མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐོར་ལ་གནད་དོན་གསུམ་ཡར་ཞུ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp
ཉེ་ཆར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྲིང་མོ་གཉིས་དང་། བུད་མེད་གཞན་ལྔ་ཁོང་ལ་ཐུག་འཕྲད་བྱེད་པར་ཕྱིན་འདུག་ཀྱང་། ཐུག་འཕྲད་བྱེད་དུ་བཅུག་མི་འདུག སྐབས་དེར་བུད་མེད་དེ་དག་གིས་སྲིད་གཞུང་ལ་གནད་དོན་གསུམ་ཞུས་འདུག
ལོ་སྔོན་མའི་ཕྱི་ཟླ་ ༡༢ ནང་ལི་ཐང་རྫོང་དང་ཉག་ཆུ་རྫོང་གི་མི་མང་བརྒྱ་ཕྲག་མང་མོ་ཤང་དང་རྫོང་དུ་སོང་ནས། སྤྲུལ་སྐུལ་བསྟན་འཛིན་བདེ་ལེགས་ཁོང་འཛིན་བཟུང་བྱས་ནས་ལོ་བརྒྱད་ཕྱིན་ཡོད་ལ། ཁོང་ད་ལྟ་དགུང་ལོ་ ༦༠ ཉེ་བ་དང་སྙིང་རླུང་གི་སྙུང་གཞི་ཡོད་སྟབས། རབ་ཡིན་ན་གློད་གྲོལ་དང་། དེ་མིན་འགན་ལེན་འོག་བཙོན་དུ་བཞུགས་མི་དགོས་པར་ཕ་ཡུལ་དུ་བཞུགས་ཆོག་པའི་བདེ་སྡུག་ཞུས་ཡོད།
བདེ་སྡུག་ཞུ་མཁན་གྱི་མི་མང་གིས་ཨུ་ཚུགས་མཐར་སྐྱེལ་བྱས་པ་དང་། ངོ་རྒོལ་ཤུགས་ཆེར་བྱས་མཐར། སྐབས་དེར་ཕྱིན་ཆད་ཟླ་རེའི་ནང་ལི་ཐང་རྫོང་དང་ཉག་ཆུ་རྫོང་གི་གཉེན་ཉེ་གཉིས་རེ་ཁོང་ལ་མཇལ་ཆོག་སྐོར་བརྗོད་ཡོད།  
དེར་བརྟེན་འདི་ལོའི་ཟླ་བཞི་བའི་ནང་རིན་པོ་ཆེ་ཁོང་གི་སྲིང་མོ་གཉིས་ཁོང་དང་མཇལ་འཕྲད་བྱུང་ཡོད་ལ། སྐབས་དེར་ཁོང་གི་སྲིང་མོ་གཉིས་ཀྱིས་རིན་པོ་ཆེའི་སྐུ་གཟུགས་བདེ་ཐང་མེད་སྐོར་བརྗོད་ཡོད།
དེའི་རྗེས་ཟླ་ལྔ་བའི་ནང་བུད་མེད་ལྔ་ཁོང་ལ་མཇལ་འཕྲད་བྱེད་པར་ཕྱིན་ཡང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་མེད།
ཁ་སང་གྲྭ་སེར་སྨད་བློ་དགའ་ལགས་ཀྱིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་དོན། ཟླ་འདིའི་ཕྱི་ཚེས་ ༡༡ དང་ ༡༢ ཡས་མས་རིན་པོ་ཆེའི་སྲིང་མོ་གཉིས་དང་གཞན་བུད་མེད་ལྔ་བཅས། རིན་པོ་ཆེར་མཇལ་འཕྲད་བྱེད་དུ་ཕྱིན་འདུག་ཀྱང་། ཁོང་ཚོར་རིན་པོ་ཆེར་མཇལ་རྒྱུའི་གོ་སྐབས་བྱུང་མི་འདུག
འོན་ཀྱང་སྐབས་དེར། བུད་མེད་དེ་ཚོས་ཟི་ཁྲོན་ཞིང་ཆེན་གྱི་སྲིད་གཞུང་ལ་རེ་སྐུལ་དོན་ཚན་གསུམ་བཤད་འདུག
དོན་ཚན་དེ་གསུམ་ནི།
༡ རིན་པོ་ཆེར་དྲང་བདེན་གྱི་ཐོག་ནས་ཁོང་གི་ནག་ཉེས་སྐོར་ལ་བསྐྱར་དུ་ཞིབ་འཇུག་བྱེད་དགོས་ཀྱི་ཡོད།
༢ ཟླ་བཞི་བའི་ནང་རིན་པོ་ཆེ་ཁོང་སྲིང་མོ་གཉིས་དང་ཐུག་འཕྲད་གནང་སྐབས། ངས་རང་གི་སྔ་ཕྱི་བར་གསུམ་གྱི་གནད་དོན་ཡི་གེར་བཀོད་ནས་ཟླ་ལྔ་བའི་ནང་རྒྱ་ནག་གི་སྡེ་ཚན་ ༢༦ ལ་འབུལ་རྒྱུའི་ཐག་གཅོད་བྱས་ཡོད། དེའི་ཐད་ལ་ཁྱེད་ཚོས་ཞིབ་འཇུག་དང་མ་འོངས་པར་ཞུ་གཏུགས་བྱས་ན་ཕན་ཐོགས་ཡོང་གི་རེད་ཅེས་གསུངས་པར། གནད་དོན་དེ་ད་ལྟ་གང་འདྲ་ཆགས་ཡོད་དམ།
༣ ཉེ་ཆར་ཁོང་གི་སྲིང་མོ་གཉིས་ཁོང་དང་ཐུག་འཕྲད་སྐབས། སྨན་པས་ཁོང་ལ་སྐད་ཆ་བཤད་སྐབས་ཧ་ཅང་དགའ་དྲགས་པ་དང་སྐྱོ་དྲགས་པའི་རིགས་ཀྱི་སྐད་ཆ་བཤད་ཆོག་གི་མ་རེད། དེ་ནི་ཁོང་ལ་སྙུང་གཞི་ལྕི་མོ་ཡོད་སྟབས་ཡིན་ཞེས་བཤད་ཡོད་སྟབས། གལ་སྲིད་རིན་པོ་ཆེ་ཁོང་གི་སྐུ་གཟུགས་གནས་སྟངས་ཡག་པོ་མེད་པ་དང་སྐུ་སྙུང་གི་ཡོད་ན། རྒྱ་ནག་གི་ཆབ་སྲིད་བཙོན་མར་ཕྱི་ཕྱོགས་ཀྱི་སྨན་ཁང་ཆེ་ཁག་ནས་ནད་བསྟེན་བྱེད་ཆོག་པའི་ཐོབ་ཐང་ཡོད་སྟབས། ཁོང་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་གནང་འཇུག་དགོས་ཞེས་ཞུས་འདུག
ཡིན་ནའང་། གནད་དོན་དང་པོ་དེའི་ཐད་དུ་སྲིད་གཞུང་གིས་འདི་ལྟར་བཤད་འདུག རིན་པོ་ཆེ་ཁོང་གི་གནད་དོན་ཐག་གཅོད་བྱས་ནས་ལ་བརྒྱབ་ལུང་བརྒལ་ཚར་ཡོད་སྟབས། གནད་དོན་དེ་བསྐྱར་ལོག་བྱེད་ཤེས་ཀྱི་མ་རེད་ཟེར།
གནད་དོན་གཉིས་པར། ང་ཚོས་རིན་པོ་ཆེས་དེ་ལྟ་བུའི་སྙན་ཞུའི་ཡི་གེ་ཞིག་བྲིས་ཡོད་པར་གཏན་ནས་མཐོང་ཐོས་མ་བྱུང་། ཞེས་ཁས་ལེན་བྱས་མི་འདུག
གནད་དོན་གསུམ་པར། ཁྱེད་ཚོར་བཙོན་ཁང་གི་སྨན་པས་རིན་པོ་ཆེའི་སྐུ་གཟུགས་བདེ་བོ་མེད་སྐོར་བཤད་པ་བདེན་མིན། ང་ཚོས་ཟླ་གཉིས་རིང་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ཡིན་ལ། དེའི་རྗེས་ལན་རྒྱག་གི་ཡིན་ཞེས་བཤད་འདུག
དེ་བཞིན་ཟླ་གཉིས་ཀྱི་རྗེས་ནས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སྐོར་ལ་བརྟག་དཔྱད་བྱས་འབྲས་བརྗོད་སྐབས། འབྲེལ་ཡོད་ནང་མི་ཡོང་དགོས་ཀྱི་ཡོད་སྐོར་བརྗོད་པར། ཁོང་གི་སྲིང་མོ་གཉིས་ཀྱིས་ཁོང་གཉིས་ཡོང་རྒྱུར་ཁས་ལེན་བྱས་འདུག
གོང་གསལ་དོན་ཚན་གསུམ་འབུལ་མཁན་གྱི་བུད་མེད་དེ་ཚོ་རིན་པོ་ཆེར་མཇལ་མ་བཅུག་པར་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཕྱིར་ལོག་བྱས་ཡོད་འདུག

རིན་པོ་ཆེ་ཁོང་གི་སྲིང་མོ་གཉིས་ནི་རང་ལོ་ ༥༧ ཡིན་པའི་བསོད་ནམས་བདེ་སྐྱིད་དང་། རང་ལོ་ ༤༧ ཡིན་པའི་སྒྲོལ་དཀར་གཉིས་ཡིན།

 
སྤྲུལ་སྐུ་བདེ་འཛིན་བདེ་ལེགས་ཀྱི་སྐུའི་སྙུང་གཞིའི་སྐོར་ལ་ཉེ་ཆར་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མཚན་རྟགས་བཞི་ཁྲི་བསྡུ་རུབ་ཀྱིས་རྒྱ་ནག་ལ་གཟུགས་འཕྲིན་ (༡) བརྒྱུད་ནས་བཏང་ཡོད།
གཟུགས་འཕྲིན་དེ་དག་རྒྱ་ནག་དབུས་ཆབ་སྲིད་སྡེ་ཁག་གི་རྒྱུན་ལས་དང་ཁྲིམས་སྲིད་འཐུས་ཚོགས་ཀྱི་ཚོགས་མི་ཀྲིག་ཡོན་ཁང་གཙོས། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་བཅས་ལ་ཕུལ་ཡོད།
དེའི་ནང་དུ་ད་དུང་། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་དེར་བསྐྱར་ཞིབ་བྱ་དགོས་པའི་རེ་བ་དང་འབོད་སྐུལ་ཞུས་ཡོད།
 
གསར་འགྱུར་སྤེལ་མཁན། ཨ་རིག་འགྱུར་མེད།

 
༡ གཟུགས་འཕྲིན། Fax; facsimile
རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་འཛོད་ཀྱི་ཤོག་ངོས་ ༨༡ སྟེང་གསལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese