མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རི་མགོའི་ཅོང་བརྡ་ལ་ཉན་རྗེས། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༨༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

བཙན་བྱོལ་གྱི་མི་ལོ་ ༥༠ དུས་དྲན་གྱི་མཛད་སྒོ་ཁག་དང་། ཐུགས་རྗེ་ལེགས་འབུལ་གྱི་ཆོ་ག་ཕྱག་ལེན་རྣམས་རེ་ཞིག་མཇུག་རྫོགས་སོང་། དུས་རབས་ཤིག་གི་ཕྱེད་སྔ་མར་སྡོམ་ཡག་པོ་བརྒྱབ་སོང་། ཐུགས་རྗེ་ཆེ། རྒྱ་གར་ལགས། ཐུགས་རྗེ་ཆེ། བོད་པ་རྣམས།

ད་ནི་ང་ཚོས་མུ་མཐུད་དེ་བཙན་བྱོལ་གྱི་དུས་རབས་ཤིག་གི་ཕྱེད་ཕྱི་མ་དེའི་མགོ་བཙུགས་ཟིན་སྟབས། ང་ཚོར་སླར་ཡང་འདས་པའི་ལོ་ ༥༠ གོང་གི་དཀའ་རྙོག་ལྟ་བུ་ཞིག་ཤར་གྱིན་ཡོད་སྲིད། དཔེར་ན། སྐད་ཆའི་གོ་བརྡ་མི་འཕྲོད་པ་དང་བོད་པ་དང་ཡུལ་མིའི་གཤིས་སྤྱོད་མི་གོམས་པ་ལྟ་བུ་རེད།

ཟླ་འདིའི་ནང་རྒྱ་གར་གྱི་དུས་དེབ་གྲགས་ཅན་རྒྱང་དཔྱོད་ Outlook ཞེས་པའི་སྟེང་དུ། ༼བཙན་བྱོལ་རི་བོའི་སྟེང་གི་ཅོང་བརྡ་༽ཞེས་པའི་རྩོམ་ཡིག་ཅིག་སྤེལ་འདུག་ལ། དེ་ནི་གླེང་གཞི་འདི་དག་གི་མགོ་འཛུགས་ས་ཡིན་ཆོག

རྩོམ་ཡིག་དེའི་ནང་ཁ་ཐུག་ཏུ་༼བློ་འགྱོད་ཀྱི་ས་བོན་༽ལྔ་བཏོན་ཡོད་པ་ནི། ༡། གསར་འབྱོར་བ་ཚོས་བོད་སྐད་ཁོ་ན་ལས་མི་བཤད་པ་དང་། ཁོང་ཚོ་ནི་རྩུབ་པོ་དང་རྒྱག་རེས་ཚ་པོ་ཡིན་པ། ༢། ནུབ་ཕྱོགས་ཀྱི་རོགས་དངུལ་ལ་བསྟེན་ནས་བོད་པ་ཚོ་ཕྱུག་པོར་གྱུར་བ་དེ་ས་གནས་མི་དམངས་ཀྱི་མིག་ནང་དང་སྙིང་ནང་དུ་ཟུག་པ། ༣། ངྷ་རམ་ས་ལ་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་སུ་གྱུར་བ་དང་མཉམ་དུ། རྒྱ་གར་ཚོང་བ་དག་གིས་བོད་པའི་ཚོང་བ་ཚོ་དང་འགྲན་བཙུགས་པ། ༤། བོད་པ་ཚོས་ངྷ་རམ་ས་ལའི་ཡར་རྒྱས་ཀྱི་ངོ་སོ་འཁྱེར་རྒྱུའི་རྩོད་པ་བྱེད་པ་དང་། རྒྱ་གར་བ་ཚོས་ངྷ་ས་ནི་ཁོ་རང་ཚོའི་ས་ཆ་ཡིན་པར་རྩོད་པ། ༥། གསར་འབྱོར་བ་ཚོས་རྒྱ་གར་ཁང་བདག་གིས་ཁོང་ཚོར་ཁང་གླ་མཐོ་བོ་བླངས་པར་བཤད་དེ་འཁོན་འཛིང་བྱེད་པ་བཅས་ནི་རི་མགོ་ཆུང་ཆུང་འདིའི་ཟིང་ཆའི་མགོ་ཁུངས་འགའ་རེ་ཡིན་པར་བཤད་འདུག

གོང་གི་རྒྱུ་རྐྱེན་འདི་དག་ཛ་དྲག་གིས་ངོས་བཟུང་བ་ནི་འགྲིག་ཡོད་སྲིད། དེའི་ནང་གི་དོན་ཚན་དང་པོ་ནི་དེ་བས་ཀྱང་བདེན་སྲིད། ངས་རྩོམ་ཡིག་དེ་མགོ་ནས་མཇུག་བར་བཀླགས་ཚར་ཞིང་། ལས་ཁུངས་གྲོལ་རྗེས་མེག་གྷན་གྱི་སྐྲ་བཞར་ཁང་ཞིག་ཏུ་འཛུལ། སྐབས་དེར་བོད་རིགས་གཞོན་སྐྱེས་གསུམ་གྱིས་ཕན་ཚུན་ཧབ་དགོད་དང་བདའ་འདེད་བྱེད་ཀྱིན་སྐྲ་བཞར་ཁང་དུ་བསླེབས། རྒྱང་དཔྱོད་དུས་དེབ་ཀྱི་ཅོང་བརྡ་ལས་བརྒལ་ཏེ། ཁོང་ཚོས་ཕན་ཚུན་ལ་རྒྱ་སྐད་ཁོ་ན་བཤད་སོང་ལ། དེ་ནས་རྒྱ་གར་སྐྲ་བཞར་བ་དེར་བོད་སྐད་ཀྱིས་གོང་ཚད་སོགས་དྲིས་སོང་། རྩ་བ་ནས་བརྡ་འཕྲོད་མ་སོང་།

ཉེ་བའི་ལོ་འགའི་རིང་ནས་བཟུང་ངྷ་སར་ཡོད་པའི་བཙན་བྱོལ་བོད་མིའི་མི་ཐོག་སྔ་མ་རྣམས་ཚར་མགོ་བརྩམས། ཁོང་རྣམས་ཀྱི་བུ་རབས་ཚ་རྒྱུད་རྣམས་ནུབ་ཕྱོགས་སུ་ཕྱིན། ཁོང་ཚོའི་ཤུལ་ནི་ད་ཆ་བོད་སྐད་ཁོ་ནའམ། ཡང་ན་རྒྱ་སྐད་ཀྱང་བཤད་མཁན་གྱི་མི་རབས་ཤིག་གིས་ཁེངས། མི་ལོ་ ༥༠ རྗེས་ལ་ས་གནས་རྒྱ་གར་བ་ཚོས་སླར་ཡང་ཧིན་རྡི་མི་ཤེས་མཁན་གྱི་མི་རབས་ཤིག་ལ་འབྲེལ་བ་འཛིན་དགོས་དུས་དཀའ་ཁག་ནི་ཏན་ཏན་ཡོད་སྲིད། ལྷག་པར་དུ་རྒྱང་དཔྱོད་དུས་དེབ་ལས་བསྟན་པ་ལྟར། བཙན་བྱོལ་གྱི་མི་རབས་གསར་པ་འདི་དག་ནི་ ༼ཀུན་སྤྱོད་ལོད་པོ་༽དང་༼སྤྱོད་པ་ཚ་བོ་༽ཡིན་པར་མཐོང་གི་ཡོད་ཚུལ་འདུག

གོང་གི་དཀའ་རྙོག་འདི་དག་ལས་ང་ཚོས་སེལ་ཐུབ་པ་གཅིག་ནི། བོད་ནས་གསར་དུ་འབྱོར་ཞིང་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཡོད་པའི་གཞོན་སྐྱེས་ཚོར་བོད་ཡིག་དང་དབྱིན་ཡིག་གི་ཕན་ནས་ཧིན་རྡིའི་སྐད་ཡིག་ཀྱང་གཙིགས་ཆེན་དུ་བཟུང་ནས་སློབ་དགོས་པ་འདི་རེད། ལོ་ལྔའི་རྗེས་ལ་སློབ་གྲྭ་ནས་ཐོན་སྐབས་མ་མཐར་ཡང་ཧིན་རྡིའི་སྐད་ལ་བྱང་ཆ་ཡོད་ཚེ་ཡུལ་མི་དང་མཉམ་དུ་གཤིབ་བདེ་ལ། རྒྱལ་ཁབ་འདི་འཕྲེད་ཀྱིས་བཅད་དེ་གང་དུ་སོང་ཡང་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་དེ་མེད། ད་སྐབས་རྒྱ་གར་བ་ཚོས་ཀྱང་སྐད་བརྡ་མི་འཕྲོད་པའི་བཙན་བྱོལ་བ་གསར་པ་འདི་དག་གི་ཡོང་ཁུངས་གཙོ་བོ་ནི་ཤེས་རབ་དགའ་ཚལ་སློབ་གྲྭ་ཡིན་པ་བཤད་འདུག

བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ནི་སློབ་ཕྲུག་འདི་དག་ཕྱིར་བོད་དུ་ལོག་རྒྱུ་དེ་ཡིན་ཡང་། སྲིད་བྱུས་འདི་ཐོག་མ་ནས་ལམ་ལྷོང་བྱུང་མེད། ཧིན་རྡི་མ་བསླབ་པའི་གྱོང་འདི་ནི་སློབ་ཕྲུག་ཚོ་དང་། བོད་པ་དང་ཡུལ་མིའི་སྤྱི་ཚོགས་གཉིས་ཀར་འཕྲད་ཀྱིན་ཡོད། རྒྱུ་མཚན་འདི་དག་གི་དབང་གིས་ང་ཚོས་སྐད་བརྡའི་དཀའ་རྙོག་འདི་སེལ་བ་ཡིན་ན་གོང་དུ་དྲངས་པའི་བློ་འགྱོད་ཀྱི་ས་བོན་ཆེན་པོ་ལྔའི་ནང་གི་དང་པོ་བསལ་བ་ཡིན་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༧ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 17

  1. གྲྭ་རྒོད says:
    ལོ་ 15 སྔོན།

    གྲོགས་པོ་དགོངས་དག་ཞུ་རྒྱུ་དང་ངས་འདི་སེར་བྱེས་བྱ་བྲལ་ཁང་ཚན་གྲྭ་ངག་དབང་ཕུན་ཚོགས་གི་བསམ་ཚུལ་བགོད་པ་ལས་ང་རང་ཉིད་ཀྱི་བྲིས་བ་མིན།འོན་ཀྱང་འདིའི་ཐོག་བསམ་ཚུལ་རེ་ཡོད་ན་གསུང་རོགས།ཁོང་གི་བྲིས་བ་ལྟར་བགོད་ཡོད།༄༅།།མཁྱེན་བརྩེ་ནུས་གསུམ་གྱི་རབ་ཏུ་ཕྱུགས་པས་འཛམ་གླིང་གོ་ལ་ཧྲིར་པོར་ཞི་བདེ་ཐུགས་བཅང་སློད་མེད་ཀྱི་མཆོག་དུ་བཀུར་འོས་པའི་སྐྱེ་ཆེན་དམ་པའི་དབུ་ཁྲིད་དང་ལམ་བསྟོན་འོག་འཚོལ་བའི་རིགས་གཅིག་རྐང་འཛིན་ཐོག་ཆེད་འཛུགས་བྱས་པའི་དབུ་ལས་ལྷན་རྒྱས་ཀྱི་དྲུང་དུ།
    གུས་སེར་བྱེས་གྲོས་ཚོགས་འཐུས་མི་བྱ་བྲལ་ངག་དབང་ཕུན་ཚོགས་ནས
    ཆེད་ཞུ།
    བཙན་བྱོན་བོད་གཞུང་གི་ཁྱབ་ཁུང་ན་གནས་པའི་བོད་རིགས་སྦུན་ཟླ་ཡོངས་དང་འགྲོ་བ་སྤྱི་ལ་བསམ་ཤེས་བྱས་ཏེ་མཐར་ཕྱིན་སློབ་མ་རྣམས་གནས་གཅིག་དུ་བསྡུ་བསྐོང་གྱིས་ཆེ་ལས་སློབ་གྲྭ་འཛུགས་རྒྱུ་དང་ལྷག་པར་
    བོད་ཀྱི་ཡིག་རིགས་གཙོ་པོར་ཐོག་འཁོར་ཡིག་བསྐྲུན་རྒྱུ་དང་མཐར་ཕྱིན་སྐབས་ཕྱི་ཕྱོགས་སུ་ཆེ་ལས་སློབ་གྲྭ་
    ཁག་ལ་གཏོང་ཐུབ་བྱེད་རྒྱུ།
    སེར་མོའི་བའི་ནང་དགེ་ལུགས་པ་ལ་མཚོན་ན་དགེ་ལུགས་མ་དགོན་རྒྱ་བསྐྱེད་བྱས་ཏེ་དགེ་ལུགས་ནང་བསྟན་མཐོ་རིམ་སློབ་གྲྭ་ཆེན་མོ་བཙུགས་ཏེ་འཁོར་ཡིག་བསྐྲུན་རྒྱུ་དང་སློབ་མ་གདན་ས་ཁག་ནས་ལོ་ལྟར་དགེ་ལུགས་རྒྱུགས་སྤྲོད་པ་རྣམས་སློབ་གྲྭའི་སློབ་མ་བསྡུ་རྒྱུ་བྱེད་ཐུབ་པ་ཡིན་དགེ་མཚན་ཤུན་ཏུ་ཆེན་པོར་མཐོང། ལོ་ངོ་དྲུག་ལ་འཛིན་རིམ་དྲུག་བྱས་ནས་གཞུང་བཀའ་བོད་ལྔ་དང་སྔགས་བོད་ཀྱི་རིགས་གནས་རྩིས་དང་རྒྱ་རབ་ལོ་རྒྱས་དབྱིན་ཡིག་ཚན་རིགས་བཅས་སློབ་ཚན་འཛུགས་རྒྱུ་དང་གསར་ཞུགས་རྣམས་ལོ་རེ་ལྟར་གདན་ས་ཁག་ནས་བཏང་བའི་དགེ་ལུགས་རྒྱུགས་སྤྲོད་པ་རྣམས་བྱས་ནས་བཞུགས་ས་དང་ཁ་ལག་ཡང་སློབ་
    གྲྭའི་འཛིན་སྐྱོང་རང་ནས་གོ་སྒྲིགས་བྱེད་ཐུབ་ཞིག་ཡོང་བའི་རེ་བ་དང་། མཐར་ཕྱིན་སློབ་ཐོན་པ་རྣམས་ཕྱི་
    ཕྱོགས་ཁག་ལ་ཆེ་ལས་སློབ་སྤྱོང་ལ་གཏོང་ཐུབ་བྱེད་རྒྱུ་ཞིག་བྱུང་ན་མའོང་འཛམ་གླིང་ཞི་བདེ་བསྐྲུན་ཐུབ་ལ་
    ཕན་པ་གལ་ཆེན་པོར་མཐོང་ཡོད། ཆོས་སྡེ་ཁག་གཞན་ལ་ཡང་གཅིག་མཚུངས་བྱས་ཏེེ་འཁོར་ཡིག་བསྐྲུན་
    རྒྱུ་གལ། དེ་ལྟར་བསམ་ལོ་གཏོང་དགོས་པའི་རྒྱུ་མཚན་ཡང་། བོད་ནི་ཆོས་ལྡན་གྱི་རྒྱལ་ཁབ་ཞིག་
    ཡིན་པ་དང་ཆོས་དེ་ཡང་འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན་ཐུབ་པས་གལ་ཆེ་བའི་རིག་གཞུང་ཞིག་ཆགས་ཡོད་གང་ཡིན་ཟེར་ན་ད་ལྟ་འཛམ་གླིང་ནང་ཚན་རིག་གི་འགྲོ་བས་རེ་བ་བསྐོང་པ་ཞིག་སྣང་གི་ཡོད། དེ་ཡང་
    ཕྱིའི་དཀའ་ངལ་སེལ་བ་ལྟ་བུ་ཞིག་ཆགས་ཡོད་ཀྱང་ནང་གི་དཀའ་ངལ་ད་དུང་ཆེ་རུ་སོང་ཡོད་པས་དེ་སེལ་
    ཐུབ་ལ་ང་ཚོའི་ཆོས་དེ་གལ་ཆེན་པོར་ཆགས་ཡོད།ཚན་རིག་པའི་དོན་སྣང་བྱེད་བཞིན་པའི་སྐབས་དང་སྟབས་བསྟུན་ང་ཚོའི་ངོས་ནས་ཀྱང་འཛུགས་བསྐྲུན་བྱེད་དགོས་པར་མཐོང་། དེ་བསྒྲུབ་པ་ལ་འོས་འགན་དེ་སེར་
    མོ་བ་ཚོ་ལ་ཡོད་པ་དང་བསྒྲུབ་ཐུབ་པ་དང་བསྒྲུབ་དགོས་པ་ཞིག་ཡིན་པར་འདུག་ལགས་ན།

    གོང་གི་རེ་འབྲས་རྣམས་དེ་བཞིན་དུ་འགྲུབ་པས་རེ་བ་དང་བཅས
    ཕྱིལོ༢༠༡༠ ཟླ༠༦ ཚེས་༡༣ ལ
    །

    Reply
  2. རིག་འཛིན། says:
    ལོ་ 15 སྔོན།

    འདི་དངོས་གནས་དགོངས་འཆར་ཡག་པོ་འདུག་པས་རྒྱབ་སྐྱོར་སླད་མེད་ཡོད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ།

    ངས་བོད་རིགས་གཞོན་སྐྱེས་ཚོས་ཧིན་རྡི་ཤེས་དགོས་པའི་ཐད་བསམ་ཚུལ་འདི་འདྲ་ཞིག་གཏོང་གི་ཡོད།

    ༡། བོད་མི་ཚོར་མཚོན་ན་ཧིན་རྡིའི་སྐད་ཡིག་ནི་ཡུལ་བབ་སྲིད་བྱུས་ཀྱི་སྒོ་ནས་སྦྱོང་དགོས་པ་ཞིག་ཆགས་འདུག བོད་ཀྱི་འཐབ་རྩོད་འདིར་བདེན་མཐའ་མ་གསལ་བར་དུ་མི་རབས་ནས་མི་རབས་བར་རྩོད་དགོས་ཤིང་། བོད་དོན་འཐབ་རྩོད་ཀྱི་བཙན་རྫོང་གལ་ཆེན་ཞིག་ནི་ཧི་མ་ལ་ཡའི་རི་རྒྱུད་དང་། རྒྱལ་ཁབ་ཀུན་གྱི་ནང་ནས་རྒྱ་གར་ལ་ངེས་པར་དུ་བརྟེན་དགོས་པར་འདོད། དེས་ན་བོད་མི་ཚོས་རྒྱ་གར་གྱི་སྐད་ཡིག་ཤེས་རྒྱུ་ཡང་གལ་ཆེན་པོ་རེད།

    ༢། སྤྱི་ཚོགས་དང་མི་སྒེར་གྱི་རིམ་པ་ནས་གླེང་ན། རྒྱ་གར་གཞུང་གི་སྲིད་བྱུས་ལྟར། སྤྱིར་བཏང་རྒྱ་གར་དུ་དབྱིན་སྐད་ཀྱི་ཚད་གཞི་ཇེ་ཞན་དུ་འགྲོ་བཞིན་ཡོད་ལ། བོད་པ་ཚོ་ཡང་དབྱིན་སྐད་ལ་བྱང་ཆ་ཡོད་མཁན་དཀོན་པོ་ཆགས་ཡོད་སྟབས། ཧིན་རྡི་ནི་བོད་པ་དང་རྒྱ་གར་ཡུལ་མིའི་བར་གྱི་ཟམ་པ་གཙོ་བོ་དེ་ཆགས་ཡོད་ལ། སྐད་ཡིག་གི་བཀག་རྒྱ་སེལ་བ་ཡིན་ན་འགལ་རྐྱེན་མང་པོ་ཞིག་བསལ་ནས་མཐུན་རྐྱེན་མང་པོ་ཞིག་འཛོམས་ཏེ། འཆམ་མཐུན་དང་འབྲེལ་འདྲིས་ཇེ་ཆེར་འགྲོ་གི་རེད།

    ༣། བོད་ཡིག་དང་དབྱིན་ཡིག་གཉིས་མ་གླེང་བར། བོད་རིགས་གཞོན་སྐྱེས་ཚོས་རྒྱ་ཡིག་གི་སྟེང་ལ་ཧིན་རྡི་ཡང་ཤེས་པ་ཡིན་ན་འཛམ་གླིང་གི་མི་དུང་ཕྱུར་ ༢༡ ལྷག་ལ་སྐད་ཡིག་གི་བཀག་རྒྱ་སེལ་བ་རེད། འཛམ་གླིང་གི་མི་འབོར་གསུམ་ཆའི་གཅིག་ལ་སྐད་ཡིག་གི་བཀག་རྒྱ་སེལ་བ་རེད། དེ་བཞིན་དུ་སྐད་ཡིག་འདི་གཉིས་ཤེས་པའི་རྗེས་ལ་བོད་པ་ཚོས་སྐད་བརྡ་མི་འཕྲོད་པའི་ཨེ་ཤ་ཡའི་མི་རིགས་དང་མི་འབོར་ཅི་ཙམ་ཞིག་ལྷག་ཡོད་དམ།

    ༤། ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་ལྔའི་རིང་ལ་གཙོ་བོ་བོད་ཡིག་དང་དབྱིན་ཡིག་སྦྱོང་དགོས་ཀྱང་། བདུན་ཕྲག་རེར་ཧིན་རྡིའི་འཛིན་གྲྭ་འཚོགས་ཐེངས་ ༢ རེ་ཡོད་པ་ཡིན་ནའང་ལོ་ལྔའི་རྗེས་ལ་སྤྱིར་བཏང་གི་འབྲེལ་བའི་སྐོར་གྱི་སྐད་བརྡ་འཕྲོད་ངེས་པར་འདོད།

    ༥། ལོ་ལྔའི་རྗེས་ལ་ཕྱིར་བོད་དུ་ལོག་ཆོག་ཆོག་དང་ཕྱི་རྒྱལ་ལ་འགྲོ་ཆོག་ཆོག་གི་གྲ་སྒྲིག་ནི་སུ་ལ་ཡང་མེད་སྟབས། མུ་མཐུད་ནས་རྒྱ་གར་མི་དམངས་དང་མཉམ་དུ་གཤིབ་ཅིང་། རྒྱ་གར་གྱི་སྤྱི་ཚོགས་བརྒྱུད་ནས་འགྲོ་དགོས་དུས་ཧིན་རྡི་ཤེས་པ་ཡིན་ན་མི་སྒེར་ལ་ཁེ་ཕན་ཆེ་བའི་ཁར། མི་སྒེར་གྱི་དཀའ་ངལ་ལ་བརྟེན་ནས་བོད་པ་དང་རྒྱ་གར་ཡུལ་མིའི་བར་ལ་འཁྲུག་འཛིང་ཡོང་གཞིའི་རིགས་ཀྱང་སེལ་འགྲོ་བར་འདོད།

    གོང་གི་རྒྱུ་མཚན་འདི་དག་ལ་བརྟེན་ནས་ཧིན་རྡི་ནི་གལ་ཆེན་པོ་རེད་བསམ་མོ།།

    Reply
  4. རྐང་གསུམ། says:
    ལོ་ 15 སྔོན།

    རྡ་ས་ཁུར་དུ་དེ་རིགས་ཀྱི་དཀའ་ངལ་ཡོད་སྲིད་ནའང་དེ་ལས་ཚབ་ཆེ་བ་ནི་ང་ཚའི་ད་ལྟའི་བཙན་བྱོལ་བའི་ཁྲོད་ན་མི་རིགས་རང་གི་ཕ་སྐད་བཤད་ཤེས་མཁན་ལོ་རེ་ནས་ལོ་རེ་སྐྱོ་རུ་འགྲོ་བཞིན་ཡོད་པ་ནི་བཙན་བྱོལ་བོད་གཞུང་གིས་ཤེས་དགོས་པའི་གནད་དོན་ཞིག་ཡིན་པ་མ་ཟད་དེ་དང་དེ་རིགས་ཀྱི་དཀའ་ཁག་ལ་འཆར་གཞི་ཡོད་པའི་ལས་ཀ་གང་མང་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་རང་བཞིན་བྱ་བ་ཞིག་རེད།

    Reply
  5. རང་སྟོན། says:
    ལོ་ 15 སྔོན།

    རྕོམ་སྒྲིག་པས་བཤད་པ་འདི་བདེན་པ་རེད་བསམ་གི་་་རང་ཉིད་ཡུལ་ལུང་གང་དུ་གནས་ཀྱང་དང་པོ་ཡུལ་དེའི་སྐད་ལ་བརྡ་འཕྲོད་པ་ཙམ་ཞིག་བཟོ་དགོས་བར་འདོད།་་གལ་ཏེ་དེ་ལྟར་མ་བྱས་ན་ཡུལ་དེ་ལ་ཕོག་ཐུག་བཏང་བ་ལྟ་བུ་ཞིག་མཐོང་གི་འདུག་་་ལྷག་པར་དུ་གྲ་ས་ཁག་ནས་ཧིན་སྐད་དང་དབྱིན་སྐད་མ་སྦྱང་བའི་དབང་གིས་རང་ཉིད་ཀྱི་འགྲོ་འདུག་སོགས་ལའང་རང་བཞིན་གྱིས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་འདུག་་དེས་རྐྱེན་པས་གྲྭ་པ་གང་མིང་ཞིག་གིས་མེ་འཁོར་འཛིན་བྱང་ཉོ་བ་འམ་རྐྱེན་ཅི་ཞིག་དུས་ངེས་མེད་དུ་འཕྲད་ཡོང་དུས་རང་བཞིན་གྱིས་དཀའ་ངལ་འཕར་མ་ཞིག་མྱོང་གི་འདུག

    Reply
  6. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    འདི་མི་བུ་སོ་སོའི་ངོས་ནས་བསམ་བློ་གཏོང་དགོེས་པ་ཞིག་རེད། སྐབས་རེར་རྒྱ་གར་ཚོང་ཁང་དུ་ཕྱིན་དུས་སྐད་མི་གོ་བའི་རྐྱེན་གྱིས་བཙན་གྱིས་མགོ་སྐོར་གཏོང་བའང་ཡོང་གི་ཡོད་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་པའང་ཡོང་གི་ཡོད། དེ་ནི་སུ་ལའང་ཁོང་ཁྲོ་སློང་བའི་རྒྱུ་རྐྱེན་ཞིག་རེད།

    Reply
  7. འབའ་སྲས། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པའི་གཏམ་འདིར་ཚང་མས་རྒྱབ་སྐྱོར་གནང་གི་འདུག ཡིན་ནའང་ངས་ད་དུང་བསམ་བློ་ཞིག་གཏོང་དགོས། གང་ཡིན་ཟེར་ན། མན་ལོར་ནས་རྒྱ་གར་བ་དང་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་ལ་བརྟེན་ནས་གསོག་སྒེར་སློབ་མ་ཡོངས་ལ་རྒྱ་གར་སྐད་ཡིག་སློབ་ཚན་དུ་བཞག་ན་དུས་དང་གནས་ཀྱི་ཆ་ནས་དགོས་པ་གང་ཡང་མཐོང་མ་སོང་། གསོག་སྒེར་སློབ་མའི་སློབ་སྦྱོང་གི་དུས་ཡུན་ནི་ལོ་ངོ་ལྔ་ཡིན་ལ། སློབ་མ་བརྒྱ་ཆའི་བདུན་ཅུ་ཡན་སློབ་མཐར་ཕྱིན་རྗེས་རྒྱ་གར་ནང་ཙམ་མ་ཡིན་པར་རྒྱལ་ཁབ་གང་སར་ཁ་ཐོར་ནས་འགྲོ་བཞིན་ཡོད་པ་ལས་གནས་གཅིག་ནས་སྤུངས་ནས་བཞག་མེད། མན་ལོར་རིང་ནས་སྡོད་མཁན་ཉུང་ཤས་ལས་མེད་ཅིང་དེ་དག་ཚོ་ཡང་གཏན་སྡོད་བྱེད་མཁན་མིན། དེར་བརྟེན། མི་ཉུང་ཤས་ཤིག་གི་དཀལ་ངལ་ལ་བསམ་ནས་གསོག་སྒེར་སློབ་མ་ཡོངས་ལ་ལོ་ལྔའི་རིང་ལ་རྒྱ་གར་སྐད་ཡིག་སློབ་དགོས་པའི་དཀལ་ངལ་འཕར་མ་ཞིག་བསྣོན་མི་དགོས་པར་འདོད།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འགོ་མཇུག་དང་མགོ་རྐུབ་གཉིས་ཁྱད་པར་འབྱེད་དགོས་དགོསཏེ། དཔེར་ན། མི་དང་དུད་འགྲོ་གཉིས་ལ་མགོ་རྐུབ་ཡོད་ཀྱང་། གཞན་དུས་དང་ལས་ཀའི་འགོ་དང་མཇུག་ཅས་འཐོབ་དགོས་སྙམ། ད་དུང་དཔྱད་རོགས་གནོངས།

    Reply
  9. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ལུང་རིགས་ཀྱིས་བཤད་པ་བདེན་གི ཁ་སང་སེར་བྱེས་གྲྭ་ཚང་ལ་ཤེས་རིག་ལས་ཁུངས་ནས་བཀའ་བཏང་བ་ལྟར་ཧིན་སྐད་ཤེས་མཁན་གྱི་གྲྭ་བ་ལྔ་དགོས་ཀྱིན་འདུག དེ་ཚོ་ལ་ཕར་ཕྱིན་རབ་འབྱམས་པའི་ལག་ཁྱེར་དང་ཡང་ན་རྩོད་རྒྱུགས་ཨང་རིམ་གཉིས་པ་དང་དང་པོ་གང་རུང་། ཧིན་སྐད་མ་གཏོགས་གཞན་ཚོ་དག་དག་ཡོད་ཀྱང་ཧིན་སྐད་ཤེས་ཀྱིན་མེད་པས་ཐོ་རྒྱག་མཁན་དཀོན་འདུག དེ་ཚོ་རྒྱ་གར་ཚོགས་པ་ཞིག་གི་དགེ་རྒན་དུ་གདན་འདྲེན་ཞུ་གིན་ཡོད་རབས་ཤིག་བཤད་སོང་། དཀའ་ངལ་དེའི་རིགས་བྱུང་རབས་ཐད་ནས་དགོད་བྲོ་མང་བོ་ཡོད་ཀྱང་དྲ་ཐོག་ཏུ་བྲིས་ནས་ཅི་ཕན།

    Reply
  10. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    ཁ་ཉིན་ངའི་ཕྱི་བསྐྱོད་ལག་འཁྱེར་གྱི་དུས་ཚོད་ཡོལ་ནས་བཟོ་སར་ཕྱིན་དུས་གསར་འབྱོར་རྙིང་འབྱོར་མེད་པར་འཚང་ཁ་ཤིག་ཤིག་རེད། སྔར་ལོ་ནས་དབུས་སྣེ་ལེན་ཁང་གིས་གསོག་སྒར་སློབ་གྲཱའི་འཕྲོས་ན་སྣེ་ལེན་ཁག་ཆེ་ཐག་ཆོད་ཅིག་བརྒྱབ་འདུག་ཀྱང་། ལོ་འདི་གའི་ནང་གསར་འབྱོར་ཡོང་མཁན་ཉུང་ནས་ཉུང་རུ་འགྲོ་བཞིན་འདུག ཁེན་མཚར་ཞིག་ལ། ཟམ་གདོང་བཀའ་ཤག་གི་དུས་ཡུན་རྫོགས་གྲབ་ཡོད་ཀྱང་། གངས་སྐྱིད་ན་ཐོག་ཁང་གསར་བ་མང་པོ་ཞིག་བརྒྱག་གི་འདུག མ་ཟད་གྲྭ་ས་ཁག་གི་ནང་ལོ་འདི་འགའི་ནང་གྲྭ་རྒྱུན་དཀོན་པོ་ཆགས་ནས་དཀའ་ངལ་འཕྲེད་འདུག་ལ་པ་སོགས། གནས་ཚུལ་འདི་དག་ཀྱང་རྒྱང་དཔྱོད་དུས་དེབ་དང་། སྐུ་ཞབས་ལུང་རིག་གཉིས་ལ་ཁ་གསེབ་ཙམ་ཡིན།

    Reply
  11. མཐུ་སྟོབས says:
    ལོ་ 15 སྔོན།

    ཐེ་ཚོམ་མེད་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

    Reply
  12. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ས་གནས་གང་དུ་གནས་ཡོད་ཀྱང་སོ་སོའི་མི་རིགས་ཀྱི་རིག་གནས་སློབ་སྦྱོང་དང་འབྲེལ་ས་གནས་དེ་རང་གི་ཡུལ་མིའི་སྤྱོད་པའི་སྐད་ཡིག་སློབ་སྦྱོང་སྤྲོད་རྒྱུ་ནི་ཁ་ཚ་དགོས་གཏུགས་རང་ཡིན་དེ་བས་ཀྱང་བོད་པའི་ཤེས་ཡོན་པ་རྣམ་པས་བོད་ཆོལ་ཁ་གསུམ་ཀྱི་སྐད་ཤེས་པ་ཡིན་ན་ཁ་ཡོད་ལག་ཡོད་ཀྱི་མི་རིགས་དང་རིག་གཞུང་ལ་ཞབས་འདེགས་བླ་ན་མེད་པ་ཞིག་ཞུ་ཐུབ་པ་ངེས།

    Reply
  13. མྱི་ལྟིག says:
    ལོ་ 15 སྔོན།

    བོན་རྒྱས་བཤད་པ་ལ་རྒྱབ་སྐྱོར་ཡོད།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྐད་བརྡ་མི་འཕྲོད་པའི་ན་ཚའི་ཉམས་མྱོང་ནི་འདི་འདྲ་ཞིག་རེད། སོ་སོར་གནས་ལུགས་ཀྱིས་ཁེངས་ཤིང་། ཁོག་པར་མ་ཆུད་པར་སྐྱུག་གྲབ་བྱེད་ཀྱང་། ཚིག་སྣེ་རྡོག་གཅིག་ཀྱང་ལྕེ་སྣེ་རུ་མ་བསླེབས་པ།
    སྐབས་དེར་ཨུ་ཐུག་མགོ་རྩོམ་པ་དང་། རྩ་ལམ་ཡོད་ཚད་ལ་ཁྲག་ཁོལ་མ་རྒྱུག་མགོ་བརྩམས་ཤིང་། ལུས་ཧྲིལ་བོར་དྲོད་རྒྱས་་་ དེ་ནས་ལག་པ་འདར་་་་་་ ལག་པ་འདར་་་་་་ ལག་པ་འདར་་་་་་་་

    Reply
  15. བློ་ཡར། says:
    ལོ་ 15 སྔོན།

    རེད་་་བོན་རྒྱ་བསྟན་འཛིན་གྱིས་བཤད་པ་ལ་རྒྱབ་སྐྱོར་ཡོད།

    Reply
  16. བློ་ཡར། says:
    ལོ་ 15 སྔོན།

    རེད་་་གལ་ཆེ་ཤོས་ཡ་རབས་ཀྱི་སྤྱོད་པ་ཁྱེར་རྒྱུ་འདི་རེད།

    Reply
  17. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ཆེས་བཀུར་བར་འོས་པའི་རྩོམ་སྒྲིག་པ་ལགས། བླ་མའི་གསུངས་ཤིག་རེད། དངོས་གནས་ཧིན་སྐད་མ་གོ་བའི་དབང་གིས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱིན་་པ་དངོས་གནས་བདེན་པ་རེད། སོག་སྒར་སློབ་གྲྭ་ཙམ་མིན་ད་དུང་གྲྭ་ས་ཁག་ལའང་ཧིན་སྐད་སློབ་དགོས། ཧིན་སྐད་མི་གོ་བའི་བཙན་བྱོལ་བའི་འབྱུང་ཁུངས་ཆེ་ཤོས་དེ་སོག་སྒར་དང་གྲྭ་ས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese