མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཟངས་ཀྱི་རྟཊ་མ་ཐོབ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༦ ཚེས་ ༢༣ ཉིན་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་བསྡུས་པའི་ ༢༠༡༠ ལོའི་རྒྱལ་ཡོངས་ན་གཞོན་གླུ་བའི་འགྲན་སྡུར་སྐབས་བཅུ་བཞི་བའི་སྟེང་། མཐོ་སྒང་བུ་མོ་སྤུན་གསུམ་མམ་གངས་ལྷ་མེ་ཏོག་ཚན་སྡེབ་ཀྱིས་བོད་རང་སའི་དམངས་གླུ་༼ བཀྲ་ཤིས་ལགས ༽ ཞེས་པའི་གླུ་གཞས་དེ་བཏང་བས་ཨང་གསུམ་པ་ཟངས་ཀྱི་རྟགས་མའི་བྱ་དགའ་དེ་ཐོབ་ཡོད་འདུག གངས་ལྷ་མེ་ཏོག་ཚན་སྡེབ་བུ་མོ་སྤུན་གསུམ་ནི་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྒྱལ་མོ་ཚ་བ་རོང་གི་ས་ཁུལ་ནས་འཚར་ལོངས་བྱུང་པ་དང་། ཕ་ཡུལ་གྱི་ལྷད་མེད་དྭངས་གཙང་གི་རི་ཆུ་ནགས་གསུམ་གྱིས་ཁོ་མོ་ཚོར་སྙན་འགྱུར་འབུམ་གྱིས་ཕྱུག་པའི་མགྲིན་ངག་དེ་བསྩལ་ཅིང་། རྩྭ་ཐང་གི་བསིལ་རླུང་དང་སྔོ་ལྗང་རྩྭ་ཕྲན་གྱི་གཡོ་སྐྱོམ་གྱིས་ཁོ་མོ་ཚོར་སྒེག་ཉམས་སྟོང་ལྡན་གར་གྱི་སྟངས་སྟབས་དེ་བསླབ་ཡོད་འདུག  

ཕྱི་ལོ་ ༢༠༠༢ ལོར་གངས་ལྷ་མེ་ཏོག་ཚན་སྡེབ་རྒྱ་ནག་པེ་ཅིན་ནས་དངོས་སུ་ཚུགས་རྗེས་ཀྲུང་གོ་གློག་བརྙན་རོལ་མོ་ཚོགས་པར་གདན་ཞུ་བྱས་པ་དང་། དུས་དེ་ནས་བཟུང་ཁོ་མོ་ཚོ་གཞི་རྒྱ་ཆེ་བའི་རིག་རྩལ་འཁྲབ་སྟོན་རབས་དང་རིམ་པར་ཞུགས་པར་མ་ཟད། སྔར་ལོ་ཨ་རིའི་སྲིད་འཛིན་ཨོ་པ་མ་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་སྐབས། ཁོང་ཅག་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ ༼ ཚེ་རིང་ལགས་སོ ༽ ཞེས་པའི་བོད་པའི་ཁྱད་ཆོས་ལྡན་པའི་གླུ་གཞས་ཤིག་བཏང་པར་གདེང་འཇོག་ཡག་པོ་ཐོབ་ཡོད་འདུག

རེབ་འདི་ནི་མཐོ་སྒང་བུ་མོ་སྤུན་གསུམ་རྒྱ་ནག་རྒྱལ་ཡོངས་ཀྱི་ན་གཞོན་གླུ་བའི་འགྲན་སྡུར་ཁྲོད་ཞུགས་པ་ཐོག་མ་དེ་ཡིན་ཞིང་། ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པའི་མྱོང་མཚོར་སྐོར་ཁོང་ཅིག་གི་ཟིན་བྲིས་སུ་བཀོད་དོན། འགྲན་སྡུར་འདིར་ཞུགས་ཚུན་ནས། ང་ཚོར་གྲོགས་པོ་མང་པོ་ཞིག་གི་རྒྱབ་སྐྱོར་དང་སྐུལ་ལྕག་གནང་བྱུང་པས་ཁོ་ཚོར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག ང་ཚོས་ཁྱེད་ཅག་གིས་ང་རང་ཚོར་བཏོན་པའི་རེ་བ་དེ་སྙིང་ལ་དམ་པོར་བཟུང་སྟེ། འགྲན་སྡུར་གྱི་གོ་རིམ་རེ་རེ་བློ་སྤོབས་དང་ཡིད་ཆེས་སུ་བསྒྱུར་ནས་རང་གི་བརྩེ་བ་ཟབ་མོས་ཕ་ཡུལ་གྱི་འོད་སྟོང་འབར་པའི་རིག་གནས་གླུ་ངག་ཏུ་འགུག་རྒྱུ་ཡིན། ང་ཚོའི་རེ་བར་ཁྱེད་ཅག་ཚང་མས་སྔར་ལས་ལྷག་པའི་སྒོ་ནས་ང་ཚོའི་ཕ་ཡུལ་དང་རྒྱལ་མོ་ཚ་བ་རོང་གི་རོལ་མོ་ལ་རྒྱུས་ལོན་ཟབ་མོ་འོང་པའི་རེ་བ་ཞུ་ཟེར།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་དྷ་རམ་ས་ལར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ། ༠༡།༡༠།༢༠༢༣ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་པར།
Mobile App

བོད་ལ་བཙན་འཛུལ་བྱས་པ་དེ་འཛམ་གླིང་མི་མང་ལ་དྲན་གསོ་བྱ་རྒྱུ་གལ་ཆེན་པོ་རེད།

ཆུ་ཚོད་ ༡༣ སྔོན་ལ།
Sikyong Penpa Tsering received a warm welcome at the Sao Paulo Legislative Assembly
Mobile App

སྲིད་སྐྱོང་མཆོག་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བཞིའི་ནང་ཕྱོགས་ཕེབས་གནང་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

༢༠༢༣/༡༠/༠༢
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

༢༠༢༣/༡༠/༠༢
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠

མཆན། 16

  1. ལྷ་མོ་དོན་གྲུབ། says:
    ལོ་ 13 སྔོན།

    བྱེས་ཀྱི་བོད་མི་སྤུན་ཟླ་ཚོའི་ནང་ན་འདི་ལྟར་ཕྱི་རྒྱལ་མི་རིགས་ནང་ལ་འགྲན་ཟླར་ཆས་ཀྱིན་པ་ཡོད་དམ། མི་རིགས་དང་རིག་གནས་ཀྱི་དར་ཆ་འདི་ལྟར་འཕྱར་དགོས། འདི་དག་ནི་དོན་ངོ་མའི་མི་རབས་གསར་བ་ཡར་ལ་ལངས་སྟངས་ཞིག་རེད།

    Reply
  2. གསར་འབྱོར། says:
    ལོ་ 13 སྔོན།

    ཟངས་ཀྱི་རྟགས་མ་འདི་རྒྱ་དམར་གཞུང་གིས་ཁོང་ཚོའི་མགོ་ཡི་ཞྭ་མོ་ལ་སྤྲད་པ་མིན་ན་བཀྲ་ཤིས་བདེ་ལེགས་ཡོད། གླུ་བ་གླུ་མ་ཚོས་འདིའི་ཕྱོགས་ལ་ཟབ་ཟབ་བྱས་ན་ཡིག་ས་རེད།

    Reply
  3. འཇམ་གྲགས says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད། རྒྱ་མི་དུང་ཕྱུར་མང་པོའི་ནང་ང་ཚོ་བོད་མི་ཟེར་བ་གོ་རྒྱུ་རིག་རྒྱུ་ཡོད་པ་བྱེད་ཐུབ་ཡ་དེ་ཡང་གལ་ཆེན་རེད།

    Reply
  4. ཁ་བ་སྐམ་པོ། says:
    ལོ་ 13 སྔོན།

    ངོ་མ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཞེས་སྐད་གྲགས་ཡོད་པ་སྟོང་པ་མ་རེད།
    འོན་ཀྱང་ཅི་ན་ཡིན་ཡང་གཙོ་བོ་མི་རིགས་གི་དྲི་མ་དགོས་མ་བརྗེད་རོགས།

    Reply
  5. ཨ་གངས་ཞེན། says:
    ལོ་ 13 སྔོན།

    མཐོ་སྒང་བུ་མོ་སྤུན་གསུམ ། ཁྱེད་ཅག་གི་གླུ་སྐད་སྙན་དེས་གངས་ཅན་བོད་པ་ཚང་གི་མཚན་སྙན་དགོང་ལ་ཁྱབ ། ད་དུང་ཁྱོད་ཚོས་གླུ་སྐད་ཀྱི་ལམ་ནས་བོད་པ་ཚང་གི་བདེ་སྡུག་དབྱངས་ལ་གྱེར་བའི་རེ་འདུན་ཡོད ། འོན་ཀྱང་ཞ་མོ་དེ་ཚོ་ཡག་པོ་མི་འདུག

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 13 སྔོན།

    རྒྱལ་རོང་བ་ཚོའི་ནང་ན་སྐད་གྲགས་འཇོག་མཁན་མང་པོ་འདུག་ག དཔེར་ན། གསར བརྗེ་པ་ཐན་པའོ་སངས་རྒྱས་ཡེ་ཤེས། ཕོ་གསར་འཕགས་པ་སྐྱབས། མཛེས་མ་ཨ་ལན་ཟླ་བ་སྒྲོལ་མ། རྩོམ་པ་པོ་ཨ་ལེ། གླུ་བ་གཡུང་དྲུང་དབང་རྒྱལ། ད་དུང་སུ་ཡོད་་་་་་་་རྩིས་དང་་་་་་རྒྱ་རོང་བ་ལ་རྒྱུ་མ་མེད་་ཧ་ཧ་ཧ

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རིང་མིན་དངུལ་དང་གསེར་གྱི་རྟགས་མ་ཡང་ཐོབ་རེའི་སྨོན་འདུན་བཅས།

    Reply
  8. ཁ་བ་ནག་པོ། says:
    ལོ་ 13 སྔོན།

    ཨ་ཅེ་རྒྱ་མོ་ཚ་བས་གཟིར་ནས་རྐང་ཤུབ་ཕུད་ནས་དམར་རྗེན་རྒྱུ། །
    ཨ་ཅེ་འབྲོག་མོ་གྲང་བས་མནར་ནས་ཝ་ཞྭ་ལྕི་མོ་མགོ་ལ་གྱོན། །

    Reply
  9. འབྲོང་ཕྲུག་རང་སྐྱ་བ། says:
    ལོ་ 13 སྔོན།

    མཐོ་སྒང་བུ་མོ་སྤུན་གསུམ་གྱིས་རྒྱ་ནག་དབུས་བརྙན་འཕྲིན་ཁང་ནས་ཐང་འདིའི་འགྲན་བསྡུར་ཁྲོད་དགའ་སླང་སླང་དང་འཛུམ་དམུལ་དམུལ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་དང་གླུ་གར་ཚོགས་པའི་གཟི་བརྗིད་དང་མཚན་སྙན་གྱི་དབུ་འཕང་དགོང་དུ་བསྟད་པ་ལ་བོད་མི་ཡོངས་ཀྱི་འཚབས་བྱས་ཏེ་ཐུགས་རྗེ་ཆེ་ཞུ་བ་ཡིན

    Reply
  10. བསེ་རོང་འོད་ཟེར། says:
    ལོ་ 13 སྔོན།

    གང་ལྟར་བོད་རིགས་བུ་མོ་གསུམ་གྱིས་རང་ཉིད་ཀྱི་མགྲིན་དབྱངས་སྙན་མོ་ལས་འཕོས་པའི་དྭངས་གཙང་གི་གླུ་གཞས་ལ་རྟགས་མ་ཐོབ་པ་བཞིན་བཙན་བྱོལ་ནང་གི་གླུ་པ་གླུ་མ་ཚོས་འབད་བརྩོན་གྱིས་བོད་མའི་ཁྱད་ཆོས་སྟོན་པའི་དུས་ལ་ཐུག་འདུག

    Reply
  11. སེར་གཙང་འཇམ་དབྱངས། says:
    ལོ་ 13 སྔོན།

    མཐོ་སྒང་གི་གཞས་མ་སྤུན་གསུམ་ལགས་ཁྱེད་རྣམས་ཀྱི་སྐད་གདངས་ཀྱི་འགྱུར་ཁུག་སྙན་མོས་
    རང་མི་རིགས་ཀྱིས་རྣམ་པ་མཚོན་པར་བྱས་ཏེ་རྒྱལ་ཡོངས་ན་གཞོན་གླུ་མའི་འགྲན་སྡུར་གྱིྱི་ཨང་གསུམ་པ་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ་པར་
    ང་ཅག་བོད་པ་ཚང་གིས་ཁྱེད་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།།

    Reply
  12. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    རེད་རེད་ཞྭ་མོ་དེས་ཚོར་བ་ཡག་པོ་ཞིག་སྤྲད་ཀྱིན་མི་འདུག ཡིན་ན་གདོང་དམར་ཚང་གི་ལྷམ་ནང་དུ་ས་བླུགས་མི་འདུག་པས་དམིགས་གསལ་གྱིས་ཁོང་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  13. ཨ་རིག་འགྱུར་མེད། says:
    ལོ་ 13 སྔོན།

    འདི་ལྟ་བུ་དག་ནི་བོད་མི་རིགས་ཀྱི་མགོ་བོ་འདི་བཞིན་རྒྱ་ཁབ་གཞན་གྱི་རྐང་འོག་ཏུ་མི་འགྲོ་བའི་རླབས་ཆེ་བའི་ལས་དོན་ཏུ་ངེས་སྟབས། དགའ་ཞིང་སྤྲོ་བཞིན་དུ་ཐུགས་རྗེ་ཆེ་ཞུ།

    Reply
  14. སེམས་པ་རྨས་མ། says:
    ལོ་ 13 སྔོན།

    མགོ་ཡི་ཞྭ་མོ་དེ་མཐོང་ཙམ་ནས་ཚོར་བ་མ་བདེ་བ་ཞིག་སྐྱེས་བྱུང་།

    Reply
  15. སྐྱ་ཀ says:
    ལོ་ 13 སྔོན།

    ལུས་ཀྱི་རྣམ་འགྱུར་དང་། སྙན་འགྱུའི་སྐད་ངག་ལས་འཁྲུངས་པའི་གྲུབ་འབྲས་མི་དམན་པ་ཞིག་ཐོབ་པ་དེ་ནི་གུས་བོད་པ་ཞིག་ཡིན་ཆ་ནས་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ཏུ། ད་དུང་མུ་མཐུད་དུ་གང་ཅིའི་འཐད་ནས་གཞན་འོག་ཏུ་མགོ་བོ་སྒུར་མི་དགོས་པ་རང་མི་རིགས་ལ་བཅངས་པའི་བརྩེ་སེམས་སོགས་སྙིང་དབུས་ནས་བོར་རླགས་མི་འགྲོ་བ་བྱེད་གནང་རོགས་ཀྱིས་ཞུ།

    Reply
  16. གངས་བུ་ལྷག་བསམ་ཅན། says:
    ལོ་ 13 སྔོན།

    སྤྱིར་སྐད་ངག་སྙན་མོ་ཞིག་ཡོད་རེད་དེ་བོད་སྐད་གཙང་མ་ཞིག་རྒྱོབ་ཐུབ་ཀྱི་མ་རེད། ང་ཁོང་ཚོ་དང་ཐུབ་མྱོང་ཡོད་ལ་ཁོང་ཚོའི་གླུ་གཞས་ལ་ཉན་མཁན་གི་གངས་བུ་དང་པོ་དེ་ཡིན་ངེས། ཁོང་ཚོའི་ཟིན་བྲིས་ཐོག་བྲིས་པའི་སྐད་ཆ་དེ་ངོ་མ་ཡིན་ན་ཡག་པོ་བཤད་འདུག་ད། དཀོན་མཆོག་ད་ཤུག་རྒྱོབ་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist