཡོད་པས་ཁོང་རྣམ་པ་གཉིས་ཀྱང་བཀའ་ཁྲིའི་འོས་མི་ནང་དུ་བཞག་རོགས་ཞུ་རྒྱུ་ཡིན་ལགས།

    Reply
  4. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    གང་ལྟར་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པས་བཀའ་ཁྲིའི་འོས་མི་གཉིས་ལས་མ་བཏོན་པ་རེད། ངས་ལྟར་ན་བཀའ་ཁྲིའི་འོས་མི་གང་མང་མང་ཞིག་བཏོན་ནས་མང་ཚོགས་ལ་གོ་རྟོགས་སྤེལ་དགོས་པར་འདོད། གང་ལགས་ཞེ་ན། མང་ཚོགས་ཀྱིས་གདམ་བྱ་མང་པོ་ཞིག་ལ་དཔྱད་པ་བྱ་རྒྱུའི་དགོས་པ་ཡོད། ས་ཁུལ་འགའ་ཞིག་ཧ་ཅང་ལུང་ཁུག་ནང་ཆགས་ཡོད་སྟབས་ཆབ་སྲིད་ཀྱི་གོ་རྟོགས་སྐྱོ་པོ་རེད། དེ་ཚོའི་ནང་ལ་ཚོགས་པ་ག་གེ་མོ་ཞིག་གིས་མི་འདི་འདྲ་ཡག་པོ་ཡོད་རེད། བཀའ་ཁྲིར་བླུགས་དགོས་རེད་ཟེར་ན། ཁོང་ཚོས་ཀྱང་བརྟག་དཔྱད་ཡེ་ནས་མ་བྱས་པར་བཤད་ཚོད་ལྟར་བླུག་ངེས་ཡིན། དེར་བརྟེན་མང་ཚོགས་ནང་བཀའ་ཁྲིའི་སྐོར་ལས་འགུལ་སྤེལ་མཁན་རྣམས་འོས་མི་ཇི་ཙམ་མང་པོ་བཏོན་པ་དེ་ཙམ་གྲུབ་འབྲས་ཡོད་པ་བརྗོད་མི་དགོས་པ་ཞིག་རེད། དཔེར་ན་བཀའ་ཁྲིའི་འོས་མིར།
    བློ་བཟང་སེང་གེ
    བསྟན་འཛིན་རྣམ་རྒྱལ།
    རྒྱ་རི་བློ་གྲོས་རྒྱལ་མཚན།
    སྐུ་ཚབ་སྐལ་བཟང་རྒྱལ་མཚན།
    སྤེན་པ་ཚེ་རིང༌།
    རྒྱ་རི་སྒྲོལ་མ།
    ཀརྨ་ཆོས་འཕེལ།
    སོགས་བཀའ་ཁྲིའི་འོས་མི་བཏོན་པ་དང་ཆབ་ཅིག་ཁོང་རྣམ་པའི་རྒྱབ་ལྗོངས་ལོ་རྒྱུས་བཅས་ངོ་སྤྲོད་བྱས་ཏེ་མང་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་བླ་མཐོར་གཏོང་ཐབས་བྱེད་དགོས། གཞན་འོས་མི་གཉིས་ཙམ་གྱི་མིང་ཁྱེར་ནས་ས་གནས་གང་སྐོར་བསྐྱོད་བྱས་པ་དེ་ཙམ་དགེ་མཚན་ཆེར་མ་མཐོང༌།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཀླད་ནད་པ་ལགས།
    མའོ་ལ་སློབ་སྦྱོང་བྱེད་དགོས་མིན་ད་ལྟའི་ཆ་མའོ་ཁོ་རང་སྐྱེས་ཡུལ་གྱི་ཞིང་པ་མི་སེར་ཚོའི་འཚོ་བའི་བདེ་སྡུག་ལས་རྟོགས་ཐུབ།
    ཁ་བཤད་བཟང་ཡང་ལག་ལེན་སྡུག་པ་འདི་ནི་དམར་པོ་སྲིད་གཞུང་གི་ཆོས་ཉིད་ཤིག་རེད། དང་པོ་མའོ་ཁོ་རང་སྐྱེས་ཡུལ་གྱི་ཞིང་པ་མི་སེར་རྣམས་ལ་བདེ་སྐྱིད་དང་རང་དབང་མང་གཙོ་ལྡན་པའི་འཚོ་བ་ཞིག་བསྐྲུན་དང་། དེ་ནས་བོད་དང་སོག་པོའི་མི་རིགས་གཞི་ནས་ཁ་ག་པ་འཁོར་དགོས་མིན་གསལ་ཡོང་གི་རེད།

    མའོ་དང་པོ་རྒྱ་ནག་ནང་དུ་ཡར་ལངས་བྱས་སྐབས་སུ་འགོ་སྲིད་འཛིན་ནས་མཐའ་མི་སེར་བར་དུ་ཐོབ་ཐང་འདྲ་མཉམ་ཡིན་གསུངས་མྱོང་ཡོད་པ་དེར་ལག་ལེན་འདུག་གམ།་་་་ཧ་ཧཧཧ

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ནད་པ་ལགས་ཁྱོད་ཀྱི་ཀླད་ནད་འདིར་ང་ཅོ་རིས་ངོ་ཤེས་ནས་རྒྱུན་རིང་པོ་ཡིན། ༧གོང་ས་མཆོག་ཁ་ལ་ཁྱེར་ནས་བོད་རྒྱལ་ཁབ་ཆེན་མོ་འདི་རྒྱ་ནག་པོ་ཁུངས་གཏོགས་སྒྲུབ་གང་ཐུབ་བྱས་བསྡད་པར་འདིར་ངས་ཤེས་ཀྱིན་ཡོད།

    ཡིན་ནའང་འདི་ནི་ཁྱོད་རང་གི་ཀླད་ནད་ལས་བྱུང་བའི་འཁྲུལ་ཤེས་ཞིག་རེད་མ་གཏོགས་བཙན་བྱོལ་མི་དམངས་ཀྱིས་ངོས་ནས་བོད་རྒྱ་ཁུངས་ཡིན་པར་ངོས་ལེན་རྩ་བ་ནས་གནང་མྱོང་མེད།

    དེ་ལས་ཁྱོད་རང་བོད་མི་ཞིག་གིས་ངོས་ནས་ཁ་ནང་ལ་འཁོར་ནས་རང་གི་མི་རིགས་དང་རང་གི་རྒྱལ་ཁབ་ལ་ཤ་ཚ་བྱེད་ན་དགའ་གི་མ་རེད་པས།

    རྒྱ་ནག་དམར་གཞུང་ཡང་རྒད་པོ་རྒད་པོ་རེད། མགྱོགས་པོ་ཤི་གི་རེད་ཞེས་༧གོང་ས་མཆོག་གིས་གསུངས་མ་སོང་ངམ།

    བཙན་བྱོལ་མི་དམངས་རྒྱལ་ཁབ་༣༧་ནང་དུ་ཡོད། རྒྱ་ནག་གཞུང་སྟོབས་ཤུགས་ཅི་ཙམ་ཆེ་ཡང་བོད་མི་གཅིག་ཀྱང་མེད་པ་བཟོ་ཐུབ་ཐབས་མེད་པ་དེར་རྒྱུགས་ཁྱི་ཁྱོད་རང་གིས་ཧ་གོ་ན་དགའ་ལེ་རེད་ད།་ཧ་ཧ་ཧ

    Reply
  7. ནད་པ says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། བཙན་བྱོལ་བོད་གཞུང་གི་བཀའ་ཁྲིའི་ལས་ཐོག་ཏུ་སླེབས་ཚེ་སྒེར་གྱི་ལྟ་བ་ཅི་ཞིག་ཡིན་མིན་ལ་མ་ལྟོས་པར་༸ གོང་ས་མཆོག་དང་བོད་གཞུང་གི་གཉིས་ཕན་དབུ་མའི་སྲིད་ཇུས་གཞི་རྩར་བཟུང་རྒྱུ་ལས་དེ་ལས་གཞན་པའི་ཆབ་སྲིད་ཀྱི་འགྲོ་ལམ་གང་ཡང་ཡོད་པ་མ་རེད།

    གཉིས་ཕན་དབུ་མའི་སྲིད་ཇུས་ཀྱི་གཞི་རྩའི་འབྱུང་ཁུངས་ནི་མཁྱེན་རླབས་མཚུངས་མེད་༸ གོང་ས་སྐྱབས་མགོན་ཏྰ་ལའི་བླ་མཆོག་གི་མཁྱེན་དཔྱོད་འགྲན་ཟླ་དང་བྲལ་བ་ལས་བྱུང་ཞིང་། དེར་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་དང་། བོད་གཞི་བྱེས་གཉིས་ཀྱི་མི་དམངས་ཡོངས་ཀྱི་བརྒྱབ་སྐྱོར་ཐོབ་ཡོད་པ་རེད།

    འཇིགས་བྲལ་བསྟན་འཛིན་གྱིས་གསུངས་པ་ལྟར་སུན་ཙིའི་དམག་དོན་བསྟན་བཅོས་ཀྱི་ནང་དུ་་་ ལན་བརྒྱར་འཐབ་ཀྱང་ལན་བརྒྱར་བརྒྱལ་བ་མཁས་པའི་ནང་གི་མཁའ་མཆོག་མ་ཡིན་པར་དམག་རྒྱག་མི་དགོས་པར་གཞན་ཕ་རོལ་ཟིལ་གྱིས་གནོན་ཐུབ་ན་མཁས་པའི་ནང་གི་མཁས་མཆོག་ཡིན།་་་་ཞེས་སུན་ཙེས་བཤད་པ་ལྟར་༸ གོང་ས་མཆོག་གི་འཚེ་མེད་ཞི་བདེའི་འོད་སྣང་ལས་རྒྱ་བོད་གཉིས་ཕན་གྱི་ཞི་མོལ་ཁོ་ནར་འབད་བརྩོན་གནང་བཞིན་ཡོད་པ་དེ་ངོ་མཚར་ཆེ་བའི་གནད་ཅིག་རེད།

    ཅོ་རིས་བཤད་པ་ལྟར་བོད་རང་དབང་སློབ་ཚོགས་དང་། གཞོན་ནུ་ཚོགས་པ། ཆུ་གཞི་སྒང་དྲུག རང་དབང་འཐབ་རྩོད་མཁན་ཚང་མས་གནམ་ལྕགས་ཀྱིས་བརྗོད་པ་བཞིན་རྒྱ་བོད་གཉིས་ཀའི་གནད་ལུགས་གསལ་པོར་ཤེས་རྟོགས་ཐུབ་པ་བྱེད་དགོས།

    གང་ཡིན་ཟེར་ན་མའོ་ཙེ་ཏུང་གིས་སུན་ཙེའི་དམག་དོན་བསྟན་བཅོས་ཐད་རང་གཞན་གཉིས་ཀྱི་ཚུལ་རྟོགས་ན་ལན་བརྒྱར་འཐབ་ཀྱང་ཕམ་མི་འགྱུར་ཞེས་པའི་ཚིག་འདི་ལ་གདེང་འཇོག་ཆེན་པོ་ཞིག་བྱས་འདུག

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གཞོན་ནུ་ཚོགས་པ་དང་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་རང་དབང་སློབ་གྲོགས་ཚོགས་པ་བཅས་ཀྱིས་ངོས་ནས་མ་འོང་བཀའ་ཁྲིའི་ཆབ་སྲིད་ལམ་ཕྱོགས་དང་ལྟ་བ་ཤེས་དགོས་པར་གལ་ཆེན་རེད་སྙམ།

    ཚོགས་པ་འདི་གསུམ་གྱི་སྒྲིག་གཞི་དང་མཐུན་པའི་ལྟ་བ་དང་ལམ་ཕྱོགས་ཡོད་པའི་བཀའ་ཁྲི་བཙའ་དགོས་པ་ཚོགས་པ་འདི་གསུམ་གྱི་ཆེད་དུ་གལ་ཆེན་པོ་རེད།

    དེ་འདྲ་ཡིན་དུས་ཚོགས་པ་འདི་གསུམ་གྱིས་ངོས་ནས་ཡང་བཀའ་ཁྲིའི་འོས་མི་འདོན་ཡོང་གི་རེད་སྙམ། ཡིན་ནའང་བྱ་མ་གྲགས་སྔོན་དུ་བོང་བུས་ནམ་ཚོད་བཟུང་བཞིན་འདུག

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    འདི་ལོའི་བཀའ་ཁྲིའི་འོས་བསྡུའི་ལས་དོན་འདི་ཅོལ་ཆུང་དང་། ཁྱི་ཕག་གི་ལས་ཀ་གང་ཡང་མ་རེད། འདི་ནི་དོན་གྱི་འགྲན་རྩོད་ལྡན་པ་དང་། ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་འཁེལ་བའི་བོད་ཀྱི་ཆབ་སྲིད་དབུ་ཁྲིད་སུ་ཡོང་གི་འོས་བསྡུ་རེད། དེ་བས་སྐད་ཆ་འདི་ལྟར་བཤད་ན་དྲ་གྲོགས་གནམ་ལྕགས་ཁྱོད་རང་གང་དུ་སླེབས་ཀྱི་འདུག དེ་ཡང་བསམ་བློ་གཏོང་དགོས་པ་འདུག བོད་ཀྱི་འཐབ་རྩོད་ཀྱི་རྨང་གཞི་གཅིག་མང་ཚོགས་ཀྱིས་འགན་ཁུར་ཏེ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་འཐབ་རྩོད་བྱེད་དགོས་ཀྱི་རེད། དེ་ཡོང་བ་ལ་མང་གཙོ་ནི་དེའི་སྲོག་ཤིང་རེད་ལ། འོས་བསྡུ་ནི་དེའི་ཆ་ཤས་གལ་ཆེ་ཤོས་ཤིག་ཡིན་པའདི་ནི་རྒྱུན་ཤེས་རེད།

    དེ་ནས་ཁྱོད་རང་གིས་གསུངས་པ་བཞིན་རྒྱ་དཔོན་མའོ་དང་། ཁྲིན་ཡིས། ཏིང་། ཅང་། དེ་བཞིན་སུན་ཙིའི་དམག་དོན་བསྟན་བཅོས་སོགས་ལ་སློབ་སྤྱོང་ངེས་པར་བྱེད་དགོས་པ་རེད། འདི་ལ་རྒྱབ་སྐྱོར་ཡོད་ལ། སློབ་སྦྱོང་གང་ཐུབ་བྱེད་ཀྱི་ཡོད། ཡིན་ནའང་འདི་སྐོར་དེ་རིང་གི་བརྗོད་གཞི་མ་རེད་སྙམ།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གལ་ཆེ་ཤོས་འོས་མི་རྣམས་ཀྱི་ཆ་གཞི་ཅི་ཡོད་ཤེས་དགོས་རེད་མ་གཏོགས་ཅིག་ཅིག་མཁས་རབས་དང་མུག་མུག་འཇོན་རབས་ཙམ་གྱི་ཕན་གྱིན་མི་འདུག

    བཙན་བྱོལ་མི་མང་གིས་ཤེས་དགོས་པ་དེ་ཁོང་རྣམ་པ་ཚོའི་ལམ་ཕྱོགས་དང་ཆ་གཞི་ལྟ་བ་བཅས་རེད། དེར་ཤེས་པ་ཡིན་ན་བཙན་བྱོལ་མི་དམངས་ཀྱི་འོས་སུ་ལ་སྤྲོད་དགོས་མིན་ཤེས་སླ་པོ་ཆགས་ཀྱི་རེད།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རེད་ཡ་མང་གཙོ་ཡི་རང་དབང་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ཞེས་པའི་མིང་གཞུང་ཁྱབ་ཆེན་པོ་འདིའི་འོག་ནས་བཀའ་ཁྲིའི་འོང་མི་གཉིས་མ་གཏོགས་མ་བཏོན་པ་དེར་ཡག་པོ་མ་རེད་སྙམ།
    བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ངོས་ནས་བཀའ་ཁྲིའི་འོང་མི་ཡོངས་རྫོགས་མི་དམངས་ལ་ངོ་སྤྲོད་བྱེད་དགོས་པ་དང་འོས་མི་ཡོངས་ཀྱི་ཤེས་འཇོན་དང་གནས་ཚུལ་ངོ་སྤྲོད་ཀྱི་མང་གཙོ་གོ་རྟོགས་སྤེལ་བ་གནང་བ་ཡིན་ན་དོན་དང་ལྡན་རེད།

    དེ་མིན་བཀའ་ཁྲིའི་འོང་མི་མི་གཉིས་གཅིག་པོར་ངོ་སྤྲད་བྱས་ནས་དངོས་བསྟན་ཁོང་གཉིས་ཡག་རབས་དང་ཤེས་འཇོན་ཡོད་རབས་ཀྱི་གཏམ་བཤད་སྤེལ་བ་ཡིན་ན་འོས་མི་གཞན་པ་རྣམས་ལ་ཤེས་འཇོན་དེ་ཙམ་མེད་པར་ཤུགས་བསྟན་བྱས་པ་རེད་སྙམ།

    དྲི་བ།
    1.བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ངོས་ནས་རྣམ་པ་ཚོས་བཏོན་པའི་བཀའ་ཁྲིའི་འོས་མི་གཉིས་ཀྱི་ཆབ་སྲིད་ཀྱི་ལྟ་བ་དང་མ་འོང་བཙན་བྱོལ་གཞུང་འཛིན་སྐྱོང་བྱ་ཕྱོགས་སྐོར་གྱི་ཆ་གཞི་འདི་དང་འདིར་རེད་ཞེས་གསལ་པོ་ཤེས་སོང་ངམ།

    2.གལ་སྲིད་ཤེས་ན་ཁོང་རྣམ་པ་གཉིས་ཀྱི་ལམ་ཕྱོགས་རང་བཙན་གཙང་མ་རེད་དམ་ལམ་དབུ་མ་རེད། ཡང་ན་དེ་ལས་གཞན་པ་ཞིག་རེད་དམ།

    3.བཙན་བྱོལ་བོད་མི་ལས་ཀ་མེད་ནས་བསྡད་ཡོད་པ་རྣམས་ཀྱི་མ་འོང་འཚོ་བའི་ལམ་ཕྱོགས་ཀྱི་ཆ་གཞི་ཅི་ཡོད་ཤེས་སོང་ངམ།

    ཐུགས་རྗེ་གཟིགས།

    Reply
  12. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་གནམ་ལྕགས་ཁྱོད་རང་ཐེ་ཚོམ་མེད་པར་མང་གཙོའི་འགྲོ་ལུགས་ཀྱི་ལམ་དུ་བཞུད་དགོས་པ་རེད། ཁྱབ་བསྒྲགས་འདི་དག་གིས་མང་ཚོགས་ལ་མང་གཙོའི་གོ་རྟོགས་འཕེལ་གྱི་རེད། དེ་རིང་ཁྱོད་རང་གིས་མགོ་འཐོམ་སོང་ཟེར་བ་འདི་ཡང་མང་གཙོའི་ཚོད་འགམ་དང་། ཁྱོད་ལ་མང་གཙོའི་གོ་རྟོགས་རྙེད་བཞིན་ཡོད་པའི་རྟགས་ཤིག་ཏུ་ངོས་འཛིན་བྱེད་དགོས་པ་རེད། འོས་སུ་ལ་འཕེན་མིན་རང་ཉིད་ནས་ག་ལེར་བལྟ་ཆོག་གི་རེད།

    Reply
  13. གནམ་ལྕགས། says:
    ལོ་ 15 སྔོན།

    ཨོ་བཤད་རྒྱུ་ཞིག་ལ། རང་རེའི་དྲ་ཐོག་གི་སེམས་ལྡན་རྣམས་ཀྱིས་ངེས་པར་དུ་འདི་འདྲའི་སྐབས་སུ་དགྱ་ནག་གི་དཔའ་བོ་ཀྲུའུ་ཏེ་དང་ཏིང་ཞོ་ཕིང་སོགས་ཀྱི་རྩོམ་བཏུས་ཀློག་དགོས་ཀྱི་འདུག ཁོང་ཚོའི་རྩོམ་བཏུས་ལས་ཤེས་དགོས་རྒྱུ་ཞིག་ལ། དགྱ་ནག་ཐོག་མར་གྲུབ་དུས་ཀྱི་མང་ཚོགས་དང་དེའི་ཆིག་སྒྲིལ་གྱི་བསམ་བློ་ཇི་ལྟར་གོང་འཕེལ་དུ་བཏང་མིན། ད་དུང་རང་གི་རྒྱལ་ཁབ་ཀྱི་དོན་དུ་བློས་གཏོང་ཇི་ལྟར་བྱས་མིན་གྱི་རྒྱལ་གཅེས་བསམ་བློ་སོགས་རེད། ག་འདྲ་བྱས་ནས་ཅང་ཅ་ཧྲིའི་ཁྲི་དམག་བརྒྱད་བརྒྱ་ཕམ་ཚུལ། དེ་བས་ཀྱང་ཤེས་དགོས་རྒྱུ་ཞིག་ལ་རང་རེ་གཙོས་མཐའ་འཁོར་གྱི་རྒྱལ་ཕྲན་དག་དབང་དུ་བསྡུས་ཚུལ་ལ་ལྟོས་དང་། ད་གཟོད་རང་རེའི་ཁྱི་ཕག་གི་རྩོད་པ་ལྟ་བུའི་ཅོལ་ཆུང་གི་ལས་ཀ་འདི་ཅི་ཞིག་ཡིན་མིན་ཤེས་ནུས། དྲ་གྲོགས་ཚོ།

    Reply
  14. གནམ་ལྕགས། says:
    ལོ་ 15 སྔོན།

    རེད་རེད། དྲ་གྲོགས་མི་ཆུང་དང་འཇིགས་བྲལ་གཉིས་ལགས། ང་འཐོམས་གཞི་ནི། རང་རེའི་དྲ་ཐོག་གམ་སྤྱི་ཚོགས་སྟེང་། སྐབས་འགར་འདི་འདྲའི་འོས་གཞི་སྔོན་བསྒྲགས་ཀྱི་ལས་ཀ་བྱེད་ཀྱི་མི་འདུག་ཅེས་སྐད་ཤོར་གྱི་ཡོད། སྐབས་ལ་ལར་འདི་ལྟར་ལས་གཞི་བརྩམས་འོང་དུས་འགོག་རྐྱེན་བཟོ་ཡི་ཡོད། དེ་འདྲའི་གོ་འཛོལ་གྱི་བཙན་བྱོལ་སྤྱི་ཚོགས་ཆུང་འདི། ཡང་སྙིང་སུའི་རྗེས་སུ་རྒྱུག་དགོས་མིན་དེ་རེད། དྲང་མོར་བཤད་ན། བཤད་ཡམས་ཀྱི་རྦ་རླབས་དགུང་དུ་འཕྱུར་བའི་རང་རེའི་དྲ་བའི་འཇིག་རྟེན་འདིར་སླེབས་ནས་ང་མགོ་འཐོམས་སོང་། ང་རེ་ཆད་དང་འུ་ཐུག་གི་ངང་ནས་མགོ་འཐོམ་སོང་། ང་སྐྱོ་བ་དང་མིག་ཆུའི་ཀློང་ནས་མགོ་འཐོམ་སོང་། ང་སྨྲེ་ངག་དང་འོ་དོད་ཀྱིས་འོག་ནས་མགོ་འཐོམ་སོང་། ད་དུང་་་་་་་

    Reply
  15. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གནམ་ལྕགས་མགོ་འཐོམ་པ་དེ་གཞུང་འབྲེལ་མིན་པའི་ཚོགས་པ་དང་། ཆབ་སྲིད་ཚོགས་པ་གཉིས་གཞི་གཅིག་ཏུ་ངོས་འཛིན་བྱས་པའི་བསམ་ཚུལ་ཙམ་པོ་བ་འདི་འདྲ་ཡང་བཤད་མཁན་འདུག་བསམས་ནས་མགོ་ཁུལ་གྱིས་ཁྲེལ་དགོས་བྱས་པ་མིན་ནམ། དེ་མིན་ང་ཚོའི་དྲ་གྲོགས་གནམ་ལྕགས་དེ་འདྲའི་ལས་སླ་པོ་བྱས་ནས་མགོ་འཐོམ་མཁན་ཞིག་མིན་པ་ང་ཚོ་ཚང་མས་ཤེས་པ་དེ་ག་མ་རེད་དམ།

    Reply
  16. མི་ཆུང་། says:
    ལོ་ 15 སྔོན།

    གནམ་ལྕགས་ཀྱིས་མགོ་འཐོམས་སོང་ཟེར། ཁྱེད་འཐོམས་དགོས་དོན་མེད། ཁྱེད་བསམ་བློ་གུ་ཡངས་དང་། མདུན་དུ་སྐྱོད་མཁན་ཞིག་ལ་ངོས་འཛིན་བྱས་ཡོད། ད་རེས་ཁྱེད་ཀྱི་འཐོམས་སྟངས་དེ་ཇི་ལྟར་ཡིན་མིན་ཤེས་མ་སོང་། འཐོམས་ཚུལ་མ་ནོར་བའི་ཡིད་ཆེས་ཡོད།

    Reply
  17. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གཡོན་ཐལ་ཆེ་བའི་ཆབ་སྲིད་ཚོགས་པའི་ལས་འགུལ་སྤེལ་སྟངས། ཟེར་བའི་བསམ་ཚུལ་ཙམ་པོ་བ་དེ་ལ་ཅི་དགར་ཟློ་བ།

    བཀའ་བློན་ཁྲི་བའི་འོས་མི་གཞུང་འཛིན་དང་ཁ་གཏད་ཀྱི་ཚོགས་ཁོངས་ནས་འདེམས་ས་མེད་ལ་སོ་སོའི་འོས་མི་ཡིན་ཞེས་ཕྱིར་བསྒྲགས་ཀྱང་བྱེད་རྒྱུ་མེད། བཀའ་ཁྲིའི་འོས་མི་ཁྱབ་བསྒྲགས་ཚུད་པའི་འོས་བསྡུའི་ལས་ཀ་ཚང་མ་འོས་བསྡུ་ལས་ཁུངས་ནས་བྱེད་ཀྱི་ཡོད། ཅེས་བཤད་པ་བཞིན་འོས་བསྡུ་ལས་ཁུངས་ནས་སྔོན་འགྲོའི་འོས་མི་སུ་འདོན་གྱི་རེད། གལ་སྲིད་སྔོན་འགྲོའི་འོས་མི་འོས་བསྡུ་ལས་ཁུངས་ནས་མ་བཏོན་ན་སྔོན་འགྲོའི་འོས་མི་མེད་པའི་འོས་བསྡུ་མཚན་ཉིད་མ་ཚང་བ་ཞིག་བྱེད་དགོས་ཀྱི་རེད་དམ།

    དེ་ནས་ཁྱོད་རང་གིས། ད་ལོར་ཆབ་སྲིད་ཚོགས་པ་ཁ་ཤས་ཀྱིས་འོས་མི་ཁྱབ་བསྒྲགས་མཉམ་དུ་མི་མང་གི་ཁྲོད་ནས་འོས་བསྡུའི་ཤུགས་རྐྱེན་འཚོལ་བཞིན་པ་ནི་གཡོན་ཐལ་ཆེ་བའི་བྱ་སྤྱོད་རེད། དཔེར་ན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ལྟ་བུ། ཟེར། འོ་ན་མང་གཙོའི་སྤྱི་ཚོགས་སུ་ཆབ་སྲིད་ཚོགས་པའི་ལས་ཀ་གང་རེད་དམ། ཁྱོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ཟེར་བའི་མིང་ཚིག་ཁོ་རང་གིས་བསྟན་དོན་དང་། ཚོགས་པ་འདིའི་བྱུང་རིམ་ཙམ་ཡང་ཤེས་མི་འདུག ཅི་ཡང་མི་ཤེས་པར་འོལ་གཏམ་སྨྲ་བ་འདི་འདྲ་བ་བསམ་བློ་སྨྲ་བའི་གདན་གྲལ་དུ་ཇི་ལྟར་བྱས་ནས་བཞག་པ་ཡིན་ནམ། འདི་ཡང་དྲི་བ་ཞིག་ཆགས་ཡོད།
    ཡང་ཁྱོད་ཀྱིས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་འགན་ནི་། མི་མང་ལ་མང་གཙོའི་གོ་རྟོགས་བསྐྲུན་པ་དང་འོས་བསྡུའི་ཆ་ཤས་ལེན་རྒྱུའི་འབོད་སྐུལ་ཞུ་རྒྱུ་དེ་ཡིན། མི་མང་ལ་འོས་མི་ངོ་སྤྲོད་དང་འོས་མི་དེར་འོས་བླུགས་དགོས་བའི་ལས་འགུལ་སྤེལ་བ་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་འགན་མིན། ཅེས་ཤེས་མདོག་ཁ་པོས་བཤད་འདུག་མོད། ཡིན་ནའང་གཞུང་འབྲེལ་མིན་པའི་ཚོགས་པ་དང་། ཆབ་སྲིད་པ་ཚོགས་པ་གཉིས་ཀྱི་དབྱེ་བ་ཙམ་ཡང་མི་ཤེས་པར་ལོང་གཏམ་ཅི་དགར་སྨྲ་བཞིན་ཡོད་པ་སོ་སོས་ཤེས་དུས་སོ་སོ་ངོ་ཚ་བའི་རྒྱུ་ཉིད་དོ།
    ཡང་ཁྱོད་ཀྱིས། མང་གཙོ་དང་རང་དབང་གི་ཆེད། གལ་ཆེའི་འོས་ཤོག་གི་ཐོབ་ཐང་ལེན་དགོས་ཞེས་ཁ་གཡང་རྫུན་མ་ཞིག་བསྒྲགས། ཟེར་ནས་ཧ་ཅང་མི་འདོད་པ་ཆེན་པོ་བྱས་འདུག དྲི་བ་གཅིག་ཞུ་རྒྱུ་ཡོད་པ་ནི་མང་གཙོ་དང་རང་དབང་གི་ཆེད་དུ་གལ་ཆེའི་འོས་བསྡུའི་ཐོབ་ཐང་ལེན་མི་དགོས་སམ། གལ་ཆེའི་འོས་ཤོག་གི་ཐོབ་ཐང་ལེན་པ་དེ་རང་དབང་མང་གཙོའི་གཞུང་ལམ་ཡིན་པ་ད་དུང་ཤེས་ཀྱི་མེད་པ་རེད་དམ།
    འདིར་བཤད་པ་དུས་ཚོད་ཀྱི་བར་གསེང་ཞིག་ཏུ་ཁྱོད་ལ་རོལ་རྩེད་དུ་སྤྲོས་པའོ།

    Reply
  18. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    གཡོན་ཐལ་ཆེ་བའི་ཆབ་སྲིད་ཚོགས་པའི་ལས་འགུལ་སྤེལ་སྟངས་ཞེས་པར་རྒྱབ་སྐྱོར་རྩ་བ་ནས་མེད།
    འདི་འདྲའི་ལས་འགུལ་སྤེལ་མཁན་ད་དུང་ང་ཚོའི་སྤྱི་ཚོགས་ནང་ཉུང་དྲག་འདུག ཚོགས་པ་སོ་སོ་སོ་སོས་བཀའ་བློན་ཁྲི་པའི་འོས་མི་མི་འདྲ་བ་མང་པོ་ཞིག་ངོ་སྤྲོད་བྱེད་ཐུབ་ན་འབྱུང་འགྱུར་བཀའ་བློན་ཁྲི་པའི་འོས་ཤོག་བླུག་རྒྱུར་ཕན་ཐོགས་ཡོང་རྒྱུ་གཏན་འཁེལ་རེད།
    ད་ལྟ་ང་ཚོ་བོད་མི་མང་པོ་ཞིག་ལ་མི་སྣ་ངོ་སྤྲོད་བྱེད་མཁན་མེད་པར་མགོ་བོ་ཐོམས་ཏེ་ལུས་འདུག།

    Reply
  19. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 15 སྔོན།

    འདིར་རྩོམ་ཡིག་̒འབྲི་མཁན་དང་མཆན་བུ་འདེབས་མཁན་ཚང་མས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མིག་གསལ་བསྒྲགས་སྐོར་བསྐྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཚོར་བ་ཙམ་ལས། གཏམ་བཤད་ག་འདྲ་བྱེད་ཀྱི་ཡོད་མེད་ཤེས་མི་འདུག་སྙམ། ལས་འགུལ་དེར་དངོས་སུ་སླེབས་མྱོང་བའི་མི་ཞིག་གིས་གོང་གི་རྩོམ་དང་མཆན་བུ་་དག་མཐོང་ན་མགོ་མ་ཚོས་པའི་སྐད་ཆ་རང་རེད་འདུག་ཟེར་ཡང་མི་ཆོག་པ་མི་འདུག གང་ཡིན་ཟེར་ན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ཟླ་འདིའི་ཚེས་ ༣༠ ཉིན་སྦེལ་ཀོབ་བདེ་སླར་ཚོགས་ཁང་དུ་གཏམ་བཤད་སྤེལ་སྐབས་ང་ཡང་ཉན་མཁན་གྱི་གྲས་སུ་ཡོད། སྐབས་དེར་ཁོང་ཚོས་བཏོན་པའི་བཀའ་ཁྲིའི་འོས་མིག་གཉིས་ལ་ཤེས་འཇོན་སོགས་ཀྱི་ཐད་ནས་བཀའ་ཁྲི་བྱེད་པར་ཆ་རྐྱེན་འདུག་ཅེས་བརྗོད་སོང་མོད། ཁོང་གཉིས་ལ་འོས་སྡུག་དགོས་ཟེར་ནས་རྩ་བ་ནས་བརྗོད་མ་སོང་། མ་ཟད་ཁོང་གཉིས་མ་ཡིན་པའི་འོས་མི་གཞན་པ་སུ་ཡོད་རང་ཉིད་ཀྱིས་འཚོལ་དགོས་པ་དང་། དེ་བཞིན་ད་ལྟ་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མིག་མང་པོ་ཐོན་བཞིན་ཡོད་པ་ཚོར་ཡང་ཁྱེད་རང་ཚོས་ལྟ་དགོས་ཀྱི་རེད་ཅེས་ནན་བཤད་བྱས་སོང་། ལྷག་པར་རྗེས་སུ་ཁོང་གཉིས་ཀྱིས་བཀའ་ཁྲི་བྱས་ཀྱང་ཁུངས་འཁྱོལ་བ་དང་ལས་དོན་ཡག་པོ་བྱེད་ཀྱི་རེད་ཅེས་̒བརྗོད་རྒྱུའི་འགན་ཁུར་མེད། ཡིན་ནའང་ད་བར་ཁོང་རྣམ་པས་སྤྱི་དོན་གྱི་ལས་ཀ་བྱས་ཡོད་པར་ངོས་འཛིན་ཡོད་ཅེས་ནན་པོ་བཤད་སོང་།

    དེ་འདྲ་སོང་ཙང་། སྐད་ཆ་གང་ཡིན་ཡང་མགོ་ཚོས། ཧ་གོ་ནས། དོན་མཐོང་ནས་བཤད་ན་ཚང་མར་ཕན་ཐོག་གི་རེད།

    Reply
  20. ཕྱོགས་གླང། says:
    ལོ་ 15 སྔོན།

    ད་རེས་དམངས་གཙོ་ཚོགས་པས་འོས་མིའི་ལས་འགུལ་སྤེལ་བ་འདི་དངོས་ཡོད་གནས་ཚུལ་ཐོག་ནས་མང་ཚོགས་ལ་ཕན་ཐོག་ཆེན་པོ་བྱུང་ཡོད་པར་ངོས་འཛིན་བྱེད་ཆོག་པ་ཞིག་མིན་ནམ་བསམ་གྱི་ཡོད། རྒྱུ་མཚན་ནི་བོད་མི་ཚང་མ་རྡ་རམ་ས་ལ་ལྟ་བུར་ས་གནས་གཅིག་ཏུ་མཉམ་གནས་མེད་ཙང་ཤེས་ཡོན་ཅན་དང་། འཇོན་ཐང་ཅན་སོགས་བཀའ་ཁྲིར་འོས་མི་སུ་ཡོད་ཤེས་རྟོགས་ཐུབ་རྒྱུར་དཀའ་ངལ་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད།

    Reply
  21. མི་ཆུང་། says:
    ལོ་ 15 སྔོན།

    མི་འདི་ཚོས་ཅི་ཞིག་བཤད་ཀྱིན་པ་རེད་དམ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་འདི་ལྟར་གནང་བར་ཐ་གཅིག་ཏུ་རྒྱབ་སྐྱོར་ཡོད། འདི་ནི་ཚད་ལྡན་མང་གཙོའི་ལམ་སྲོལ་ཞིག་ཡིན་པ་ལས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྔོན་མེད་གསར་དུ་གཏོད་པ་ཞིག་ཀྱང་མ་རེད། མིག་ཕྱི་རོལ་དུ་ལྟ་དགོས་པ་ལས་ནང་གཅིག་པུར་བལྟས་ནས་མ་འདུག་རོགས། ང་ཚོས་དེ་རིང་བར་ཕམ་ཁ་མྱོང་དགོས་དོན་ཡང་། བྱེད་སྟངས་འདི་འདྲ་ལས་བྱུང་བའི་འབྲས་བུ་རེད།

    འདི་ལོ་ནས་བཟུང་གཙན་བྱོལ་ནང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་རྒྱལ་སྤྱིའི་འགྲོ་སྟངས་ཀྱི་ལམ་ལུགས་ཤིག་གཏོད་འདུག་སྙམ། འདི་ཡང་མདུན་དུ་ཁ་ཕྱོགས་བཞིན་པའི་བཙན་བྱོལ་ནང་གི་དམངས་གཙོའི་འབྲས་བུ་ཞིག་རེད།

    གང་ལྟར་ཡང་གུ་དོགས་དང་དུས་རབས་སྔོན་མའི་རྙིང་ཞེན་གྱི་བསམ་བློ་དེ་དག་བསྐྱུར་ནས། དེང་རབས་ཀྱི་བརྗེད་ཆོད་པའི་རྣམ་འགྱུར་འདིར་དགའ་བསུ་ཞུ་དགོས་པ་ལོས་ཡིན།

    འབུར་འཇོམས་དང་རྙིང་ཞེན། གུ་དོགས་དང་མང་དམེ། ཞེས་པ་འདི་དག་ལས་གཞན་ཅི་ཞིག་ཡོད། བསམ་བློ་མ་སྨིན་པའི་དྭ་ཕྲུག་ཚོ་ངོ་མ་སྙིང་རེ་རྗེ།

    Reply
  22. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་མིར་ཡང་ཆོལ་ཁ་གསུམ་ནས་མི་གཅིག་འཇོག་དགོས་པ་འདི་ནི་ས་རཱ་སློབ་གྲའི་དགེ་རྒན་བདམས་སྟངས་དང་གཅིག་མཚུངས། དངོས་གནས་དགོད་རྒྱུ་ཡོང་གི

    Reply
  23. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    འདི་ཡང་ཆབ་སྲིད་”འཁྲབ་སྟངས་”ཤིག་རེད། ང་ཚོའི་ཆབ་སྲིད་པ་ཚོར་ནང་ཁུལ་དུ་འདི་འདྲའི་བློ་རིག་བཀྲ་བ་མ་གཏོགས་ཁ་ཕྱི་ཕྱོགས་སུ་བསྐོར་ན་རིག་ལྡིབ་རྐྱང་ཡིན་པ་རེད། མི་བདེན་ན་རྒྱལ་ཡོངས་དམངས་གཙོའི་ཚོགས་གཙོ་ལ། རྒྱ་ནག་གི་སྐོར་ནས་དྲི་བ་འགའ་ཕྲིས་དང་། ཚར་བརྒྱ་སྟོང་ལ་བཤད་ཟིན་པ་དག་ཡང་བསྐྱར་བཤད་རྒྱུ་ལས། གཞན་གང་ཡང་ཡོད་པ་མ་རེད།

    Reply
  24. ནད་པ says:
    ལོ་ 15 སྔོན།

    རྒྱལ་ཡོངས་མང་གཙོ་ཚོགས་པས་བཀའ་ཁྲི་དང་སྤྱི་འཐུས་གཉིས་ཀྱི་འོས་མི་བཏོན་ནས་ད་ལྟ་ལྷོ་གཞིས་ཁག་ཏུ་ལས་འགུལ་སྤེལ་བཞིན་ཡོད་པ་དེར་ངས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།

    སྤྱིར་བཏང་མང་གཙོ་ཚོགས་པས་བཀའ་ཁྲིའི་འོས་མིར་བློ་བཟང་སེང་གེ་དང་བསྟན་འཛིན་རྣམ་རྒྱལ་གཉིས་བཏོན་ཡོད་པ་དོན་དངོས་དང་ཡོངས་སུ་མཐུན་པ་ཞིག་རེད།

    ཡིན་ནའང་ངས་དེར་སྐྱོན་གནད་གཅིག་མཐོང་བ་ནི་ད་དུང་འོས་མི་གཅིག་ངེས་པར་དགོས་ཀྱི་འདུག དཔེར་ན། ཁོང་གཉིས་ཀྱི་སྟེང་དུ་ད་དུང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བཏོན་ཐུབ་ན་ཧ་ཅང་གི་ཡག་པོ་ཞིག་ཡོང་ངེས་རེད།

    མདོ་སྟོད་ནས་མཁས་དབང་བློ་བཟང་སེང་གེ་དང་། དབུས་གཙང་ནས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། མདོ་སྨད་ནས་ཚོགས་སྤེན་པ་ཚེ་རིང་བཅས་གསུམ་བཏོན་ཐུབ་པ་བྱུང་ན་ཁོང་ཚོ་གསུམ་ནི་ད་ལྟའི་ཆར་དངོས་འབྲེལ་བཀའ་ཁྲིའི་འོས་ཆོས་ཚང་བའི་རྒྱལ་གཅེས་ཀྱི་མི་སྣ་བཟང་པོ་གསུམ་ལྡན་རང་ཡིན།

    ཡིན་ནའང་རྟ་པོ་ཁྲོམ་དུ་བཞག་ན་གོང་ཐང་མི་ཡིས་བརྒྱབ་ཡོང་ཟེར་བའི་དཔེ་ལྟར་གང་ལྟར་བོད་རྒྱ་ཆེའི་མི་དམངས་ཀྱི་བློ་རིགས་ལས་མཐའ་མར་དེར་མ་ཕྱུག་མ་འགོད་མེད་པ་ཞིག་གདམས་ཐུབ་རྒྱུར་ངས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།

    Reply
  25. གནམ་ལྕགས། says:
    ལོ་ 15 སྔོན།

    ང་མགོ་འཐོམས་སོང་།

    Reply
  26. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་”མང་གཙོ་དང་རང་དབང་གི་ཆེད། གལ་ཆེའི་འོས་ཤོག་གི་ཐོབ་ཐང་ལེན་དགོས་”ཞེས་ཁ་གཡང་རྫུན་མ་ཞིག་བསྒྲགས་བཞིན། དོན་དངོས་སུ་མི་མང་ལ་བཀའ་ཁྲིའི་འོས་ཤོག་གི་ཐོབ་ཐང་ལེན་དགོས་བའི་གོ་རྟོགས་མ་བསྐྲུན་པར་དེའི་ལྡོག་ཕྱོགས་ནས་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གང་རུང་ལ་འོས་ཤོག་བླུགས་དགོས་བའི་འབོད་སྐུལ་ཞུ་བཞིན་ཡོད། གཞིས་ཆགས་ཁག་དང་དགོན་སྡེ་ཁག སློབ་གྲ་ཁག་བཅས་སུ་བསྐྱོད་ནས་འོས་མི་འདི་གཉིས་ཀྱི་གང་རུང་ལ་འོས་ཤོག་བླུགས་དགོས་བའི་གཡོན་ཐལ་ཆེ་བའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་གྱི་ཡོད།
    འདི་དངོས་ཡོད་གནས་ཚུལ་རང་རེད། ཀརྨ་ཆོས་འཕེལ་གྱི་སློབ་སྟོན་བྱེད་བཞིན་པའི་ཚོགས་པ་ཞིག་གིས་””””””””””””’ལས་ཀ་ཞིག་བྱེད་པར་ཡིད་ཆེས་བྱེད་མི་རུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese