མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་སྤྱི་འཐུས་ཀྱི་ས་བོན།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཕྱི་ཚེས་ ༦ ཉིན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་ཀྱི་འོས་གཞིའི་ས་བོན་གསལ་བསྒྲགས་གནང་བའི་ནང་བཀོད་དོན། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་བཅུ་བཞི་བའི་དམིགས་བསལ་ཚོགས་ཆེན་ཐོག འབྱུང་འགྱུར་བཀའ་ཁྲིའི་འོས་མི་ ༡༣ སྤྱི་མོས་ཀྱིས་བཏོན་ཟིན་པ་ཚང་མས་མཁྱེན་ཆུབ་དང་། དེ་བཞིན་སྐབས་དེའི་གྲོས་ཆོད་དོན་ཚན་ང་བའི་ནང་གསེས་ ༢ པ་དང་ ༣ པ་གཞིར་བཟུང་སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་སྔོན་འགྲོའི་ས་བོན་ ༢༠༡༠ ལོའི་ཟླ་ ༨ ཚེས་ ༡༠ འགྱངས་མེད་ཀྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབྱོར་དགོས་རྒྱུའི་གསལ་བསྒྲགས། ས་གནས་ཁག་ལ་ཡིག་ངག་གཉིས་ཐོག་བཏང་བ་ལྟར། མདོ་སྨད་ས་རྒྱུན་ཁག་ནས་གལ་ཆེན་དོན་ཆེན་དུ་དམིགས་ཏེ་མི་མང་བསྡུ་སྐོང་གིས་མང་གཙོའི་འོས་བསྡུའི་འགྲོ་ལུགས་ལྟར། མི་མང་ཉིས་སྟོང་མ་ཟིན་ཙམ་གྱིས་སྤྱི་འཐུས་སྔོན་འགྲོའི་འོས་མི་ ༡༩༡ དབུས་རྒྱུན་ལ་དུས་ཐོག་བཏང་འབྱོར་བཞིན། འདི་ག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ས་གནས་སོ་སོའི་འོས་གྲངས་མཉམ་བསྡོམས་རྩེ་བཏོག་གིས་གཤམ་གསལ་མི་གྲངས་ཉེར་ལྔ་གཏན་འབེབས་བྱུང་ཡོད། ཅེས་བཀོད་འདུག

 

འོས་གཞིའི་མི་གྲངས་ཉེར་ལྔ་ནི། ད་ལྟའི་སྤྱི་འཐུས་ལས་ཐོག་སྤེན་པ་ཚེ་རིང་དང་རྒྱལ་རོང་ཟླ་བ་ཚེ་རིང་། འཕེལ་རྒྱས་སྒྲོལ་མ་མཚོ་མོ། ཀིརྟི་སྒྲོལ་དཀར་ལྷ་མོ། གསེར་རྟ་ཚུལ་ཁྲིམས་འོད་ཟེར། ཆབ་བྲག་ལྷ་མོ་སྐྱབས། ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ། བསྟན་འཛིན་མགོན་པོ་བཅས་དང་། གཞན། དབུ་མའི་ལམ་ཚགས་པར་རྩོམ་སྒྲིག་པ་རྨོག་རུ་བསྟན་པ། ས་རཱ་མཐོ་སློབ་ཀྱི་དགེ་རྒན་བསོད་ནམས་རྒྱལ་མཚན། བཀའ་ཁྲིའི་དྲུང་ཡིག་བསྟན་འཛིན་དོན་ཡོད། ནོར་གླིང་མཐོ་སློབ་འགན་འཛིན་སྒྲོལ་དཀར་སྐྱབས། མདོ་སྨད་དབུས་རྒྱུན་དྲུང་ཆེ་རྒྱ་རིགས་ཐར། གངས་ལྗོངས་རང་བདེན་ཚོགས་གཙོ་བློ་བཟང་དཔལ་ལྡན། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ། འོད་དཀར་དྲ་ཚིགས་དོ་དམ་པ་གཟུངས་ཕྱུག་སྐྱིད། སྤྱི་ཟུར་རོང་པོ་བློ་བཟང་སྙན་གྲགས། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཀུན་ཐར་དོན་འགྲུབ། མོན་གྷོ་ཊི་མདོ་སྨད་ས་རྒྱུན་ཚོགས་གཙོ་གངས་རི། མདོ་སྨད་དབུས་རྒྱུན་ཀརྨ་དགེ་ལེགས། བལ་ཡུལ་མདོ་སྨད་ས་རྒྱུན་ཚོགས་གཞོན་བཀྲ་ཤིས་དོན་འགྲུབ། སྨན་རྩིས་ཁང་གི་སློབ་སྤྱི་སྨན་པ་མཁྱེན་རབས། རྩོམ་པ་པོ་ཤེས་རབ་དར་རྒྱས། བོན་གཞིས་ས་གནས་དབྲ་རྩ་སྐལ་བཟང་ལྷ་མོ།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༤ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 78

  1. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    འོས་ཡག་པོ་བླུགས་འདུག་འོན་ཀྱང་ང་རང་ཉིད་ལ་རེ་བསྐུལ་ཐུང་ཐུང་ཞིག་ཞུ་རྒྱུ་བསམ་སོང་།སོ་སོའི་ལྟ་བ་རང་བཙན་ཁོ་ན་རྩོད་མཁན་ཞིག་ཡིན་ན་བོད་མི་དམངས་སྤྱི་མཐུས་ནང་དུ་གཏན་ཞུགས་རྒྱུ་མི་འདུག།སོ་སོའི་ངོས་ནས་དགོངས་པ་ཞུས་ན་ཡག་པོ་རེད་མ་གཏོགས་གཉིས་མགོ་མ་བྱས་ན་ཆོ་མི་འདུག་བསམ་སོང་།དབུ་མའི་ལམ་དང་རང་བཙན་བར་ལ་འགལ་བ་བཟོ་འདྲ་བ་གཏན་ནས་མིན།

    Reply
  2. བསོད་ནམས། says:
    ལོ་ 15 སྔོན།

    ཨ་མའི་བུ་ལགས། སྙན་ངག་པ་ནི་སྤྱི་ཚོགས་ནང་ཆབ་སྲིད་སོགས་བསམ་བློ་བ་ཚད་མཐོ་ཤོས་ཡིན་པ་ཁྱོད་ཀྱིས་མ་ཤེས་པ་ཡིན་ནམ། དེ་ནི་ཕྲག་དོག་དབང་གིས་ཡིན་ན་ནི་བསམ་ཤེས་བྱ་དགོས།
    བསམ་ཚུལ་གཞན་པ་ཁག་འགྲིགས་འདུག་སྙམ།

    Reply
  3. བསོད་ནམས། says:
    ལོ་ 15 སྔོན།

    འཕེལ་རྒྱས་སྒྲོལ་མ་མཚོ་མོ་ནི་སྔ་ལོའི་སྤྱི་འཐུས་གྲོས་ཚོགས་སྐབས་རང་ཕྱོགས་སྡུག་དགོས་པ་དང་། དགྲ་ཕྱོགས་དགའ་དགོས་པའི་ཞབས་འདྲེན་ཞུ་མཁན་དེ་མ་རེད་དམ། ད་དུང་འོས་གཞིའི་ནང་སླེབས་ན་ཡང་བསྐྱར་ཞབས་འདྲེན་ཞུ་གྲབས་མིན་ནམ། དེ་ལས་ཤིང་བཟང་ཚང་དང་ཀླུ་མཁར་བྱམས། ལུང་རིག་རྒྱལ། དུས་བབ་རྩོམ་སྒྲིག་པ་ཟུར་པ་རབ་གསལ་སོགས་འོས་གཞིའི་ནང་བཞན་ན་མི་བཟང་ངམ།

    Reply
  4. འོས་ལངས། says:
    ལོ་ 15 སྔོན།

    མདོ་སྨད་ལ་མི་གྲངས་ཉུང་བའི་སྟབས་ཀྱིས་འོས་གཞི་ཡག་པོ་ཐོན་དཀའ། ཡིན་ནའང་། ས་བཅད་མ་སྟོངས་ཙམ་གྱི་ཚུལ་དུ་རང་ངོས་ཀྱི་འོས་གཞི་ཁ་ཤས་བཏོན་ཡོད། དེ་དག་ནི།
    ༡ ཚོགས་གཙོ་སྤེན་པ་ཚེ་རིང་།
    ༢ རྒྱལ་རོང་ཟླ་བ་ཚེ་རིང་།
    ༣ འཕེལ་རྒྱས་སྒྲོལ་མ་མཚོ་མོ།
    ༤ དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ།
    ༥ ས་རའི་དགེ་རྒན་བསོད་ནམས་རྒྱལ་མཚན།
    ༦ ནོར་གླིང་གི་སློབ་དགེ་ལྷ་ལུང་རྒྱལ།
    ༧ བཀའ་ཁྲིའི་དྲུང་ཡིག་བསྟན་འཛིན་དོན་ཡོད།
    ༨ བོད་རྒྱ་ཡིག་སྒྱུར་ཁང་གི་ཀུན་ཐར་དོན་གྲུབ།
    ༩ བོད་རྒྱ་ཉམས་ཞིབ་པ་ཀླུ་མཁར་བྱམས།
    ༡༠ དབྲ་རྩ་སྐལ་བཟང་ལྷ་མོ་བཅས་ཡིན།

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    མདོ་སྨད་པས་འོས་གཞི་ནང་སེར་མོ་བ་མང་པོ་ཞིག་སླེབས་འདུག།མ་འོངས་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ནང་དུ་ཆབ་སྲིད་ཀྱི་སྐད་ཆ་མེད་པར་རྟགས་གསལ་གཏང་རྒྱུ་ཡིན་པ་འདྲ།མདོ་སྨད་པའི་སྐྱེ་པ་ཐམས་ཅད་གྲྭ་བ་བཟོས་ནི་མ་རེད་པ།ཨ་ཅང་ཀུ་རེ་ཡིན་སྤྲོ་མ་ལོངས།

    Reply
  6. སྟག་སྨྱོན། says:
    ལོ་ 15 སྔོན།

    ཨ་ཚང་ཀླུ་མཁར་བྱམས་བོད་རང་བཙན་བཤད་མཁན་དང་ཀུང་ཁྲན་ཏང་ལ་ང་ལོག་བརྒྱབ་ནས་རྒྱ་དམར་གྱི་བཙོན་ཁང་དུའང་ཚུད་མྱོང་མཁན་ཞིག་རེད། ཏང་ཁས་མི་ལེན་མཁན་འདི་འདྲ་རྒྱ་ནག་གི་རྩ་ཁྲིམས་ཀྱི་འོག་ཏུ་འཛུལ་རྒྱུར་གྲ་སྒྲིག་གྲུབ་ཟིན་པའི་རྡ་སའི་སྒྲིག་འཛུགས་དེས་ངོས་ལེན་བྱེད་ཐབས་ཡོད་པ་མ་རེད། གསལ་བཤད་དགོས་ཟེར་མཁན་ཚོར་གསལ་བཤད་འདི་ཡིན།

    Reply
  7. མིའུ་ཕྲུག says:
    ལོ་ 15 སྔོན།

    གནས་སྟངས་གཅིག་གིས་ཆ་ནས་འཕེལ་རྒྱས་ཚང་སྒྲོལ་མ་མཚོ་མོ་དང་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གཉིས་ལ་འོས་ཤོག་ཐོབ་རྒྱུའི་ཐག་ངས་ཀྱང་བཅད་ཆོག
    དེ་ནི་ཨོ་རྒྱན་སྟོབས་རྒྱལ་དང་བསོད་ནམས་སྟོབས་རྒྱལ་གཉིས་ལ་ད་བར་མུ་འཐུད་འོས་ཤོག་ཐོབ་པའི་ལོ་རྒྱུས་ཀྱི་བྱུང་རིམ་དང་ཕྱོགས་མཐུན་པ་རེད། འོན་ཏེ་འདི་ལོ་ཁམས་པ་མི་མང་གཉིད་མ་སད་ཀྱང་སྟོབས་རྒྱལ་གཉིས་པོ་ལྷན་དུ་གཉིད་སད་པ་ལ་བསྟོད་བསྔགས་ཞུ་རྒྱུ་ལས་མ་འདས། དེ་བཞིན་སྤྱི་ཚོགས་གཉིད་མ་སད་ཀྱང་གང་ཟག་ཁ་ཤས་ལ་ནམ་ལངས་པའི་རེ་བ་ཡོད། གོ་བའི་བུ་ལ་བརྡ་ཡིས་ཆོག །

    Reply
  8. བློ་བཟང་། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་བདེ་མོ་ཡིན་ན། དེ་རིང་ཧ་ཅང་འཁྲིགས་པོ་འདུག་བོད་མི་མང་གི་སྤྱི་འཐུས་ནི་ང་ཚོའི་མ་འོངས་པའི་རེ་བ་དང་ཕུགས་འདུན་བཅོལ་ས་རེད། དེ་ལ་བསམ་འཆར་བཏོན་ན་ཡག་པོ་རེད། ད་ཐེངས་མདོ་སྨད་དབུས་སྤྱི་ཁྱབ་ཁང་ནས་ཆབ་སྲིད་ཀྱི་ལས་གཞི་འདི་འདྲ་སྤེལ་བའང་ཧ་ཅང་ཡག་པོ་རེད། འདི་སྔོན་བྱུང་མ་མྱོང་བ་འདྲ་བོ་ཞིག་རེད། ལྷོ་ཕྱོགས་མོན་གྷོ་གཅིག་པུའི་ནང་སྐུ་ངོ་སྤེན་པ་ཚེ་རིང་ལ་འོས་ཆིག་སྟོང་ལྷག་ཡོད་ཚོད་འདུག དེ་བཞིན་དུ་ཀླུ་མཁར་དང་གཞན་པ་ཁོ་ཚོ་ལའང་མང་པོ་ཡོད་རྒྱུ་རེད་ས་རྒྱུན་དང་དབུས་རྒྱུན་ལ་དྲིས་ན་ཆོག་གི་་རྩོད་མ་བརྒྱག་་ཕལ་ཆེར་དོ་བདག་ཁོ་ཚོའི་སེམས་ན་གསལ་བོ་ཡིན་རྒྱུ་རེད། ང་ཚོས་གྲིབ་གཟུགས་ཁྱི་ཟུག་བྱས་ན་ཡག་པོ་མ་རེད། མདོ་སྨད་ཀྱི་མིང་བརླགས་ནི་རེད། འོ་ཤིང་བཟའ་རིན་པོ་ཆེའང་མི་འདུག་སྦེབ་ཀོབ་ས་རྒྱུན་ལ་སྐད་ཆ་དྲིས་ནས་འོས་གྲངས་དྲིས་ན་ཡག་པོ་རེད། ཁྱི་བརྒྱག་ནམ་མཁའི་སྐར་མ་ཟུག་ཟེར་བའི་དཔེ་མ་བྱེད་རོགས། མཐར་ཚང་མའི་ལྷོད་ལྷོད་བྱས་དང་། བོད་གཞུང་གི་སྔོན་འགྲོའི་འོས་དངོས་གཞིའི་འོས་བསྡུ་རྗེས་ན་ཡོང་གི་ནི་རེད། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་ཡོད་ནི་མ་རེད་་་ཡ་་

    Reply
  9. བཀྲ་ཤེས། says:
    ལོ་ 15 སྔོན།

    ང་རང་སྤྱི་འཐུས་མི་བཅུ་འདེམས་ཡོད་གནས་ལུག་རྒྱུ་མཚན་ཡོད་མེད་གཤད་པར་ཞུ། ༡ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་།
    ༢ སྤྱི་འཐུས་ལས་ཐོག་རྒྱལ་རོང་ཟླ་བ་ཚེ་རིང་།
    ༣ སྤྱི་འཐུས་ལས་ཐོག་གསེར་རྟ་ཚུལ་ཁྲིམས་འོད་ཟེར།
    ༢ བལ་ཡུལ་ས་གནས་ཚོགས་གཞོན་བཀྲ་ཤེས་དོན་འགྲུབ།
    ༥ ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན།
    ༦ ལུང་རིགས་རྒྱལ།
    ༧ ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ།
    ༨ ཨ་ཚོགས་ཀླུ་མཁར་བྱམས།
    ༩ འོད་དཀར་དྲ་ཚིགས་དོ་དམ་པ་གཟུངས་ཕྱུག་སྐྱིད།
    ༡༠ དབྲ་ཙ་སྐལ་བཟང་ལྷ་མོ་སོགས་ལ་རེ་བ་རྒྱབ་ཀྱིན་ཡོད།

    Reply
  10. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། འདིར་བཀོད་པའི་འོས་མི་ཚོ་ནི། ས་གནས་ཁག་གིས་མི་དམངས་ཀྱིས་ཐད་ཀའི་འདེམས་ཤོག་འཕངས་པ་བརྒྱུད་དབུས་རྒྱུན་ལས་ཁང་ལ་ཅི་འབྱོར་གྱི་རྩེ་བཏོག་རིགས་འདི་ནས་བསྒྲགས་པ་ཙམ་ལས། འདིའི་ནང་དབུས་ས་གང་རུང་གི་རྒྱུན་ལས་ནས་ཐེ་གཏོགས་དང་བཀག་འགོག་བྱས་པ་ཅི་ཡང་ཡོད་མ་རེད། ཡོད་ཚད་ས་གནས་མང་ཚོགས་ཀྱིས་འདེམས་བསྐོའི་དབང་ཚད་ལྟར་ཐག་བཅད་པ་རེད། འདིའི་བྱུང་རིམ་དང་བཀོད་སྒྲིག་གི་རིམ་པ་བཅས་གསར་འགྱུར་འདིའི་མགོར་ཁ་གསལ་འཁོད་འདུག་པར་གཟིགས་རོགས་ཞུ་རྒྱུ་དང་།
    མདོ་སྨད་མི་མང་གིས་བསམ་ཚུལ་ཕྱོགས་བསྡོམས་བྱས་ཏེ་རྩེ་བཏོག་བྱས་ཡོད་པར་གསལ་བ་ལྟར་ཡིན་མིན་དོགས་པ་ཡོད་ཚེ་མདོ་སྨད་དབུས་རྒྱུན་ལས་ཁང་སྒོ་ཕྱེས་ཡོད་པས་ཚོད་དཔགས་བྱེད་དགོས་དོན་མེད་པར་རྒྱུན་ལས་ཁང་དུ་བཅར་ནས་སྐད་ཆ་དྲིས་ན་ཡག་པོ་ཡོད་པ་རེད། སྐད་ཆ་འདྲི་ས་འཁྲིས་ན་ཡོད་བཞིན་དུ་མི་གཅིག་གིས་མི་གཞན་ཞིག་གིས་ཚབ་བྱས་ཏེ་སྐད་ཆ་བཤད་པ་དང་དྲ་ཐོག་ཏུ་དོགས་འཆར་སྤེལ་བ་ནི་སྤྱི་ཚོགས་ནང་དཀྲུག་ཤིང་འགྲོ་ཉེན་ཡོད་པས་ཡིད་གཟབ་བྱས་ན་རང་གཞན་ཀུན་ལ་ཕན་ཐོགས་ཆེ། དེ་མིན་པར་ངའི་བསམ་ཚུལ་ལྟར་གྱི་མི་དེ་མི་འདུག་ཟེར་ན་དེ་ནི་མང་ཚོགས་ཀྱིས་མ་བྱས་པ་ལས་དབུས་རྒྱུན་ལས་ལ་ཐབས་ཤེས་གང་ཡང་མེད། གོང་གསལ་མདོ་སྨད་ཀྱི་མི་འདི་ཚོར་ཤེས་འཇོན་མི་འདུག་ཟེར་ན་གུས་པ་ཁོ་བོ་སྒེར་ལ་ཁྱད་པར་མི་འདུག་ཀྱང་མདོ་སྨད་མི་མང་ལ་མཐོང་ཆུང་དུ་འགྲོ་མིན་བསམ་ཞིབ་གནང་ན་ཡག་པོ་ཡོད་པ་རེད། ལྷག་བསམ་སེམས་ཁུར་རྨ་མེད་པའི་ངང་གནས་སྟངས་འདི་དག་ལ་ཞིབ་འཇུག་ནན་ཏན་གྱིས་སྐད་ཆ་བཤད་དགོས་པ་ལས། ཁ་གྲག་ས་ཡོད་ཚད་ལ་དོན་མེད་ཀྱི་འུར་བརྒྱངས་ན་དགོས་པ་ཅི་ཞིག་འདུག་བསམ་ཞིབ་གནང་འོས་ཆེ་སྙམ་མོ། །

    Reply
  11. ཨ་མའི་བུ། says:
    ལོ་ 15 སྔོན།

    ངས་དེ་རིང་ཉིན་གང་བོར་འདིའི་སྐོར་ནས་རྩད་གཅོད་བྱས་པ་ཡིན། རྒྱ་གར་ལྷོ་ཕྱོགས་དང་རྡ་རམ་ས་ལར་ཁ་པར་མང་བོ་བཏང་བ་ཡིན། གནས་ལུགས་མང་བོ་ཞིག་རྟོགས་སོང་། ངས་རེ་རེ་བྱས་ནས་བང་བསྒྲིགས་ནས་ཟིན་བྲིས་སུ་འགོད་ངེས་ཡིན། དེ་དུས་བགྲོ་གླེང་བྱེད་ཆོག ད་དུང་དུས་བབ་རྩོམ་སྒྲིག་པས་ངའི་མཆན་འགའ་བཀག་སོང་། དེའི་རྒྱུ་མཚན་ཡང་རྩད་གཅོད་ཀི་ཡིན། ང་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་ང་ལ་འགན་ཞིག་ཡོད་པ་རེད། ངས་འགན་ཡོད་པའི་སྟེང་ནས་རང་གིས་དཔྱད་ཞིབ་བྱེད་རྒྱུའི་དབང་ཆ་ལོས་ཡོད།

    ད་དུང་ངའི་མཆན་གཉིས་ཙམ་སུབ་སོང་། ག་རེ་བྱས་ནས་སུབ་པ་ཡིན་ནམ། ང་ལ་ལན་ཞིག་དགོས། གཞན་གྱིས་གང་འདོད་འདོད་ཅིག་བཤད་ནས་ཡོང་གི་འདུག་ལ་འགོད་ཀྱི་འདུག ངའི་བསམ་ཚུལ་ག་རེ་བྱས་ནས་སུབ་ཀི་ཡོད། དེར་ཡང་ས་འོག་དར་འཐག་གི་གནད་དོན་ཞིག་ཡོད་རྒྱུ་རེད། ངས་ལན་རེ་རེ་བྱས་ནས་སྒུག་འདུག་གི་ཡིན།

    འདིའི་སྐོར་ལ་རྩདa་གཅོད་ཞིབ་མོ་མ་བཏང་ན་ཡག་པོ་མི་འདུག དབུས་རྒྱུན་གྱི་མིང་ཐོག་ནས་ཁྱབ་བསྒྲགས་བྱས་པ་འདི་ཡག་པོ་མ་རེད། སྐབས་འཚོལ་བ་དག་གིས་མགོ་མ་ཚེས་པར་གསར་བུ་རེ་བ་ཅན་རེ་གཉིས་པོ་ལུས་རྒྱུ་རེད། དེ་ལུས་སོང་ན་བོད་སྤྱི་བ་ལ་ཕམ་ཁ་བྱུང་བ་རེད།

    Reply
  12. ཨ་མའི་བུ། says:
    ལོ་ 15 སྔོན།

    གངས་ཕྲུག་ཟེར་བ་ཁྱོད་ལ་མིག་ཡོད་ཀྱང་། འོས་བླུགས་བྱེད་ཀྱི་མིག་རེད་མི་འདུག འུག་པའི་མིག་ཡིན་ས་རེད།

    ༡ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་།
    ༣ སྤྱི་འཐུས་ལས་ཐོག་གསེར་རྟ་ཚུལ་ཁྲིམས་འོད་ཟེར།
    ༤ སྤྱི་འཐུས་ལས་ཐོག་ཆབ་བྲག་ལྷ་མོ་སྐྱབས།
    ༡༠ སྤྱི་འཐུས་ལས་ཐོག་འཕེལ་རྒྱས་སྒྲོལ་མ་མཚོ་མོ།

    འདི་གསུམ་མ་གཏོགས་གཅིག་ཀྱང་འགྲིག་མི་འདུག ཁྱིས་ལྟས་ན་ཁྱི་ཡག་གི་རེད། ཕག་གིས་ལྟས་ན་ཕག་ཡག་གི་རེད། རྒྱུ་མཚན་ནི་གཞན་ལ་ལྟ་བྱེད་ཀྱི་མིག་ཡོད་པ་མ་རེད།

    མདོ་སྨད་མི་མང་གི་མིག་ཕྱེས་པའི་དུས་ལ་བབ་འདུག་ཡ།

    Reply
  13. གངས་ཕྲུག says:
    ལོ་ 15 སྔོན།

    ང་གངས་ཕྲུག་ཞིག་ཡིན་པའི་ཆ་ནས་ངས་གངས་ལྗོངས་འགན་ཞིག་ཁུར་ལོས་དགོས། དེས་འདི་ནས་ཁྱོད་ཅི་ཞིག་བཤད་ཀྱང་ངས་ནི་མདོ་སྨད་སྤྱི་འཐུས་བཅུ་བོ་གཏན་ཁེལ་ཟིན་པ་ཡིན་པས་སུ་གཅིག་གིས་ཀྱང་དགུལ་མི་ཐུབ།
    འོས་མི་བཅུ་བོ་འདི་ལྟར་ཡིན།
    ༡ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་།
    ༢ སྤྱི་འཐུས་ལས་ཐོག་རྒྱལ་རོང་ཟླ་བ་ཚེ་རིང་།
    ༣ སྤྱི་འཐུས་ལས་ཐོག་གསེར་རྟ་ཚུལ་ཁྲིམས་འོད་ཟེར།
    ༤ སྤྱི་འཐུས་ལས་ཐོག་ཆབ་བྲག་ལྷ་མོ་སྐྱབས།
    ༥ ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན།
    ༦ སྤྱི་ཟུར་རོང་པོ་བློ་བཟང་སྙན་གྲགས།
    ༧ ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ།
    ༨ གངས་ལྗོངས་རང་བདེན་ཚོགས་གཙོ་བློ་བཟང་དཔལ་ལྡན།
    ༩ འོད་དཀར་དྲ་ཚིགས་དོ་དམ་པ་གཟུངས་ཕྱུག་སྐྱིད།
    ༡༠ སྤྱི་འཐུས་ལས་ཐོག་འཕེལ་རྒྱས་སྒྲོལ་མ་མཚོ་མོ།

    Reply
  14. ཨ་མའི་བུ། says:
    ལོ་ 15 སྔོན།

    བསེ་རུ་ར། ཁྱོད་དབུས་གཙང་བ་ཞིག་གིས་ང་ཚོའི་མདོ་སྨད་ཀྱི་ནང་དུ་ཇུས་གཏོགས་མ་བྱེད། ང་ཚོས་རྩད་གཅོད་བཞིན་པ་ནི་དབུས་རྒྱུན་གྱིས་དེའི་བར་དཀྲིགས་པ་རེད་ཟེར་གི་ཡོད། ས་གནས་མང་བོ་ནས་ཁོང་གཉིས་ལ་འོས་བླུག་འདུག་མོད། དེའི་བར་ནས་བརླགས་སོང་ཟིག་ཟེར་གི་ཡོད། དབུས་རྒྱུན་གྱིས་ཅི་ཡོང་གང་ཡོང་བྱེད་ཀྱི་ཡོད་པ་ཁྱོད་ཀྱིས་ཅི་ལྟར་ཤེས། སྐལ་མེད་སར་མགོ་མ་བསྲིང་ན་ཡག

    ས་གནས་མང་བོ་ནས་མ་འབྱོར་བ་ན་དབུས་རྒྱུན་གྱིས་ཅིའི་ཕྱིར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་མིང་ཐོག་ནས་ཁྱབ་བསྒྲགས་བྱས་པ་ཡིན། གཅིག་དེ་རེད། ས་གནས་མང་བོ་ནས་མ་འབྱོར་བཞིན་དུ་གོ་སྐབས་དམ་འཛིན་འདྲ་བོ་བྱས་ནས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡིན། འདི་དག་ཚང་མའི་ཕུགས་ན་ཇུས་ངན་པ་ཞིག་ཡོད་པ་ཐག་གིས་ཆོད།

    ད་དབུས་རྒྱུན་གྱིས་ས་གནས་ག་ཚོད་ནས་འབྱོར་ཡོད་མེད་དང་། དབུས་རྒྱུན་གྱི་སྟེང་འཛིན་འོག་ན་ས་གནས་རྒྱུན་ལས་ག་ཚོད་ཡོད་མེད། ད་སྔ་འབྱོར་ཡོད་ན་རེ་རེ་བྱས་འོས་གྲངས་དག་ཁྱབ་བསྒྲགས་མ་བྱས་ན་ཤིང་བཟའ་ཚང་དང་ལུང་རིགས་རྒྱལ། ཀླུ་མཁར་བྱམས་སོགས་ཀྱིས་ཐད་ན་དོགས་པ་རི་རབ་འདྲ་ཞིག་འདུག

    འདིའི་འགན་གསར་འགོད་པ་དང་དབུས་རྒྱུན་གཉིས་ཆར་བཀལ་བ་ཡིན། དབུས་རྒྱུན་གྱིས་དུས་བབ་གསར་ཁང་དུ་འབུལ་མ་ཐུབ་ཀྱང་མདོ་སྨད་ལ་དྲ་རྒྱའི་མིང་འཛིན་པ་ཞིག་ཡོད་པ་དེར་བཀོད་ཀྱང་ཆོག འདིའི་རིགས་དེར་མི་འགོད་པར་དེ་ལ་ཁྱི་སྐྱག་ག་རེ་འགོད་ཀྱིན་ཡོད།

    Reply
  15. བསེ་རུ་ར། says:
    ལོ་ 15 སྔོན།

    ཨ་རིག་ལགས་ཀྱིས་གསལ་བཤད་བྱས་པར་ཐུགས་རྗེ་ཆེ། ད་མི་ཚང་མས་དབུས་རྒྱུན་ལ་ཁ་བཏང་ན་ཡང་ཕན་པ་ཡོད་པ་མ་རེད། གལ་སྲིད་འགྲིག་མེད་ན་མང་ཚོགས་མ་འགྲིག་པ་རེད་མ་གཏོག་དབུས་རྒྱུན་གཏན་ནས་མ་རེད། རྒྱུ་མཚན་ད་རེས་ཀྱི་འོས་མི་འདི་དག་ས་གནས་ཁག་ཡོངས་ནས་འོས་བླུག་ཏེ་ཐག་གཅོད་བྱས་པ་ཞིག་རེད། དེས་རྐྱེན་གྱིས་དབུས་རྒྱུན་ལ་ཅང་ཟེར་ས་འགྲོ་ནི་མ་རེད། ཡིན་ན་ཡང་མང་ཚོགས་ཀྱི་ངོས་ནས་འགན་མ་ཁུར་བ་མང་པོ་ཞིག་ཐོས་སོང་། དཔེར་ན་རྣམ་གྲོལ་གླིང་གིས་འོས་བླུག་མེད་པ་དང་། དྷེ་ར་ཏོན་དང། བྷེ་རིས་སོགས་ནས་ཀྱང་འོས་བླུག་མེད་པའི་གནས་ཚུལ་གོ་སོང་། དེ་དག་ནི་ས་གནས་དེ་དག་གི་ས་རྒྱུན་དག་དང་ས་གནས་མིང་མང་གིས་འགན་ཁུར་མ་བ་རེད་འདོད་ཡོད། དེ་མ་གཏོག་ད་ཐེངས་དབུས་རྒྱུན་གྱིས་ཅི་ཡོངས་གང་ཡོངས་བྱས་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ལས་འགྲིག་མེད་ཚུལ་བཤད་ན་བཀའ་ལོག་རང་རེད་འདོད།

    Reply
  16. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ངས་བསམ་པར། ད་མདོ་སྨད་སྤྱི་འཐུས་ལས་ཐོག་རྒས་འཁོགས་ཚོའི་ངལ་ཞིག་གསོས་ནས་གཞོན་སྐྱེས་པ་ཚོར་གོ་སྐབས་ཤིག་སྤྲད་ན་བཟང་གི་བསམ།
    སྤྱི་འཐུས་གྲོས་ཚོགས་ཀྱི་བཅའ་སྲོལ་ལས་སྲོལ་ལ་བལྟས་ཡོང་ན། ཁོ་ཚོར་ཡོད་པའི་ཉམས་མྱོང་ནི་མཐུན་སྒྲིལ་སྲ་བརྟན། ཐབས་ཤེས་གསར་འཚོལ། ནོར་སྐྱོན་ཉེན་སེལ་གྱི་རིགས་མ་ཡིན་པར། དེ་ལྡོག་སྟེ་དམངས་ལ་མགོ་སྐོར་གཏོང་ཐབས། ཆགས་སྡང་རྔ་ཚིགས་སྒྲིག་སྟངས། རང་ཁེ་སྐབས་འཚོལ་བྱ་སྟངས་ཏག་ཏག་རེད། ཐུར་ནས་ཐུར་དུ་རྒུད་བྱེད་ཀྱི་ཉམས་མྱོང་འདི་དག་ཡོད་པ་ལས་མེད་པ་དགའ།

    དེ་ལས་གཞོན་སྐྱེས་པ་ཁྱུ་གཅིག་སླེབས་པ་ཡིན་ན། དུས་ཀྱི་བབ་དང་རང་ཉིད་འཚར་ལོངས་ཀྱི་རིག་གནས་མཁའ་དབུགས་ཁོ་ནས་ཐད་ནས་བཤད་ནའང་། ཆེས་མ་མཐའ་ཡང་ངས་སྤོབས་པ་ཆེན་པོས་བརྗོད་ཐུབ་པ་ཞིག་ནི། ཆོས་རྒྱུད་ཁྱིམ་རྒྱུད་ཀྱི་ཆགས་སྡང་ཡོད་མི་སྲིད་ལ། ཆོལ་ཁ་ལུང་ཚན་གྱི་ཞེན་ཆགས་ཀྱང་ཁོ་ཚོ་ལས་ཉུང་བ་དང་གུ་ཡངས་བ་ཡོད་སྲིད།

    Reply
  17. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 15 སྔོན།

    མདོ་སྨད་རྒྱུན་ལས་ཀྱིས་འོས་གཞི་འདོན་སྟངས་འདི་ཧ་ཅང་ཡག་པོ་མཐོང་སོང་།
    མི་རེ་གཉིས་ད་དུང་སླེབས་དགོས་ཚོད་འདུག དཔེར་ན། ལུང་རིགས་རྒྱལ་ལྟ་བུའི་སྤྱི་ཚོགས་ཀྱི་རྒྱུས་ལོན་ཟབ་པ་དང་། ཆབ་སྲིད་ཐད་མཁྱེན་རྒྱ་ཆེ་བ་འདི་ངེས་པར་སླེབས་དགོས་ཚོད་འདུག དེ་མིན་འགྲིགས་པར་སྣང་།
    ཆོལ་ཁ་གཞན་དག་གིས་མིག་དཔེ་ལྟ་འོས་པ་ཞིག ཚོགས་པ་ཁག་གིས་དེ་སྔོན་འོས་གཞི་འདོན་སྟངས་ཐད་ཕྱིར་མིག་ཅིག་ལྟ་གིན་ཡོད།

    Reply
  18. ཨ་མའི་བུ། says:
    ལོ་ 15 སྔོན།

    ཨོ་རེད། ཤིང་བཟའ་ཚང་ཡང་དེའི་བར་བརླགས་སོང་ཟིག

    Reply
  19. གཡག says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། དབུས་རྒྱུན་ལ་དོན་མེད་ཁ་མཆུ་མ་འཛུགས་རོགས། ཁྱི་རྒྱགས་སྐར་མར་ཟུག་པ་ནང་བཞིན་རེད། ཨ་དགེ་ལགས་ཀྱིས་གསུངས་པ་ནང་བཞིན་རེད།
    ཨ་མའི་བུ་ཟེར་བ་དེས་དོན་མེད་འུད་འདྲ་སློང་བཞིན་འདྲ།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་གནམ་ལྕགས་ལགས་་་་ལུང་རིག་རྒྱལ་དང་ཀླུ་མཁར་བྱམས་གཉིས་མདོ་སྨད་སྤྱི་འཐུས་འོས་མི་ནང་དུ་མེད་དོན་ཁོང་རྣམ་པ་གཉིས་ལ་སྒོར་མོ་མང་པོ་མེད་ནི་མིན་འགྲོ

    སྒྲོལ་མ་མཚོ་མོ་འདྲ་པོ་བཅུ་ལས་ཀླུ་མཁར་བྱམས་གཅིག་གི་དགའ་་་སྒྲོལ་དཀར་ལྷ་མོ་འདྲ་པོ་ཉི་ཤུ་ལས་ལུང་རིག་རྒྱལ་གཅིག་གི་ཕན་པ་ཡོད་སྙམ།

    Reply
  21. གྲགས་རློངས། says:
    ལོ་ 15 སྔོན།

    ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚང་དབྱངས་རྒྱ་མཚོའི་གཙོས་གཞོན་སྐྱེས་ཤེས་ཡོན་པ་མང་པོ་ཞིག་མདོ་སྨད་འོས་གཞིའི་ནང་དུ་སླེབ་ཡོད་པ་ལ་དགའ་བསུ་དང་རྒྱབ་སྐྱོར་ཡོད།
    ལུང་རིག་རྒྱལ་དང། ཤིང་བཟའ་རིན་པོ་ཆེ་སོགས་འདིའི་ནང་ལ་མི་སླེབས་པ་བློ་ཕམ་འདུག མདོ་སྨད་མི་དམངས་ཀྱི་དེ་སྔ་སླེབ་ཡོད་པ་དེ་ཚོ་དབྱེ་ཞིབ་བྱ་རྒྱུ་གལ་ཆེན་པོ་རེད།

    Reply
  22. ཨ་མའི་བུ། says:
    ལོ་ 15 སྔོན།

    བྱ་དཀར་བོ། ལས་ཤོག་དང་ལས་ཐམ་མ་མཐོང་བར་དུ་རྩད་གཅོད་བྱེད་ཀྱི་ཡིན། འདི་ང་ཚོས་རང་གི་འཐུས་མི་བདམས་རྗེས་ཀྱི་གཉའ་གནོན་དང་བཙན་བཙིར་བྱས་པའི་མཇུག་འབྲས་རེད། མ་དགའ་ནའང་མཐའ་བསྐྱལ་རྒྱུ་ཡིན།

    Reply
  23. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་གནམ་ལྕགས་ལགས་་་་ལུང་རིག་རྒྱལ་དང་ཀླུ་མཁར་བྱམས་གཉིས་མདོ་སྨད་སྤྱི་འཐུས་འོས་མི་ནང་དུ་དོན་ཁོང་རྣམ་པ་གཉིས་ལ་སྒོར་མོ་མང་པོ་མེད་ནི་འགྲོ

    Reply
  24. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ལྷོ་ཕྱོགས་སྦེལ་ཀོབ་ནས་ལུང་རིགས་རྒྱལ་ལ་འོས་གྲངས་༣༥་དང་ཀླུ་མཁར་བྱམས་ལ་བརྒྱད་དགུ་ཞིག་ལས་མི་འདུག མོན་གྷོ་ནས་ཀྱང་འོས་རྩེ་ཕུད་མ་རེད་ཅེས་རྒྱུས་ཡོད་ཀྱི་མི་སྣ་ཞིག་གིས་གསུངས་སོང་།ད་ང་ཚོས་མི་འགའ་ཤས་ཀྱིས་དོན་མེད་རྙོག་དྲ་མ་བསླངས་ན་བཟང་གི་སྙམ།

    Reply
  25. བསྟན་འཇམ says:
    ལོ་ 15 སྔོན།

    མདོ་སྨད་སྤྱི་འཐུས་ནི་མ་མཐའ་ཡང་བོད་སྐད་ལས་གཞན་དབྱིན་སྐད་རྒྱ་སྐད་ཧུན་སྐད་གང་རུང་ཞིག་ངེས་པར་ཤེས་དགོས །

    ཁྱད་པར་༧་གོང་ས་མཆོག་གི་བཀའ་དགོངས་ལྟར་ཤར་བསྐྱོད་བྱེད་ཐུབ་ཅིག་དགོས །
    ངས་འོས་གཞི་གསར་བའི་ནང་ནས་སྤྱི་འཐུས་ལས་ཐོག་པ་སྤེན་པ་ཚེ་རིང་། འཕེལ་རྒྱས་སྒྲོལ་མ ། གསེར་རྟ་ཚུལ་ཁྲིམས་འོད་ཟེར ། རྒྱ་རོང་ཟླ་བ་ཚེ་རིང་ །
    ཡི་ཤེས་སྒྲོལ་མ་ལྔ་ནི་འོས་བསྐྱརཏུ་བླུགས་རྒྱུ་ཡིན ། གསར་བ་ནི ། ས་རཱ་མཐོ་སློབ་ཀྱི་དགེ་རྒན་བསོད་ནམས་རྒྱལ་མཚན། བཀའ་ཁྲིའི་དྲུང་ཡིག་བསྟན་འཛིན་དོན་ཡོད།
    ནོར་གླིང་མཐོ་སློབ་འགན་འཛིན་སྒྲོལ་དཀར་སྐྱབས།
    མདོ་སྨད་དབུས་རྒྱུན་དྲུང་ཆེ་རྒྱ་རིགས་ཐར། རྩོམ་པ་པོའི་
    མཐུན་ཚོགས་ཀྱི་ཚོགས་གཞོན་ཀུན་ཐར་དོན་འགྲུབ།

    Reply
  26. བྱ་དཀར་པོ། says:
    ལོ་ 15 སྔོན།

    གྲོགས་པོ་ཚོ་ལགས།་དོན་མེད་དབུས་རྒྱུན་ལ་འདྲ་མི་འདྲ་མ་ལབ་རོགས།

    ཁྱེད་ཅག་གི་རྣམ་རྟོག་དེ་འདྲ་ཡོང་ས་མེད།་ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ་ཟེར་ནས་འུར་མ་རྒྱག ངས་ཀྱང་ཁཽང་་གཉིས་ལ་འོས་བླུགས་ཡིན།དབུས་ནས་ཅང་ལས་མེད་ཐག་ཡིན། ས་གནས་སོ་སོའི་ལས་ཐམ་དང་ལས་ཤཽག་སྟེང་གསལ་བོ་བྲིས་ཡོད་པས་དེའི་ཆ་ནས་རྙོག་དྲ་ཞིག་ཡོང་དོན་མེད།དོན་མེད་དབུས་རྒྱུན་ལ་ཁ་མ་གཏོང་རོགས།སང་ཉྀན་ལས་ཐམ་དང་ལས་ཤོག་མཐོང་དུས་ངོ་ཚ་ཡོང་།

    Reply
  27. གྱེར་ནག་ཚང། says:
    ལོ་ 15 སྔོན།

    མདོ་སྨད་ཚང་གིས་ཡག་པོ་འདེམས་འདུག
    དབྲ་རྩ་སྐལ་བཟང་ལྷ་མོ་དང་གཟུངས་ཕྱུག་སྐྱིད་གཉིས་ལ་རེ་བ་ཆེན་པོ་ཡོད།

    Reply
  28. བྲག་ཚེ་དབང་། says:
    ལོ་ 15 སྔོན།

    མདོ་སྨད་སྤྱི་འཐུས་ས་བོན་ལས། ས་བོན་གསར་པ་དབྲ་རྩ་སྐལ་བཟང་ལྷ་མོ་ལགས་ངོ་སྤྲོད་བསྡུས་པ་ཞིག་ཁྱབ་བསྒྲགས་གནང་རོགས་ཞུ། ཤེས་འཇོན་གཉིས་ལྡན་གྱི་མཛངས་མ་རེད།

    Reply
  29. བཀྲ་ཤེས། says:
    ལོ་ 15 སྔོན།

    དེའི་སྔོན་ལ་མོན་གྷོ་ལ་ས་གནས་ལ་བསམ་ཚུལ་བྲིས་ཡོད་པ་དེ་བཏང་རོགས་ཞུ་རྒྱུ་མཚན་ཡོད། དགོས་པ་ཡོད།

    Reply
  30. གཡག says:
    ལོ་ 15 སྔོན།

    རང་གི་བསམ་བློ་བཏང་བའི་སྤྱི་འཐུས་འོས་གཞི་ས་བོན་ནི་
    ༡སྤེན་པ་ཚེ་རིང་། ༢རྒྱལ་རོང་ཟླ་བ་ཚེ་རིང་། ༣འཇུ་བསྟན་སྐྱོང། ༤ལུང་རིགས་རྒྱལ།༥ ཀླུ་མཁར་བྱམས།༦ རྒྱ་རིགས་ཐར། ༧དབྲ་རྩ་སྐལ་བཟང་ལྷ་མོ། ༨གཟུངས་པྱུག་སྐྱིད།་༩གངས་རི།༡༠རྨོག་རུ་བསྟན་པ། ༡༡བློ་བཟང་དཔལ་ལྡནབཅས་ཡིན།
    ཐུགས་བསམ་ནན་བཞེས་གནང་རོགས།
    མདོ་སྨད་པ་ཡོངས་ལ་ཞུས་པ་ཡིན།

    Reply
  31. ཨ་མའི་བུ། says:
    ལོ་ 15 སྔོན།

    འབྲོག་རི་ཆོས་གྲགས་དང་པད་མ་མཁའ་འགྲོ་གཉིས་ཀྱིས་བཤད་པ་བདེན་པ་རེད། ས་གནས་ཁ་ཤས་སུ་ཀླུ་མཁར་བྱམས་དང་ལུང་རིགས་སོགས་འོས་གཞིའི་གྲངས་ཀ་རྩེ་ཕུད་ཡིན་ན། ད་རེར་མ་བཏོན་རྒྱུ་མཚན་གང་ལ་ཐུག་སོང་། འདི་ལ་གསལ་བཤད་ཅིག་མེད་ན། མདོ་སྨད་མི་མང་དང་ལྷག་དོན་ཁོང་གཉིས་ལ་འོས་བླུག་མཁན་ཚང་མ་རང་དགར་འདུག་གི་མ་རེད། འདི་གསལ་གསལ་ཐིང་ཐིང་བཟོ་དགོས་པ་ཞིག་རེད།

    མདོ་སྨད་དབུས་རྒྱུན་ཡིན་ཟེར་བའི་རྒྱ་རིགས་ཐར་ཟེར་བ་དེ་འདིར་སླེབས་འདུག་ག ཁོང་ལྟ་བུའི་མི་ཁྲམ་རྒན་རེ་གཉིས་ཤིག་གིས་སྤྱི་བ་ལ་གནོད་ཀི་ཡོད། ངས་ལྟས་ན་ད་ཐེངས་མདོ་སྨད་ཀྱི་ནང་རུལ་བའི་རྟགས་གསལ་བོ་ཞིག་ཐོན་སོང་། ད་དུང་གོ་ཐོས་ལྟར་ན། ལྷོ་ཕྱོགས་ནས་འོས་ཤིག་བསྡུ་སྐབས་ཀླུ་མཁར་བྱམས་དང་བོ་དང་ལུང་རིགས་གཉིས་པ་རེད་ཟེར། རྡ་ས་ནས་བསྡུ་སྐབས་ཀྱང་དེ་ག་རང་རེད་ཟེར། དེས་ན་ད་ཐེངས་ཁོང་གཉིས་འགོག་དོན་ག་རེ་ཡིན་ནམ།

    གསར་འགོད་པ་རྣམས་ལ་འགན་ཞིག་ཡོད། ཁྱོད་ཚོས་བཙིར་དགོས་པ་རེད། གཏིང་སྔོག་དགོས་པ་རེད། དོན་དག་ག་རེ་ཡིན་ན་མང་ཚོགས་ཀྱིས་ཁྱོད་ཚོར་བློ་འགལ་གི་རེད། ད་ཐེངས་ཀྱི་འདིའི་སྐོར་ལ་ཡང་གསལ་བོ་ཞིག་བཟོ་དགོས་པ་རེད།

    རྩོམ་པ་པོའི་ཚོགས་གཞོན་རེད་ཟེར་བའི་ཁྲམ་པ་འདིའི་རིགས་དང་ནོར་གླིང་གི་སྒྲོལ་དཀར་སྐྱབས་ཟེར་བའི་མི་ལ་སྤྲེལ་ལད་ཁོ་ན་འཁྲབ་མཁན་འདི་དག་སླེབས་ནས་མདོ་སྨད་ནང་གི་གསར་བུ་རེ་བ་ཅན་རེ་གཉིས་ཤིག་ཡོད་པ་དེ་ཚོའི་མིང་ཙམ་ཡང་མི་སླེབས་པ་སྲིད་དོན་མེད། འདི་ལ་ས་འོག་དར་འཐག་ཅིག་ཡོད་པ་རེད་མ་གཏོགས་མི་མང་གི་ངོས་ནས་བླུགས་ཡོད་པ་ཐག་ཆོད་ཡིན།

    འབྲོག་ཆོས་དང་པད་མ་མཁའ་འགྲོ་སོགས་ཡར་ལོངས་དང་ང་ཚོས་མདོ་སྨད་དབུས་རྒྱུན་གྱི་ནད་རྙིང་སློག་ཆོག འདི་ལ་གསལ་བཤད་ཅིག་མེད་དུས་དཀོན་མཆོག་གསུམ་རང་དགར་མི་འཇོག འདིའི་ཕུ་ཐག་མ་ཆོད་པར་མཐའ་ལ་བསྐྱལ་གི་ཡིན། ལྟད་མོར་ལྟོས་ཨ།

    དེ་རིང་ཞོགས་པར་ཉལ་ས་ནས་གནད་དོན་འདི་མཐོང་སོང་། དེ་ནས་མཆན་ཞིག་བྲིས་ཀྱང་སུབ་སོང་། ད་དུང་འབྲི་གི་ཡིན། ངའི་སྐད་ཆ་འདི་ཚོ་རང་ཉིད་མདོ་སྨད་པ་ཞིག་ཡིན་པའི་འགན་འཁུར་བའི་སྐད་ཆ་ཡིན། གནད་དོན་ཡོད་ན་ཚང་མ་ངས་འཁུར་གི་ཡིན། ང་སུ་ཡིན་རྩད་གཅོད་བདེ་བོ་ཡིན། དེ་ནས་མ་སུབ་རོགས།

    Reply
  32. གཡག says:
    ལོ་ 15 སྔོན།

    སྤྱིར་ཡག་པོ་རེད་ཡིན་ན་ཡང་ཉོག་དྲ་ཅན་དང་། ཕན་ནུས་མེད་ཀྱི་མི། ཤེས་འཇོན་ཅི་ཡང་མེད་མཁན་སོགས་འདིར་བཏོན་ན་ཕན་ཐོགས་ཡོད་པ་མ་རེད་ལགས།

    ཉོག་དྲ་ཅན་འཕེལ་རྒྱས་སསྒྲོལ་མ་མཚོ་རེད།

    པན་ནུས་མེད་མཁན་ཆབ་བྲག་ལྷ་མོ་སྐྱབས་དང་སྒྲོལ་དཀར་ལྷ་མོ། ཚེ་རིང་གཡུ་སྒྲོན་། སྨན་པ་མཁྱེན་རབས། བསྟན་འཛིན་དོན་ཡོད།་བཅས་རེད།

    ཤེས་འཇོན་མེད་མཁན་ཀརྨ་དགེ་ལེགས་དང་། བཀྲ་ཤིས་དོན་འགྲུབ་ལྟབུ་རེད།

    Reply
  33. པད་མ་མཁའ་འགྲོ། says:
    ལོ་ 15 སྔོན།

    ལྷ་མོ་སྐྱབས་དང་ཚེ་རིང་གཡུ་སྶགྲོན། སྒྲོལ་དཀར་ལྷ་མོ་སོགས་ནམ་ཡང་མ་འདེགས་རོགས་ཞུ། གྲོས་ཚོགས་ནས་ཁ་གྲག་ཐུབ་ཀི་མ་རེད། ཕན་ཉག་གཅིག་ཀྱང་ཐོགས་མི་སྲིད།

    Reply
  34. པད་མ་མཁའ་འགྲོ། says:
    ལོ་ 15 སྔོན།

    མདོ་སྨད་ཚང་གི་འོས་གཞིའི་ས་བོན་བཏོན་པར་ཡག་པོ་རེད། ཨ་ཚོགས་ཚང་གི་གསར་བུ་ཀླུ་མཁར་བྱམས་རྡ་ས་དང་འདིར་ལྷོ་ཕྱོགས་ཁག་ཏུ་འོས་མིག་མང་པོ་འདྲ་ཞིག་ཐོས་སོང་མོད། ད་དེ་རིང་འདི་དྲི་མ་ཙམ་ཡང་མི་དྲོ་བ་རྒྱུ་མཚན་གང་ཡིན། དབུས་རྒྱུན་ངོས་ནས་གསལ་བཤད་ཅིག་མེད་ན། ཉོག་དྲ་ལྷག་སྲིད།
    འོ་ད་དུང་ལུང་རིགས་རྒྱལ་གྱི་འོས་མིག་མེད་པ་ཅི་ཡིན་ན་་་་་་དྲང་མོ་མ་ཡིན་ཐག་ཆོད་སོང་། ཉི་མ་ལྷ་ས།

    Reply
  35. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    ངས་གོ་ཐོས་ལ་ས་གནས་ཁ་ཤས་ནས་ཀླུ་མཁར་བྱམས་དང་འཇུ་བསྟན་སྐྱོང་ལུང་རིགས་རྒྱལ་སོགས་མི་མང་ཤོས་ཡིན་པ་རེད་ཟེར།
    མདོ་སྤྱི་ཡོངས་ཀྱི་མི་གྲངས་ལ་ལྟོས་འཇོག་གིས་བཤད་ན། ཁོང་ཚོར་འོས་ཤོག་མང་ཤོས་ཡིན་རྒྱུ་རེད།
    ཐེངས་འདིར་དབུས་རྒྱུན་གྱིས་ག་རེ་བྱས་ནས་ཁོང་ཚོའི་མིང་འདིར་མ་བཀོད་པ་རེད་དམ།
    འདི་ལ་གསར་འགོད་པ་དང་གནད་དོན་དབྱེ་ཞིབ་པ་ཚོས་གསལ་གསལ་ཐིང་ཐིང་བཟོས་ནས་མི་མང་ལ་བསྒྲག་དགོས་པ་ཞིག་རེད།

    Reply
  36. བཀྲ་ཤེས། says:
    ལོ་ 15 སྔོན།

    ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་དང་དབུ་མའི་ལམ་གྱི་རྩོམ་སྒྲིག་པ་རྨོག་རུ་བསྟན་པ་འོད་དཀར་དྲ་ཚིགས་ཀྱི་རྩ྄ོམ་སྒྲིག་པ་གཟུངས་ཕྱུག་སྐྱིད་རྣམས་ཤེས་འཇོན་གཉིས་ལྡན་རེད་དགའ་བསུ་ཞུ། རེ་བ་ཆེན་པོ་ཡོད།

    Reply
  37. ཨ་མའི་བུ། says:
    ལོ་ 15 སྔོན།

    འདི་འདྲའི་ལོ་རྒྱུས་ཙམ་ལས་མེད་ན་ངོ་ཚ་རེད།

    བོད་ཀྱི་ལོ་རྒྱུས་ལ་ཕན་པའི་ང་སྤྲོད་མེད་པར་སྙན་ངག་འགའ་རེ་བྲིས་པའི་སྐོར་ངོ་སྤྲོད་བྱས་པ་འདིས་འགན་མ་འཁུར་བའི་རྟགས་རེད། འོས་བསྡུས་ཆེན་མོ་འདི་རྩོམ་སྒྲིག་པ་བསྡུ་གི་མེད། འདིས་གྲོས་ཚོགས་འཐུས་མི་བསྡུ་གི་ཡོད། ཁྱེད་ཅག་རྩོམ་སྒྲིག་པ་ཁ་ཤས་ཡོང་ནས་གྲོས་ཚོགས་ནས་སྙན་ངག་འགྲན་བསྡུར་བྱེད་རྒྱུ་མིན་ནམ། དགོད་བྲོ་བ་རང་རེད།

    སློབ་སྦྱོང་གི་ཆུ་ཚད་ལོས་དགོས། ཡིན་ནའང་འདི་འདྲ་རྐྱང་བསྡུས་ནས་ག་རེ་བྱེད་འདོད་པ་ཡིན། མ་གཞི་མདོ་སྨད་ལ་མི་མེད། དེའི་ཁར་ཡོད་པ་དག་ཀྱང་ཁྲམ་པ་རྐྱང་རྐྱང་ཡིན། ཡིན་ནའང་སྙན་ངག་པ་དང་རྩོམ་སྒྲིག་པ་དགོས་ན་ད་དུང་མང་བོ་ལྷག་འདུག་ད་།

    གཞན་གྱི་འཐུས་མི་དག་ལ་ལྟོས་དང་། ཁ་མེ་འབར་འབར་བྱེད་མཁན་ཁོ་ན་རེད། ང་ཚོའི་འཐུས་མི་དག་ལ་ལྟོས་དང་ཁོག་ནད་ཡོད་པ་འདྲ་ཁོ་ན་རེད། འདི་གཅིག་བུའི་སྟེང་ནས་ལྟོས་ན་མདོ་སྨད་མི་མང་ཟེར་བ་དེའི་བསམ་བློའི་གོ་རྟོགས་གང་འདྲ་ཡིན་མིན་ཤེས་ཐུབ། ཁྱི་ཚོགས་རྒྱག་འདོད་ན་དེ་ལྟར་བྱའོ།། དེ་མིན་བོད་སྤྱི་བའི་དོན་ཞིག་བསྒྲུབ་འདོད་ན་ད་དུང་སྤྱི་འཐུས་ལ་འོས་པའི་མི་མང་བོ་ལུས་ཡོད། དཔེར་ན་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་དང་བླ་བྲང་སྐལ་བཟང་སོགས་གྲོས་ཚོགས་ཀྱི་འགྲོ་སྟངས་རྩམ་པ་བརྫི་བརྫི་བྱེད་མཁན་དང་། ཡང་བོད་གཞུང་གི་འདས་དང་མ་འོངས་པའི་སྐོར་ནས་མགོ་ཚེས་པའི་ཨ་ཚོགས་ཀླུ་མཁར་བྱམས་དང་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་སོགས་ལྟ་བུ་མིག་གིས་མ་མཐོང་བ་ནི་མདོ་སྨད་མི་དམངས་ཞར་བ་ཡིན་པའི་རྟགས་རེད།

    གོང་དུ་གནམ་ལྕགས་ཀྱིས་བཤད་པ་དེ་ལྟར་མདོ་སྨད་མི་མང་ཚང་མ་སྨན་ཁང་ལ་འགྲོ་དགོས་ས་རེད། ཚང་མའི་སེམས་ཁོངས་ན་ཕྱོགས་ཞེན་གྱི་ན་ཚ་ཞིག་ཡོད་པ་འདྲ། དེང་སང་འཛམ་བུ་གླིང་ལ་ལྟས་ངན་པ་ཞིག་ཡོང་གི་ཡོད་པ་བཞིན་མདོ་སྨད་བཙན་བྱོལ་གཞུང་ལའང་ལྟས་ངན་ཞིག་ཡོང་གི་ཡོད་པའི་རྟགས་རེད། ང་མདོ་སྨད་ཀྱི་མི་ཞིག་ཡིན་པའི་ཆ་ནས་ངས་རང་གི་ཚབ་བྱེད་མཁན་དག་ལ་འགན་རེ་འཁུར་ན་འདོད། རྩོམ་སྒྲིག་པ་དག་གིས་ངའི་མཆན་འདི་མ་སུབ་རོགས།

    Reply
  38. ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་འོས་གཞིར་མོས་པའི་ན་གཞོན་དཔུང་ཁག་ཅིག་ངོ་སྤྲོད་གནང་བ་ལས། ཚོགས་པ་ག་གེ་མོ་ནང་བཞིན་འུར་སྒྲོག་དང་འཇིགས་སྐུལ་རང་བཞིན་གྱི་བཟོ་ལྟ་འདྲ་བའི་ལས་འགུལ་གཏན་ནས་སྤེལ་གྱིན་མེད། གཙོ་བོ་མདོ་སྨད་མི་མང་མི་རེ་ངོ་རེ་ཡིས་སོ་སོའི་བློ་རིག་གྲུང་པོའི་སྒོ་ནས་རང་རང་གི་སེམས་ཀྱི་འོས་མི་གདམ་རྒྱུ་དེ་གལ་ཆེན་པོ་རེད་འདོད། ངས་དོན་དག་རྡོག་རྡོག་པོ་ག་དུས་ཡིན་ན་མགོ་བདེ་སྐབས་འཚོལ་བ་དང་ཚོགས་སྡེ་ཡི་འུར་སྒྲོག་དང་། བཀའ་སྐུལ་གཏན་ནས་མགོ་བོ་སྒུར་མི་དགོས་ཞེས་བཤད་ཀྱིན་ཡོད།

    ༡ ཤེས་རབ་དར་རྒྱས།
    ༢ ཨ་ཚོགས་ཀླུ་མཁར་བྱམས།
    ༣ རྒྱལ་རིགས་ཐར།
    ༤ ལུང་རིག་རྒྱལ།
    ༥ བསོད་ནམས་རྒྱལ་མཚན།
    ༦ འཇུ་བསྟན་སྐྱོང་།
    ༧ ཧོར་གཙང་འཇིགས་མེད།
    ༨ སྤེན་པ་ཚེ་རིང་།
    ༩ བསྟན་འཛིན་མགོན་པོ།
    ༡༠ ཤིང་བཟའ་རིན་པོ་ཆེ།

    Reply
  39. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    མདོ་སྨད་སྤྱ་འཐུས་ཀྱི་ས་བོན་ཞེས་པ་འདིའི་ནང་དུ་ཡོང་དགོས་པ་དེ་དག་མ་ཡོང་བར། མི་དགོས་པ་ཁག་ཅིག་གམ། ས་འོག་ནས་འཇུར་ཡོང་བ་ལྟ་བུའི་མི་གསར་མིང་གསར་ཁ་ཤས་བཞག་ཡོད་པ་ནི་དབུས་རྒྱུན་ཟེར་བ་འདི་ལ་དྲང་བོའི་མིག་གི་ལྟ་ཕྱོགས་ཤིག་མེད་པ་མཚོན་ཡོད་པ་མ་ཟད། ལྷག་དོན། མདོ་སྨད་དབུས་རྒྱུན་ལྟ་བུ་འདི་དག་བོད་ཀྱི་རིག་གཞུང་ཐད་དུ་དགོས་གལ་ཆེད་བཙུགས་ཤིག་ཡིན་པ་ལས་རང་གི་ཉེ་ས་དགའ་ས་སྤྱི་འཐུས་སུ་དམིགས་འཛུགས་པའི་ལས་འགན་སྤྲད་མེད་པས། དབུས་རྒྱུན་ཟེར་བ་ནས་འདི་ལྟར་བྱེད་པ་ཁྲིམས་དང་ལུགས་སྲོལ་ལ་འགལ་བ་རང་རེད། གལ་སྲིད་འདེམས་ཀྱི་ཡིན་ན་ཀླུ་མཁར་བྱམས་ལྟ་བུའི་མི་དོ་སྣང་ཅན་ངེས་པར་དུ་ཡོང་དགོས་པ་རེད།

    Reply
  40. བསེ་རུ་ར། says:
    ལོ་ 15 སྔོན།

    ༦ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས།
    ཚངས་དབྱངས་རྒྱ་མཚོ་ནི་ཕྱི་ལོ་༡༩༨༤ལོར་མདོ་སྨད་མགོ་ལོག་ཏུ་སྐྱེས། རང་ལོ་བཅུ་གསུམ་ནས་བཟུང་ལོ་ངོ་བདུན་གྱི་རིང་ཇོ་ནང་དགོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་དང་། མདོ་ལིའི་དགོན་དཔལ་མི་འགྱུར་བདེ་ཆེན་གླིང་གཉིས་སུ་ཚད་མ་དང་། དབུ་མ། ཕར་ཕྱིན། སུམ་རྟགས་དག་གསུམ། སྙན་ངག དཀར་རྩིས་སོགས་ལ་སློབ་སྦྱོང་བྱས། ལོ་ངོ་དེ་དག་གི་རིང་འཛིན་གྲྭ་སོ་སོའི་སྐྱོར་དཔོན་གྱི་འགན་བཞེས། ཕྱི་ལོ་༢༠༠༣ལོར་བོད་ཀྱི་མཐོ་རིམ་སློབ་གྲྭ་སྟེ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ་འཛུལ་ཞུགས་བྱས་ཏེ་བོད་ཀྱི་རིག་གཞུང་སྤྱི་ལ་སློབ་སྦྱོང་བྱས། ཕྱི་ལོ་༢༠༠༦ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་སུ་སློབ་སྦྱོང་གནང་བཞིན་འབྲས་སྤུངས་ཟུང་ཆུ་ཁང་ཚན་གྱི་ཛ་དྲག་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་དང་། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ཀྱི་ས་བྱི་ཞི་རྒོལ་ཆེན་མོའི་རྩོམ་སྒྲིག་ལས་རོགས་སོགས་བྱས། དེས་རྗེས་སུ་བལ་ཡུལ་ཇོ་ནང་དགོན་པའི་གློག་ཀླད་དགེ་རྒན་བྱས་པ་དང་། ཕྱི་ལོ་༢༠༠༨གྱི་ལོ་མཇུག་ཏུ་འཕགས་ཡུལ་ཇོ་ནང་མ་དགོན་ནང་པའི་ཤེས་ཡོན་སློབ་གྲྭས་གདན་ཞུས་ལྟར་ཕེབས་ཏེ་དགེ་རྒན་དང་དྲུང་ཡིག་ཅིག་ལྕོགས་བྱས། དེ་དང་དུས་མཚུངས་སུ་ཇོ་ནང་ནང་བསྟན་རིག་གཞུང་སྲུང་སྤེལ་མཐུན་ཚོགས་ཀྱི་དྲུང་ཡིག་དང་། དགོན་པའི་ལོ་རེའི་དུས་དེབ་<<ངེས་དོན་ཀྱི་ཆོས་འཁོར་>>དང་། <<ཇོ་ནང་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར།>> << ཇོ་ནང་དཔེ་ཚོགས>>བཅས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་ཁུར། ཕྱི་ལོ་༢༠༠༩ལོར་རྡོར་གདན་ཇོ་ནང་སྨོན་ལམ་ཆེན་མོ་ཐེངས་བརྒྱད་པའི་དུས་སུ་བོད་ཕྱི་ནང་གཉིས་ཀྱི་ཇོ་ནང་པ་ཡོངས་ཀྱིས་ཚོགས་ཆེན་བསྡུས་ཏེ་བཀའ་མོལ་ཞིབ་རྒྱས་བྱས་ཏེ་བོད་ཕྱི་ནང་གཉིས་ཀྱི་ཇོ་ནང་པའི་ཚབ་མཚོན་པའི་ཚོགས་པ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཞེས་པ་གསར་འཛུགས་གནང་པ་དང་། མང་མོས་ཀྱི་འོས་བསྡུའི་ལམ་ནས་ཁོང་ཉིད་ཚོགས་གཙོར་འདམས་ཤིང་ད་ལྟ་ལས་གནས་དེར་ཕྱག་ལས་གནང་མུས་སུ་མཆིས་སོ།།

    Reply
  41. བསེ་རུ་ར། says:
    ལོ་ 15 སྔོན།

    ༤ དུས་དེབ་དབུ་མའི་ལམ་གྱི་རྩོམ་སྒྲིག་པ་རྨོག་རུ་བསྟན་པ།
    རྨོག་རུ་བསྟན་པ་ནི་མདོ་སྨད་མཚོ་ལྷོ་རུ་སྐྱེས། ཕྱི་ལོ་༡༩༩༤ལོར་རྒྱ་གར་དུ་འབྱོར། སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་བྱས་ཏེ་གཞུང་བཀའ་པོད་ལྔ་ལ་སློབ་སྤྱོང་བྱས་ནས་འཛིན་གྲྭ་ཡོངས་རྫོགས་མཐར་ཕྱིན། ཕྱི་ལོ་༢༠༠༠ལོ་ནས་བཟུང་། བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། སྤྱི་ཚོགས་མེ་ལོང་གི་གསར་འགོད་པ། སྒོ་མང་སློབ་གྲྭའི་དགེ་རྒན་དང་། འབོ་དཀར་བཤད་གྲྭའི་རིག་གནས་དགེ་རྒན་བྱས། དཔྱིད་ཀ་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། ལྷོ་ཕྱོགས་ཕོ་ཉ་གསར་ཁང་དང་། ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན། མོན་གྷོ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ས་གནས་འཐུས་མི། ཉམ་ཐག་བསྐྱར་ཞིབ་ཚོགས་གཙོ་བཅས་ཀྱི་འགན་འཁུར་མྱོང་། དབུ་མའི་ལམ་ལས་འགུལ་ཁང་གི་སྐབས་དང་པོའི་འགན་འཛིན་ཁོངས་མི་དང་། མོན་གྷོ་ས་གནས་གཞུང་མང་ཛ་དྲག་ཚོགས་པའི་དྲིལ་བསྒྲགས་འགན་འཛིན་སོགས་བྱས། ༢༠༠༩ལོར་ར་ཤི་ཡའི་ཨོ་ལན་བོ་དེ་སྒྲོལ་ལྗང་གྲྭ་ཚང་གི་གདན་ཞུས་ཀྱིས་དགེ་རྒན་དང་ཁྲི་བ་གཅིག་ལྕོག་ཏུ་བསྐོ་བཞག་ཞུས། ༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་འོག་ཞབས་འདེགས་དང་། བོད་མི་རིགས་དང་རིག་གཞུང་ལ་བཅངས་པའི་རྨི་ལམ་ཞིག་མངོན་འགྱུར་ཆེད་རྒྱ་གར་ཏུ་ཕྱིར་ལོག ད་ཆར་ཀུན་ཕན་རིག་གནས་སློབ་གྲྭའི་སློབ་སྟོན་པ་དང་། དབུ་མའི་ལམ་གསར་ཤོག་གི་རྩོམ་སྒྲིག་པ། གངས་ལྗོངས་ཕོ་ཉ་དྲ་ཚིགས་ཀྱི་འགན་འཛིན་བཅས་ཀྱི་འགན་ཁུར་ནས་ཡོད།

    ༥ འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་གཟུངས་ཕྱུག་སྐྱིད་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།
    རྩོམ་པ་པོ་གཟུངས་ཕྱུག་སྐྱིད་ལགས་ནི། ཕྱི་ལོ་༡༩༧༤ལོའི་ཟླ་༣པའི་ཚེས་༡༥ལ་མདོ་སྨད་མང་རྫོང་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་འགྲིམ་ཏེ་བརྩམ་ཆོས་སྙན་དེབ་བྱུ་རུའི་ལས་དབང་བརྩམས། ཕྱི་ལོ་༢༠༠༢ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་ཞིང་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་མཛད་མུས་སུ་བརྩམ་ཆོས་འཇགས་མི་སྲིད་པའི་བཞུར་རྒྱུན་དང་བང་སོ་སོགས་སྙན་དེབ་ཁག་གསུམ་འགྲེམ་སྤེལ་མཛད་ཅིང་། ད་ལྟའི་ཆར་པེན་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ལ། འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་པའི་ཕྱག་ལས་གནང་མུས་སུ་ཡོད་དོ།།

    Reply
  42. བསེ་རུ་ར། says:
    ལོ་ 15 སྔོན།

    མདོ་སྨད་དབུས་སྤྱི་ཁྱབ་རྒྱུད་ལས་ཁང་ལ་ཐུགས་རྗེ་ཆེ་ཞུ། རྒྱུ་མཚན་ད་ཐེངས་ཆོལ་ཁ་གཞན་དང་མ་འདྲ་བར་ཞིབ་ཚག་ཅིག་ཡོངས་འདུག་བསམ་པས་ཡིན།
    ད་དུང་དགོས་ངེས་ཅིག་ནི་འོས་མི་འདི་དག་གི་ལོ་རྒྱུས་མདོར་བསྡུས་རེ་འགྲེམ་སླེལ་བྱས་ན་ཕན་ཐོག་ཆེན་པོ་ཡོད་ངེས་པས་དེ་དོན་ཐུགས་ལ་འཛིན་རོགས་ཞུ། གུས་པས་ཀྱང་འདི་ནས་འོས་མི་འགའ་ཞིག་གི་ལོ་རྒྱུས་ཤེས་པས་དེ་དག་ཁྱེད་ཀློག་པ་པོ་དག་ལ་ཕན་སེམས་ལྡན་པའི་སྒོ་ནས་ངོ་སྤྲོད་བྱེད་རྒྱུ་ཡིན།
    ༡ སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།
    མདོ་སྨད་སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་ནི་ཕྱི་ལོ་༡༩༧༠ལོར་མདོ་སྨད་གཅན་ཚ་རུ་སྐྱེས། གཞི་རིམ་ནས་སློབ་འབྲིས་བར་དུ་སློབ་གྲྭར་སྐྱོད། རང་ལོ་བཅུ་དྲུག་སྟེང་རེབ་གོང་རོང་བོ་དགོན་ཆེན་དུ་ཆོས་ཞུགས་བྱས་ཏེ་ལོ་ངོ་བཅུ་བཞིའི་རིང་ལ་གཞུང་བཀའ་བོད་ལྔ་རིག་གནས་དང་བཅར་པར་སློབ་སྦྱོང་མཐར་བྱིན་པ་བྱས། སྐབས་ཏེ་དག་དུ་རོང་བོ་དགོན་ཆེན་དུ་སློབ་སྦྱོང་བྱེད་ཞོར་དུ་དགེ་རྒན་གྱི་འགན་ཁུར་ཏེ་དབུ་མ་མན་གྱི་འཛིན་གྲྭ་རྣམས་ལ་མཚན་ཉིད་དང་། རིག་གནས་སུམ་རྟགས་དག་གསུམ་སོགས་སློབ་ཁྲིད་བྱས། ཕྱི་ལོ་༢༠༠༠ལོར་བཙན་བྱོལ་དུ་ཕེབས། ༸གོང་ས་མཆོག་ལ་གཟིམ་ཆུང་མཇལ་བཅར་ཞུས། སྐུ་སྒེར་ཡིག་ཚང་གིས་བཀའ་མངགས་བཞིན་༸གོང་ས་མཆོག་གི་བཀའ་འབུམ་སྡུད་སྒྲིག་ཡིག་ཚང་དུ་རྒྱལ་བའི་བཀའ་འབུམ་ཞུ་སྒྲིག་གི་ཕྱག་ལས་གནང་། ཕྱི་ལོ་༢༠༠༡ཟླ་༤བའི་ནང་༸གོང་ས་མཆོག་གིས་སྐབས་བཅུ་གསུམ་པའི་ཐད་བསྐོས་སྤྱི་འཐུས་སུ་བསྐོ་བཞག་བསྩལ། ཕྱི་ལོ་༢༠༠༢ལོར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་བྱས་ཏེ་མཛོད་འདུལ་སོགས་ལ་སློབ་སྦྱོང་བྱེད་ཞོར་དུ་དོན་གཉེར་ཅན་རྣམས་ལ་སུམ་རྟགས་དག་གསུམ་སོགས་སློབ་ཁྲིད་བྱེད་མུས་སོ།། ཁོང་གིས་ད་བར་དུ་<<མདོ་སྨད་གནས་ཆེན་རྨ་འགྲམ་རྡོ་རྗེ་བྲག་གི་ལོ་རྒྱུས་ལེགས་པར་བཤད་པ་ཟ་འོག་གོས་ཀྱི་རོ་མོ་>>སོགས་དེབ་ལྔ་དང་། སྔོན་བྱོན་ལོ་ཙྭ་བའི་སྐུ་དྲིན་དྲན་པ་སོགས་སྙན་རྩོམ་དང་དཔྱད་རྩོམ་བཅུ་ཕྲག་གསུམ་ལྷག་སྤྲང་ཆར་སོགས་དུས་དེབ་འདྲ་མིན་ཐོག་འགྲེལ་སྤེལ་བྱས་ཡོད།

    Reply
  43. གནམ་ལྕགས། says:
    ལོ་ 15 སྔོན།

    ད་རེའི་འོས་གཞི་འདིའི་ནང་དུ་ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ་གཉིས་མ་སླེབས་པ་ག་རེ་ཡིན་ནམ། ས་གནས་འགར་ཁོང་གཉིས་ས་བོན་འོས་གཞིའི་རྩེ་ཕུད་རེད་ཟེར། དེ་ནི་དབུས་ནས་བཀག་པ་འདྲ་མིན་ནམ།

    ངས་བལྟས་ན་མདོ་སྨད་ཀྱི་འོས་གཞི་གསར་བ་འདི་དག་ཇི་ལྟར་རྩེ་གཏོགས་བརྒྱབ་མིན་ལ་དོགས་གཞི་ཞིག་འདུག དེ་བསམ་ཚུལ་ཡིན། དེར་འགྲེལ་བཤད་ཅིག་ཡོད་ན་ལེགས།
    གསར་འགོད་པས་ཀྱང་དེར་བཅར་འདྲི་ཞིག་བྱེད་ཐུབ་ན་ཡག

    Reply
  44. oscargyatso says:
    ལོ་ 15 སྔོན།

    མདོ་སྨད་དབུས་སྤྱི་ཁྱབ་རྒྱུད་ལས་ཁང་གིས་ཡག་པོ་འདེམས་འདུག་ཐུགས་རྗེ་ཆེ།

    ང་འདོད་པ་ཡོད་པའི་མི་འདི་དག་ཡིན། ༡ད་ལྟའི་སྤྱི་འཐུས་ལས་ཐོག་སྤེན་པ་ཚེ་རིང་།༢་རྒྱལ་རོང་ཟླ་བ་ཚེ་རིང་། ༣འཕེལ་རྒྱས་སྒྲོལ་མ་མཚོ་མོ། ༤ཀིརྟི་སྒྲོལ་དཀར་ལྷ་མོ། །༥ ཆབ་བྲག་ལྷ་མོ་སྐྱབས། ༦ གངས་ལྗོངས་རང་བདེན་ཚོགས་གཙོ་བློ་བཟང་དཔལ་ལྡན། ༧ རྩོམ་པ་པོ་ཤེས་རབ་དར་རྒྱས། ༨དུས་བབས་ཚང་ལུང་རིག་རྒྱལ་བཅསསོ། ༩དབྲ་རྩ་སྐལ་བཟང་ལྷ་མོ།

    Reply
  45. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཆབ་སྲིད་ཀྱི་གོ་རྟོགས་ཡོད་དགོས་པ་དང་། ཕྱོགས་རིས་ཀྱིས་ཞེན་ཁོག་སྐམ་པོ་དེ་དང་དུས་ནམ་ཡང་རྒྱང་རིང་དུ་སྡོད་ཐུབ་མཁན་གྱི་སྤྱི་འཐུས་ཡོང་དགོས་པ་ལས། གང་ལྟར་ཚིགས་བཅད་ཐ་རེ་ཐོ་རེ་འབྲི་ཤེས་མཁན་མང་པོ་ཞིག་མ་གཏོགས་མདོ་སྨད་སྤྱི་འཐུས་ཀྱི་ས་བོན་གཞན་མེད་ན་ས་བོན་འདི་དག་ལས་འབྲས་བུ་བཟང་པོ་རེ་འཐོབ་རྒྱུ་ཨེ་ཡོད་སྙམ་པའི་སེམས་འཚབ་ཧ་ཅང་ཆེ།

    Reply
  46. འཇམ་དཔལ་རྣོན་པོ། says:
    ལོ་ 15 སྔོན།

    མདོ་སྨད་དབུས་རྒྱུན་ལས་གང་གིས་མགོ་ལོག་མཁན་བོ་འཇུ་བསྟན་སྐྱོང་མཆོག་འོས་གཞིའི་ནང་དུ་བཞག་མི་འདུག དེའི་རྒྱུ་མཚན་གང་ཡིན་འདིནཡིན་མདོ་སྨད་དབུས་རྒྱུན་གྱི་ངོས་ནས་ངེས་པར་དུ་གསལ་བཤད་ཅིག་མ་བྱས་ཐབས་མེད་ཡིན། ཁོང་ལ་ཁྱེད་ཚོའི་བཏོན་པའི་འོས་གཞིའི་ཁག་གི་ཆ་རྐྱེན་འདྲ་མཚུངས་སུ་ཡོད།

    Reply
  47. རྐང་གསུམ། says:
    ལོ་ 15 སྔོན།

    མདོ་སྨད་དབུས་སྤྱི་ཁྱབ་རྒྱུད་ལས་ཁང་གིས་ཡག་པོ་འདེམས་འདུག་་་་་་ཐུགས་རྗེ་ཆེ། འདི་ལྟར་སོ་སོ་སོ་སོའི་ས་ནས་སྐབས་བཅོ་ལྔ་བའི་བོད་རྒྱལ་ཡོངས་འོས་འདེམས་ཆེན་མོའི་གནད་དོན་བགྲོ་གླེང་དང་སྤྱི་ཚོགས་ཁྲོད་ནས་མི་བུ་གང་མང་འོས་འདེམས་བྱས་ན་རྒྱ་ཆེའི་མི་མང་ལ་ཁ་ཕྱོགས་ཤིག་བསྟན་ཐུབ་ངེས་རེད། ད་རུང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུད་ལས་ཁང་ལ་གསལ་བཤད་ཞུ་རྒྱུ་ཞིག་ལ། མི་སྣ་དེ་དག་གི་འདས་ཟིན་པའི་ལོ་རྒྱུས་དང་། དེ་མིན་སློབ་སྤྱོང་དང་ཤེས་བྱ་ཡོན་ཏན་གྱི་ཚད་གཞི། ཁོང་ཚོའི་ལྟ་བ་དང་བསམ་བློ་སོགས་ཕྱོགས་མང་བོ་ཞིག་ནས་མི་མང་ལ་གསལ་བཤད་དང་སྤྱི་ཚོགས་ཁྲོད་གསལ་བསྒྲགས་སྤེལ་ཐུབ་ཚེ་ནུས་པ་དེ་ལས་ཆེ་བ་ཡོང་གི་རེད་སམས་ཀྱིན་འདུག།

    Reply
  48. བདེ་ཁང་སྲས་ says:
    ལོ་ 15 སྔོན།

    རྩོམ་པ་པོ་མཐུན་ཚོགས་ཀྱི་དྲུང་ཆེ་ལས་ཐོག་བུདྡྷཱ་སྐྱབས་འོས་འབྱོར་བྱེད་འདོད་བྱུང་། འགྲེལ་བཤད་རྒྱག་རྒྱུ་མེད། འོན་ཀྱང་བསྟན་འཛིན་མགོན་པོ་དང་བསྡུར་ན་མི་འདི་རིགས་ཡར་གཏང་ཡས་ལ་ང་ཚོས་བསམ་བློ་རེ་གཏང་ན་་་་

    Reply
  49. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    འོས བ་དག་་་་་་་། ༡ད་ལྟའི་སྤྱི་འཐུས་ལས་ཐོག་སྤེན་པ་ཚེ་རིང་།༢་རྒྱལ་རོང་ཟླ་བ་ཚེ་རིང་། ༣འཕེལ་རྒྱས་སྒྲོལ་མ་མཚོ་མོ། ༤ཀིརྟི་སྒྲོལ་དཀར་ལྷ་མོ། །༥ ཆབ་བྲག་ལྷ་མོ་སྐྱབས། ༦། ས་རཱ་མཐོ་སློབ་ཀྱི་དགེ་རྒན་བསོད་ནམས་རྒྱལ་མཚན། ༧ནོར་གླིང་མཐོ་སློབ་འགན་འཛིན་སྒྲོལ་དཀར་སྐྱབས། ༨ གངས་ལྗོངས་རང་བདེན་ཚོགས་གཙོ་བློ་བཟང་དཔལ་ལྡན། ༩ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ།
    འདི་དག་ལ་རེ་བ་ཆེའོ
     ཁ་སྐོང་དུ་་་་དུས་བབས་ཚང་ལུང་རིག་རྒྱལ་བཅསསོ

    Reply
  50. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་འདྲ་ཞིག་རེད། འདི་ལས་མདོ་སྨད་ཚང་ལ་སྤྱི་འཐུས་ལ་འོས་པ་ཞིག་མེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese