མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱེས་སྐར་ཐོག་མའི་ཤིས་ཚིག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

                                                            

                                                                                      ་་་་་་་་་་་་་་་་་་་་་་རང་གི་བུ་མོ་ཐར་མ་མཚོ་ལ་བྲིས།

བུ་མོ་ཆུང་ཆུང་ཁྱེད དོན་དངོས་སུ
སྐྱེ་བ་ནས་ང་དང་ཅི་ཞིག་གི་འབྲེལ་བ་ཡོད་མེད་སུས་ཤེས
འོན་ཀྱང་ ད་རེབས་ཕ་བུའི་མིང་ཐོག་ནས་ཁྱེད་རང་སླེབས
འཛམ་གླིང་འདིར་སླེབས་ནས་ལོ་ངོ་གཅིག
ཏག་ཏག ལོ་ངོ་གཅིག་ཏག་ཏག་འགོར་སོང་

དེ་རིང་ནི་ཕྱི་ལུགས་ཀྱི་སྲོལ་ཞིག་འབྲེལ་བའི་གཏམ་རྒྱུད་དེ
སྐྱེས་སྐར་གྱི་ཉིན་མོ་ཞིག་བསུས་དུས
ཁྱེད་ཀྱི་མཐའ་བསྐོར་དུ་ཕ་ངོ་ཤེས་མཁན་དང་མ་ངོ་ཤེས་མཁན་འགའ
མི་ཚེའི་ཤིས་ཚིག་སྒྲོག་མཁན་མི་ཉུང་བ་ཞིག་འཁོར
དེ་དུས ཁྱེད་ཀྱི་རང་གི་ལག་པ་ཆུང་ཆུང་དེ་གཉིས་གནམ་ལ་གཡུགས་ཀྱིན
མགྲོན་པོ་ཚོར སླད་མེད་ཀྱི་འཛུམ་མདངས་ཤིག་ག་ལེར་མངོན

ཁྱེད་ཀྱི་ཨ་མའི་ལག་ཟས་སྒོང་སྤོར་གྱི་གསོལ་སྟོན
ཁྱེད་ཀྱི་ཕ་རྒན་ངའི་ལག་ཟས་བོད་ཟས་འགའ
ད་དུང་ ཨ་མ་རྒན་མོའི་ཉོས་པའི་མངར་ཆུ་དང་མངར་ཆའི་རིགས
ཕྱི་མི་ཚོས་ཉོས་པའི་ལག་སྐྱེས་མི་ཉུང་བ་ཞིག
སྐྱེད་ཚལ་དེ་ནས ཁྱེད་དང་ལོ་ན་ཅུང་ཆེ་བའི་བྱིས་པ་དག་གིས
མིག་ཟུང་ཆུང་ཆུང་ཆ་མི་ཉུང་བ་འགའི་ཁྱེད་ལ་བལྟ་ཞོར
ཁྱེད་རང་གི་ལོ་ངོ་གཅིག་གི་ཚེ་སྲོག་གི་བསྟོད་གླུ་བླངས

ཁྱེད་ཀྱི་སྐྱེ་སྐར་ལ་བཀྲ་ཤིས་བདེ་ལེགས
ཁྱེད་ཀྱི་འཚོ་བ་གསར་བའི་སྨོན་འདུན་ཡོད་ཚད
ཁྱེད་ཀྱི་བྱིས་པའི་ལང་ཚོའི་མེ་ཏོག་རེ་རེ
དབྱར་དགུན་སྟོན་དཔྱིད་ཀྱི་རྨི་ལམ་མཐའ་དག
བསམ་དོན་ལྷུན་འགྲུབ་ཡོང་བར་ཤིས་ཚིག་ཡོད

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 10

  1. ནོ་མོ་ལེ། says:
    ལོ་ 1 སྔོན།

    སྐྱེ་སྐར་བཟང་

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས། ཉིད་ཀྱིས་བདག་གི་བུ་མོའི་སྐྱེས་སྐར་ལ་ཤིས་ཚིག་ཕུལ་བ་དེར་ངས་བདག་གི་བུ་མོའི་ཚབ་བྱས་དེ་བཀའ་དྲིན་ཆེ་ཞུ། ཡུན་རིང་ཞིག་ལ་མཇལ་རྒྱུ་མི་འདུག ད་སྐབས་གཞི་ནས་མཐོང་བ་དེར་དགའ་ཡོད་ལགས།

    Reply
  3. tsekyis says:
    ལོ་ 16 སྔོན།

    ཐར་མ་མཚོ།
    ཁྱེད་ན་ནིང་མི་ཡུལ་འདིར་ཕེབས་སྐབས།
    ངས་ཁྱེད་ལ་བཀྲིས་ཀྱི་གླུ་དབྱངས་ཕུལ་མྱོང་ཡོད་ལ།
    ཁྱེད་ད་སྐབས་བགྲང་བྱ་གཅིག་འཁོར་བའི་དུས་དྲན་ལ།
    ངས་ཁྱེད་ལ་འཁྲུངས་སྐར་གྱི་བཀྲིས་ཅིས་མི་ཞུ།
    ཐར་མ་མཚོ།
    ཁྱེད་ད་སྐབས་འཇིག་རྟེན་འདི་ག་འདྲ་ཞིག་ཡིན་པ་ག་ལ་རྟོགས།
    ཟང་ཟིང་གི་འཇིག་རྟེན་འདི།
    བརྗོད་མི་ཚར་བའི་འཕྲུལ་གྱི་སྒམ་ཆུང་ཞིག
    འཕྲུལ་སྒམ་འདིས་བདེ་སྡུག་གི་འཚོར་བ།
    ངམ་ངམ་ངང་གནང་སྲིད་ལ།
    འཕྲུལ་སྒམ་འདིས་ཉིན་མ་ལོ་དང་ལོ་ཟླ་ཉིན་རེར་སྟོན་སྲིད།
    ཐར་མ་མཚོ།
    ཡོད་ཚད་ལ་བདེན་པར་མི་ལྟ།
    དྲན་ཚད་ལ་རྗེས་དྲན་མ་བྱེད།
    ཐར་མ་མཚོ།
    ཁུ་བོ་ངས་ཁྱེད་ལ་བཤད་འདོད་ཀྱང་།
    ཁྱེད་ཀྱི་ད་སྐབས་གོ་མི་སྲིད།
    སྙིང་ཉེ་བའི་ཐར་མ་མཚོ།
    མི་རིགས་ཀྱི་མཛངས་མ་ཞིག་དང་།
    ཞི་བདེ་ཡི་ཕོ་ཉ་ཞིག
    ངའི་རེ་སྨོན།
    ཁྱེད་ཀྱི་མངོན་འདོད།
    ཕ་ཡི་ཕུགས་བསམ།
    མ་ཡི་གསོལ་འདེབ།

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    འབུར་ཐོ་ལགས། ཉིད་ཀྱི་ཟིན་བྲིས་མཛད་སྒོའི་སྟེང་དུ་ང་རང་བཅར་ཐུབ་མ་བྱུང་བ་དེར་དགོངས་འགལ་མེད་པ་ཞུ། ཕྱོགས་གཞན་ཞིག་ནས་ཉིད་ཀྱི་ཟིན་བྲིས་མཛད་སྒོའི་མགྲོན་ཤོག་ཡང་སླེབས་མ་སོང་། གང་ལྟར། ཉིད་རང་འདིར་ཕེབས་ནས་ངའི་བུ་མོའི་སྐྱེས་སྐར་ལ་ཤིས་ཚིག་བརྗོད་པ་དེར་དགའ་ནས་ཡོད།

    Reply
  5. lha mo says:
    ལོ་ 16 སྔོན།

    ཁྱོའི་བྱིས་པའི་སྐྱེས་སྐར་ཉིན་མོ་རུ།།
    བུ་འབུར་ཐོ་ཡོང་འདོད་སྐྱེས་མོད་ཀྱང་།།
    ངའི་ཟིན་བྲིས་མཛད་སྒོ་ཡིན་ཕྱིར་ན།།
    ཡོང་མ་ཐུབ་དགོངས་འགལ་མེད་པར་ཞུ།།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས། ཉིད་རང་ཕེབས་པ་སྔ་ནས་ཤེས་ཡོད། འོན་ཀྱང་། ཉིད་ཀྱིས་འདྲ་དཔར་ཞིག་གསུངས་འདུག ད་རེབས་འདྲ་དཔར་བཞག་མེད། འདྲ་དཔར་ཞིག་ཡོད་ཀྱང་འཇོག་ཁོམ་མ་བྱུང་ཐལ། ཁ་སང་དེ་རིང་གཉིས་ཀ་ཁོ་མོའི་སྐྱེས་སྐར་བཏང་བ་ཡིན། ཁ་སང་རང་གི་ངོ་ཤེས་བོད་པ་ཚོ་དང་དགའ་རོགས་མའི་ངོ་ཤེས་ཚོ་བོས་པ་ཡིན། དེ་རིང་དགའ་རོགས་མའི་ནང་མི་ཚོ་སླེབས་པ་རེད། ཉིན་འདི་གཉིས་ཀྱི་རིང་དུ་ཁོང་ཚོར་ཞབས་ཞུ་བྱས་དེ་ཁོམ་མ་སོང་། ད་ནི་ཚང་མ་ཕེབས་ཚར་རྗེས་སུ་ཟིན་བྲིས་སུ་ཡོང་ནས་སྤུན་ཟླ་དག་གི་ཟིན་བྲིས་གསར་བ་དག་ཀློག་བཞིན་ཡོད། དེ་ཡི་བར་ནས་ཁྱེད་རང་གཞི་བདག་ལྟ་བུ་ཞིག་གི་སྐྱེ་བླངས་དེ་མཆན་པུ་ཞིག་བཏགས་ནས་ཕེབས་ཚར་འདུག རྗེས་སུ་ཁོམ་དུས་སུ་ཡོང་གི་བསྡོད། བསམ་ཚུལ་གང་ཡོད་སྔར་བཞིན་ཤར་མར་གསུང་རྐྱང་བྱོས།

    Reply
  7. chentsasopa says:
    ལོ་ 16 སྔོན།

    རྩིམ་ཡིག་སྔོན་ནས་བཀླགས་ཟིན། བུ་མོ་ཐར་མའི་པར་ཞིག་ཡོད་ས་རེད་དེ། དེང་སང་ངའི་རྩིས་འཁོར་ནང་ནས་དུས་བབ་ཚང་གི་པར་ཤར་གྱི་མི་འདུག
    རང་བཙན་ལག་དེབ་ཀྱི་སྐོར་དེ་ཁ་གསལ་གཏིང་གསལ་ཞིག་ངས་རྩད་གཅོད་ཅིག་ཨེ་ཐང་བལྟ་ཡོང་ཡ།

    Reply
  8. sha tak ri sim says:
    ལོ་ 16 སྔོན།

    གཉའ་འབྲོང་ཐུ་བུ་དང་ཅོ་རི་ཉི་མ་རྣམ་གཉིས་ལགས། ཁྱེད་རྣམ་པ་གཉིས་བདག་གི་བུ་མོའི་སྐྱེས་སྐར་ལ་ཤིས་ཚིག་བརྗོད་དུ་ཕེབས་པ་བཀའ་དྲིན་ཆེ་ལགས། ཅོ་རི་ཉི་མ་ལགས། རྡ་ས་ནས་རང་བཙན་ལག་དེབ་མེ་བསྲེག་གཏོང་དགོས་མིན་སྐོར་དེ་བརྩད་དེ་ཚར་ས་ཞིག་མ་རེད། དེ་ལས་རང་བཙན་ལག་དེབ་ཀྱི་མིང་འདི་གཏན་ནས་མེད་ས་ཞིག་ནས་ཁ་རོག་གེར་བསྡོད་མཁན་གྱི་བོད་མི་སྡར་མ་ང་འདྲ་བ་དག་གིས་རང་གི་མི་རིགས་འདི་ལ་སྲི་ཞུ་གང་ཞིག་སྒྲུབ་ཐུབ་མིན་སྐོར་ལ་བསམ་གཞིགས་རེ་བྱེད་རན་རེད་འདུག་ལགས།

    Reply
  9. chokri nyima says:
    ལོ་ 16 སྔོན།

    ཁྱེད་ཀྱི་བུ་མོ་དེའི་བོད་སྐད་ཡག་པོ་ཤེས་མཁན་ཞིག་ཡོང་བ་སྨོན། ཁྱེད་ཀྱི་ཁྲག་རྒྱུད་ལ་བོད་སྐད་མི་ཤེས་མཁན་མེད་པར་ཤོག

    རྡ་ས་ཕྱིན་ནས་རང་བཙན་ལག་དེབ་མེ་སྲེག་བཏང་ཚར་བས། ཁག་མེད་ཡ། བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཡང་འགྱུར་འགྲོ་དུས་བྱེད་རྒྱུ་དེ་ལས་ག་རེ་ཡོད།

    Reply
  10. dongthe says:
    ལོ་ 16 སྔོན།

    ཁྱེད་ཀྱི་བྱིས་པར་ནད་མེད་ཚེ་རིང་བསམ་དོན་ལྷུན་འགྲུབ་མྱུར་དུ་འཚར་ལོང་འབྱུང་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese