མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་བརྩོན་ལེན་གྱི་འཐབ་བྱུས། ༼གསུམ་པ།༽ བོད་འབྱོར།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

བོད་མིའི་རང་དབང་དང་ཐོབ་ཐང་བརྩོན་ལེན་ཐད་ཀྱི་འཐབ་ཇུས་དང་ལག་བསྟར།
རྡོ་རྗེ་དབང་རྒྱལ། ༼བོད་འབྱོར་རྩོམ་ཡིག༽

གསུམ་པ། བཙན་བྱོལ་བོད་སྤྱི་ཚོགས་ཀྱི་སློབ་གསོ་འཛུགས་སྐྲུན།

ཀ    སློབ་གསོའི་ལྷན་ཁང་ལོགས་སུ་འཛུགས་དགོས་པ།
སློབ་གསོ་ནི་སྤྱི་ཚོགས་གང་ལ་མཚོན་ན་ཡང་མེད་དུ་མི་རུང་བའི་འཕེལ་རྒྱས་ཀྱི་འབྱུང་གནས་ལྟེ་བ་དེ་ཡིན། དེ་གང་ཡིན་ཞེས་ན་སློབ་གསོ་བརྒྱུད་གང་ཟག་ཞིག་ལ་ཆབ་སྲིད་དང་དཔལ་འབྱོར། རང་བྱུང་ཁམས་སོགས་ཀྱི་ཤེས་བྱ་དང་ཡོན་ཏན་བརྒྱུད་སྤྲོད་བྱེད་པ་མ་ཟད། གང་ཟག་དེའི་བརྒྱུད་ཀྱི་ཕན་ནུས་ལྡན་པའི་ནུས་ཤུགས་ཐམས་ཅད་ཕྱིར་མངོན་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུས་པའི་སྙིང་སྟོབས་དང་ཕུགས་བསམ། ཤེས་རབ། ལག་རྩལ་བཅས་ཀྱང་མཁོ་སྤྲོད་བྱེད་པར་བརྒྱུད་ནས། རྒྱལ་ཁབ་དང་སྤྱི་ཚོགས། མི་རིགས་བཅས་ཀྱི་མ་འོངས་པ་འཛུགས་སྐྲུན་བྱེད་མཁན་གྱི་ཕུལ་བྱུང་མི་སྣ་གསོ་སྐྱོང་བྱེད་བ ཞིན་ཡོད་པ་རེད།དེའི་ཕྱིར་འཛམ་གླིང་གི་རྒྱལ་ཁབ་དང་སྲིད་གཞུང་ཚང་མས་སྟོབས་ཆེ་ཆུང་ལ་མ་ལྟོས་པར་སློབ་གསོ་ལས་ཁུངས་ལོགས་སུ་བཙུགས་ཏེ།དཔལ་འབྱོར་དང་ལག་རྩལ། ཤེས་ཡོན། དོ་དམ་སོགས་ཕྱོགས་གང་ཅིའི་ཐོག་ནས་འགྲོ་སོང་དང་རྒྱབ་སྐྱོར་ཤུགས་ཆེན་ཀྱིས་སློབ་གསོའི་ཡར་རྒྱས་ཐད་ལ་ནུས་ཤུགས་ཡོད་ཚད་བཏོན་དང་འདོན་བཞིན་ ཡོད་པ་རེད།དེ་ལས་ལྡོག་སྟེ་བཙན་བྱོལ་བོད་གཞུང་གིས་སློབ་གསོའི་ལྷན་ཁང་དམིགས་སུ་མ་བཙུགས་པར། ཤེས་རིག་ལྷན་ཁང་ལ་སློབ་གསོའི་བྱ་བ་ཞོར་སྒྲུབ་བྱེད་དུ་བཅུགས་པ་དེས། བཙན་བྱོལ་སྲིད་གཞུང་གིས་ལྟ་གྲུབ་ཀྱི་ཐད་ནས་སློབ་གསོའི་ལས་དོན་གལ་ཆེན་དུ་མ་མཐོང་ བའི་སྟེང་།ད་དུང་རིག་གཞུང་དང་སློབ་གསོ་གཉིས་ཀྱི་ངོ་བོ་གསལ་འབྱེད་བྱེད་མ་ཐུབ་པའི་རྐྱེན་གྱིས། ལག་ལེན་སྟེང་སློབ་གསོའི་འཛིན་སྐྱོང་གི་ལག་ཆ་མེད་པར་གྱུར་ཡོད་པ་རེད། དེའི་དབང་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གསོའི་ལས་དོན་འཐུས་ཤོར་དུ་སོང་དང་འགྲོ་བཞིན་ཡོད་པ་རེད།

གནས་སྟངས་འདི་ལེགས་བཅོས་འབྱུང་ཆེད། རབ་ཏུ་ཡིན་ན་བཙན་བྱོལ་བོད་གཞུང་གིས་ཆོས་དོན་ལས་ཁུངས་དེ་ཤེས་རིག་ལས་ཁུངས་ནང་ཚན་གྱི་སྡེ་ཚན་ཞིག་དུ་བཟོས་ནས་དེའི་ཚབ་དུ་སློབ་གསོ་ལྷན་ཁང་བཙུགས་པ་དང་། ལྷན་ཁང་དེས་དཔལ་འབྱོར་དང་མི་ཤུགས།དངོས་ཤུགས་སོགས་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ཏེ། སློབ་གསོའི་ལས་རིགས་དམ་འཛིན་བྱས་པ་ཡིན་ན་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གསོའི་ལས་དོན་ཡར་རྒྱས་སུ་འགྲོ་ངེས་པས།འཛིན་སྐྱོང་གི་རྨང་གཞི་བཙུགས་ཚར་བ་རེད་སྙམ།

ཁ། སློབ་གསོའི་ལམ་ལུགས་ཁ་ཕྱོགས།

སློབ་གསོ་རིག་པའི་ཐད་ནས་དཔྱད་པ་བྱེད་ན་སློབ་གསོ་ནི་འགྲོ་བ་མིའི་ལོ་ཚོད་ཀྱི་ཁྱད་ཆོས་ དང་བསྟུན་ཏེ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཤེས་བྱ་བརྒྱུད་སྤྲོད་བྱེད་པའི་དམིགས་ཡུལ་ངེས་ ཅན་ལྡན་པའི་བྱེད་སྤྱོད་ཅིག་ཡིན།དེའི་ཕྱིར་སློབ་གསོ་ལ་སྤྱིར་སློབ་ཆུང་སློབ་གསོ་དང་འབྲིང་ རིམ་སློབ་གསོ།མཐོ་རིམ་སློབ་གསོ་གསུམ་དང་སྤྱི་ཚོགས་མང་པོ་ཞིག་གིས་སྔོན་འགྲོ་སློབ་ གསོ་ཡང་སློབ་གསོའི་ཁོངས་སུ་རྩིས་ནས་བརྒྱུད་རིམ་བཞིར་དབྱེ་ཡོད།དེ་ཡང་འགྲོ་བ་མིའི་ལོ་ ཚད་དང་ལུས་བོངས།ནང་སྒོས་སུ་སེམས་ཁམས་ཀྱ ི་ནུས་པར་གཞི་བཞག་ནས་སློབ་གསོ་ སྤྲོད་གྱིན་ཡོད་པ་རེད། དཔེར་ན།

༡། སྔོན་འགྲོ་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་སྔོན་འགྲོའི་སློབ་ལོ་རན་པའི་བྱིས་པ་ཚོར་སློབ་ཆུང་སློབ་གསོ་ཐོབ་རྒྱུའི་སྔོན་འགྲོའི་གྲ་སྒྲིག་དང་།དབང་ཤེས་ལྔ་བོ་ཡར་རྒྱས་ གཏོང་རྒྱུ་བཅས་གཙོར་བཟུང་བྱས་ནས།དབྱིབས་དང་ཁ་ཏོག་རིང་ཐུང་མཐོ་དམའ་སོགས་ ཆེས་ལས་སླ་བའི་ཤེས་བྱ་ངོས་འཛིན་དང་དབྱེ་བ་འབྱེད་རྒྱུ་བཅས་སློབ་ཁྲིད་ཀྱི་ནང་དོན་གཙོ་ བོར་བཞག་ཡོད་པ་རེད།

༢། སློབ་ཆུང་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་སློབ་ཆུང་གི་སློབ་ལོ་རན་པའི་བྱིས་པ་ ཚོར་སློབ་འབྲིང་སློབ་གསོ་ཐོབ་རྒྱུའི་སྔོན་འགྲོའི་གྲ་སྒྲིག་དང་།ན་ཚོད་རང་ལོ་༧་ནས་༡༢་བར་ གྱི་བྱིས་པ་ཚོའི་སེམས་ཁམས་དང་རིག་སྟོབས་ལ་འཚམས་པའི་སྒོ་ནས་བྱ་དངོས་བར་གྱི་ འབྲེལ་བ་ངོ་སྤྲོད་དང་དབྱེ་འབྱེད་བྱེད་པ།ཅུང་ལས་སླ་བའི་གནས་ལུགས་རྟོགས་ཐབས་གསོ་ སྐྱོང་བྱེད་རྒྱུ་བཅས་གཙོར་བཟུང་གིསཡི་གེ་འབྲི་ཀློག་དང་ཨང་རྩིས་སྣོན་འཕྲི་བསྒྱུར་བགོ་ སོགས་ཀྱི་ཤེས་བྱའི་ནང་དོན་གཙོར་འདོན་བྱེད་བཞིན་ཡོད་པ་རེད།

༣། འབྲིང་རིམ་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་འབྲིང་རིམ་གྱི་སློབ་ལོ་རན་པའི་ བྱིས་པ་ཚོར་མཐོ་རིམ་སློབ་གསོ་ཐོབ་རྒྱུའི་སྔོན་འགྲོའི་གྲ་སྒྲིག་དང་།ན་ཚོད་རང་ལོ་༡༣ནས་ ༡༨བར་གྱི་གཞོན་ནུ་ཚོའི་སེམས་ཁམས་དང་རིག་སྟོབས་ལ་དཔག་ཏེ།རྫས་འགྱུར་དང་དངོས་ ལུགས།རྩིས་རིག།    སྐྱེས་དངོས་རིག་པ་སོགས་རང་བྱུ ང་ཚན་རིག་དང་ལོ་རྒྱུ ས། ས་རྒྱུ ས། རོལ་དབྱངས། རི་མོ་སོགས་སྤྱ ི་ཚོགས་ཚན་རིག་སྐོར་གྱི་ཅུང་ལྐོག་གྱུར་གྱི་ གནས་ལུགས་སམ་རྒྱུ་མཚན་རྟོགས་ཐབས་གསོ་སྐྱོང་བྱས་ནས་བྱ་དངོས་ཀྱི་བཟང་ངན་དང་ ལེགས་ཉེས་སོགས་ལ་ཤན་འབྱེད་ཀྱི་རིག་སྟོབས་གསོ་སྐྱོང་བྱས་ཏེ།འགྲོ་བ་མིའི་རིགས་ཀྱི་ ཤེས་བྱའི་རྣམ་གྲངས་ཁག་ཆ་ཚང་བའི་སྒོ་ནས་འཁྲིད་སྤེལ་བྱེད་རྒྱུ་མ་ཟད།ད་དུང་ཅུང་ལས་ སླ་བའི་ཚུལ་གྱིས་སློབ་མ་སོ་སོས་འཇིག་རྟེན་གྱི་བྱ་དངོས་ཐད་ཀྱི་ལྟ་བ་དང་ལངས་ཕྱོགས་ འཛིན་སྟངས་ཐད་ཀྱི་དཔྱད་རྩོམ་རིག་ཀྱང་སློབ་མ་རང་གི་ཕ་སྐད་ཀྱི་སྟེང་ནས་འདོན་སྤེལ་ བྱེད་ཐུབ་པར་བྱེད་རྒྱུ་བཅས་སློབ་གསོའི་གཙོ་གནད་དུ་འཛིན་བཞིན་ཡོད་པ་རེད།

༤། མཐོ་རིམ་སློབ་གསོའམ་དར་མའི་སློབ་གསོའི་གཙོ་འགན་ནི་སྤྱི་ཚོགས་ལ་ཁ་གཏད་

དེ་གང་ཟག་དེའི་རྒྱུད་ན་ཡོད་པའི་དམིགས་གསལ་གྱི་ནུས་ཤུགས་ཕྱིར་འདོན་ཆེད། རིགས་ གཅིག་རྐང་འཛིན་གྱི་སློབ་གསོའི་སྦྱོང་བརྡར་སྤྲད་ནས་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ ཐད་འགན་ནུས་ལེན་ཐུབ་པའི་རིག་སྟོབས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་ པ་རེད།མདོར་བསྡུས་ན་འཇར་མན་གྱི་མཚན་ཉིད་རིག་པ་བ་ཁན་ཐྲི་ཡིས་མི་ནི་སློབ་གསོ་ སྤྲད་པ་བརྒྱུད་ནས་ད་གཟོད་མིར་གྱུར་པ་རེད། སློབ་གསོའི་བརྒྱུད་རིམ་ཁྲོད་གྲུབ་པའི་སྣང་ ཚུལ་དེ་ཕུད་པ་ཡིན་ན་མི་ནི་ཅི་ཡང་མ་རེད་ཅེས་གསུངས་པ་ནང་བཞིན། སློབ་གསོ་ནི་མི་གསོ་ སྐྱོང་བྱེད་རྒྱུ་དེ་ཡིན་པ་དང་སློབ་ཆུང་ནས་འབྲིང་རིམ་སློབ་གསོ། འབྲིང་རིམ་སློབ་གསོ་ནས་ མཐོ་རིམ་སློབ་གསོ་བཅས་བརྒྱུད་རིམ་དེ་དག་བར་ཆད་མི་རུང་བར་གཅིག་འཕྲོར་གཅིག་ མཐུད་ནས་བརྒྱུད་སྤེལ་གནང་དགོས་པ་དང་། གལ་སྲིད་སློབ་གསོའི་བརྒྱུད་རིམ་ཁྲོད་ཀྱི་གོ་ རིམ་དེ་དག་ནང་གི་གཅིག་ཆད་པའམ་ཡང་ན་བརླག་པ་ཡིན་ན་སློབ་གསོའི་ཐོན་རྫས་ཀྱིས་སྤྱི་ ཚོགས་ལ་ཕན་ནུས་ཡོད་པའི་ནུས་ལྡན་མི་སྣ་གསོ་སྐྱོང་བྱེད་མི་ཐུབ།དེ་བས་བོད་བཙན་བྱོལ་ སྤྱི་ཚོགས་ཀྱི་སློབ་གསོ་ལ་དམའ་རིམ་དང་འབྲིང་རིམ་གྱི་བརྒྱུད་རིམ་དེ་ཡོད་ཀྱང་།མཐོ་རིམ་ སློབ་གསོ་མེད་པའི་རྐྱེན་གྱིས༧རྒྱལ་བ་རིན་པོ་ཆེས་གསུངས་པ་ནང་བཞིན་བཙན་བྱོལ་སྤྱི་ ཚོགས་ཀྱི་སློབ་གྲྭའི་ནང་ཐོན་པའི་སློབ་མའི་ཁྲོད་རིགས་གཅིག་རྐང་འཛིན་གྱི་སློབ་མ་མེད་པ་ དང་།སློབ་མས་ཀྱང་བོད་ཡིག་དང་དབྱིན་ཡིག་གང་ཅིའི་ཐོག་རང་རྐྱ་འཕེར་བའི་ཚད་ལྡན་གྱི་ རྩོམ་ཡིག་ཞིག་ཀྱང་འབྲི་མི་ཐུབ་པའི་དོན་རྐྱེན་གཙོ་བོ་གཅིག་གནད་དེར་ཐུག་ཡོད་པ་རེད། སྤྱིར་དམའ་རིམ་ སློབ་གསོ་དང་འ བྲིང་རིམ་ སློབ་གསོ་མཐོ་རིམ་ སློབ་གསོ་བཅས་ ཀྱི་སློབ་ མའི་ལོ་ཚད་དང་སློབ་མའི་བསམ་བློའི་གོ་རྟོགས།སློབ་གསོའི་གཙོ་གནད་དང་སློབ་ཁྲིད་བྱེད་ སྟངས་སོགས་མི་གཅིག་ཀྱང་།སློབ་གསོའི་བརྒྱུད་རིམ་དེ་དག་གི་གྲུབ་ཆ་ནི་གཅིག་མཚུངས་ རེད། གྲུབ་ཆ་དེ་དག་ནི་དགེ་རྒན་དང་སློབ་མ། འཁོར་ཡུག སློབ་དེབ་དང་སློབ་ ཁྲིད་ཐབས་བཅས་ལྔ་བོ་དེ་རེད།དེ་དག་ལས་སློབ་མ།ནང་སྒོས་སུ་སློབ་ཆུང་དང་སློབ་འབྲིང་ སློབ་མའི་སེམས་ཁམས་དང་བསམ་བློའི་གོ་རྟོགས་ཀྱི་ཚད།སློབ་མའི་ལོ་ནའི་གནས་བབས་ད ང་བསྟུན་དེ་སློབ་དེབ་ཕྱོགས་བསྒྲིགས་བྱེད་པ་དང་།དེ་དག་གི་ནང་ནས་སློབ་མ་གཙོར་འདོན་ (Student Centered)དང་སློབ་མ་རྣམས་ཤེས་བྱ་ལྡུག་སའི་བུམ་པ་ལྟ་བུ་དངོས་ པོ་ཞིག་དུ་མི་བརྩི་བར།    དེ་ལས་ལྡོག་སྟེ། ཁོ་ཚོའི་ལོ་ཚོད་ཆེ་ཆུང་ལ་མ་བལྟས་པར་ཚང་མ་མི་ཡིན་པ་དང་།ཁོ་ཚོའི་ཚོར་བ། བསམ་ཚུལ་དང་དོགས་འདྲི་ལ་སོགས་པར་ བརྩི་བཀུར་དང་མཐོང་ཆེན་བྱས་ནས་སློབ་ཁྲིད་བྱེད་པ་དང་སློབ་མ་ལ་དག་ཐེར་དཔྱད་ཞིབ་ ཀྱི་བསམ་བློ་(Critical Thinking)གཏོང་སྟངས་ཀྱི་གོམས་གཤིས་ཀྱི་སྒོ་ནས་སློབ་ གསོ་གཏོང་དགོས་པ་དེ་ནི།དེང་རབས་སློབ་གསོའི་ནུས་ལྡན་ཤེས་ཡོན་པ་གསོ་སྐྱོང་གནང་ ཐབས་ཀྱི་གསང་བའི་མན་ངག་ཉག་གཅིག་དེ་རེད།དེ་ལྟར་ཡིན་དུས་བོད་བཙན་བྱོལ་སྤྱི་ ཚོགས་ཀྱི་སློབ་གསོའི་གྲུབ་ཆའི་ཁྲོད་ཀྱི་སློབ་ཁྲིད་ཐབས་ལམ་དེ་ལས་ལྡོག་སྟེ་བོད་བཙན་ བྱོལ་སྤྱི་ཚོགས་ཀྱི་དམའ་རིམ་དང་འབྲིང་རིམ་སློབ་གསོའི་སྐད་ཡིག་སློབ་དེབ་དེ།སློབ་མའི་ ན་ཚོད་དང་དགའ་ཕྱོགས།ཁོ་ཚོའི་སེམས་ཁམས་དང་གོ་རྟོགས་གྱི་ཆུ་ཚད།ན་ཚོད་སོགས་ལ་ མ་བལྟས་པར་མི་རྒན་པའི་བསམ་བློའི་འདོད་པ་ལྟར་སློབ་དེབ་ཕྱོགས་བསྒྲིགས་བྱས་ཡོད་པ་ མ་ཟད།སློབ་ཁྲིད་བྱེད་སྟངས་ཡང་དགེ་རྒན་གཙོར་འདོན་བྱེད་ཀྱིན་ཡོད་པ་རེད།དཔེར་ན།ཨ་ རི་ཉིག་ཡོར་དུ་ཡོད་པའི་དེང་རབས་བོད་ཀྱི་རིག་པར་ཞིབ་འཇུག་པ་དགེ་རྒན་པད་མ་འབུམ་ གྱིས་དེ་སྔ་བཙན་བྱོལ་བོད་གཞུང་ཤེས་རིག་ལྷན་ཁང་དུ་ཕྱག་ལས་གནང་སྐབས།ཉིན་གཅིག་ བྱ་བའི་དབང་གིས་རྡ་ས་བོད་ཁྱིམ་སློབ་གྲྭར་བོད་ཡིག་སློབ་ཁྲིད་ལ་ཉན་ཞིབ་བྱེད་དུ་སོང་ དུས།བོད་ཡིག་དགེ་རྒན་དེ་གྲྭ་བ་ཞིག་ཡིན་པ་དང་སློབ་ཐུན་དེར་སློབ་མ་ཚོར་བོད་ཀྱི་ནང་ ཆོས་ཀྱི་དཀྱིལ་འཁོར་གྱི་ཐང་ཀ་ཞིག་འཁུར་ཡོང་སྟེ།ནག་པང་སྟེང་བཀལ་ནས་ཐང་ཀ་གཤམ་ རྗེས་སློབ་དེབ་མེད་པར་སློབ་ཐུན་ཆ་ཚང་ངག་ཐོག་ནས་སློབ་མ་ཚོར་དཀྱིལ་འཁོར་དེ་འགྲེལ་ བཤད་ཀྱིས་མཇུག་རྫོགས་སུ་བཅུག་པ་མ་ཟད།ད་དུང་སློབ་ཐུན་ཧྲིལ་བོའི་ནང་ནག་པང་སྟེང་ ཡིག་འབྲུ་གཅིག་ཀྱང་མ་བྲིས་བར་སློབ་ཐུན་མཇུག་རྫོགས་སོང་བར།སློབ་ཐུན་གྲོལ་རྗེས་དགེ་ རྒན་པད་མ་འབུམ་ལགས་ཀྱིས་དགེ་རྒན་གྲ་བ་ཁོང་ལ།སློབ་དེབ་མེད་པའི་སྟེང་ད་དུང་ནག་པ ང་སྟེང་ཡིག་འབྲུ་གཅིག་ཀྱང་མ་བཀོད་པར་ངག་ཐོག་རྐྱང་བའི་སློབ་ཁྲིད་བྱེད་སྟངས་འདིས་ སློབ་མ་ཚོའི་བོད་ཡིག་གི་ཤེས་བྱ་མཐོར་འདེགས་ཐད་ནུས་པ་འདོན་ཐུབ་བམ་ཞེས་སྐད་ཆ་ དྲིས་དུས།དགེ་རྒན་གྲ་བ་དེས་རྩ་བ་བཟུང་བ་ཡིན་ན་ལོ་མ་དོར་ན་ཡང་འགྲིག་གི་རེད་ཅེས་ ལན་འདེབས་བྱས་རྗེས་བུད་སོང་ཞེས་དགེ་རྒན་པད་མ་འབུམ་གྱིས་དེ་ལྟར་གསུངས་ཀིན་ འདུག དགེ་རྒན་གྲ ་བ་དེས་དཔེ་ཁྲ ིད་བྱེད་སྟངས་དེ་ནི་སློབ་མ་གཙོར་འདོན་གྱ ི་སློབ་གསོ་ གནང་སྟངས་པར་ཞོག    སྤྱིར་བཏང་གི་སློབ་གསོ་རིག་པ་དང་ཡང་རྒྱ བ་འགལ་དུ་གྱུ ར་ཡོད་པ་རེད།    གལ་སྲིད་འདི་ལྟ་བུའི་སློབ་དེབ་ཕྱོགས་བསྒྲིགས་བྱེད་སྟངས་དང་ སློབ་ཁྲིད་བྱེད་སྟངས་བསྒྱུར་བཅོས་མ་བྱས་ན་རང་ཉིད་ཀྱི་ལྟ་བ་ཡོད་པ་དང་གསར་གཏོད་ཀྱི་ ནུས་པ་ལྡན་པའི་སློབ་མ་བསྐྱེད་བསྲིངས་བྱེད་རྒྱུ་དེ་ནི་འབྱུང་མི་སྲིད་པ་ཞིག་རེད།འདི་ཡང་༧ རྒྱལ་བ་རིན་པོ་ཆེས་བོད་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ནས་ཐོན་པའི་སློབ་མ་ཚོས་ མགོ་མཇུག་ཚང་བའི་བསྐུར་ཡིག་ཞིག་ཀྱང་འབྲི་ཐུབ་ཀིན་མི་འདུག་ཅེས་བཀའ་གནང་བ་དེའི་ འབྱུང་རྐྱེན་གྱི་གནད་གཙོ་བོའི་གྲས་ཡིན་པ་མ་ཟད།བོད་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ ཁག་ནས་སློབ་མཐར་ཕྱིན་པའི་སློབ་མ་ཚོ་ནི་བླ་འཁྱམས་པའི་མི་ནང་བཞིན།རིག་པ་དང་གོ་ རྟོགས།གསར་གཏོད་སོགས་ཕྱོགས་གང་ཅིའི་ཐད་ནུས་པ་གང་ཡང་མེད་པ་དེ་ཡང་སློབ་ཁྲིད་ བྱེད་ཐབས་འདི་འདྲ་བ་དག་ལ་བརྟེན་ནས་བྱུང་བ་རེད།

གོང་གསལ་གྱི་དོན་རྐྱེན་འདི་དང་འདི་འདྲ་བ་མང་དག་ཅིག་གི་དབང་གིས་བོད་བཙན་བྱོལ་ སྤྱི་ཚོགས་ཀྱི་སློབ་གསོ་ཡིས་བོད་བཙན་བྱོལ་ཀྱི་ཡར་རྒྱས་དང་བོད་རང་དབང་གི་ལས་འགུལ་ སྒྲུབ་པའི་དམིགས་ཡུལ་འགྲུབ་པའི་ཐད་འདོད་བློ་ཁེངས་པའི་ནུས་པ་འདོན་ཐུབ་མེད།སྟབས་ ལེགས་པ་ཞིག་ལ་ཧ་ཅང་གིས་འཕྱི་དྲག་ན་ཡང་རྒྱ་གར་ལྷོ་ཕྱོགས་སུ་༼ཏཱ་ལའི་བླ་མའི་མཐོ་ སློབ༽དངོས་སུ་དབུ་འབྱེད་གནང་ཟིན་པས།མཐོ་སློབ་འདིའི་མ་འོངས་པའི་སློབ་གསོ་སྤུས་ ཚད་ཅི་འདྲ་ཞིག་འབྱུང་རྒྱུ་ཡིན་མིན་ཐད་སྔོན་དཔག་བྱེད་དཀའ་ན་ཡང་།རྣམ་པ་འདིས་ བཙན་བྱོལ་བོད་སྤྱི་ཚོགས་ཀྱི་སློབ་གསོའི་སྒྲིག་གཞིའི་མ་ལག་འཐུས་ཚང་ཅན་དུ་གྱུར་ཟིན་ པས།བཙན་བྱོལ་བོད་སྤྱི་ཚོགས་ལ་ཁ་ཚ་དགོས་གཏུགས་ཅན་གྱི་ཆེད་ལས་སློབ་གསོའི་ལས་ རིགས་རྣམས་བཙུགས་ནས་བཙན་བྱོལ་བོད་སྤྱི་ཚོགས་ཡར་རྒྱས་དང་བོད་རང་དབང་ལས་ འགུལ་ལ་ནུས་ལྡན་གྱི་མི་སྣ་བསྐྱེད་བསྲིངས་བྱེད་སའི་བསྟི་གནས་ཤིག་ཏུ་འགྱུར་རྒྱུའི་ཆེད་ དང་།བོད་བཙན་བྱོལ་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་སློབ་གསོའི་ནུས་པ་སྔར་ལེགས་གོང་སྤེལ་ དང་ནོར་འཕྲུལ་བཟོ་བཅོས་ཆེད་དུ་གཤམ་ནས་ལས་གཞི་ཁག་ཅིག་དཔྱད་གཞིའི་ཚུལ་དུ་ འགོད་པ་ལ།

ག    སློབ་གྲྭ་ཆུང་འབྲིང་གི་ཡར་རྒྱས་སྐོར།

༡། སློབ་གྲྭ་ཆུང་འབྲིང་གི་བོད་ཀྱི་སྐད་ཡིག་སློབ་དེབ་ཕྱོགས་སྒྲིག

དེ་ཡང་སློབ་ཆུང་དང་སློབ་འབྲ ིང་གི་སློབ་མའི་སློབ་དེབ་དེ་སློབ་མའི་ན་ཚོད་ དང་ཁོ་ཚོའི་སེམས་ཁམས།གོ་རྟོགས་ཀྱི་ནུས་པ་ལ་བསྟུན་ཏེ་བལྟས་ན་ཀློག་འདོད་ཡོད་པ་དང་། སྦྱངས་ན་གོ་བ་ལེན་ཐུབ་པའི་སྟེང་སེམས་སྤྲོ་བ།སློབ་མའི་རིག་སྟོབས་རྒྱས་པར་བྱེད་པ། ཤེས་བྱ་སྣ་འཛོམས་ཅན་གྱི་སློབ་དེབ་གསར་བསྒྲིགས་བྱེད་པ།

༢།    སློབ་མ་གཙོར་འདོན་ (Student Centered) གྱི་སློབ་ཁྲིད་ཐབས་ལམ།

དེ་ཡང་སློབ་མ་གཙོར་འདོན་གྱི་སློབ་ཁྲིད་ཐབས་ལམ་ཐད་མཁས་པའི་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དགེ་རྒན་ཆེད་དུ་གདན་ཞུས་ཀྱིས་བོད་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམ་པར་སློབ་མ་གཙོར་འདོན་གྱི་སློབ་ཁྲིད་སྦྱོང་བརྡར་དང་ཟབ་སྦྱོང་སྤྲོད་རྒྱུ།

༣། སློབ་གྲྭའི་འཛིན་སྐྱོང་།

དེ་ཡང་བོད་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་སྤྱི་དང་འཛིན་སྐྱོང་དོ་ དམ་པ་རྣམས་ལ། སློབ་གྲྭའི་འཛིན་སྐྱོང་དང་སློབ་གསོའི་ཐབས།སློབ་མའི་སེམས་ཁམས།སློབ་མའི་འཕྲོད་བསྟེན། དགེ་རྒན་གྱི་དཀའ་ངལ་སེལ་ཐབས།སློབ་གསོའི་སྤུས་ཚད་ཡར་རྒྱས་གཏོང་བ་ལ་སོགས་ཀྱི་ཐད་སྦྱོང་བརྡར་བྱེད་པ།

༤། སྐད་གཉིས་སློབ་གསོ།

བོད་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་གི་ལས་འགན་ནི་བོད་ཀྱི་སྐད་དང་རིག་གཞུང་རྒྱུན་འཁྱོངས་གནང་དགོས་པ་མ་ཟད།བཙན་བྱོལ་བོད་ཀྱི་སློབ་གྲྭ་ཚང་མ་ཕྱི་རྒྱལ་ཡུལ་གྲུ་ཁག་ན་ ཡོད་པའི་དབང་གིས་སློབ་གསོ་དེ་ཡང་སྐད་གཉིས་ཅན་གྱི་སློབ་གསོའི་ངོ་བོར་གྱུར་ཡོད་པས། ནུབ་ཕྱོགས་ཀྱ ི་དཔེར་ན།    ཕུན་ལེན་དང་སི་བེ་སྒྲ ིན།    ཊན་མག་ཁུ་ལ་སོགས་པར་ སྐ ད་གཉིས་སློབ་གསོའི་ཐད་ཕུལ་དུ་བྱུ ང་བའི་ཉམས་མྱོང་དང་གྲུ བ་འབྲས་ཐོབ་ཡོད་ པ་ལྟར།མ་དཔེར་འོས་པའི་རྒྱལ་ཁབ་དེ་དག་ནས་ཕུལ་དུ་བྱུང་བའི་སྐད་གཉིས་སློབ་གསོའི་ དགེ་རྒན་དང་ཆེད་ལས་པ་གདན་ཞུས་ ཀྱིས།བོད་གཞུང་ཤེས་རིག་ལྷན་ཁང་དང་བཙན་ བྱོལ་བོད་མིའི་འབྲེལ་ཡོད་སློབ་གྲྭ་ཁག་གི་སློབ་གྲྭའི་འགན་འཛིན་མི་སྣ་དང་དགེ་རྒན་རྣམས་ ལ་སྐད་གཉིས་སློབ་གསོའི་སྐོར་གྱི་སྦྱོང་བརྡར་དང་ཟབ་སྦྱོང་སྤྲོད་པ་དང་།ཁོང་ཚོའི་བར་གྱི་ ཉམས་མྱོང་བརྗེ་ལེན་བྱེད་རྒྱུ།

༥། སློབ་གསོའི་ལས་རིགས་ཀྱི་ཕུལ་བྱུ ང་བྱ་དགའ།

དེ་ཡང་བཙན་བྱོལ་བོད་གཞུང་གིས་བོད་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཡོངས་ལ་ཁྱབ་པའི་ བོད་རྒྱལ་ཡོངས་སློབ་གསོའི་ཕུལ་བྱུང་བྱ་དགའ་གཏན་འབེབས་བྱས་ཏེ།བྱ་དགའ་དེ་ཉིད་ལོ་ རེའི་ཕྱི་ཟླ་༩་པའི་ཚེས་ ༢་ཉིན་བོད་ཀྱི་དམངས་གཙོའི་དུས་ཆེན་ཐོག།༧གོང་ས་རྒྱལ་བ་རིན་ པོ་ཆེ་མཆོག་དབུ་བཞུགས་ཀྱིས།གཤམ་གསལ་གྱི་སློབ་གསོའི་ལས་དོན་ཐད་ཕུལ་དུ་བྱུང་བའི་ བྱས་རྗེས་འཇོག་མཁན་དེ།ཕུལ་དུ་བྱུང་བའི་སློབ་དེབ་ཕྱོགས་བསྒྲིགས་བྱེད་མཁན་དང་ མཆོག་ཏུ་གྱུར་པའི་སློབ་ཁྲིད་ཐབས་ལམ་གསར་གཏོད་བྱེད་མཁན་གྱི་དགེ་རྒན།སློབ་མའི་ སྦྱངས་འབྲར་མངོན་གསལ་དོད་པོའི་གྲུབ་འབྲས་འཇོག་མཁན་གྱི་དགེ་རྒན།སློབ་མའི་ལུས་ སེམས་ལ་ཕ་མ་བཞིན་བྱམས་སྐྱོང་གནང་མཁན་གྱི་དགེ་རྒན།སློབ་གྲྭའི་འཛིན་སྐྱོང་སྐོར་ལ་ བྱས་རྗེས་དང་གྲུབ་འབྲས་རླབས་ཆེན་འཇོག་མཁན་གྱི་འཛིན་སྐྱོང་དོ་དམ་པ་བཅས་ལ་བྱ་ དགའ་སྤྲོད་རྒྱུ།དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་སློབ་གྲྭ་ཁག་གི་སྦྱངས་ འབྲས་ལེགས་པའི་སློབ་མ་ཚོར་ཡང་ཕུལ་བྱུང་བྱ་དགའ་སྤྲད་དེ།ཁོ་ཚོའི་སློབ་གསོ་དང་སློབ་ སྦྱོང་ཐད་གྱི་གྲུབ་འབྲས་ལ་གདེངས་འཇོག་དང་བོད་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་གི་ དགེ་རྒན་དང་སློབ་མ་རྣམས་ལ་མིག་དཔེ་བཟང་པོ་བཞག་ནས་སློབ་གསོའི་བྱ་བཞག་ཡར་རྒྱས་དང་གོང་འཕེལ་དུ་གཏོང་རྒྱུ་ལ་སོགས།

ང་། མཐོ་སློབ་ཡར་རྒྱས་སྐོར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་སློབ་བསྒྲགས་གཏམ་ནང་།མཐོ་སློབ་ཡར་རྒྱས་ཀྱི་དམིགས་ ཡུལ་གཙོ་བོ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་ཕུལ་དུ་བྱུང་བའི་ཆེད་ལས་མི་སྣ་དང་།ཞིབ་ འཇུག་པ་གསོ་སྐྱོང་གནང་དགོས་པ་དེ་རེད་ཅེས་བཀོད་ཡོད་པ་ལྟར།༼ཏཱ་ལའི་བླ་མའི་མཐོ་ སློབ༽ཀྱང་དེ་ལྟར་བོད་མི་དམངས་ཀྱི་རེ་འདུན་དང་དམིགས་ཡུལ་བསྒྲུབ་པའི་ཆེད་དུ་ཕུལ་ བྱུང་ནུས་ལྡན་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་གནང་ས་ཞིག་ཏུ་བསྒྱུར་རྒྱུ་དེ་ངེས་པར་དུ་ དམིགས་ཡུལ་གཙོ་བོར་བཟུང་ནས་གཤམ་གསལ་ གྱི་ཆེད་ལས་སྡེ་ཚན་ཁག་འཛུགས་དགོས་ པ་དེ་ཧ་ཅང་གལ་ཆེན་དུ་མཐོང་སོང་།

༡། ཁྲིམས་ལུགས་སྡེ་ཚན།
༢། དཔལ་འབྱོར་དང་ཚོང་ལས་དོ་དམ་སྡེ་ཚན།
༣། རྩིས་འཁོར་རིག་པ།
༤། ཞི་བའི་འཛུགས་སྐྲུན་འཆར་འགོད་རིག་པ།༼ཨར་བཟོ་དང་གློག་བཟོ། འཕྲུལ་ལས་ཞིག་གསོ་རིག་པ།
༥། སློབ་གསོ་རིག་པ།
༦། གསོ་བ་རིག་པ།༼བོད་ཀྱི་གསོ་རིག་དང་ཕྱི་ལུགས་གསོ་རིག༽

དེ་ཡང་བོད་བཙན་བྱོལ་སྤྱི་ཚོགས་ཁོ་ནས་མཐོ་སློབ་ལས་མཐར་ཕྱིན་པའི་སློབ་མ་ཡོངས་ལ་ལས་ཀ་མཁོ་སྤྲོད་བྱེད་མི་ཐུབ་པས།རྒྱ་གར་དང་རྒྱལ་སྤྱིའི་ལས་ཀའི་ཁྲོམ་རར་དམིགས་ནས་ ཆེད་ལས་མི་སྣ ་གསོ་སྐྱོང་གནང་དགོས་པའི་དབང་གིས།གོང་གསལ་ཆེད་སྦྱོང་ཁག་གི་ སློབ་ཚན་གཙོ་བོ་ཚང་མ་དབྱིན་སྐད་ལས་དཔེ་ཁྲིད་བཤད་དགོས་པ་མ་ཟད།དཔེ་ཁྲིད་ཀྱི་ཐབས་དང་སློབ་དེབ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་དཔེ་ཁྲིད་ཐབས་ལམ་དང་སློབ་དེབ་བེད་སྤྱོད་གནང་དགོས།ཆེད་ལས་སྦྱོང་ཚན་དེ་དག་དང་མཉམ་དུ་སློབ་མ་ཚོར་ བོད་ཀྱི་དེང་རབས་རྩོམ་རིག་དང་བོད་ཀྱི་གནའ་རབས་རྩོམ་རིགབོད་ཀྱི་བརྡ་སྤྲོད་རིག་པ། དཔྱད་རྩོམ།བོད་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་ཚན་ཁག་ཀྱང་སློབ་ལོའི་ལོ་དུས་ནང་གོ་རིམ་ལྡན་པ་དང་ཞིབ་ཚགས་པའི་སྒོ་ནས་དཔེ་ཁྲིད་གནང་སྟེ།༼ཏཱ་ལའི་བླ་མའི་མཐོ་སློབ་༽ལས་མཐར་ཕྱིན་པའི་སློབ་མ་རྣམས་སོ་སོའི་ཆེད་ལས་སྦྱང་ཚན་སྟེང་ཁྱད་འཕགས་ཀྱི་ནུས་པ་ལྡན་པ་ཤ་སྟག་ཡིན་པའི་ཐོག། ཕ་སྐད་སྟེང་འཆད་རྩོད་རྩོམ་གསུམ་ལ་བྱང་ཆ་ལྡན་པའང་ཡིན་དགོས། འདིར་དམིགས་སུ་གསལ་བཤད་བྱེད་དགོས་པ་ཞིག་ནི་ཆེད་སྦྱོང་ཁག་གི་སློབ་ཚན་གཙོ་བོ་ཚང་མ་དབྱིན་སྐད་ལས་དཔེ་ཁྲིད་བྱེད་པ་དང་དཔེ་ཁྲིད་ཀྱི་ཐབས་དང་སློབ་དེབ་ཡང་ནུབ་ ཕྱོགས་རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་སློབ་གྲྭ་ཆེན་མོ་ལྟར་བཀོད་སྤྱོད་གནང་དགོས་པ་ནི། སློབ་མ་ཚོར་རྒྱལ་སྤྱིའི་ཁྲོམ་རའི་སྟེང་ལས་ཀ་རག་རྒྱུའི་དམིགས་ཡུལ་ཙམ་མ་ཡིན་པར། དེ་ལས་གལ་ཆེན་པོ་ཞིག་ནི་སློབ་མ་ཚོ་གོམ་གང་མདུན་སྤོས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཐོ་རིམ་སློབ་གྲྭ་ཆེན་མོའི་ནང་རིགས་གཅིག་རྐང་འཛིན་དང་འབུམ་རམ་པ།ཞིབ་འཇུག་བྱེད་ ཆེད་མེད་དུ་མི་རུང་བའི་ཐབས་ལམ་ཞིག་རེད།

༧རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་དང་གང་ཟག་སྒེར་གྱི་མཚན་སྙན་གྲགས་ལ་བརྟེན་ནས་ འཛམ་གླིང་གི་ཆེས་གྲགས་ཅན་གྱི་མཐོ་རིམ་སློབ་གྲྭ དཔེར་ན་ཧ་བེར་སྒྲི་དང་མ་སེད་ ཆའོ་སི་ཚན་རིག་གཙུག་ལག་སློབ་གྲྭ་ཆེན་མོ་ལྟ་བུ་གཙུག་ལག་སློབ་གྲྭ་གང་མང་ཞིག་དང་ ༧རྒྱལ་བ་རིན་པོ་ཆེའི་བར་འབྲེལ་བ་གཏིང་ཟབ་ཆགས་ནས། མཐོ་སློབ་དེ་དག་ནང་གི་འཛམ་གླིང་ན་སྐད་གྲགས་ཡོད་པའི་སློབ་དཔོན་ཆེན་མོ་མང་པོ་ཞིག་༧རྒྱལ་བ་རིན་པོ་ཆེའི་བློས་ཐུབ་ཀྱི་གྲོགས་པོར་གྱུར་ཡོད་པ་རེད།འདི་ལྟ་བུའི་ཆ་རྐྱེན་དེ་སྐྱབས་བཅོལ་སྤྱི་ཚོགས་ཞིག་ཕར་ཞོག་རང་དབང་ཡོད་པའི་རྒྱལ་ཁབ་ཁག་གིས་ཀྱང་ཧ་ཅང་བསྒྲུབས་དཀའ་བས་དེ་ལ་ཡིད་སྨོན་སྐྱེས་དགོས་པ་ཞིག་རེད།བཙན་བྱོལ་བོད་གཞུང་དང་ལྷག་པར་དུ་ཏཱ་ལའི་བླ་མ་ མཐོ་སློབ་ཀྱིས་ཕུན་སུམ་ཚོགས་པའི་འབྲེལ་ལམ་འདི་བེད་སྤྱོད་ལེགས་པོ་གཏོང་ཐུབ་པ་བྱུང་ན། བོད་མི་ནུས་ལྡན་མི་སྣ་མང་པོ་གསོ་སྐྱོང་བྱེད་པའི་སྒོ་ཆེན་དེ་ཕྱེ་ཡོད།

རབ་ཡིན་ན་གོང་གསལ་ཆེད་ལས་སྡེ་ཚན་ཁག་འཛུགས་རྒྱུ་མ་ཟད་༼ཏཱ་ལའི་བླ་མའི་མཐོ་ སློབ༽ཀྱི་ཡན་ལག་ཡིན་པའི་སྨན་ཁང་ཞིག་དང་ནད་གཡོག་སློབ་གྲྭ་ཞིག་བཙུགས་པ་ཡིན་ན། གསོ་བ་རིག་པའི་སྡེ་ཚན་ལས་མཐར་ཕྱིན་པའི་གསོ་རིག་ཆེད་ལས་སློབ་གཉེར་བ་རྣམས་ལ་ཟབ་སྦྱོང་གནང་སའི་བསྟ ི་གནས་ཞིག་ཡོད་པ་མ་ཟད། བོད་ཀྱི་་གསོ་བ་རིག་པ་དང་ནུབ་ཕྱོགས་ཀྱི་གསོ་བ་རིག་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དཔྱད་བསྡུར་དང་ཞིག་འཇུག་བྱེད་སའི་བསྟི་གནས་ཞིག་ཀྱང་འབྱུང་སྲིད།དེ་བཞིན་བོད་བཙན་བྱོལ་སྤྱི་ཚོགས་དང་ས་གནས་རྒྱ་གར་ཡུལ་མི་ལ་སོགས་པར་ནད་བཅོས་སྨན་སྤྲོད་ཀྱིས་སྤྱི་ཚོགས་འཕྲོད་བསྟེན་ལ་སྨན་པའི་ཞབས་ཞུ་ཡང་བསྒྲུབ་ཐུབ།ཁྱད་པར་དུ་སློབ་གྲྭ་འདིའི་ནང་བོད་ཀྱི་གསོ་བ་རིག་པ་དང་ནུབ་ཕྱོགས་ཀྱི་གསོ་བ་རིག་པ་ཕྱོགས་གཉིས་ཐད་ལ་བྱང་དུ་ཆུབ་པའི་ཆེད་ལས་མི་སྣ་གསོ་སྐྱོང་བྱས་ཏེ། ནུབ་ཕྱོགས་གསོ་བ་རིག་པའི་སྨན་རྫས་དཔྱད་ཞིབ་ལག་རྩལ་གྱི་སྟེང་ནས་བོད་ཀྱི་གསོ་བ་རིག་པ་ཚན་རིག་དང་མཐུན་པ་ཡིན་པ་བདེན་དཔང་བྱས་ནས་འཛམ་བུ་གླིང་གི་སྲིད་གཞུང་དང་མི་དམངས་ལ་བོད་ཀྱི་གསོ་བ་རིག་པ་ལ་ཡིད་ཆེས་དང་ངོས་ལེན་ཡོད་པར་བྱེད་དུ་བཅུག་པ་ཡིན་ན།བོད་ཀྱི་རིག་གནས་ཀྱི་རིན་ཐང་ཆེ་རུ་གཏོང་ཐུབ་ཡོད་པ་མ་ཟད།གལ་ཆེན་པོ་ནི་བོད་སྨན་བཟོ་སྐྱྲུན་དང་ཚོང་འགྲེམས་བྱེད་པར་དེ་བོད་བཙན་བྱོལ་སྤྱི་ཚོགས་ཀྱི་བཟོ་ལས་ཐོན་སྐྱེད་ ༼Industry༽ དུ་ཆགས་ནས་བཙན་བྱོལ་གཞུང་དམངས་གཉིས་ཀྱི་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་ཞིག་བྱུང་སྲིད།

གང་ལྟར་སློབ་གསོ་ནི་རྒྱལ་ཁབ་ཞིག་དང་སྤྱི་ཚོགས་ཞིག་ལ་མཚོན་ན་སྲོག་རྩ་ནང་བཞིན་གལ་ཆེ་པོ་ཡིན་པ་དང་། དེ་ཡང་གསེར་པས་རྡོ་སྙིགས་དང་ས་ཟེགས་ལས་གསེར་བཙོ་མ་བཏོན་པ་ཅི་བཞིན། མི་རབས་གསར་བ་ལ་སྔོན་གསོག་གི་ཤེས་བྱ་ངོ་སྤྲོད་དང་རྒྱད་འཛིན་ བྱེད་དུ་བཅུག་པ་མ་ཚད། དེ་ལས་གལ་ཆེ་བ་ནི་སློབ་གསོ་ཡིས་སློབ་མའི་བརྒྱུད་ན་ཡོད་པའི་མཐུན་མོངས་མ་ཡིན་པའི་རང་གཤིས་དང་། གསར་བཏོན་གྱི་ནུས་ཤུགས། ཤེས་རབ། བློ་གྲོས་སོགས་ཚང་མ་ཕྱིར་མངོན་ནས་སྤྱི་ཚོགས་ལ་ཕན་ནུས་ཡོད་པའི་གང་ཟག་ཕུལ་བྱུང་ཅན་གསོ་སྐྱོང་བྱེད་པ་ལ་གོ དེ་བཞིན།བཙན་བྱོལ་སྤྱིན་ཚོགས་ཀྱི་སློབ་གྲྭ་ཆུང་འབྲིང་དང་ཁྱད་པར་དུ་༼ཏཱ་ལའི་བླ་མའི་མཐོ་སློབ༽ཀྱིས་༧རྒྱལ་བ་རིན་པོ་ཆེའི་བཞེད་དགོངས་དེ། འཇིག་རྟེན་ཡོངས་ཁྱབ་ཀྱི་ཀུན་ཁྱབ་སེམས་འཁུར་དང་སྤྱོད་པ་འཚེ་མེད་ལྟ་བ་རྟེན་འབྱུང་གི་རྩིས་ཟིན་པའི་བྱམས་སྙིང་རྗེས་སློབ་གསོའི་ལྟ་གྲུབ་གཞིར་བཟུང་སྟེ། སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ནི་སིྙང་རེྗས་ཀིྱ་སེམས་ལྡན་པ་དང་ཕུལ་དུ་བུྱང་བའི་ཚན་རྩལ་ལ་བྱང་ཆུབ་པའི་ནུས་ལྡན་ཆེད་ལས་པ་ཡིན་པ།དེ་དག་ནི་བོད་བཙན་བཙན་བྱོལ་སྤྱི་ཚོགས་ཀྱིས་འཛམ་གིླང་ཡོངས་ལ་ཕུལ་པའི་ཐོན་རྫས་ཐུན་མོང་མ་་ཡིན་པ་ཞིག་ཡིན།

 

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༨ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 2

  1. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    དངོས་གནས་སློབ་གསོ་ནི་སྤྱི་ཚོགས་མི་སྒེར་ཀུན་གྱི་གཞི་རྩ་ཡིན་པས། སློབ་གསོ་ལ་མཐོང་ཆེན་དང་སློབ་གསོའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐབས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། འུ་ཚོ་བཙན་བྱོལ་བོད་གཞུང་གི་ད་ལྟའི་བར་མི་ཞེས་པ་དེ་ག་འདྲ་ཞིག་ཡིན་མིན་ཤེས་མི་འདུག་ཅེས་ལབ་ན་ཧ་ཅང་ཐལ་ཆེ་བར་འགྱུར་ངེས་མོད། མི་ཞིག་གི་ལུས་སེམས་གཉིས་ཀྱི་འཚར་ལོངས་བརྒྱུད་རིམ་གྱི་ཆ་ཕྲ་མོ་དག་ལ་ད་ལྟའི་བར་ཞིབ་འདང་གསལ་བོ་ཞིག་བརྒྱབ་མི་འདུག་ཅེས་ཁ་མཚོན་བཅད་དེ་སྨྲས་ཆོག་པར་འདུག མིའི་འཚར་ལོངས་ཀྱི་བརྒྱུད་རིམ་མ་ཤེས་པའི་རྐྱེན་གྱིས་ཨུ་ཚུགས་དང་མཁྲེགས་འཛིན་མཐར་བསྐྱལ་བྱས་ཏེ་ད་ལྟའི་བར་སློབ་གསོ་སྤེལ་ཁུད་བྱས་མོད། ཡིན་ནའང་། ད་ལྟ་སློབ་མ་ཚོ་བོད་རང་གི་རིག་གནས་ལས་དོན་དང་འབྲེལ་བའི་སྐོར་དང་། ཐ་ན་བོད་ཡིག་བོད་སྐད་ཟེར་དུས་ཀྱང་མགོ་ན་བྱེད་ཅིག་གི་ཚད་དུ་བསྐྱལ་ཟིན་པ་འདི་རེད། དཔེ་ཆུང་ཆུང་གི་སྒོ་ནས་བཤད་ན། བོད་ཡིག་བསླབ་དེབ་དྲུག་པའམ་བདུན་པ་གཉིས་ཀྱི་གཅིག་གི་ནང་དུ། དེབ་ཀྱི་མགོ་སྟོད་དུ་རྩོམ་ཡིག་གི་བརྗོད་བྱ་འགོད་སྟངས་དང་འབྲེལ་བའི་རྩོམ་ཡིག་འབྲི་ཐབས་སྐོར་བཀོད་རྗེས། མཇུག་སྨད་དུ་རྩོམ་ཡིག་ཀློག་སྟངས་སྐོར་བཀོད་ཡོད་པ་ལྟ་བུ་རེད། མ་གཞི་ཡིན་ན་ཐོག་མར་རྩོམ་ཡིག་ཀློག་སྟངས་བསླབ་དེ་རྗེས་རྩོམ་ཡིག་འབྲི་སྟངས་སློབ་དགོས་པ་ནི་སློབ་མིའི་བསམ་གཞིག་འཚར་ལོངས་ཀྱི་བརྒྱུད་རིམ་དང་མཐུན་མོད། དེ་ལས་ལྡོག་སྟེ་མགོ་མཇུག་ལྡོག་ནས་བཀོད་ཡོད་པ་རེད། འདི་རིགས་བཙན་བྱོལ་སློབ་དེབ་ཁག་ཏུ་མང་པོ་མཐོང་རྒྱུ་འདུག གཞན་ད་དུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དཔར་བཞིན་པའི་ཚགས་པར་དང་དུས་དེབ་རེ་འགའ་ཡོད་པ་དེར་བལྟས་པ་ཙམ་གྱིས་ཀྱང་། སློབ་མའི་བསམ་གཞིག་འཚར་ལོངས་ཀྱི་བརྒྱུད་རིམ་ལ་བསམ་ཞིབ་བྱས་མེད་པ་གསལ་བོ་ཤེས་ཐུབ། ཡིན་ནའང་། བཙན་གཞུང་གི་ཤེས་ལྡན་པར་རློམ་མཁན་དག་ལ་ན་ཚ་ལྕི་མོ་ཞིག་ཡོད་པ་དེ་ནི། རང་སྐྱོན་ངེས་ལེན་མི་བྱེད་པ་དེ་རེད།

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    དངོས་གནས་སློབ་གསོ་ནི་སྤྱི་ཚོགས་མི་སྒེར་ཀུན་གྱི་གཞི་རྩ་ཡིན་པས། སློབ་གསོ་ལ་མཐོང་ཆེན་དང་སློབ་གསོའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐབས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། འུ་ཚོ་བཙན་བྱོལ་བོད་གཞུང་གི་ད་ལྟའི་བར་མི་ཞེས་པ་དེ་ག་འདྲ་ཞིག་ཡིན་མིན་ཤེས་མི་འདུག་ཅེས་ལབ་ན་ཧ་ཅང་ཐལ་ཆེ་བར་འགྱུར་ངེས་མོད། མི་ཞིག་གི་ལུས་སེམས་གཉིས་ཀྱི་འཚར་ལོངས་བརྒྱུད་རིམ་གྱི་ཆ་ཕྲ་མོ་དག་ལ་ད་ལྟའི་བའི་གསལ་བོ་ཞིག་ཤེས་མེད་པ་དེ་ནི་ཁ་མཚོན་བཅད་དེ་སྨྲས་ཆོག་པར་འདུག མི་འཚར་ལོངས་ཀྱི་བརྒྱུད་རིམ་མ་ཤེས་པའི་རྐྱེན་གྱིས་ཨུ་ཚུགས་དང་མཁྲེགས་འཛིན་མཐར་བསྐྱལ་བྱས་ཏེ། ད་ལྟ་སློབ་མ་ཚོར་བོད་རང་གི་རིག་གནས་ལས་དོན་དང་འབྲེལ་བ། ཐ་ན་བོད་ཡིག་བོད་སྐད་ཟེར་དུས་ཀྱང་མགོ་ན་བྱེད་ཅིག་གི་ཚད་དུ་བསྐྱལ་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese