བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་གཞིས་དགོན་དར་གླིང་འདུས་སྤྱི་ནས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་འོག་གི་འདས་གསོན་རྣམས་ཀྱི་ཆེད་དུ་ཟླ་ ༤ ཚེས་ ༡༤ ནས་ཞེ་དགུའི་བར་མཆོད་འབུལ་ཞུས་འདུག
བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་གཞིས་དགོན་དར་གླིང་འདུས་ལས་ཁང་གིས་འདི་གའི་གསར་ཁང་ལ་བཏང་གནས་ལྟར་ན། ཟླ་ ༤ ཚེས་ ༡༤ ཉིན་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་རྗེས། དར་གླིང་འདུས་ཚོགས་ནས་འདས་གསོན་རྣམས་ཀྱི་ཆེད་དུ་མཆོད་མེ་བརྒྱ་མཆོད་འབུལ་ལམ་དང་འབྲེལ་དགེ་འདུན་ཡོངས་ནས་སྨོན་ལམ་རྣམ་བརྒྱད། བླ་མ་མཆོད་པ། སྒྲོལ་མ། སྲུང་སྤྱི་འཕྲིན་སྐུལ་རྒྱས་པ་དང་དཔལ་དགོན་ཕྱག་དྲུག་པའི་བསྟོད་པ་མྱུར་མཛད་མ་གྲངས་ ༡༠༠༠ བཅས་འབད་སྒྲུབ་ཞུས་ཡོད་འདུག
ཟླ་ ༥ ཚེས་ ༤ ཉིན་བདུན་ཚིགས་གསུམ་པར་བསྐྱར་དུ་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་རྣམ་བརྒྱད་དང་སྨན་ལྷའི་ཆོ་ག སྒྲོལ་མ་བཅས་འབད་སྒྲུབ་ཞུས་འདུག་ལ། ཟླ་ ༦ ཚེས་ ༡ ཉིན་ཏེ། ཞེ་དགུའི་ཉིན་ད་བར་རྐྱེན་ངན་འོག་ཏུ་འདས་གྲོངས་སུ་གྱུར་བ་དག་ཚེ་རབས་ཕྲེང་བར་བསགས་པའི་སྡིག་ལྟུང་རྣམས་བྱང་ཞིང་དག་སྟེ། རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་པ་དང་། རྐྱེན་ངན་འོག་ཏུ་ཚུད་པའི་འཚོ་བཞུགས་རྣམས་རྨས་སྐྱོན་ནད་མནར་གྱིས་གནས་སྐབས་མི་འདོད་ཉེར་འཚེ་མཐའ་དག་ཞི་ནས་ཚེ་བསོད་དཔལ་འབྱོར་དབང་ཐང་ལེགས་ཚོགས་ཐམས་ཅད་ཡར་ངོས་ཟླ་ལྟར་འཕེལ་ཆེད། དཔལ་གསང་བ་འདུས་པའི་ཆོ་ག་དང་འབྲེལ་བའི་སྒོ་ནས་མི་མང་རྣམས་ལ་སྟོང་ཚོགས་དང་བརྒྱ་མཆོད་ཕུལ། སྨོན་ལམ་དང་སྟུང་བཤགས་གྲངས་ ༥༠༠ གསོབ་སྒྲུབ་ཞུས། ཡུལ་མི་ཉམ་ཐག་གི་རྒན་གསོ་ཁང་ཞིག་གི་མི་ ༤༤ བཅས་ལ་ཉིན་གུང་གསོལ་ཚིགས་ཟབ་རྒྱས་བཅས་སྨིན་དགེ་འཇུག་ཞུས་ཡོད་ཅེས་གསལ་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།