མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་འཁྲུངས་སྐར་ལ་འགྱུར་བ་གཏོང་དགོས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

                                                                                                                                   དགུང་གྲངས་དོན་ལྔ་བཞེས་པར་ཕུལ།

སྤྱིར་ན་བོད་པ་ཚང་གི་ཡ་ཁོག་ནང་གི་སྙིང་དང་ཡ་ཐོད་ཀྱི་མིག ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་ངེས་འཛིན་བྱེད་པའི་༧གོང་ས་མཆོག་གི་འཁྲུངས་སྐར་ལ་ལོ་ལྟར་སྲུང་བརྩི་གཟབ་རྒྱས་གནང་གི་ཡོད་ལ་དེ་ནི་གནང་འོས་པ་ཞིག་ཀྱང་ཅིས་མ་ཡིན།

རེད་དེ། འཁྲུངས་སྐར་སྲུང་བརྩི་བྱེད་སྟངས་ཀྱི་རྣམ་པ་ནི་ལོ་ལྟར་འགྱུར་བ་གང་ཡང་བྱུང་མེད། དེ་ལ་འགྱུར་བ་གཏོང་དགོས་མིན་གྱི་སྐད་ཆ་བཤད་མཁན་ཡང་ད་ལྟའི་བར་དུ་བྱུང་མེད་ཚོད་རེད། དེ་ཡིན་དུས་ད་ནི་འུ་ཅག་གིས་འགྱུར་བ་གཏོང་དགོས་པ་ཞིག་ཆགས་ཡོད། དེ་ཡང་རྒྱུ་མཚན་ཡོད་པ་ཞིག་ལ་བརྟེན་དགོས།
འཁྲུངས་སྐར་གྱི་རྣམ་པ་ནི་ལོ་ལྟར་གླུ་ལེན་གར་རྩེད་དང་གཞས་སྣ་འཁྲབ་སྟོན་བྱེད་པ་དང་། ན་གཞོན་མི་ཉུང་བ་ཞིག་གིས་དུས་ཚོད་འདི་དང་བསྟུན་ནས་ཤ་ཆང་ལ་རོལ་བ། མ་ཅང་དང་རྒྱན་རྩེད། གྲོགས་པོ་ཕན་ཚུན་མགྲོན་འབོད་ཀྱིས་གང་བསམ་ཅི་འདོད་ཀྱི་རྒྭད་པའི་ལས་མང་བོ་ཞིག་བྱེད་ཀྱི་ཡོད་པ་བཅས་རེད།

འཁྲུངས་སྐར་དང་སྐྱེ་སྐར་ཞེས་ང་ཚོས་བཤད་སྲོལ་དུ་ཕྱི་རྒྱལ་ནས་བོད་དུ་ཕྱིས་སུ་དུས་རབས་གསར་བའི་ནང་དུ་འགོས་ནད་ཅིག་དང་འདྲ་བར་སླེབས་པར་འདོད་ཀྱི་ཡོད། དེ་ལ་ཡང་གཏན་ནས་བསམ་བློ་གཏོང་ས་མེད་པ་མིན།

གཤམ་དུ་ང་ཚོས་སྐུའི་འཁྲུངས་སྐར་ལ་འགྱུར་བ་གཏོང་་ཕྱོགས་ངེས་སུ་ཞུ་རྒྱུ་ཡིན། ང་ཚོས་འཁྲུངས་སྐར་ཞུ་སའི་མི་དེ་ནི་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན་དུས། ང་ཚོས་༧ཁོང་གི་ཐུགས་བཞེད་ལ་དགའ་བསུ་དང་བརྩི་མཐོང་ཡོད་པ་ཞིག་བྱེད་རྒྱུ་དེ་ནི་ང་ཚོས་༧ཁོང་གི་སྐུའི་འཁྲུངས་སྐར་ལ་བཟུང་བའི་རྣམ་འགྱུར་ཡིན་དགོས།

འཁྲུངས་སྐར་གྱི་ཉིན་མོ་འདི་ལ། བོད་མི་ཡོད་དོ་ཅོག་གིས་དམར་ཟས་སྤོང་བ། ཆང་མི་འཐུང་བ། ཤོ་སྤག་མི་རྩེད་པ། ནག་ཚོང་མི་རྒྱག་པ། གཏམ་ངན་མི་ཤོད་པ། ཐ་མག་མི་འཐེན་པ། རྣམ་དཀར་གྱི་ལས་སུ་འབད་འབུངས་བྱེད་པ། རབ་ཡིན་ན། འཁྲུངས་སྐར་དང་བསྟུན་ནས། དམར་ཟས་གཏན་དབང་བྱེད་ཐུབ་ན་རབ་དང་མི་ཐུབ་ཀྱང་། ཚེ་བཟང་དུས་བཟང་ལ་སྤོང་བ། ཆང་གཅོད་པ། ཐ་མག་གཅོད་པ། ཤོ་གཅོད་པ། ནག་ཚོང་མི་རྒྱག་པར་དམ་བཅའ་བ། བོད་མི་ཕན་ཚུན་ལ་དུས་དང་རྣམ་པ་ཀུན་དུ་འཁོན་འཛིང་མི་བྱེད་པར་དམ་བཅའ་བཅས་དུས་དང་རྣམ་ཀུན་དུ་༧ཁོང་གི་སྐུའི་འཁྲུངས་སྐར་དང་བསྟུན་ནས་རྣམ་དཀར་གྱི་ལས་སུ་ཞུགས་པར་རང་ངོས་ནས་འགོ་འཛུགས་རྒྱུ་དེ་ཡིན།

དེ་ནི་ང་ཚོས་དུས་རབས་འདིའི་ནང་གི་ཆེས་དཀོན་པའི་༧སྐྱབས་མགོན་ཁོང་གི་འཁྲུངས་སྐུར་བསུ་སྟངས་ཀྱི་རྣམ་པ་གསར་བ་ཡིན་ལ། ང་ཚོས་ཀྱང་འདི་དང་བསྟུན་ནས་༧ཁོང་གི་བཀའ་སྲུང་དང་དུ་བླངས་པ་ཡིན། ནམ་ཡང་རང་ཉིད་བོད་མི་ཞིག་ཡིན་པ་སེམས་སུ་བཟུང་དེ་༧གོང་ས་མཆོག་ལ་གཅེས་པའི་བོད་མི་རྣལ་མ་ཞིག་བྱེད་པར་ཁ་ཡོད་ལག་ཡོད་ལ་ཞུགས་ཨེ་ཐུབ་བལྟ་རྒྱུ་དེ་ཡིན།

ཁ་ཤས་ཀྱི་ངས་འདི་ལྟར་གླེང་དུས་ང་ཚོ་བོད་མི་ཚང་མ་གྲྭ་བ་བྱེད་རྒྱུ་ཡིན་ནམ། སྐད་ཆ་དེ་འདྲ་བཤད་པ་ནི་ཀློས་གཏམ་རང་རེད་ཟེར་ཤས་ཆེ། དེ་འདྲ་དགོངས་མཁན་དག་ལ་སེམས་གཏིང་ནས་དགོངས་དག་ཞུས་ཆོག ཚིག་རེ་ཟུང་གི་ཕན་ཐོག་བྱུང་མཁན་དེ་དག་ལ་བོད་མི་ཐ་ཆུང་བ་ཞིག་གི་༧སྐུའི་འཁྲུངས་སྐར་ལ་ཞབས་འདེབས་སུ་ཕུལ་བ་ཡིན།
 
 
 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 18

  1. sha tak ri sim says:
    ལོ་ 15 སྔོན།

    དྲ་ཐོག་གི་སྤུན་ཁྱེད་ཅག་ཉིན་མ་འདི་དག་གིས་རིང་དུ་ངེད་ཀྱི་ཟིན་བྲིས་སུ་ཕེབས་ནས་བདག་གི་བསམ་ཚུལ་འདིར་རྒྱབ་སྐྱོར་གནང་བ་དེར་སེམས་ཁོང་རུས་པའི་གཏིང་ནས་དགའ་ནས་ཡོད། རྗེས་སུ་ཀྱང་ཡང་ཡང་ཕེབས་རྐྱང་བྱོས།

    Reply
  2. tenpa sangpo says:
    ལོ་ 15 སྔོན།

    ཁྱོད་ཀྱི་བསམ་ཚུལ་དེ་ཧ་ཅང་བདེན། འདིའི་སྐོར་སེར་བྱེས་དགེ་སྐུལ་ཚེ་དབང་ལགས་ཀྱིས་ཀྱང་གྲྭ་མང་ལ་གསལ་བཤད་དང་འབྲེལ་འཁྲུང་སྐར་ཉིན་དམར་ཟས་སྤོང་སྟེ་དཀར་ཟས་ལ་ལོངས་སྤྱོད་འོས་པའི་གསུངས་བཤད་ཧ་ཅང་ལེགས་པོ་ཞིག་གནང་སོང་།

    Reply
  3. shelkarlobsang says:
    ལོ་ 15 སྔོན།

    ངོ་མ་བཟང་གི་ཡ།

    Reply
  4. Kangpu says:
    ལོ་ 15 སྔོན།

    ཐུགས་སེམས་དཀར་པོ། ལྷག་བསམ་རྣམ་དག གཤིས་བཟང་བུ་ཚ། དྲྭ་གྲོགས་ཤ་ཁྲག དགོངས་ཚུལ་ཡག་པོ།

    Reply
  5. Dre Sha Zen says:
    ལོ་ 15 སྔོན།

    ལགས་ོས།

    Reply
  6. kalthen says:
    ལོ་ 15 སྔོན།

    དྲ་གྲོགས་འགས་ཟེར་ན།།འཁུངས་སྐར་ཉིན་མོར་ཤ་ཆང་དང་རྒྱན་རྩེད་སོགས་སྤོང་པ་ནི་གསེར་ཐིག་ལྟ་བུ་དཀོན་པོ་ཞིག་ཏུ་ངོས་འཛིན་འདུག་ན།།དེ་འདྲ་ཨེ་ཡིན་ཉིན་གཅིག་རང་རེད་མི་ཚེ་མ་རེད།།

    Reply
  7. chentsasopa says:
    ལོ་ 15 སྔོན།

    བཀུར་འོས་པའི་བོད་ཀྱི་སྐད་ཡིག་རིག་གནས་ལ་ཤ་ཞེན་དང་དོ་སྣང་བླ་ན་ཆེ་བའི་རིག་གནས་བགྲོ་གླེང་གི་གྲོགས་དམ་པ་གང་གི་དྲུང་དུ། ཁ་སང་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་ངེད་དང་གྲོགས་པོ་རེ་ཟུང་གིས་རང་དབང་གི་དྲ་བ་ཞིག་གསར་དུ་སྒོ་ཕྱེ་ཡོད། ཁྱེད་བོད་ཀྱི་རིག་གནས་སྤྱི་ལ་དོ་འཁུར་དང་སྒོས་སུ་དྲ་ཐོག་ནས་རིག་གནས་བགྲོ་གླེང་བྱེད་པར་ཆེས་རྒྱུས་མངའ་དང་མྱོང་གོམས་ཆེ་བས་ན། བདག་དང་ང་ཚོའི་དྲ་བའི་ངོས་ནས་ཁྱེད་རང་དབང་དྲ་བར་ཕེབས་ཏེ་ཟིན་བྲིས་ཤིག་གཉེར་རྒྱུའི་རེ་འབོད་དང་སྦྲགས་ནས་རང་དབང་དྲ་བ་འདི་ནི་རང་དབང་བེད་སྤྱོད་བྱེད་མཁན་སྤྱི་ལ་དབང་བའི་དྲ་བ་ཞིག་ཡིན་པས་ན། ཁྱེད་ཀྱང་རང་དབང་དྲ་བ་འདིའི་བདག་པོ་ངོ་མ་ཞིག་ཏུ་འགྱུར་རྒྱུ་བདག་གིས་རེ་བ་ཆེ་ཞེས་ཞུ།
    རང་དབང་དྲ་རྒྱ་བེད་སྤྱོད་སྟངས་དང་དགོས་དམིགས། ཁྱད་ཆོས་སོགས་དྲ་བ་རང་ལ་ཕེབས་ཏེ་གཟིགས་གནང་ཡོད་པ་ཞུ།
    རང་དབང་དྲ་བའི་དྲ་ཐག་འདི་ན་ཡོད།
    http://www.rangwang.net

    http://www.rangwang.org

    http://www.rangwang.biz

    དུས་བབ་ཟིན་བྲིས་པ་གཅན་བཟོད་རྒྱམ་པས་གུས་པས་ཕུལ།

    Reply
  8. k.dorjee says:
    ལོ་ 15 སྔོན།

    ལེགས་བཤད།
    ཁ་བཤད་ཆུ་ཡི་ལྦུ་བ།།
    ལག་ལེན་གསེར་གྱི་ཐིགས་པ།།

    Reply
  9. samkhar says:
    ལོ་ 15 སྔོན།

    སྔར་སྲོལ་གྱི་འཁྲུངས་སྐར་སྲུང་བརྩི་ཞུ་སྟངས་དེ་རྒྱལ་བ་དགྱེས་པའི་་མཆོད་སྤྲིན་ཞིག་ཏུ་འགྱུར་ཐུབ་ན། དེ་བས་ཆོག་ཀྱང་ཁྱེད་ཀྱིས་གསུངས་པ་དེ་དག་ལ་རྒྱུ་མཚན་གང་མང་འདུག་ལ་བདེན་པ་ཡང་རེད།
    འོན་ཀྱང་། ངས་བསམ་ན། བཤད་མཁན་མང་སྒྲུབ་མཁན་ཉུང་བའི་དཀའ་ངལ་དེའི་འོག་ནས་གནས་སྐབས་ཐར་མི་སྲིད།།

    བསེ་རུ་མལ་ནས་ལངས་ཟིན་སྟབས། ག་ལེར་ག་ལེར་དྲ་གྲོགས་ཚོ་དང་མཇལ་ཆོག།

    Reply
  10. yeshisangpo says:
    ལོ་ 15 སྔོན།

    རེད་བཤད་ནོ་ཡག་པོ་འདུག་་་མུ་མཐུད་འདི་མོ་འབྲི་རོགས།ཟིན་ངྲིས་ཟེར་ནོ་དོན་དང་ལྡན་གི།དགའ་བསུ་ཡོད།

    Reply
  11. sha shoung says:
    ལོ་ 15 སྔོན།

    ཡག་པོ་འདུག བསམ་ཚུལ་འདི་ལ་རྒྱབ་སྐྱོར་སེམས་གཏིང་ནས་ཞུ་རྒྱུ་ཡིན།

    Reply
  12. jamnor says:
    ལོ་ 15 སྔོན།

    འདི་དངོས་གནས་ཡག་པོ་རེད།འོན་ཀྱང་འདི་རྣམ་པ་གསར་པ་ཞིག་རེད་མི་འདུག་འདི་ནི་བོད་པ་ཚང་གི་ཡ་རབ་བཟང་སྤྱོད་ཀྱི་ཆ་གཙོ་བོ་ཞིག་རེད།

    Reply
  13. jamnor says:
    ལོ་ 15 སྔོན།

    ཉིད་ཀྱི་གསུངས་པར་གནས་ལུགས་འདུག་མོད།སྐུའི་འཁྲུངས་སྐར་ལ་ཤ་ཆང་སོགས་ལ་རོལ་མཁན་ཉུང་ཉུང་ཡིན་རྒྱུ་རེད།ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡོད་པའི་བོད་པ་ཚོ་ལ་ཆ་རྒྱུས་དེ་འདྲ་མེད།དེའི་ཕྱིར་ན་ཡག་པོ་ཤེས་ཀྱི་མེད།འདི་ཕྱོགས་ལ་དེ་འདྲ་རང་རེད་མི་འདུག

    Reply
  14. wanderer1958 says:
    ལོ་ 15 སྔོན།

    ཁྱེད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
    འོན་ཀྱང་ང་ཚོའི་སྤྱི་ཚོགས་འདི་ཁྱོད་ལྟ་བུའི་ལྷག་བསམ་དང་དྲང་བདེན་གྱི་སྐད་ཆ་བཤད་མཁན་དག་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་བས་དགོངས་དོན་དེ་བཞིན་འགྲུབ་དཀའ་ནི་རེད། སྤྲུལ་སྐུ་ག་གེ་མོ་ཞིག་གི་བཀའ་གསུང་དོན་གྱི་སྙིང་པོ་བྲལ་བ་ཞིག་ཡིན་ཀྱང་འུ་ཚོས་འུར་ཆིལ་ལེ་དང་དུ་ལེན་ནི་རེད། ངོ་མ་ཡིན། ལྷག་བསམ་དཀར་བའི་དྲན་ཚུལ་དེ་ལ་རྗེས་སུ་ཡི་རངས་ཡོད།

    Reply
  15. lungrik says:
    ལོ་ 15 སྔོན།

    འདི་ལ་མོས་མཐུན་ཡོད། ཡིན་ཡང་དོགས་པ་ཡང་མང་པོ་འདུག གང་ལྟར། ང་ཚོ་སྐོར་ཞིག་གིས་སྦག་སྦག་གི་ཚོགས་པ་ཞིག་འཛུགས་རྩིས་ཡོད། དེའི་ནང་རྒྱ་གར་བ་དང་བོད་པ་བཅས་ཡོད། སྦག་སྦག་དེ་ནི་ Avenger ཞེས་པ་དེ་རེད། སྦག་སྦག་ཡག་པོ་ཡོད། ད་ནི་ཞོན་རོགས་ཚེས་ The Avenger’s Lonely Planet Club ཞེས་པ་ཞིག་འཛུགས་རྒྱུ་ཡིན་ཟེར། དེ་རིང་ཉིན་རྒྱབ་གངས་སྐྱིད་ནས་ཡར་མེག་རྒན་ལ་འཛེགས་སའི་ལམ་ཁ་དེ་ནས་རྒྱ་གར་བ་ཞིག་གིས་སླར་ཡང་དེ་དོན་གསལ་བཤད་བྱས་སོང་། སྤྱིར་བཏང་སྦག་སྦག་གི་ལས་འགུལ་འདི་སོ་སོར་མཚོན་ན་སེམས་འཕྲོད་པོ་ཞིག་རེད། དེའི་ཁར་བསོ་མོ་སྐྱིད་པོ་དག་གི་ཕན་ན་བོད་ཀྱི་གནད་དོན་འདི་ཡང་རྩ་ཆེན་དོན་ཆེན་ལ་རྩིས་ནས་ས་ཆ་གང་ནས་ཀྱང་གླེང་གི་ཡིན་ཅེས་ཚོགས་པའི་སྒྲིག་འཛུགས་ནང་ལ་བཅུག་འདུག
    ཕྱི་ཚེས་ ༦ སྟེ་སྐུའི་འཁྲུངས་སྐར་ཉིན་མོ་དེར་ང་ཡང་མཉམ་ཞུགས་བྱ་རྒྱུར་སྐུལ་མ་གནང་བྱུང་། གང་ཡིན་ཅེ་ན། ངའི་སྦག་སྦག་ཀྱང་གོང་གི་དེ་ཡིན། ཡིན་ཡང་། ལས་དོན་ཞིག་གི་དབང་གིས་ཉིན་དེར་ང་ལས་འགུལ་ཐོག་མ་དེའི་ནང་ཞུགས་ཐུབ་གི་མི་འདུག

    Reply
  16. dongthe says:
    ལོ་ 15 སྔོན།

    ཤ་ཁྲག་ལགས། བདེ་མོ། ང་དྲ་ཐོག་ལ་མ་ཡོང་ནས་རྒྱུན་རིང་བོ་ཡིན། ཁྱོད་ཀྱི་བསམ་ཚུལ་ཆོས་པ་རྣལ་མ་ཞིག་གི་བསམ་ཚུལ་དང་མཚུངས།
    འདི་ལྟར་བསྒྲུབ་ཐུབ་ན་བསོད་ནམས་བསམ་གྱིས་མི་ཁྱབ་ལ་༧གོང་ས་མཆོག་གི་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་འགྲུབ་པ་སོགས་ཀྱི་དགེ་མཚན་ཡོད།

    Reply
  17. sonjam says:
    ལོ་ 15 སྔོན།

    དྲ་གྲོགས་ལགས་
    བདེན་པའི་ཆ་འདུག་ཀྱང་འུ་ཚང་ལ་ལམ་དང་ལུགས་སྲོད་སྐྱོང་རྒྱུ་ལས་དངོས་པོའི་་གནས་ཚུལ་ལ་བསམ་བློ་གཏོང་ཤེས་མཁན་ཉུང་ཉུང་རེད།

    Reply
  18. triyungdrung says:
    ལོ་ 15 སྔོན།

    དྲ་གྲོགས་ལགས་དགོངས་ཚུལ་ཡག་པོ་རེད། ཁོ་བོར་རྒྱབ་སྐྱོར་ཡོད། ཡིན་ན་ཡང་ང་ཚོའི་སྤྱི་ཚོགས་དང་ཁོར་ཡུག་དེར། འདི་ལྟར་གསུང་མཁན་དང་སྐུལ་མཁན་དེ་གང་ཟག་དེའི་ཐོབ་ཐང་ལ་རེག་ལས་རྐྱེན། ཁྱོད་དང་ང་གཉིས་ལྟ་བུ་ཞིག་གི་སྐད་ཆ་ལ་གོང་ཐང་ཆེན་པོ་ཡོད་ནི་མ་རེད་ལ། འདི་ལྟར་ཉན་མཁན་ཡང་དཀོན་པོ་ལོས་ཡིན་རེ།

    འདི་ལྟར་ཐུགས་ལ་འཁྲུངས་པ་ཙམ་ལ་ཡང་དགའ་བ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཐག་ཡིན། གལ་སྲིད་ལག་བསྟར་དུ་བྱུང་བ་ཡིན་ན་སྨྲོས་མེད་རེད། བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese