མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཚེ་བ་སྤངས་པའི་འགོག་རྒོལ་གྱི་ནུས་པ། པདྨ་ཚེ་དབང་ཤཱསྟྲི།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

པདྨ་ཚེ་དབང་ཤཱསྟྲི།

རང་ཡུལ་གངས་ཅན་གྱི་ལྗོངས་དེ་རྒྱ་ནག་གིས་དྲག་པོའི་བཙན་བཟུང་བྱས་ཏེ་མི་ལོ་དྲུག་ཅུ་ལྷག་འགྲོ་བའི་སྐབས་སུའང་། བོད་དོན་བདེན་མཐའ་གསལ་རྒྱུའི་སྐྱ་རེངས་ཙམ་ཡང་འཆར་རྒྱུ་མེད་པའི་ཁར། གཞིས་བཞུགས་བོད་མིའི་གནས་སྟངས་ནི། ཉིན་རེ་ཞིང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། བྱེས་འབྱོར་རྣམས་ནི། རིམ་པས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་དུ་ཁ་ཐོར་དགུ་ཐོར་དུ་འགྲོ་བཞིན་པའི་གནས་སྐབས་འདིར། འདས་དོན་ལ་ཕྱི་མིག་ཅིག་བལྟས་ཏེ་མནོ་བསམ་གཏོང་སྐབས་གཞིས་བྱེས་གཉིས་ཀའི་ནང་དུ་སྤོབས་པ་དང་། དགའ་མགུ་ཡི་རངས་བྱེད་འོས་པའི་གྲུབ་འབྲས་གཟེངས་སུ་ཐོན་པ་མང་དག་ཅིག་བྱུང་ཡོད་ཀྱང་། གངས་ཅན་པ་ས་ཡ་དྲུག་ལ་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་དེ་ནི་ད་དུང་ཡང་ཐག་རིང་དུ་གནས།

བོད་དོན་བདེན་པའི་མཐའ་གསལ་མ་ཐུབ་པའི་ཕྱི་ནང་གི་འགལ་རྐྱེན་དུ་མ་ཞིག་ཡོད་ཀྱང་། དེ་དག་གི་ནང་ནས་གཅིག་ནི། གཞིས་བྱེས་གཉིས་ཀའི་ནང་དུ་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་ཏུ་བསྒྲིལ་མ་ཐུབ་པ་དང་། སྤྱི་དམངས་ཀྱིས་ལག་བསྟར་བདེ་བའི་གཞི་རྒྱ་ཆེ་བའི་འགོག་རྒོལ་གྱི་འཆར་གཞི་ངེས་ཅན་འདིང་མ་ཐུབ་པ། འགོག་རྒོལ་ལས་འགུལ་སྣེ་འཁྲིད་མཁན་གྱི་འགོ་ཁྲིད་ངེས་ཅན་གཟེངས་སུ་ཐོན་པ་མེད་པ་སོགས་ལ་བརྟེན་ནས་འཐབ་རྩོད་ལ་དགོས་ངེས་ཀྱི་ནུས་པ་མ་ཐོན་པ་དང་། ལྷག་པར་དུ་བསྒྲུབ་བྱ་རང་བཙན་དང་། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གང་ཡིན་ཀྱང་། སྒྲུབ་བྱེད་ཀྱི་ཐབས་ལམ་དེ་འཚེ་མེད་ཞི་བའི་ལམ་ཁོ་ན་ལ་བརྟེན་རྒྱུ་ཡིན་པ་དེ་ནི། བཙན་འབྱོལ་བོད་གཞུང་གིས་གཙོས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། དེ་བཞིན་སྒྲིག་འཛུགས་དང་། ཚོགས་པ་སྐྱིད་སྡུག་ཡོད་དོ་ཅོག དེ་བཞིན་གཞིས་བྱེས་མང་ཚོགས་བཅས་བརྒྱ་ཁ་གཅིག་བསྒྲགས་ཡིན། འོན་ཀྱང་བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་པ་ལ། རྒྱ་ནག་གཞུང་ངོས་ནས་ང་ཚོར་སྐད་ཆ་མ་བཤད་ཐབས་མེད་ཀྱི་གནས་བབ་ཅིག་ཏུ་སླེབས་དགོས་པ་དེ་ང་ཚོས་བཟོ་དགོས།

དེ་ལྟར་ཡོང་བ་ལ་འཐབ་བྱུས་ལྡན་པའི་འཚེ་བ་སྤངས་པའི་སྲིད་དོན་གྱི་འཐབ་རྩོད་འཆར་གཞི་དང་། གོ་རིམ་ལྡན་པའི་སྒོ་ནས་བྱེད་དགོས་པ་ལས། ཆོས་དང་བཟང་སྤྱོད་གཞི་རྩར་བཞག་པའི་ལྟ་གྲུབ་ལྡན་པའི་འཚེ་མེད་ཞི་བའི་ཉམས་ལེན་ཁོ་ནའི་ལམ་ནས་འགྲུབ་མི་ཐུབ། དེས་ན་རྒྱ་ནག་གཞུང་དེས་ང་ཚོར་སྐད་ཆ་མ་བཤད་ཐབས་མེད་ཀྱི་གནས་ལ་སྐྱེལ་བའི་ཐབས་ལམ་བཟང་ཤོས་དེ་བོད་ཕྱི་ནང་གཉིས་སུ་འཚེ་བ་སྤངས་པའི་འགོག་རྒོལ་གཞི་རྒྱ་ཆེ་ལ་རྒྱུན་འཁྱོངས་བ་བྱེད་རྒྱུ་དེ་ཡིན། དེ་ལྟར་བྱེད་པ་ལ་ཐོག་མར་ང་ཚོས་འཚེ་བ་སྤངས་པའི་སྤྱི་དམངས་འགོག་རྒོལ་གྱི་རྣམ་གཞག་དང་། ལག་ལེན་གྱི་སྐོར་ལ་ཤེས་རྟོགས་དང་རྒྱུས་ལོན་བྱེད་གལ་ཤིན་ཏུ་ཆེ། སྤྱི་དམངས་འགོག་རྒོལ་གྱི་ངོ་བོ་དང་། དབྱེ་བ། འཐབ་བྱུས། འཐབ་རྩལ། ཐབས་ལམ་སོགས་ཀྱི་གོ་རྟོགས་དང་ཕན་ནུས་ལ་ངེས་ཤེས་མེད་པའི་སྒོ་ནས་བཀོལ་སྤྱོད་བྱས་ན། དོན་ཕན་ལྡན་པའི་ནུས་ཤུགས་དང་ལམ་ལྷོངས་མི་ཡོང་བའི་ཁར་སྐབས་རེ་ཉེན་ཁ་དང་གྱོང་གུན་གྱི་གནས་སུ་ལྷུངས་ཀྱང་སྲིད།

འཚེ་བ་སྤངས་པའི་འགོག་རྒོལ་གྱི་ནུས་སྟོབས་དང་། ཕན་རླབས་ཀྱི་ཐད་ལ་ཉེ་བའི་ཆར་མ་རི་ཡ། ཇེ། སིཊིཕན་དང་། ཨེ་རི་ཀ་ ཅེ་ནོ་ཝེཐ་གཉིས་ཀྱིས་༡༩༠༠ ནས་༢༠༠༦ བར་དུས་ཡུན་བརྒྱ་ཕྲག་གཅིག་ལྷག་གི་རིང་ལ། འཚེ་བ་དང་བཅས་པ་དང་། འཚེ་བ་སྤངས་པའི་འགོག་རྒོལ་གྱི་ལས་འགུལ་ཆེ་ཁག་ཁྱོན་བསྡོམས་གྲངས་༣༢༣ གྱི་རྒྱུ་ཆ་དང་། ལས་གཞི་ལ་དཔྱད་ཞིབ་དང་། མཚུངས་བསྡུར་གྱིས་ཉམས་ཞིབ་བྱས་པའི་གྲུབ་དོན་གྱི་འགོ་བརྗོད་དུ། ༼ཅིའི་ཕྱིར་སྤྱི་དམངས་འགོག་རྒོལ་གྱིས་དོན་བྱེད་ནུས་སམ།༽ ཅེས་པའི་ཤོག་གྲངས་༤༤ ཅན་གྱི་སྙན་ཐོའི་ནང་དོན་ལྟར་ན། ད་ལྟ་བར་དུ་འཚེ་བ་སྤངས་པའི་ལས་འགུལ་ཆེ་ཁག་ལ་གྲུབ་འབྲས་ལམ་ལྷོངས་བྱུང་བའི་བརྒྱ་ཆ་༥༣ དང་། འཚེ་བ་དང་བཅས་པའི་འགོག་རྒོལ་ལས་འགུལ་ལ་ལམ་ལྷོངས་བྱུང་བའི་བརྒྱ་ཆ་༢༦ ལས་མེད་ཅེས་དང་། ལམ་ལྷོངས་བྱུང་བའི་རྒྱུ་མཚན་ལྟེ་བ་གཉིས་ཡོད་དེ། དང་པོ་ནི། འཚེ་བ་སྤངས་པའི་ཐབས་ལམ་ལ་གཞི་རྟེན་བྱས་པའི་ལས་འགུལ་དེས་ལས་འགུལ་དེ་ཉིད་ཀྱི་ཁྲིམས་མཐུན་གནས་བབ་རྒྱལ་ནང་དང་རྒྱལ་སྤྱིའི་ནང་དུ་གོང་འཕེལ་དུ་གཏོང་བ་དང་། མིག་འབེན་ཁ་གཏད་ཀྱི་ཐོག་ཏུ་གནོན་ཤུགས་འཕར་མ་སྤྲོད་པར་འགོག་རྒོལ་གྱི་ནང་དུ་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱིས་ཆ་ཤས་ལེན་རྒྱུར་སྐུལ་མ་བྱེད་ཀྱི་ཡོད། དེ་བཞིན་མང་ཚོགས་ཀྱིས་འགོག་རྒོལ་སྡེ་ཚན་གྱི་བློ་ཁ་མ་ཚིམས་པའི་རང་བཞིན་ངོ་འཕྲོད་པའི་རྐྱེན་གྱིས་ཕྱི་ནང་གཉིས་ཀའི་ཤས་ཆེ་བའི་རྒྱབ་སྐྱོར་འགོག་རྒོལ་སྡེ་ཚན་ལ་ཐོབ་པ་དང་། དུས་མཚུངས་སུ་མིག་འབེན་སྲིད་གཞུང་དེའི་སྲིད་དོན་དང་། དཔལ་འབྱོར། དམག་དོན་སྟོབས་ཤུགས་བཅས་ཀྱི་འབྱུང་ཁུངས་ལྟེ་བ་ཁག་ཉམས་ཉེས་ཁ་བྲལ་དུ་གཏོང་གི་ཡོད། གཉིས་པ་ནི། དྲག་པོའི་གྱེན་ལངས་ཀྱི་ཐད་དུ་སྲིད་གཞུང་གིས་ཀྱང་དྲག་པོའི་གདོང་ལེན་ལས་སླ་པོར་བྱེད་སྲིད་ཀྱང་། འཚེ་བ་སྤངས་པའི་ལས་འགུལ་གྱི་ཐད་དུ་སྲིད་གཞུང་གིས་དྲག་གནོན་བྱས་ན་གྲི་ཁ་རང་ཐོག་ཏུ་ལོག་སྲིད་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་སྤྱི་དམངས་གཞི་རྩར་བྱས་པའི་འཚེ་བ་སྤངས་པའི་འགོག་རྒོལ་གྱི་ཐབས་ལམ་དེ་འཚེ་བ་དང་བཅས་པའི་ཐབས་ལམ་ལས་ཆེས་ནུས་ཤུགས་ཆེ་བ་དང་། དམིགས་ཡུལ་འགྲུབ་པར་ལམ་ལྷོངས་ཆེ་བ་ཡོད་པའི་མཇུག་བསྡོམས་བརྒྱབ་གནང་ཡོད།

དེས་ན་རང་ཅག་བོད་མི་ཚོས་ཀྱང་འཐབ་བྱུས་ལྡན་པའི་འཚེ་བ་སྤངས་པའི་འགོག་རྒོལ་གྱི་ལྟ་གྲུབ་དང་། ཉམས་ལེན་གྱི་ཐད་ལ་སློབ་སྦྱོང་དང་། ཤེས་རྟོགས། རྒྱུས་ལོན་བཅས་གནང་སྟེ། གོ་རིམ་ལྡན་ལ་གཞི་རྒྱ་ཆེ་བའི་འཐབ་བྱུས་ལྡན་པའི་འཆར་གཞི་ཞིག་གི་ལམ་ནས་ལས་འགུལ་སྤེལ་དགོས་པ་དང་། ལས་འགུལ་གང་སྤེལ་བ་དེ་དག་ཀྱང་ཁ་ཐོར་དུ་མ་སོང་བར་རྡོག་གཅིག་ཏུ་བསྒྲིལ་ཏེ་སྣག་ཐོག་གཙག་འཁེལ་དགོས་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན། འཚེ་བ་སྤངས་པའི་འགོག་རྒོལ་གྱི་ཐབས་ལམ་ཇི་ལྟར་ལག་བསྟར་དགོས་པའི་ཐད་ལ་སྤྱིར་སྲིད་དོན་ཚན་རིག་པ་དུ་མའི་བརྩམས་ཆོས་མང་པོ་ཡོད་ཀྱང་། མཁས་དབང་ཇཱིན་ཤརྤ་ཀྱིས་མཛད་པའི་༼འཚེ་བ་སྤངས་པའི་བྱེད་ལས་ཀྱི་སྲིད་དོན་༽དང་། ༼འཚེ་བ་སྤངས་པའི་འཐབ་རྩོད་ཀྱི་ཉམས་ལེན་དང་ནུས་པ་༽ ༼སྲིད་དབང་སྒེར་འཛིན་ལམ་ལུགས་ནས་མང་གཙོའི་ལམ་ལུགས་བར༽ ལ་སོགས་པ་དང་། མེས་པོ་དམ་པ་གན་དྷཱིས་མཛད་པའི་༼བདེན་པའི་ཨུ་ཚུགས་༽དང་། ༼རྒྱ་གར་གྱི་རང་དབང་།༽ གཞན་ཡང་རོ་བྷཊ། ཧལ་ཝིས་མཛད་པའི་༼འཐབ་བྱུས་ལྡན་པའི་འཚེ་བ་སྤངས་པའི་འགལ་ཟླའི་ཐོག༽ ཅེས་པ་ལ་སོགས་དུ་མ་ཞིག་མཆིས་སོ།།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 4

  1. གནས་ཚང་། says:
    ལོ་ 16 སྔོན།

    ༼གནམ་ས་གོ་འབྱེད༽ཀློག་རོགས། བསྡོམས་བརྒྱབ་འདུག ལམ་བསྟན་ཟིན། ད་ག་རེ་བཤད་ཀྱི་ཡོད་དམ།

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ངས་མང་པོ་མི་ཤེས་ཀྱང་རྒྱ་གར་གྱི་རང་བཙན་ནི་ཞི་དྲག་གཉིས་ཀའི་ལམ་དུ་བསྐྱོད་ཡོད་པ་ལས་ཞི་བ་ཁོ་ན་ག་ལ་ཡིན།བཟོད་པ་ལྷ་རྩེ་ལགས་ཀྱིས་གསུངས་པ་བདེན་པ་རེད་ལ་ཞི་བ་དང་དྲག་པོ་ཅི་བྱེད་རུང་དང་པོ་རང་ངོས་ནས་ཐམས་ཅད་བློས་གཏང་ནུས་མཁནགྱི་དབུ་འཁྲིད་ཅིག་དགོས་པའི་དེ་སུ་ཡི་བྱེད་དམ།མ་འོངས་པའི་བཀའ་བློན་ཁྲི་པས་དེ་ལྟར་བྱ་ཐུབ་བམ།
    བདྨ་ཤསྟྲི་ལགས།སྐུ་ཉིད་ཀྱིས་དེབ་ཁ་ཤས་ངོ་སྤྲོད་ཙམ་ལས་ང་ཚོས་འདི་ལྟར་བྱའོ་ཞེས་པའི་ལམ་བསྟན་གང་ཡང་མི་འདུག་པས་དེ་ལྟར་མིན་པར་ཁྱེད་དང་ཁྱེད་འདྲ་བའི་མཁས་པ་རྣམས་ཀྱི་མ་འོངས་རྐང་ལམ་ཕྲ་མོ་རེ་བསྟན་ཐུབ་ན་དེ་ལས་ཡག་བ་འདུག་དྲན།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    པདྨ་ཚེ་དབང་ཤཱསྟྲི། འཚེ་བ་སྤངས་པའི་འགོག་རྒོལ་གྱི་ནུས་པའི་བཀོར་རྒྱས་པོ་དང་ཁ་ཕྱོགས་ལམ་སྟོན་གནད་ལ་འཁེལ་པོ་གསུངས་སོང་བསམ། ལྷག་པར་ཕྱི་ལོ་ 1900 ནས་ཕྱི་ལོ་2006བར་འཚེ་བ་སྤང་པའི་ལས་འགུལ་དང་འཚེ་བ་དང་བཅས་པའི་འགོག་རྒོལ་ལས་འགུལ་གྱིས་ནུས་འབྲས་ཧེ་བག་༼ད་ལྟ་བར་དུ་འཚེ་བ་སྤངས་པའི་ལས་འགུལ་ཆེ་ཁག་ལ་གྲུབ་འབྲས་ལམ་ལྷོངས་བྱུང་བའི་བརྒྱ་ཆ་༥༣ དང་། འཚེ་བ་དང་བཅས་པའི་འགོག་རྒོལ་ལས་འགུལ་ལ་ལམ་ལྷོངས་བྱུང་བའི་བརྒྱ་ཆ་༢༦ ལས་མེད་ཅེས་དང་།༽ཡོད་པའི་རྒྱུ་མཚན་གསུངས་ཏེ་ང་ཚོའི་ཡང་འཚེ་བ་མེད་པའི་ལས་དོན་སྤེལ་དགོས་པའི་ཕྱོགས་སྟོན་གནང་ཡོད། འོན་ཀྱང་དེ་ནི་ཞྭ་དཔེ་ལྷམ་འགེབས་སུ་མུ་གྱུར་རམ། དེ་དག་ལ་བསམ་བློ་བཏང་ས་འདི་ཡོད་རྒྱ་དམར་རིང་ལུགས་པས་མེ་མདའི་ཁ་ནས་སྲིད་དབང་བཟུང་རྒྱུའི་ལྟ་གྲུབ་ཞིག་ཡོད་དེ་ནི་སེམས་ཅན་སྟག་ལྟར་གཏུམ་དྲགས་ཤིན་ཏུ་ཆེ། དཔེར་ན་ང་ཚོའི་གཏུམ་དྲགས་ཅན་གྱི་སེམས་ཅན་སྟག་ཞིག་ལ་འཚེ་བ་སྤང་ཏེ་སྔོ་ལྗང་གི་རྩྭ་ཐང་སྟེང་དུ་བཀག་བསྐྱིལ་ཐུབ་བམ། གོང་དུ་བརྗོད་པ་བཞིན་༼འཚེ་བ་སྤང་ནས་ལས་འགུལ་ཆེ་ཁག་ལ་གྲུབ་འབྲས་ལམ་ལྷོང་བ་བརྒྱ་ཆ་ 52༽ནང་མཚན་གཞི་གཅིག་རྒྱ་གར་གྱི་མེས་པོ་དམ་གྷནདྷི་ཡིན། རྒྱ་གར་དབྱིན་ཇི་ལག་ནས་རང་བཙན་ལེན་པའི་ཐབས་ལམ་འཚེ་བ་སྤང་པའི་ལས་འགུལ་ཁོ་ན་ག་ལ་ཡིན་ལོ་རྒྱུས་པ་ཞིབ་འཇུག་བྱ་དགོས། བལ་ཡུལ་ནང་མའོའི་རིང་ལུགས་པས་ཐོག་མར་ཤིང་གནས་འཕྲོད་དུ་རིགས་དྭགས་ཀྱི་ཤ་དང་ཤིང་གི་སྤག་པ་བཟས་ནས་རང་གི་མངོན་འདོད་གྲུབ་ཐབས་ཀྱི་དཀའ་དཔྱད་འབད་བརྩོན་བྱས་ནས་མི་ལོ་བཅུ་ཡི་ནང་བལ་ཡུལ་གྲོས་ཚོགས་ནང་ཚོགས་མི་མང་ཤོས་ཀྱི་རྒྱལ་ཁ་ལེན་ཐུབ་པ་བྱུང་ཡོད་ལ། སྐབས་གཅིག་རིང་བལ་ཡུལ་གྱི་ཆབ་སྲིད་དབང་ཆ་ཡོངས་རྫོགས་ཁོ་བ་ཚོས་ལག་ཏུ་བླངས་ཡོད། དེ་ནི་དུས་ཚོད་ཐུང་ཐུང་ནང་དཀའ་སྡུག་ལ་འབད་པ་དང་ཆབ་སྲིད་ཆེད་བློས་གཏོང་ཆེན་པོ་ཞིག་བྱས་པའི་གྲུབ་འབྲས་ལྟ་བུར་མཐོང༌། འདས་པའི་བྱུང་རིམ་དེ་དག་ལ་བསམ་ན་སེམས་ཅན་སྟག་འགོད་ཅིག་ཁ་ལོ་སྒྱུར་ཐུབ་པ་དགོས་ན་ཞི་དྲགས་སྤེལ་མའི་ཐོག་ནས་འདུལ་དགོས་པ་ཞིག་ལས་ཞི་བ་ཁོ་ནའི་འདུལ་མི་ཐུབ་པའི་ཁ་ཚོན་ཆེད། དེ་བས་ཆབ་སྲིད་པ་རྣམས་ལ་དཀའ་ཐུབ་བཟོད་སེམས་ཀྱི་བློ་སྟོབས་དང་། རང་མི་རིགས་དང་རིག་གཞུང་སྐྱོབས་འདོད་ཀྱི་ཆོད་སེམས་རྡོ་རྗེ་བྲག་རི་ལྟར་བརྟན་པོ་དགོས་པ་ཡིན། ད་ལྟའི་དུས་སྐབས་འདིར་དེ་ལྟ་བུ་མི་ཞིག་གང་དུ་འཚོལ་དགོས་སམ། གང་ནས་རྙེད་དམ།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    པདྨ་ཚེ་དབང་ཤཱསྟྲི། འཚེ་བ་སྤངས་པའི་འགོག་རྒོལ་གྱི་ནུས་པའི་བཀོར་རྒྱས་པོ་དང་ཁ་ཕྱོགས་ལམ་སྟོན་གནད་ལ་འཁེལ་པོ་གསུངས་སོང་བསམ། ལྷག་པར་ཕྱི་ལོ་ 1900 ནས་ཕྱི་ལོ་2006བར་འཚེ་བ་སྤང་པའི་ལས་འགུལ་དང་འཚེ་བ་དང་བཅས་པའི་འགོག་རྒོལ་ལས་འགུལ་གྱིས་ནུས་འབྲས་ཧེ་བག་༼ད་ལྟ་བར་དུ་འཚེ་བ་སྤངས་པའི་ལས་འགུལ་ཆེ་ཁག་ལ་གྲུབ་འབྲས་ལམ་ལྷོངས་བྱུང་བའི་བརྒྱ་ཆ་༥༣ དང་། འཚེ་བ་དང་བཅས་པའི་འགོག་རྒོལ་ལས་འགུལ་ལ་ལམ་ལྷོངས་བྱུང་བའི་བརྒྱ་ཆ་༢༦ ལས་མེད་ཅེས་དང་།༽ཡོད་པའི་རྒྱུ་མཚན་གསུངས་ཏེ་ང་ཚོའི་ཡང་འཚེ་བ་མེད་པའི་ལས་དོན་སྤེལ་དགོས་པའི་ཕྱོགས་སྟོན་གནང་ཡོད། འོན་ཀྱང་དེ་ནི་ཞྭ་དཔེ་ལྷམ་འགེབས་སུ་མུ་གྱུར་རམ། དེ་དག་ལ་བསམ་བློ་བཏང་ས་འདི་ཡོད་རྒྱ་དམར་རིང་ལུགས་པས་མེ་མདའི་ཁ་ནས་སྲིད་དབང་བཟུང་རྒྱུའི་ལྟ་གྲུབ་ཞིག་ཡོད་དེ་ནི་སེམས་ཅན་སྟག་ལྟར་གཏུམ་དྲགས་ཤིན་ཏུ་ཆེ། དཔེར་ན་ང་ཚོའི་གཏུམ་དྲགས་ཅན་གྱི་སེམས་ཅན་སྟག་ཞིག་ལ་འཚེ་བ་སྤང་ཏེ་སྔོ་ལྗང་གི་རྩྭ་ཐང་སྟེང་དུ་བཀག་བསྐྱིལ་ཐུབ་བམ། གོང་དུ་བརྗོད་པ་བཞིན་༼འཚེ་བ་སྤང་ནས་ལས་འགུལ་ཆེ་ཁག་ལ་གྲུབ་འབྲས་ལམ་ལྷོང་བ་བརྒྱ་ཆ་ 52༽ནང་མཚན་གཞི་གཅིག་རྒྱ་གར་གྱི་མེས་པོ་དམ་གྷནདྷི་ཡིན། རྒྱ་གར་དབྱིན་ཇི་ལག་ནས་རང་བཙན་ལེན་པའི་ཐབས་ལམ་འཚེ་བ་སྤང་པའི་ལས་འགུལ་ཁོ་ན་ག་ལ་ཡིན་ལོ་རྒྱུས་པ་ཞིབ་འཇུག་བྱ་དགོས། བལ་ཡུལ་ནང་མའོའི་རིང་ལུགས་པས་ཐོག་མར་ཤིང་གནས་འཕྲོད་དུ་རིགས་དྭགས་ཀྱི་ཤ་དང་ཤིང་གི་སྤག་པ་བཟས་ནས་རང་གི་མངོན་འདོད་གྲུབ་ཐབས་ཀྱི་དཀའ་དཔྱད་འབད་བརྩོན་བྱས་ནས་མི་ལོ་བཅུ་ཡི་ནང་བལ་ཡུལ་གྲོས་ཚོགས་ནང་ཚོགས་མི་མང་ཤོས་ཀྱི་རྒྱལ་ཁ་ལེན་ཐུབ་པ་བྱུང་ཡོད་ལ། སྐབས་གཅིག་རིང་བལ་ཡུལ་གྱི་ཆབ་སྲིད་དབང་ཆ་ཡོངས་རྫོགས་ཁོ་བ་ཚོས་ལག་ཏུ་བླངས་ཡོད། དེ་ནི་དུས་ཚོད་ཐུང་ཐུང་ནང་དཀའ་སྡུག་ལ་འབད་པ་དང་ཆབ་སྲིད་ཆེད་བློས་གཏོང་ཆེན་པོ་ཞིག་བྱས་པའི་གྲུབ་འབྲས་ལྟ་བུར་མཐོང༌། འདས་པའི་བྱུང་རིམ་དེ་དག་ལ་བསམ་ན་སེམས་ཅན་སྟག་འགོད་ཅིག་ཁ་ལོ་སྒྱུར་ཐུབ་པ་དགོས་ན་ཞི་དྲགས་སྤེལ་མའི་ཐོག་ནས་འདུལ་དགོས་པ་ཞིག་ལས་ཞི་བ་ཁོ་ནའི་འདུལ་མི་ཐུབ་པའི་ཁ་ཚོན་ཆེད། དེ་བས་ཆབ་སྲིད་པ་རྣམས་ལ་དཀའ་ཐུབ་བཟོད་སེམས་ཀྱི་བློ་སྟོབས་དང་། རང་མི་རིགས་དང་རིག་གཞུང་སྐྱོབས་འདོད་ཀྱི་ཆོད་སེམས་རྡོ་རྗེ་བྲག་རི་ལྟར་བརྟན་པོ་དགོས་པ་ཡིན། ད་ལྟའི་དུས་སྐབས་འདིར་དེ་ལྟ་བུ་མི་ཞིག་གང་དུ་འཚོལ་དགོས་སམ། གང་ནས་རྙེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese