མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སངས་རྒྱས་ལ་བརྙས་བཅོས་སུས་བྱས། སྤོབས་པ་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

་་་་་་་་་་་་་རྩོམ་སྒྲིག་པའི་བདམས་བཀོད་རྩོམ་ཡིག

ཉེ་ཆར་དྲ་རྒྱའི་སྟེང་ནས་ཤེས་པ་ལྟར་ན་ཕྱི་རྒྱལ་གྱི་ཚོང་ལས་ཚོགས་པ་ཞིག་གིས་སྟོན་པ་སངས་རྒྱས་ཀྱི་སྐུ་ཐང་དང་ཏཱ་ལའི་བླ་མའི་སྐུ་པར་སོགས་ཀྱིས་བརྒྱན་པའི་ལྷམ་བཟོས་ཡོད་པ་མཐོང་རྗེས་ཁྱི་རྒན་ཀུ་ཅོ་འདོན་པའི་དཔེ་བཞིན་རང་རེའི་ཁྲོད་ཀྱི་མང་པོ་ཞིག་ཁྲོས་ཏེ་ཟས་མིད་པར་མི་འགྲོ་བའི་ཚད་ཙམ་དུ་སླེབས་ཤིང་ཚོང་ལས་ཁང་དེ་ལ་དགོངས་དག་ཞུ་བཅུག་པ་ཐོས།

འཇིག་རྟེན་སྤྱི་ཡོངས་ཀྱི་དབང་དུ་བྱས་ན་ཚོང་ལས་ཁང་ཆེན་པོ་ཞིག་གིས་རང་རེའི་སྟོན་པ་དང་བླ་མ་ལ་དེ་ལྟ་བུའི་མཐོང་ཆེན་དང་དགའ་མོས་བྱས་ཏེ་ལྷམ་ཡན་ཆད་ཀྱི་སྟེང་དུ་བཀོད་པ་དེ་ནི་དགའ་བསུ་ཞུ་འོས་པ་ཞིག་ལས་ངོ་རྒོལ་བྱ་བའི་འོས་སུ་མ་གྱུར་མོད་ལུང་ཁུག་གི་གོམས་སྲོལ་ཉི་ཚེ་བ་ཙམ་གྱི་དབང་དུ་བྱས་ན་ཅི་ཆ་ཡོད། ཁྱེད་ཚོ་ངོ་རྒོལ་བྱེད་དགོས་ཟེར་མཁན་ཚོར་འདིར་ངས་དྲི་བ་གཉིས་འདོན། ཁྱེད་ཚོས་ངོ་རྒོལ་བྱ་དགོས་པའི་པའི་རྒྱུ་མཚན་དེ་ཆོས་ཀྱི་དབང་དུ་བྱས་པ་ཡིན་ནམ་སྲིད་ཀྱི་དབང་དུ་བྱས་པ་ཡིན། དང་པོ་ཆོས་ཀྱི་དབང་དུ་བྱས་ན་སྤྱིར་སངས་རྒྱས་པ་ཡོངས་དང་ལྷག་པར་དུ་ཐེག་པ་ཆེན་པོའི་ལུགས་ལ་བཟོད་སྒོམ་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་ཡོད་ན་དེས་ཆོག་དང་མེད་ན་དེས་ཕུང་གི་གཞི་རྩར་གྱུར་ཡོད་པ་ཁྱེད་ཚོས་མཁྱེན་ངེས། གལ་སྲིད་སྐུ་འདྲའི་རི་མོ་ལྷམ་གྱི་ངོས་སུ་བཀོད་པ་དེ་ཉེས་པ་ཞིག་ཡིན་དུ་ཆུག་ཀྱང་དེ་ལ་ཁྲོ་བས་ངོ་རྒོལ་བྱེད་པ་དེ་ཡང་ཉེས་པ་ཡིན། སྤྱིར་ཉན་ཐོས་ཀྱི་ཐེག་པ་ནས་བཟུང་སྟེ་བཟོད་པ་ནི་ཉམས་ལེན་གྱི་གཞི་རྩར་བཞག་སྟེ་ཁྲོ་བ་ལ་སླར་མི་ཁྲོ་བ་སོགས་དགེ་སྦྱོང་གི་ཆོས་བཞི་གསུངས་པ་དང་། ལྷག་པར་ཡང་ཐེག་ཆེན་ཚང་གི་ཡབ་ཆེན་རྒྱབ་སྲས་ཆེན་པོ་ཞི་བ་ལྷས་འདིའི་སྐོར་ལ་ལམ་སྟོན་གསལ་ཐག་ཆོད་ཅིག་གནང་ཡོད། དེ་ནི། ལ་ལ་རྨོངས་པས་ཉེས་པ་བྱེད༎ ལ་ལ་རྨོངས་ཏེ་ཁྲོས་གྱུར་ན༎ དེ་ལ་སྐྱོན་མེད་གང་གིས་བྱེད༎ སྐྱོན་དང་བཅས་ཏེ་གང་ཞིག་ཡིན༎ ཞེས་དང་། སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ༎ འཁྱལ་ཞིང་འཇིགས་པར་བྱེད་པ་ཡང༎ བདག་གིས་ཁྲོ་བར་མི་རིགས་ཏེ༎ སངས་རྒྱས་སོགས་ལ་གནོད་མི་མངའ༎ བླ་མ་གཉེན་ལ་སོགས་པ་དང་༎ བཤེས་ལ་གནོད་པ་བྱེད་རྣམ་ལའང་༎ སྔ་མའི་ཚུལ་གྱི་རྐྱེན་དག་ལས༎ འགྱུར་བར་མཐོང་ནས་ཁྲོ་བ་བཟློག ། ཞེས་གསུངས་པ་ལ་བསམ་བློ་ཞིག་ཐོངས་དང་གཞི་ནས་བསྟན་པ་འཇིག་མཁན་སུ་ཡིན་དང་སངས་རྒྱས་ལ་རྒྱབ་འགལ་བྱེད་མཁན་སུ་ཡིན་ངོ་འཕྲོད་ངེས། རྒྱལ་སྲས་ཆོས་རྫོང་པས། ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས༎ རྐྱེན་ངན་ཐོག་ཏུ་བབ་ཚེ་ཐ་མལ་པ༎ ཞེས་གསུངས་པ་བཞིན་གནད་དོན་འདི་འདྲ་ཞིག་གི་དུས་སུ་ང་ཚོས་སྤྱོད་འཇུག་ཁ་ཏོན་བྱས་པ་དེའི་ཚིག་དོན་དྲན་མ་ཐུབ་ན་ཁ་ན་རོགས་དང་མིད་པ་ཚ་རོགས་ཙམ་མ་རེད་དམ། དེ་ལས་ཀྱང་རྡོ་རྗེ་ཐེག་པའི་ལུགས་སུ་ནི་རྡོ་རྗེའི་ལུས་འདི་གདན་གསུམ་ལྷའི་དཀྱིལ་འཁོར་དུ་གཏན་ལ་འབེབས་པར་གསང་སྔགས་གསར་རྙིང་དགོངས་པ་མཐུན་པས་ལྷའི་དཀྱིལ་འཁོར་ལ་དབུ་ཞབས་ཀྱི་བཟང་ངན་དུ་ལྟ་བའི་ལུགས་ཤིག་གང་དུ་ཡང་མ་གསུངས། སྤྱིར་ན་མི་འདི་རིགས་ཀྱིས་སྔོན་གྱི་དྲང་སྲོང་རྣམས་ཀྱིས་བཟོད་པ་དང་གཞན་ཕན་གྱི་ལམ་བཟང་ལས་ལོགས་སུ་གོལ་དེ་ཆོས་ལུགས་ཀྱི་དར་ཆ་འཕྱར་ནས་འདི་དང་འདི་ལྟ་བུར་རྨོངས་ཞེན་བྱས། བཟེ་རེ་བྱས། བཙན་ཚུགས་བྱས། འཇིགས་སྐུལ་བྱས། ཐ་ན་མི་གཞན་གྱི་ཚོང་ལས་ཡན་ཆོད་ལ་གཏོར་བཤིག་གི་ལས་ཀ་ཤ་སྟག་བྱས་པའི་ཉེར་ལེན་ལས་དེང་དུས་སུ་ཆོས་ལུགས་ཟེར་དུས་མཛེ་ནད་ཅན་བཞིན་ན་གཞོན་ཤེས་ཡོན་ཅན་ཚོ་རྒྱང་ནས་བཀྱེད་འགྲོ་བའི་ཚད་དུ་བསྐྱལ་བ་རེད།

ཆབ་སྲིད་ཀྱི་དབང་དུ་བྱས་ན་གནད་དོན་འདི་འདྲས་བོད་དོན་དང་བོད་ཀྱི་རིག་གཞུང་ཁྱབ་བསྒྲགས་ཀྱི་རྒྱུར་འགྱུར་བ་དང་། གནད་དོན་འདི་འདྲས་ཀྱང་ང་ཚོའི་རིག་གནས་ལ་དགའ་ཞེན་དང་སྙན་གྲགས་ཡོད་པ་གསལ་སྟོན་བྱས་ཡོད་པས་དགའ་བའི་འོས་སུ་གྱུར་པ་ཞིག་རེད། ཕམ་ཁ་ནི་འདིས་སྲིད་འཛིན་བྷི་རག་ལགས་དང་དབྱིན་ཇིའི་སྲིད་བློན་སོགས་ཀྱི་འདྲ་རིས་ཡོད་པའི་ལྷམ་ཡང་བཟོས་ཡོད་ས་ནས་ང་ཚོ་ཁོ་ནས་སྡུག་ནད་མི་ཁྱོག་པའི་གནད་དོན་དེ་ཙམ་ག་ལ་ཡོད། སྤྱིར་ན་ལྷམ་གྱི་སྟེང་དུ་བཀོད་པ་དེ་མཚོན་དོན་སྡུག་པོ་ཞིག་གང་ཡང་མ་རེད། དོལ་རྒྱལ་ཚོགས་པས་རྒྱལ་བ་རིན་པོ་ཆེའི་སྐུ་རིས་སྐུ་ཆུང་དབུ་ཆེ་ཕྱག་ན་སྟ་རེ་བཟུང་ནས་ཙོང་ཁ་པ་ལ་རྒྱག་བཞིན་པ་བཟོ་དུས་ཁྱེད་ཚོ་ཐོས་རྒྱུ་མི་འདུག རྒྱ་ནག་ནས་ཕག་གི་ལུས་ལ་རྒྱལ་བ་རིན་པོ་ཆེའི་དབུ་སྦྱར་བ་བཟོས་དུས་ཁྱོད་ཚོ་འགུལ་རྒྱུ་མི་འདུག

སྤྱིར་ན་འཇིག་རྟེན་འདིའི་མི་ཞིག་དང་ལྷག་པར་ཡང་ཆོས་ལུགས་པ་ཞིག་ཡིན་ཕྱིན་བཟེ་རེ་དང་ཕྱོགས་ཞེན་ཆེ་བ་ལས་སྡུག་ཅིག་མི་འདུག བྷིན་ལ་ཊིན་ཁོང་ཚོས་ཀྱང་ཆོས་ལུགས་ཀྱི་མིང་ཐོག་ནས་བཟེ་རེ་དང་ཕྱོགས་ཞེན་དང་ངོ་རྒོལ་བྱེད་རྒྱུ་མང་དྲགས་ནས་ཐ་མ་ཁོང་ཚོ་ལ་འཛམ་བུ་གླིང་པས་ལྟ་སྟངས་ག་འདྲ་ཡོད་པ་ཞིག་ཏུ་གྱུར་སོང་བ་ང་ཚོས་ཤེས་གསལ་རེད། བྷིན་ལ་ཊིན་ཁོང་ཚོར་ཡོད་པའི་མི་ཤུགས་རྒྱུ་ཤུགས་དེའི་བརྒྱ་ཆའི་ཆ་ཤས་ཙམ་ཡང་ང་ཚོར་མེད་བཞིན་ད་དུང་དགྲ་མང་པོ་བཟོས་ནས་ཅི་བྱེད། རང་རེ་ལ་མཚོན་ན་རུམ་ན་ཅི་ཡོད་ལག་པས་མི་ཤེས་ས་མེད་པས་རང་གི་ཁ་སྟབས་ལ་དཔག་པའི་ཉམ་ཆུང་ཚུལ་ལྡན་གྱིས་འགྲོ་ལུགས་སྡོད་ལུགས་ཅིག་ཀྱང་ཤེས་དགོས་པ་གལ་ཆེ། དགོས་མི་དགོས་ས་ཚང་མར་ངའི་སྟོན་པ་དང་ངའི་བླ་མ་ཟེར་ནས་བཟེ་རེ་བྱ་རྒྱུ་མང་དྲགས་ན་ཉིན་གཅིག་རང་རེའི་གྲོགས་པོ་དང་སྦྱིན་བདག་བཀའ་དྲིན་ཅན་ཚང་མ་བྱ་ཁྱུ་འུར་རྡོས་དཀྲོགས་པ་བཞིན་འགྲོ་ཉེན་ཡོད་དོ༎

སྤྱོད་འཇུག་ལས། དཔེར་ན་ཁྱིམ་ཚིག་གྱུར་པའི་མེ༎ཁྱིམ་གཞན་ཞིག་ཏུ་སོང་ནས་ནི༎ རྩྭ་སོགས་གང་ལ་མཆེད་བྱེད་པ༎དེ་ནི་ཕྱུངས་ཏེ་དོར་བར་རིགས༎ དེ་བཞིན་གང་ལ་སེམས་ཆགས་ནས༎ཞེ་སྡང་མེ་ནི་མཆེད་གྱུར་པ༎ བསོད་ནམས་འཚིག་པར་དོག་པ་ཡིས༎དེ་ནི་དེ་ཡི་མོད་ལ་དོར༎ ཅེས་པ་འདི་ཡང་ཆོས་ཀྱི་གྲོགས་པོ་འགའ་ལ་དྲན་སྐུལ་ཙམ་དུ་ཕུལ་བའོ༎

སྤོབས་པ་མཐའ་ཡས་ཀྱི་ཟིན་བྲིས་ལས་བཤུ་འགོད་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 30

  1. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་སོགས་ལ་གསལ་བཤད་ཞུ་རྒྱུ་ནི།

    ཁྱེད་ཀྱིས་ཟུར་མཆན་དུ།
    བལ་ཡུལ་ན་བླ་མ་ཁྲོ་ནི་LamaTonyཟེར་བའི་དབྱིན་ཇིའི་མི་ཞིག་ཡོད་ཅེས་དྲིས་འདུག
    མ་གཞི་ཁོ་ནི་དབྱིན་ཇིའི་མི་ཞིག་མ་རེད་ཨོ་སི་ཏྲི་ལི་ཡའི་མི་ཞིག་རེད།
    དེ་བཞིན་ཁོ་ནི་བླ་་མ་ཞིག་མ་རེད་བླ་རྫུན་འཁྲབ་མཁན་ཞིག་རེད།
    ནང་པའི་ཆོས་ལ་དད་པ་བྱེད་མཁན་ཞིག་མ་རེད་ནང་པའི་ཆོས་ལ་བཟོ་བཅོས་བྱེད་མཁན་ཞིག་རེད།
    བོད་པའི་རིག་གཞུང་ལ་དགའ་མཁན་ཞིག་མ་རེད་བོད་པའི་རིག་གཞུང་བེད་སྤྱོད་ལོག་པར་གཏུགས་མཁན་ཞིག་རེད།
    བླ་་མ་ལ་དད་པ་ཡོད་མཁན་ཞིག་མ་རེད་བླ་མ་དང་འགལ་བ་སོང་མཁན་ཞིག་རེད།

    Reply
  2. འབའ་སྲས། says:
    ལོ་ 16 སྔོན།

    བོད་མི་རིགས་གཙོ་བོའི་ནང་པ་ཡོད་ཚད་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་དུ་གྱུར་བའི་སངས་རྒྱས་ཀྱི་སྐུ་བརྙན་སོགས། ལྷམ་ངོས་སུ་བྲིས་པ་འདི་ནི་བསམ་བཞིན་དམའ་འབེབས་དང་ཁྱད་གསོད་བྱས་པ་ཞིག་མིན་ན་ཡང་འདི་ལ་ངེས་པར་ཏུ་བརྡ་ལན་སྤྲོད་དགོས། འདི་རིགས་བཏང་སྙོམས་སུ་བཞག་པ་ཡིན་ན། ནམ་ཞིག་རྐུབ་ཕྱིས་བྱེད་ཀྱི་ཤོག་བུ་ངོས་སུ་ཡང་བཀོད་མི་སྲིད་པ་མིན་པས། སྐབས་དེ་འདྲ་ཞིག་ལ་སླེབས་པ་ཡིན་ན། ང་ཚོས་ད་དུང་ནང་ཆོས་ཁྱབ་སྒྲག བོད་པ་ཁྱབ་སྒྲག སངས་རྒྱས་ཁྱབ་སྒྲག་རེད་ཟེར་ནས་འདུག་རྒྱུ་ཡིན་ནམ།

    Reply
  3. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    ངས་ཀྱང་དེ་རིང་བར་འཚང་བྱས་ནས་རྩོམ་མཁན་དང་མཆན་མཁན་རྣམས་ལ་ཅི་ཞིག་ལབ་སྙིང་འདོད།
    ལ་ལས་ཁྲོས་ནས་བརྗོད་ལ། ལ་ལས་དོན་ལ་བབ་ནས་བརྗོད། ཡང་ལ་ལས་གཡས་སློང་དང་གཡོན་སློང་བྱས་ནས་ལབ་བཞིན་འདུག མདོ་དོན་དད་ས་ཞིག་དང་རྟེན་ས་ཞིག་ཡོད་པ་དེ་དག་ལྷམ་གྱི་རྒྱབ་ཤ་བྱས་པ་དེ་དག་གི་རྐྱེན་རེད། ངས་འདི་འདྲ་ཞིག་བསམ་བྱུང་ང་ཚོ་བོད་ཞེས་པ་འདིའང་དེ་རིང་ནས་ས་སྒང་འདིར་གཞི་འཛིན་མཁན་ཞིག་ཡོད་པ་འཛམ་གླིང་ཧྲིལ་པོས་རྟོགས་ཐུབ་ཡོད་སེམས་ལ། ད་ནས་བཟུང་བོད་མི་རིགས་ལ་ཡང་འདི་འདྲའི་རིག་གཞུང་ཞིག་དང་འདིའི་འདྲའི་མི་རིགས་ཤིག་ཡོད་པ་ཡང་ཤེས་ཐུབ་བདེ་བ་ཞིག་བྱུང་ཐུབ་ངེས་རེད། དེང་གི་དུས་འདིར་ཆེན་པོའི་ཆུང་བ་མཐོང་ཐུབ་ཀྱི་མེད་ལ་ཆུང་བའི་གནམ་ས་འདི་ན་རང་ཉིད་ལས་གཞན་ཤེས་བཞིན་མེད། དེའི་སྟབས་ཀྱི་ང་ཚོའི་དད་རྟེན་བྱེད་སའི་བརྙན་གཟིགས་ཤིག་ཁྱབ་བསྒྲགས་ཀྱི་དོད་དུ་ཕྱིན་ན་དེའི་ཟུངས་ཤུགས་རུལ་མེད་ལ། དེའི་ནུས་པ་ཡང་ཉམས་མེད་པས་ད་དུང་དངོས་ཡོད་ཀྱི་ཕན་ཐོགས་ཤིག་བྱུང་ཡོད་བསམ། མི་རིགས་ཤིག་ཡར་རྒྱས་འགྲོ་དགོས་ན་ཕྱོགས་གང་ས་ནས་གདོང་ལེན་དང་བློས་ཐུབ་པའི་བྱེད་བབ་སྣ་ཚོགས་ཤིག་ལ་བརྟེན་དགོས་པ་འདུག ང་ཚོ་དད་དྲགས་པ་དེ་བསམ་བློའི་འཚོ་སྐྱོང་མ་ཐུབ་ན་ཡར་བསྐྱེད་འགྲོ་མི་ཐུབ་ལ་དད་དོན་ཡང་ཕལ་ཆེར་བཤད་ཚོད་མི་ཐུག་པ་ཞིག་ཏུ་གྱུར་ཉེན་ཆེ། དད་གུས་དང་ཡིད་ཆེས་སེམས་རྩ་འི་གཞི་འཛིན་ས་ཞིག་བྱས་ནས་བདག་ཉར་བྱས་ན་དེ་ནི་སུས་ཀྱང་བསུབ་མི་ཐུབ་ལ། ནམ་ཡང་ཡལ་མི་ཐུབ་པའི་དད་སེམས་དངོས་གནས་དེ་ཡིན་ངེས། རྒྱ་གར་བའི་དད་ས་གད་སྙིགས་བླུགས་སའི་འགྲམ་དང་གཅིན་སྐྱག་གཏོང་སའི་འགྲམ། རྒྱ་ལམ་སོགས་སུ་ཡོད་ལ། ཁོ་ཚོ་དད་སེམས་ངོ་མ་སེམས་དབུས་ན་ཡོད།

    Reply
  4. ཚེ་རིང་། says:
    ལོ་ 16 སྔོན།

    རྒྱལ་ཁབ་དང་མི་རིགས། ཆོས་ལུགས། ཡུལ་ཁོངས་སོ་སོའི་ཐུན་མིན་རིག་གནས་ཀྱི་ཁྱབ་ཁོངས་ལས་བརྒལ་ཞིང་། དེ་དང་འབྲེལ་བའི་རིགས་དབྱེ་འཐེན་འཁྱེར་གྱི་བསམ་བློ་ཕྱོགས་རེ་བ་མ་ཡིན་པའི་མིའི་རིགས་ཀྱི་འདུ་ཤེས་ཤིག་གི་ངོས་ནས་བལྟས་པ་ཡིན་ན། འདི་ལ་མཐའ་གཅིག་ཏུ་དགེ་སྐྱོན་དབྱེ་འབྱེད་བྱེད་རྒྱུ་སྔ་དྲགས་པ་དང་། ཡང་གཅིག་བཤད་ན། དུས་རབས་འདིར་བྱུང་བའི་མིའི་རིགས་ཀྱི་བསམ་བློའི་འདུ་ཤེས་ཀྱི་རླབས་རྒྱུན་གསར་བ་ཞིག་ཏུ་ངེས་འཛིན་བྱེད་རུང་བ་ཞིག་རེད། ཡིན་ནའང་། སྔར་དང་མ་འདྲ་བའི་བསམ་བློའི་རླབས་རྒྱུན་དེ་འདྲ་ཞིག་འབྱུང་བ་ལ། འདུ་ཤེས་དེ་འབྱུང་སའི་ཡུལ་དངོས་ཁོར་ཡུག་དེར་ཤ་འདྲེས་པགས་འདྲེས་སུ་གྱུར་བའི་རིག་གནས་རྒྱབ་ལྗོངས་དང་འབྲེལ་ནས་བྱུང་དགོས་པ་ཞིག་ལས་ཁོར་ཡུག་དེ་དང་འབྲེལ་མེད་ཀྱི་རིག་གནས་ཤིག་གིས་བསྐྱེད་མི་སྲིད། དེར་བརྟེན། ཚོང་རྫས་རིག་གནས་འདི་བྱུང་ས་དང་ཚོང་རྫས་དེ་དང་འབྲེལ་ནས་བསྔོགས་ཀྱིན་པའི་ནང་བསྟན་རིག་གནས་གཉིས་ལ་ཐད་ཀར་གྱི་འབྲེལ་བ་ཅི་ཡང་མ་མཐོང་། མ་གཞི་ཡིན་ན། ཚོང་རྫས་དེའི་སྟེང་གི་སྐུ་འདྲ་ནི་ཡེ་ཤུའམ། ཡང་ན། ཡེ་ཤུའི་ཆོས་དཔོན་བྷོབ་ཀྱི་སྐུ་པར་ཡིན་དགོས། དེ་ལྟར་ཡིན་ཚེ་དུས་རབས་འདིར་བསམ་བློའི་རླབས་རྒྱུན་གསར་བ་འབྱུང་འགྱུར་གྱི་སྔོན་བརྡའམ་དབུ་ཁྱུད་ཅིག་ཏུ་ངེས་འཛིན་བྱས་ཆོག དེ་ལས་ལྡོག་པའི་རྐྱེན་གྱིས། ཚོང་རྫས་བཟོ་བསྐྲུན་པའི་ཀུན་སློང་ལ་སྐྱོན་འདོགས་བྱ་རྒྱུ་ཧ་ཅང་ཁེག་ནའང་། ཚོང་རྫས་བཟོ་བསྐྲུན་མཁན་གྱིས་དངུལ་སྒོར་གྱི་ཁེ་ཕན་ཁོ་ནའི་ཧམ་པས་རང་ཉིད་ཀྱི་མིག་ཟུང་ཡོངས་སུ་བཀབས་ཏེ། ཐ་ན་འཇིག་རྟེན་འདི་རང་ཉིད་གཅིག་པུ་ཁོ་ནས་མིན་པ་ཡང་གཏིང་བརྗེད་དུ་གྱུར་འདུག་པ་དེ་དམར་རྗེན་དུ་བསྟན་འདུག་པར་མ་ཟད། ནུབ་ཕྱོགས་པའི་མི་རྣམས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་རིན་ཐང་ནི་ཤོག་སྒོར་ལེབ་མོ་འགས་ཉོས་ཆོག་ཆོག་ཅིག་དང་། མིའི་རིགས་ཀྱི་ཆེས་ཐ་ཤལ་བའི་བྱ་སྤྱོད་འགོག་བྱེད་ཀྱི་ཆེས་དམའ་བའི་ཀུན་སྤྱོད་ཀྱི་ཚད་ཤིང་དེ་བཅའ་ཁྲིམས་ཀྱི་ལྕགས་ཀྱིས་གཅིན་ནས་འགྲོ་བཞིན་པ་མཐོང་ཐུབ། དེ་བས་ལས་གཞི་འདི་སྤེལ་མཁན་གྱི་ཁེ་ལས་བཟོ་གྲྭ་དང་བཟོ་གྲྭ་དེའི་འགན་ཡོད་མི་སྣ་དག་ལ། ལྷམ་སྟེང་གི་རིག་གནས་དེའི་བདག་པོའམ་དད་ལྡན་དུ་གྱུར་བའི་མི་རྣམས་ཀྱིས་བསྐྱོན་བརྗོད་ངོ་རྒོལ་བྱེད་འོས་པ་ཞིག་རེད་ལ། བྱ་དགོས་པ་ཞིག་ཀྱང་རེད། འདི་འང་སྒེར་གཅོད་པའི་བྱ་སྤྱོད་ཅིག་ལས་མ་འདས་སོ།།

    Reply
  5. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    ཨོ་བྷ་མ་དང་ཏཱ་ལའི་བླ་མ་གཉིས་ཅུང་ཐ་དད་རེད།

    ཨོ་བྷ་མ་ནི་ཆབ་སྲིད་ཁོ་ནའི་ཐོན་དངོས་ཤིག་རེད། ཏཱ་ལའི་བླ་མ་ནི་རིག་གཞུང་གི་ (ཆོས་ལུགས་ལས་ཀྱང་ཤོས་ཆེ་བ་འདུག) ཐོན་དངོས་ཞིག་རེད།

    ནུབ་ཕྱོགས་པ་ཚོས་ཡེ་ཤུའི་བླ་ཆེན་པོབ་ཀྱི་སྐུ་པར་གང་བྱུང་བེད་སྤྱོད་གཏོང་གི་འདུག་གམ། ནུབ་ཕྱོགས་ཀྱི་ཚོང་པ་ཚོར་དེ་འདྲའི་བློ་ཁོག་ཀྱང་ཡོད་ཀྱི་མ་རེད།

    Reply
  6. གཡག་རྒོད says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། ཡེ་ཤུའི་སྐུ་རིས་ལྷམ་ཐོག་ཏུ་ཡོད་པས་རྒྱུ་མཚན་ལ་བསྟེན་ནས།
    སངས་རྒྱས་ཀྱི་སྐུ་གཟུགས་ལྷམ་ཐོག་ཏུ་ཡོད་ན་ཆོག་པའི་བསམ་ཚུལ་དེ་ནོར་འཁྲུལ་རེད།
    རྒྱུ་མཚན་ནི་ང་ཚོ་ནང་བ་ལ་རང་གི་ཡུལ་ལུང་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་ཤིག་ཡོད་ལ། དེ་སྲུང་སྐྱོབས་པའི་ལས་དགན་དང་ཐོབ་ཐང་གཉིས་ཀ་ཡོད།

    Reply
  7. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    སྟོན་པ་ཡེ་ཤུའི་སྐུ་རིས་ཡོད་པའི་ལྷམ་ཞིག་ལ་འགྲེལ་བཤད་འདི་ལྟར་བརྒྱབ་འདུག With Christ guiding you, you can never go in the wrong direction! Endure to the end, and all His promises will be waiting for you, but never forget who you are along the path. You are a child of God! ངས་ཡིག་སྒྱུར་ཡག་པོ་མི་ཤེས་མོད་དོན་བསྒྱུར་བྱས་ན་འདི་འདྲ་ཞིག་རེད་སྙམ།
    སྟོན་པ་ཡེ་ཤུ་བ་ཡི་ལམ་སྟོན་ལ་འགྲོགས་དང་ཁྱེད་རང་ནམ་ཡང་ལམ་ལོག་པར་འཕྱན་པར་མི་འགྱུར་རོ༎ བཟོད་སྒོམ་མཐའ་རུ་སྐྱོལ་དང་། སྟོན་པ་ཡེ་ཤུ་ཡི་ཐུགས་བསྐྱེད་ཞལ་བཞེས་ཐམས་ཅད་ཀྱིས་ཁྱེད་རང་བསྒུགས་ནས་ཡོད་དོ༎ཡིན་ན་ཡང་ཁྱེད་རང་སུ་ཡིན་དུས་རྟག་ཏུ་བརྗེད་མི་རུང་། ཁྱེད་རང་ནི་ལྷ་ཡི་གཅེས་ཕྲུག་གོ །
    དྲ་གྲོགས་ཚོ། ག་འདྲ་ཡག་པོ་མི་འདུག་གམ།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། ཉིད་ཀྱིས་གང་གསུངས་པ་དེ་དག་ནི་སོ་སོའི་ངོས་ནས་རྒྱུ་མཚན་གཞི་ལ་བཞག་པའི་སྐད་ཆ་ཡིན་སྟབས། དེའི་ཚོད་ཀྱི་རིན་ཐང་དང་ལྗིད་ཁོག་ནི་ལོས་ཀྱང་ཡོད།

    འོན་ཀྱང་། ཁྱེད་ཀྱིས་ལས་འགུལ་འདིའི་དོན་དངོས་ཀྱི་ངོ་བོ་དང་དམིགས་ཡུལ་གྱི་ཁ་གཞན་དུ་བསྒྱུར་ཞིང་། དེའི་ཕ་རོལ་དུ་བརྒལ་ནས་ཚབས་ཆེ་ས་དང་གཏིང་ཟབ་ས་ནས་འགྲེལ་རྒྱག་གིན་འདུག དཔེར་ན། ཁྱེད་ཀྱིས་ལས་འགུལ་འདིའི་ཐོག་ལ་རྒྱལ་སྲས་ཞི་བ་ལྷའི་ལུང་དྲངས་པ་དང་། དེ་དང་མཉམ་དུ་དོལ་རྒྱལ་ཚོགས་པའི་བྱེད་སྟངས་རེ་བསྟན་པ་ལྟ་བུ་རེད། སྐད་ཆ་འདིའི་རིགས་ནི་ལས་འགུལ་རྩོམ་མཁན་དེ་ཚོར་མཚོན་ན་བསམ་ཡུལ་ལས་འདས་པའི་དོན་དག་རེ་ཡིན་སྲིད།

    སྤྱི་ཚོགས་ཀྱི་ལས་འགུལ་གང་ཡིན་ཡང་ངེས་པར་དུ་ལྟ་བ་དང་གཞུང་ལུགས་ཞིག་ལ་གཞི་འཛིན་དགོས་པ་དེ་འདྲ་མ་རེད། དེ་བས། སྐུ་ཉིད་ཀྱི་དཔག་ཚོད་དང་ལས་འགུལ་བ་ཚོའི་དམིགས་ཚད་ལ་བར་ཐག་རེ་ཤོར་ཡོད་སྲིད།

    གལ་སྲིད་གོང་གི་ལས་འགུལ་དེ་ཚོ་རྣམ་རྟོག་དང་རྨོངས་དད། ཕྱོགས་རིས་ཀྱི་དབང་དུ་སོང་ཡོད་པའི་སྒྲུབ་བྱེད་རེ་ཡོད་ན་ནི་གནས་ཚུལ་ཐ་དད་རེད།

    Reply
  9. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཁྱི་རྒན་ཀུ་ཅོ་འདོན་པ་ཟེར་བའི་སྒྲིག་གཞི་དང་འགལ་བའི་ཚིག་ཞིག་ཤོར་བར་བཟོད་གསོལ་ཞུ་རྒྱུ་ཡིན།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བཟོད་པ་ལྷ་རྩེ་ལགས་ཀྱིས་བཤད་པ་བདེན་པ་རེད། སྤྱིར་བཏང་ཚིག་འདི་ཚོ་འགོག་སྡོམ་གྱི་རིགས་ཡིན། རྗེས་ཕྱོགས་ཀྱང་འགོག་གི་ཡིན། འོན་ཀྱང་། ད་ཐེངས་རྩོམ་ཡིག་འདིའི་གླེང་གཞི་དང་སྤྱི་ཚོགས་ཀྱི་སྐབས་ཐོག་གི་གནས་ཚུལ་བཅས་ལ་བརྟེན་ནས་རྩོམ་སྒྲིག་པའི་ཆེད་བདམས་ལྟ་བུར་བཀོད་པ་ཡིན། གོང་དུ་དྲངས་པའི་ཚིག་གྲུབ་དེ་ཡང་དམིགས་བསལ་གྱིས་གང་ཟག་སྒེར་བ་ལ་དམིགས་པའི་དམའ་འབེབས་དེ་འདྲ་མ་རེད། རྩོམ་ཡིག་གི་བརྗོད་དོན་ངོ་མ་དེ་ནི་བོད་པ་ཚོར་མཚོན་ན་རིན་ཐང་ལྡན་པ་ཞིག་ཡིན་སྟབས་དམིགས་བསལ་གྱི་ལམ་ནས་བཀོད་པ་ཡིན།

    ཐུགས་སྣང་གནང་བར་བཀའ་དྲིན་ཆེ།

    Reply
  11. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    སྤྱི་གཏང་བྱས་ན་གོང་གི་རྩོམ་ཡིག་དེ་དུས་བབ་དྲྭ་ཐོག་ཏུ་འདོན་རྒྱུའི་བསྒྲིགས་གཞི་དང་འགལ་འདུག་སྙམ། 《 ཁྱི་རྒན་ཀུ་ཅོ་འདོན་པ་》ཞེས། ཁྱི་ཞེས་པའི་མིང་ཚིག་དེ་བེད་དཔྱོད་བཏང་འདུག

    Reply
  12. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ལྷམ་འགོག་ཐོག་༧གོང་ས་མཆོག་གི་སྐུ་པར་དང་མ་ཎེ་སྟོན་པ་འཇམ་དཔའི་དབྱངས་སོགས་ཀྱི་སྐུ་ཐང་བསྐོས་པ་དེ་མཐོང་བ་དང་སེམས་ལ་མ་བདེ་བ་ཞིག་བྱུང་། ང་ཚོའི་རྩལ་ཆེན་རྩིས་ནས་ཕྱག་དང་མཆོད་པ་འབུལ་ས་ཞིག་ལྷམ་སྐྲད་ལ་སྦྱར་བ་ནི་དངོས་ནས་མཐོང་ཆུང་ཞིག་རང་རེད་བསམ། ཆོས་ཀྱི་ཐོག་ནས་བཤད་ན་ནང་རང་སེམས་འདུལ་ན་འདུན་བ་ཡིན། ཕྱི་དགྲ་བོ་གཏུལ་ཀྱང་ཇེ་མང་གྱུར་ཞེས་པ་དེ་བཤད་བཏང་གཅིག་རེད། ད་རེས་ཀྱི་བྱེད་བབ་དེ་མི་རིགས་ཞིག་གི་རིག་གཞུང་དང་མི་རིགས་ཞིག་གི་གོམས་སྲོལ་ལ་རྡོག་འཛིས་བཏང་པ་རང་རེད། འོན་ཀྱང་དེ་ཡི་ལན་པ་གཙོ་བོ་ང་ཚོ་བོད་པ་ཚོ་ལ་ཡོད་པ་ཡིན་གང་ལ་ཞེ་ན། ང་ཚོས་གསར་པ་ལ་ཞེན་ཆེ་བཞིན་ཁྲ་ཁྲ་ཟིང་ཟིང་ལ་དགའ་དྲགས་པ་དང་། རང་མིར་ཕྲ་དོགས་ཆེ་ལ་གཞན་མིར་བསྟུན་མཁས་ཁོ་ན་ལས་སྨྲ་བའི་སྤོབས་པ་མེད་པ་སོགས་ཀྱི་ལན། དཔེ་ན་ད་རེས་བཟོ་གྲྭ་དེའི་ཁ་ཆེ་གསུང་རབ་ཞིག་ལྷམ་འགོག་སྟེང་བཀོད་ན་གནས་ཚུལ་ཅི་འདྲ་ཡོང་བཟོ་གྲྭའི་འགོ་བས་ཀྱང་ཚོད་གམ་ཐུབ་པ་ཞིག་ཡིན། མི་རིགས་ཞིག་དང་རིག་གཞུང་གི་ཆེད་དུ་བཟོད་སྒོམ་ཞེས་པ་དེ་ནི་མགོ་བསྐོར་རང་ཡིན། དེ་བས་ཀྱང་མཁྱེན་དགོས་པ་ཞིག་ལ་ང་ཚོ་བོད་མི་ཚང་མ་རྟོགས་ལྡན་ཤ་གཅིག་མིན་ལའང་། སུ་ཡིས་ཐུབ་ཚོད་བཤད་ཀྱང་མགོ་བོ་སྒུར་ནས་སྡོད་པའི་ནུས་མེད་སྡར་མ་ཞིག་ཀྱང་མིན་གསལ་སྟོན་བྱ་དགོས་པའི་དུས་ལ་བབ་པ་མིན་ནམ།

    Reply
  13. གཡག་རྒོད says:
    ལོ་ 16 སྔོན།

    སྒོར་མོ་གཙོ་གཉེར་བྱེད་རྒྱུ་དེ་བཟོ་པ་དང་ཚོང་བ་ཚོའི་སྤྱིར་བཏང་གི་གཤིས་ཀ་ཞིག་ཡིན་པ་ལས། དམིགས་བསལ་ང་ཚོ་ལ་མཐོང་ཆུང་བྱས་པ་མ་རེད། འོན་གྱང་།
    ངོ་རྒོལ་བྱེད་དང་མི་བྱེད་མི་སྒེར་རེ་རེའི་རང་དབང་རེད།

    Reply
  14. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ངོ་རྒོལ་བྱས་ན་བསྟན་པ་ལ་ཕན་ཆེའམ། བཟོད་སེམས་བྱས་ན་བསྟན་པ་ལ་ཕན་ཆེ། འདི་གཉིས་ཀྱིས་ནི་ཁྱད་པར་ལྟོས།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བོད་མི་རིགས་ཀྱི་ནང་པ་སངས་རྒྱས་པའི་རིག་གནས་འདི་རྒྱལ་ཁབ་གཞན་གྱི་སྐད་ཡིག་ནང་དུ་བསྒྱུར་པ་དེ་བོད་མི་རིགས་ཀྱི་རིག་གནས་བཙན་འཕྲོག་བྱས་པ་རེད།
    དཔེར་ན། བོད་མི་རྣམས་བལ་ཡུལ་དུ་བསླེབས་ནས་ཁ་གདན་ཐགས་སྟངས་མོག་མོག་བཟོ་སྟངས་ཚང་མ་བལ་པོ་མིའི་ཤེས་ཚར་བ་དང་ནུབ་ཕྱོགས་སུ་བལ་པོ་ཁ་གདན་མ་གཏོགས་བོད་ཀྱི་ཁ་གདན་ལབ་ཀྱི་མི་འདུག

    གནས་ཚུལ་འདིའི་རིགས་ནི་རང་གི་མི་རིགས་ཀྱི་རིག་གཞུང་ཕྱི་འདྲེན་བྱས་པ་རེད་སྙམ། ད་དུང་བོད་སྨན་བཟོ་གྲྭ་ཡང་སུད་སི་ནང་དུ་ཡོད། བོད་མི་རིགས་ལ་ལྟོ་གོས་སྒྲུབ་བྱེད་རིག་གཞུང་ཏོག་ཙམ་ཡོད་པ་དེ་ཡང་ཕྱི་མི་ལ་སྤྱིན་པ་གཏོང་བ་འདི་ནི་བོད་མི་རིགས་ཀྱི་ཆེད་དུ་ཡག་པོ་རྩ་བ་ནས་མ་རེད་སྙམ།

    བོད་ཀྱི་གཏམ་དཔེར།
    སྣམ་ཐགས་གཞན་ལ་མ་སློབ་ཨ།
    སྣམ་ཐགས་གཞན་གྱི་ཤེས་སོང་ན།
    རྒྱས་མ་སུ་ལ་ལབ་དགོས་རེད། ཞེས་ལབ་སྲོལ་ཡོད་པར་བཞིན་རེད།

    Reply
  16. རླུང་པུ says:
    ལོ་ 16 སྔོན།

    འདི་ནི་ནང་བ་སངས་རྒྱས་ལ་ཆེད་དུ་དམའ་འབེབས་གཏོང་པ་ཞིག་རེད་དྲན་གྱི་མེད། སྤྱི་བཏང་གི་བཟོ་ཚོང་ཁྱབ་སྤེལ་གཏོང་བའི་ཆེད་དུ་རེད། ངོ་རྒོལ་བྱེད་པའི་ཐོབ་ཐང་ཡོད་མོད། དེ་ཙམ་གྱི་དགོས་པ་མ་མཆིས་སྙམ། རྒྱུ་མཚན་སངས་རྒྱས་ཀྱི་སྐུ་བརྙན་ལྷམ་སྟེང་དུ་བཀོད་པ་ཙམ་གྱི་ནང་པའི་ཆོས་དང་རིག་གཞུང་ལ་གནོད་སྐྱོན་སྤུ་ཙམ་ཡང་བྱས་མེད། འོན་ཀྱང་གང་ཟོག་ཁྱེད་ཀྱི་སྣང་ངོར་རྐང་པ་ནི་ལུས་ཀྱི་ཆ་ཤས་ལས་ཆེས་དམན་པའི་འདུ་ཤེས་ཤིག་བཟུང་ཡོད། དེའི་མགོ་ལ་གོན་རྒྱུའི་ཨུ་སུག་དང་ལྷམ་སོགས་ཀྱང་དམན་པར་རྩིས་ཡོད། དེའི་རྐྱེན་གྱིས་སངས་རྒྱས་ཀྱི་སྐུ་བརྙན་ལྷམ་སྟེང་དུ་བཀོད་ཚེ་ཁྱེད་ལ་ཐད་ཀར་ཕོག་ཡོད། དོན་ངེས་ཀྱི་ལུས་ཀྱི་ཆ་ཤས་ལ་མཆོག་དམན་གྱི་དབྱེ་པ་འགར་རྒྱུ་མེད་པར་སྙམ། ཚང་མ་ཁྱེད་ཀྱི་གྲུབ་ཆ་ཡིན།

    Reply
  17. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལུང་རིག་རྒྱལ་ལགས་ཀྱིས་སྔོན་མ་ཞིག་ལ་བོད་ཡིག་གི་སྟེང་ན་ཟ་རྒྱུ་ཡོད་ན་ཅི་མ་རུང་ཟེར་བ་དེ་ད་དུང་སེམས་ལ་གསལ་ལམ་མེར་འདུག སྤྱིར་བོད་ཡིག་གཙོས་པའི་རང་རེའི་རིག་གཞུང་འདིའི་སྟེང་ན་ཟ་རྒྱུ་འཐུང་རྒྱུ་འབེལ་བོ་ཞིག་ཡོད་ཐག་ཆོད་རེད། ཚོང་ལས་ཁང་འདི་ཚོས་ཀྱང་ཟ་རྒྱུ་འཐུང་རྒྱུ་འདི་མཐོང་ནས་ལས་ཀ་འདི་ཚོ་བྱེད་ཀྱིན་ཡོད་པ་ལོས་ཡིན། ང་ཚོས་རང་གིས་ཟ་མི་ཐུབ་པའི་ཐོག་ལ་འདི་འདྲ་བྱས་ནས་གཞན་ལ་ཡང་ཟ་མི་འཇུག་པ་འདིས་སུ་ལ་ཕན་ཐོགས་རྒྱུ་ཡིན་ནམ། བལ་ཡུལ་ན་བླ་མ་ཁྲོ་ནི་LamaTonyཟེར་བའི་དབྱིན་ཇིའི་མི་ཞིག་ཡོད། ཁྲོ་ནི་བོད་ཡིག་ཟེར་བའི་གློག་ཀླད་ཡིག་གཟུགས་ཞིག་ཀྱང་བཟོས་ནས་ཁྱབ་སྤེལ་ཅུང་ཆེན་པོ་བྱུང་ཡོད་པ་དེ་རེད། ཁོང་ཚོ་པདྨ་དཀར་པོ་ཟེར་བའི་ཡིག་སྒྱུར་ཚོགས་པ་ལྟ་བུ་ཞིག་ཡོད་པ་དེ་ཚོས་ཉེ་ཆར་དེབ་བཅུ་དགུ་བསྒྱུར་ནས་ཁྲོམ་རར་བཀྲམ་ཡོད་ཚུལ་ངའི་གློག་སྒམ་དུ་ཡང་འཕྲིན་ཡིག་འབྱོར་ཡོང་གིན་འདུག དེབ་དེ་ཚོ་ཚང་མ་རང་རེའི་བོད་ཀྱི་ཆོས་དཔེ་ཤ་སྟག་རེད། གོང་ཡང་ཆེན་པོ་བྱས་ནསའཚོང་གིན་འདུག ད་དེབ་དེ་ཚོའི་དཔར་བསྐྲུན་བདག་དབང་དེ་བླ་མ་ཁྲོ་ནི་རང་གིས་བཟུང་འདུག དོན་དངོས་ཡོད་ལ་དབྱིན་ཇི་བ་དེ་ཚོས་བོད་ཡིག་གི་དེབ་དེ་ཚོ་བསྒྱུར་ཆོག་པའི་གནང་བ་སུ་ལ་ཡང་ཞུས་ཡོད་པ་མ་རེད། ད་བསྒྱུར་ཟིན་པའི་དེབ་དེ་ཚོ་གཞན་སུས་ཀྱང་བསྐྱར་དཔར་སོགས་མི་ཆོག་པའི་བདག་དབང་དེ་རང་རང་གིས་འཛིན་དགོས་དོན་གང་ཡིན་ནམ། དོན་དངོས་ཡོད་ཡིན་ན་བོད་ཡིག་གི་སྟེང་གི་ཆོས་དཔེ་དེ་ཚོའི་དེབ་དཔར་བསྐྲུན་གྱི་བདག་དབང་དེ་བོད་པའི་བླ་གྲྭ་རྣམ་པ་རང་གིས་འཛིན་ཐུབ་པ་ཞིག་བྱུང་རུང་རང་རང་གི་དགོན་པ་གྲྭ་ཚང་མང་པོ་ཞིག་གི་ལྟོ་གོས་འཁྱོལ་བར་སེམས་ཁྲལ་མི་དགོས་ཐག་ཆོད་རེད། ཕྱི་རྒྱལ་ན་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཟེར་བ་དེ་ཚོའི་ཡང་ཁེ་བཟང་ཕལ་ཆེ་བ་ཕྱི་རྒྱལ་བའི་ལག་པ་ལ་ཤོར་འགྲོ་བ་མ་གཏོགས་བོད་མི་རང་གི་ལག་ཏུ་ལོན་མཁན་དཀོན་པོ་རེད་བསམ། གནད་དོན་དེ་ལྟར་ཡིན་སྟབས་ཉེ་ཆར་རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་དུ་ཆིབས་བསྒྱུར་སྐབས་ཀྱི་ཁེ་བཟང་གི་སྐོར་ཞིག་ང་ཚོས་གླེང་མ་ཐག་པ་དེ་ལྟ་བུ་རེད། ང་ཚོས་རང་གི་རིག་གཞུང་ཅིག་ཅིག་མིག་མིག་ཟེར་ནས་གུས་བཀུར་ཆེན་པོས་སྤྱི་གཙུག་ཏུ་ཉར་ཡོད་སྣང་ཤར་ཡང་ཕྱི་མི་ཚོས་ཁྲོམ་རའི་སྒང་ལ་གནའ་ནས་བསྐྱལ་ཟིན་འདུག ད་ནི་ང་ཚོས་ཀྱང་མགོ་ལ་སྦྱར་དགོས་ན་འདྲ། རྐང་པ་ལ་སྦྱར་དགོས་ན་འདྲ། རྐུབ་ལ་སྦྱར་དགོས་ན་འདྲ། རིག་གཞུང་གི་ཚོང་ལས་འདི་བཀག་འགོག་མི་བྱེད་པར་བཟོ་ཚོང་ཁང་ཆེ་ཁག་དང་མཉམ་འབྲེལ་ལ་འབད་ནས་དེའི་ཕྱོགས་ཀྱི་ཁེ་བཟང་ཞིག་རང་ཕྱོགས་སུ་འགུགས་པར་བསམ་བློ་རེ་གཏོང་དགོས་པ་མ་རེད་དམ།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གལ་སྲིད་བཟོ་གྲྭ་དེར་ངོ་རྒོལ་བྱེད་མཁན་ཚོས་བོད་ཀྱི་ནང་པའི་ལྟ་གྲུབ་དང་མཐུན་གྱི་མི་འདུག་ཟེར་ནས་ངོ་རྒོལ་བྱེད་ཡིན་ན་ཤུན་ཏུ་ནས་ནོར་བ་རེད།

    ནང་པ་སངས་རྒྱས་པའི་ལུགས་ལ་མགོ་གཙང་མ་དང་རྐང་པ་བཙོག་པ་རྩིས་བའི་ལུགས་སྲོལ་གཏན་ནས་མེད་སྙམ།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས་བཀྲ་ཤིས་བདེ་ལེགས་ཞུ།

    སྤུན་གྲོགས་མང་པོ་ཞིག་གིས་སངས་རྒྱས་ཀྱི་འདྲ་པར་དང་གཟུངས་སྔགས་ལྷམ་ལ་བཀོད་འདུག་ཟེར་ནས་ཁོང་ཁྲོ་ལངས་ཀྱིན་ཡོད་པར་འདྲ།
    ཁྱེད་རྣམ་པ་ལ་རྐང་པ་བཙོག་པ་ཡིན་པ་དང་མགོ་གཙང་མ་ཡིན་པས་རྒྱུ་མཚན་ཅི་ཞིག་བཤད་ཀྱི་ཡོད་དམ། རོ་སྟོད་གཙང་བ་དང་རོ་སྨད་བཙོག་པ་བརྩི་པའི་ལུགས་སྲོལ་འདི་ནི་མུ་སྟེགས་པའི་ཆོས་ལུགས་རེད་ཞེས་དགེ་ཆོས་མཆོག་གིས་འདོད་པའི་བསྟན་བཅོས་ལས་གསུངས།

    གལ་སྲིད་སངས་རྒྱས་ཀྱི་འདྲ་པར་དང་གཟུངས་སྔགས་རྣམས་ཞྭ་མོ་ལ་བཀོད་ཡོད་ན་འགྲིག་པ་འདུག་གམ། ལུང་རིག་དང་རྒྱུ་མཚན་ལ་རྒྱབ་བརྟེན་བཅོལ་ས་མེད་པའི་ལྷམ་བཙོག་པ་དང་ཞྭ་གཙང་མ་ཡིན་པར་འདོད་པའི་མུ་སྟེགས་པའི་ལུགས་སྲོལ་འདི་ཡང་བོད་ཀྱི་ནང་པའི་ལུགས་སྲོལ་ཡིན་མདོག་བྱས་ནས་བཟོ་གྲྭ་དེར་ཡིག་འབྲེལ་བྱས་ཡོད་ན་ཤུན་ཏུ་ནས་ནོར་བ་རེད་སྙམ།

    ཡང་ན་ཁྱེད་རྣམ་པ་ལ་མགོ་གཙང་མ་ཡིན་པ་དང་རྐང་པ་བཙོག་པ་ཡིན་པས་བོད་ཀྱི་ནང་པ་སངས་རྒྱས་པའི་ལུང་དང་རིག་པའི་སྒྲུབ་བྱེད་འདྲ་ཡོད་དམ།

    ངས་ལྟས་ན་སྤོགས་པ་མཐའ་ཡས་ལགས་ཀྱིས་གསུངས་པར་དེར་དངོས་ཡོད་རེད་སྙམ། རྒྱབ་སྐྱོར་ཡོད། ཁྱེད་རྣམ་པས་འདོད་པར་ལྟར་ན་བོད་ཡིག་འདི་རོ་སྨད་ཀྱི་གྱོན་གོས་ལ་བྲིས་མི་རུང་འདུག་པས་བོད་རྒྱལ་གྱིས་ལྷམ་གོ་བཟོ་དུས་ཡི་གེ་ཅི་ཞིག་བྲིས་རྩིས་ཡོད་དམ། རྒྱ་ཡིག་་་་་འོ་ན་དབྱིན་ཡིག་བྲིས་རྩིས་ཡོད་དམ།

    ནང་ཆོས་ཀྱི་གོ་བ་ཡང་ཡག་པོ་ཞིག་མ་ལེན་འཇིག་རྟེན་འདིའི་རིག་གནས་ཡང་ཡག་པོ་ཞིག་མ་ཤེས་ནས་མི་གཞན་ལ་འདི་འགྲིག་འདི་མི་འགྲིག་གསུངས་ཀྱི་བཞག་ན་བསམ།

    Reply
  20. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    རྡ་རམ་ས་ལའི་དབྱིན་ཡིག་འཛིན་གྲྭའི་སློབ་མ་མང་པོ་ཞིག་ནས་ཟླ་བ་དེའི་ཚེས་༡༩ཉིན་མེག་ལོར་གྷན་ཇི་རུ་ལྷམ་བཟོ་གྲྭ་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་མགོ་ཐོས་བྱུང་བས་ངས་ལྟས་ན་དབྱིན་ཡིག་ཡག་པོ་བྱང་ནས་ཁུ་སེམ་མེར་བསྡད་ན་ཡག་པ་འདུག

    གཞོན་ནུ་ཟླ་མེད་ནས་གསུང་པ་བཞིན་
    ལས་འགུལ་སྤེལ་དགོས་པ་མི་འདུག ཆ་ཚང་དྲ་ཐོག་ནས་ཕྱིར་འཐེན་བྱས་འདུག ད་ནས་བཟུང་དེ་ཚོ་བཙོང་རྒྱུ་མིན་ཟེར་འདུག དགོང་དག་ཞུ་ཚར་འདུག སྡེ་དགོངས་དག་ཞུ་དུས་ངར་ངར་མ་བྱས་ན་བཟང་གི་རེད་པ།།

    Reply
  21. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    བཟོ་ལས་ཁང་དེ་དང་ལྷག་པར་རི་མོ་བ་དེ་ལ་དེ་ལས་ངོ་རྒོལ་དགོས།དེ་ཡང་བོད་པ་གཅིག་བུ་མ་ཡིན་པར་ནང་པ་ཡོངས་ཀྱི་ངོ་རྒོལ་བྱེད་དགོས།སྤོབས་པ་ལགས་ཁྱོད་ཀྱིས་བྱང་ཆུབ་སེམས་པ་ཡིན་མདོགས་དང་མཁས་མདོགས་མ་བྱེད་དང་།།དེ་ཡི་བོད་དོན་ཁྱབ་སྒྲགས་མི་ཕན་ལ་ཆོས་ཀྱི་ཁྱབ་སྒྲགས་དེ་ལས་མེད།དེ་ནི་ཚོང་པ་རྣམས་ཀྱི་ཚོང་ཟོལ་རེད།བོད་དོན་ཁྱབ་སྒྲགས་བྱས་ས་རྐང་ལྷམ་མ་གཏོགས་མ་རག་པ་ཡིན་རྒྱུ་མ་རེད།
    རྐང་ལྷམ་ལ་སངས་རྒྱས་ཀྱི་འདྲ་སྐུ་དང་གཟུངས་སྔགས་རྣམས་བཀོད་པ་དེ་ཁྱབ་སྒྲགས་་ཀྱི་ཆེད་དུ་ཡག་པོ་ཞིག་ཡིན་ན་སྔར་རྒྱ་གར་གྱི་རྩོམ་ཡིག་མང་པོ་ཁྱི་རྔ་ལ་བཏགས་ནས་བཏང་བ་རེད་ཟེར་བ་དེ་ཡང་ལ་ལུང་ཀུན་ལ་ཁྱབ་བསྒྲགས་ཀྱི་ཆེད་དུ་ཡག་པོ་ཞིག་ཡིན་རྒྱུ་རེད།སང་ཚང་ཁྱོད་ཀྱིས་གསུངས་ལ་ནམ་ཡང་ངོས་ལེན་མེད་ལ་བཟོ་གྲྭ་དེ་དང་རི་མོ་བ་ཁྱོད་རང་བཙས་ལ་ངོ་རྒོལ་ཡོད།
    ངོ་རྒོལ་བྱེད་མཁན་རྣམས་ལ་རྒྱབ་སྐྱོང་དང་ཐུགས་ཆེ་ཞུ་བ་མ་ཟད།མུ་མཐུད་ནས་དེ་རིགས་ལ་ངོ་རྒོལ་བྱ་དགོས་ཞུ་རྒྱུ་ཡིན།

    Reply
  22. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ཀྱི་བཤད་སྟངས་ལས་སྤོབས་པ་མེད་པའི་སྡར་སྐད་ཤོར་འདུག

    གཞན་གྱི་བྱ་སྤྱོད་ངན་པ་ཐམས་ཅད་བཟང་སྤྱོད་དུ་རློམ་ནས་སྡུག་སྒུར་བྱེད་ཐུབ་ན་ད་གཟོད་ཆོས་པར་འགྱུར་སྙམ་ན་ཡོངས་སུ་ནོར་བ་རེད།
    ངོ་ཚ་དང་ཁྲེལ་མེད་ཀྱིས་ནང་པ་སྤྱི་ཡོངས་ཀྱི་ཆོས་དང་རིག་གཞུང་ལ་སྨ་འབེབས་བྱེད་མཁན་གྱི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་དེ་ལ་ང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ནི། ད་ལྟའི་འཛམ་གླིང་ནང་པ་ཡོངས་ཀྱི་འོས་འགན་རེད་ལ་་བོད་ཀྱི་རིག་གཞུང་གི་ཐད་ནས་བསམ་ན། བོད་རིགས་ཚོ་ལས་འགུལ་འདིར་ལྷག་པར་ཞུགས་འོས་པ་ཞིག་རེད།
    གཞན་གྱི་སྤྱོད་ངན་ལ་ཞི་བའི་ངོ་རྒོལ་བྱེད་རྒྱུ་ནི་རྨོངས་དད་རང་བཞིན་མ་རེད་ལ་་རྗེས་ལུས་ཀྱི་རང་བཞིན་དེ་བས་མ་རེད།
    དེས་ན་བོད་རིགས་སྐྱ་སེར་ཚང་མས་ངན་རྒོལ་བཟང་སྐྱོབ་ཀྱི་་ལས་འགུལ་འདི་ལ་རྒྱབ་སྐྱོར་ཆེན་པོར་བྱེད་དགོས།

    Reply
  23. རི་བོང། says:
    ལོ་ 16 སྔོན།

    མི་ཆུང་ལགས།
    ང་ཚོ་ལ་ངོ་རྒོལ་བྱེད་ན་བྱེད་ས་ཡོད་པ་རེད། ངར་ཐུབ་ན་ངར་ས་ཡོད་པ་རེད། ལ་ཕར་རྒྱབ་ན་ཕ་གསོད་ཀྱི་ལག་དམར་ཡོད་པ་རེད། དེའི་ཐོག་ལ་རྒྱུག་ཐུབ་ན་དེ་གས་འགྲིག་གི་རེད། ངས་ཁོང་ཚོས་བྱེད་སྟངས་དེ་འགྲིག་གི་རེད་ཟེར་གི་མེད། ཟིང་ཆ་བསླང་ན་ཡག་པོ་མི་འདུག་ཟེར་གྱིན་ཡོད། དེའི་ཁྱད་པར་མཁྱེན་པ་གནོངས། མ་འགྲིག་ས་ཆ་ཚང་ལ་ང་ཚོས་ངོ་རྒོལ་བྱེད་ཐུབ་ཡག་ཡོད་པ་མ་རེད་ལ་དགོས་པ་ཡང་ཡོད་པ་མ་རེད། ཕན་ཐོག་ཡོད་མེད་ལ་ལྟ་དགོས་པ་རེད།

    Reply
  24. གནམ་ལྕགས། says:
    ལོ་ 16 སྔོན།

    ཡ་མི་ཆུང་ཁ་བདེ་ལགས། ཁྱེད་ཀྱིས་བཤད་པར་ཡང་བདེན་པའི་མེད་པ་ནི་ག་ལ་ཞིག འོན་ཀྱང་ཡུལ་དང་དུས་ལ་ཁྱོད་ཀྱིས་ཀྱང་ཁས་ལེན་གྱི་འདུག་སྟབས། བཤད་བདེ་བོ་ཞིག་ཡོད། དགྱ་ནག་གིས་༸གོང་ས་མཆོག་གི་སྐུ་པར་ལ་རྡོག་རྫིས་གཏོང་གི་འདུག་པའི་སྐོར་ང་ཚོའི་སུ་ལའང་གསལ་བ་ཡིན། དེ་བས་ཀྱང་གནས་ཚུལ་སྡུག་པ་མང་བོ་གོ་རྒྱུ་ཡོད། དེ་ལ་ཅི་ཟེར། གལ་སྲིད་ཕྱི་རྒྱལ་གྱི་བཟོ་གྲྭ་ཞིག་གིས་ལྷམ་མགོར་སངས་རྒྱས་ཀྱི་སྐུ་བརྙན་ཕབ་ཡོད་ན། ཁྱོད་ཀྱིས་མ་གོན་ན་འགྲིག་འདུག་སྟེ། གཞན་གྱིས་གོན་མིན་ལ་ཇུས་གཏོགས་བྱེད་བདེ་འདུག་གམ། དེ་གཅིག་དང་། ཡང་གཞན་ལ་དད་པ་མེད་ན་ཁྱེད་ཀྱིས་ངོ་རྒོལ་བྱེད་འོས་ཡོད་མེད་ཀྱང་བཤད་ཁག་པ་མ་རེད་དམ། དངོས་གནས་བཤད་ན། ང་ཚོས་རྩོད་དགོས་མི་དགོས་མང་བོ་ཞིག་མགོ་ལ་ལེན་པ་ལས། ཐོག་པར་རྩོད་པའི་འོས་སུ་ཆེ་བ་དེ་བླངས་རྗེས། བསམ་བློ་བཏང་ན་འགྲིག་གི་འདོད། རིག་རིག་ཚང་མར་ཇུས་གཏོགས་བྱེད་པའི་དུས་ཚོད་ཅིག་མ་རེད་དོ།།

    Reply
  25. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས།

    ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་དེས་རང་རེའི་སྟོན་པ་དང་བླ་མ་རྣམ་པར་མཐོང་ཆེན་དང་དགའ་མོས་བྱས་ཏེ་ལྷམ་ཡན་ཆད་ཀྱི་སྟེང་དུ་བཀོད་ཅེས་པ་དེར་འཐད་པ་མ་བྱུང་།

    དེང་སྐབས་ཀྱི་ཁྲོམ་ར་ནི་འགྲན་རྩོད་དང་དཔེ་གསར་གྱི་ལམ་དུ་ཕྱོགས་ཡོད་པ་རེད། འགྲན་རྩོད་དང་དཔེ་གསར་གྱི་རྨང་གཞི་ནི་གསར་གཏོད་ལ་ཐུག་ཡོད་པ་རེད། དེར་བརྟེན། ནུབ་ཕྱོགས་ཀྱི་ཟོང་པ་ཚོས་ནང་བ་སངས་རྒྱས་པའི་ཆོས་དང་དེའི་མཚོན་དོན་རི་མོ་སོགས་གོས་ཀྱི་རི་མོ་དང་ལུས་ཀྱི་རི་མོ་སོགས་སུ་འགོད་པ་ནི་དཔེ་གསར་དང་། གནས་སྐབས་ཀྱི་དར་སྲོལ་གྱི་དབང་དུ་བྱས་པ་ལས་དགའ་མོས་དང་མཐོང་ཆེན་བྱས་ཏེ་དེ་ལྟར་བཀོད་པ་ཡིན་རྒྱུ་མ་རེད་འདོད།

    བོད་རིགས་སྐོར་ཞིག་གིས་དེའི་ཐད་མི་འདོད་པའི་སྐད་ཅོར་བརྒྱབ་པ་དེ་ཡང་ཉིད་ཀྱིས་ཚ་འདྲི་བྱས་པ་བཞིན། ཡང་མིན་ན་ཆོས་ཀྱི་དབང་དུ་བྱས་པ་དང་། དེ་མིན་ན་སྲིད་ཀྱི་དབང་དུ་བྱས་པ་གང་ཡང་མིན་པར་འདོད།

    ཁོང་ཚོས་གནད་དོན་འདི་རིག་གཞུང་གི་ལྟ་ཚུལ་ཞིག་གི་ཐོག་ནས་གླེང་ཞིང་། དོན་དུ་མི་རིགས་ཀྱི་འདུ་ཤེས་དང་ཞེན་ཁོག་ཅིག་ཕྱིར་མངོན་ཐབས་བྱས་པ་རེད་འདོད། སྣང་ཚུལ་འདི་བོད་ཕྱི་ནང་གང་དུའང་སླེབ་བཞིན་ཡོད་ལ། ད་ལྟའི་བོད་མི་རིགས་དང་བོད་ཀྱི་རིག་གཞུང་གི་གནས་བབ་ཐད་ནས་བསམ་ན། བོད་རིགས་གཞོན་སྐྱེས་ཚོའི་བཅའ་སྟངས་འདི་ནི་འོས་པ་ཞིག་ཀྱང་རེད་འདོད་པ་ལས། འདི་རྨོངས་དད་རང་བཞིན་དང་རྗེས་ལུས་ཀྱི་སྦྱོར་བ་ཞིག་རེད་དྲན་གི་མེད།

    སྤྱིར་བཏང་། བོད་མི་རིགས་ནི་ཨེ་ཤ་ཡའི་མི་རིགས་གཞན་དང་བསྡུར་ན་གུ་ཡངས་པོ་དང་། ཡ་མེད་ཚ་པོ་དེ་འདྲ་ཞིག་རེད་འདོད། ཡིན་ཡང་། རང་གི་རིག་གཞུང་གི་ཕྱོགས་ནས་དེང་སྐབས་བོད་རིགས་གཞོན་སྐྱེས་ཚོས་སྣ་ཁ་སྒོར་མོ་ནས་འགན་རྐང་ལེན་གྱི་བསམ་བློ་དང་། རང་དོན་རང་གཅེས་ཀྱི་བསམ་བློ་ཞིག་འཁྱེར་བཞིན་པ་ནི་དགའ་འོས་པ་ཞིག་རེད།

    ལྟ་ཚུལ་འདི་འདྲ་ཞིག་གི་འོག་ནས་བསམ་ན། ཁ་ཉིན་བོད་རིགས་དང་། ཧི་མ་ལ་ཡའི་མི་རིགས་དང་སོག་པོ། འབར་མ་སོགས་ཚུད་པའི་ངྷ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པ་ཞེས་པ་ཞིག་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་ཅེས་བཤད་པ་དེ་ནི་རྒྱབ་སྐྱོར་བྱ་འོས་པ་ཞིག་རེད་འདོད་ཡོད།

    ལྷག་པར་དུ་ཉིད་ཀྱིས་བཤད་པ་ལྟར་བཟོ་ཚོང་ལས་ཁུངས་དེས་ཁོང་ཚོར་དགོངས་དག་ཞུས་ཡོད་ན་དེ་བས་ཀྱང་ཡག་པོ་རེད། དང་པོ་དེར་གཞོན་སྐྱེས་ཚོར་འདི་ལྟའི་ཞི་བའི་ལས་འགུལ་སྤེལ་བའི་གོམས་གཤིས་འཇགས་དགོས་པ་དང་། གཉིས་པ་དེར། ཁོང་ཚོའི་ལས་འགུལ་འདི་ཐོག་མ་ལྟ་བུ་ཞིག་ཡིན་ཚོད་འདུག་པས། ལས་འགུལ་ཐེངས་དང་པོ་དེར་རྒྱལ་ཁ་ཐོབ་པ་ཡིན་ན་མ་འོངས་པར་ཡང་ལས་འགུལ་སྤེལ་དང་། ལས་ཀ་དང་དུ་ལེན་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད།

    Reply
  26. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    དེང་སང་དུས་བབ་ཀྱིས་མཆན་ལ་ཞིབ་བཤེར་བྱས་ཏེ་གཞྀ་ནས་འགོད་ཐབས་བྱེད་པ་འདི་དངོས་གནས་ཡག་པོ་འདུག་
    མ་གཏོགས་སྐབས་འཚོལ་བ་ལ་ལས་ཁ་ལ་བདག་པོ་མེད་པར་གང་བྱུང་ཤོད་ཀྱི་འདུག

    Reply
  27. མི་ཆུང་། says:
    ལོ་ 16 སྔོན།

    སྤོབས་པ་དང་རི་བོང་། གནམ་ལྕགས་བཅས་ཀྱི་གོ་བར་བྱ་བ།

    གཏམ་སྣ་བར་འགྲོ་ཚོད་དང་། །ཆུ་ཡུ་བར་ཤོང་ཚོད།། བཞིན་བྱ་འགུལ་གང་ལ་ཡང་སྐབས་དང་དུས། མཚམས་དང་ཚོད་ཅིག་དགོས་ངེས་རེད། སྤོབས་པ་ལགས་ཀྱི་དེ་འགྲིགས་སོང་ན། གོས་ཐུང་གི་འཕོངས་ཚོས་གཉིས་སུ་༸གོང་ས་མཆོག་དྲིལ་བསྒྲགས་ཀྱི་ཆེད་སྐུ་པར་རེ་བརྒྱབས། ལྷམ་ནང་དུ་འཇུག་བྱེད་ལྷམ་མཐིལ་སྟེང་སྟོན་པ་སངས་རྒྱས་ཁྱབ་བསྒྲགས་ཆེད་པར་བཀོད་ན་ཡང་། ང་ཚོས་བཟོད་གོམས་བྱེད་དགོས་སམ། ངས་ནི་དེར་བཟོད་གོམས་བྱེད་མི་ཐུབ།

    ལར་ནས་དེ་ལྟར་པར་གང་བྱུང་དུ་བརྒྱབས་པ་དེ་ནང་ཆོས་དང་ང་ཚོ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་དམ། ཡང་ན་ཁོང་ཚོའི་དངུལ་བཟོ་ཆེད་རེད། གལ་སྲིད་ང་ཚོ་དང་ནང་ཆོས་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་ཀྱང་། ཐབས་ལམ་དེ་ལས་ཡག་པ་བགྲངས་ཀྱིས་མི་ལང་པ་ཡོད།

    ད་དུང་སྤོབས་པ་ལགས་ཀྱིས། གསང་སྔགས་ཀྱི་སྐོར་ནས་གསུངས་ཀྱི་འདུག རྒྱལ་པོའི་ཕོ་བྲང་ནང་གི་གནས་ཚུལ་དང་ཕལ་པའི་ཁྱིམ་ཚང་ནང་གི་གནས་སྟངས་གཉིས་ཐ་དད་རེད། གསང་སྔགས་ཟེར་བ་འདི་དང་འཇིན་རྟེན་ཐུན་མོང་གི་ལྟ་ཚུལ་ཡང་རྦད་དེ་ཐ་དད་རེད། སྤོབས་པ་ལགས་ངས་ཁྱེད་ལ་འདྲི། གལ་ཏེ་དགོན་སྡེའི་ནང་གྲྭ་པ་རེར། གསང་སྔགས་ཉམས་ལེན་བྱེད་ཀྱི་ཡོད་ཅེས། རིག་མ་འམ་ཕྱག་རྒྱ་མ། ཕལ་མིང་ནས་བརྗོད་ན། བུད་མེད་རེ་བླངས་ནས་གསང་སྔགས་ཀྱི་ལམ་ལ་འཇུག་གི་ཡོད་ཅེས་ན། ཁྱེད་དང་ང་ཚོའི་མི་མང་ཚོས་ཁོ་ཚོར་ཡག་ཉེས་ཅི་ཞིག་བརྗོད་ཀྱི་རེད་དམ། འདིས་ཆོག་པར་བྱས།

    Reply
  28. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    དོན་སྙིང་ལྡན་པའི་རྩོམ་ཞིག་བྲིས་འདུག རྒྱབ་སྐྱོར་ཡོད།།

    Reply
  29. རི་བོང། says:
    ལོ་ 16 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས་ལགས།
    ཆ་ཚང་ཀློག་ཟིན་རྒྱབ་སྐྱོར་ཡོད། དེ་ཙམ་ཞིག་ལ་བཟོད་སྒོམ་བྱེད་མ་ཐུབ་ན་གང་ཡོང་། མ་གཞི་བཟོ་གྲྭ་དེའི་ང་ཚོ་ལ་མཐོང་ཆུང་བཏང་བ་མ་ཡིན་པ་ཚོད་དཔག་བྱེད་ཐུབ་པ་མ་ཟད་གཅིག་བྱས་ན་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པའང་ཡིན་སྲིད། དེའི་ཕྱིར་ཟིང་བསླང་དགོས་དོན་མི་འདུག་སྙམ། ཁོང་ཚོའི་བྱེད་སྟངས་དེ་ནི་བསྟན་པའི་བདག་པོའི་དགོངས་པ་འགལ་བ་ཞིག་ཀྱང་རེད། མ་གཞི་ནས་བོད་པ་ཚོས་ངོ་རྒོལ་བྱེད་དགོས་ས་ལ་བྱེད་མི་ཐུབ། བྱེད་མི་དགོས་ས་ལ་ངར་གི་རེད། ན་ནིང་ཝང་ལིས་ཞུང་ལ་ངོ་རྒོལ་བྱས་པ་དང་གཅིག་པ་རེད།

    Reply
  30. གནམ་ལྕགས། says:
    ལོ་ 16 སྔོན།

    ངས་སྤོབས་པ་མཐའ་ཡས་ལ་རྒྱབ་སྐྱོར་བྱ་རྒྱུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese