ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནས་ ༨ བར་གྱི་བདུན་ཕྲག་གཅིག་རིང་འཚོགས་པའི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ བའི་སྟེང་། སྔར་ཡོད་ཀྱི་གྲོས་ཆོད་ཁག་ཅིག་བསྐྱར་འཇོག་ཐོག་གྲོས་ཆོད་ཁག་ཅིག་གསར་དུ་བསྣན་པ་དང་། ཚོགས་གཞོན་ཟུར་བ་དོན་གྲུབ་རྡོ་རྗེ་ཕྱིར་འཕུད་དང་འབྲེལ་བའི་ནང་རྙོག་ཐག་གཅོད་བྱུང་འདུག་ལ། ཚོགས་ཆེན་གྱི་མཇུག་མཐའི་ཉིན་ཏེ། ཚེས་ ༨ ཉིན་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་གསར་དུ་བསྐོ་བཞག་གནང་ཡོད།
བདུན་ཕྲག་གཅིག་རིང་ངྷ་སྟེང་བོད་ཁྱིམ་ཧར་མན་མཱ་ཡེ་ནར་ཚོགས་ཁང་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་འཚོགས་ཡོད་ལ། ཐེངས་འདིའི་ཚོགས་ཆེན་སྟེང་ས་གནས་ཁག་ ༤༧ ནས་ཚོགས་ཞུགས་མི་སྣ་ ༡༧༠ ལྷག་ཕེབས་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཏེ། ཚོགས་ཆེན་གྱི་མཇུག་མཐའི་ཉིན་གྱི་ཚོགས་ཐུན་མཐའ་མའི་སྟེང་། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དབུས་རྒྱུན་རྣམས་གསར་འདེམས་གནང་སྟེ། སྐབས་སྔོན་མའི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་བསྐྱར་དུ་ཚོགས་གཙོ་དང་། གཞོན་ནུའི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཚོགས་གཞོན། བསྟན་འཛིན་ཆོས་སྐྱིད་ལགས་དྲུང་ཆེ་བཅས་སུ་འདེམས་ཐོན་བྱུང་ཡོད། དེ་བཞིན་རྒྱུན་ལས་ཀྱི་ཁོངས་སུ་དཀོན་མཆོག་ཡར་འཕེལ་དང་སྤེན་པ་ཚེ་རིང་། ཡེ་ཤེས་མཐར་ཕྱིན། འཇིགས་མེད། བསྟན་འཛིན་ནོར་བཟང་། བསྟན་འཛིན་སྒྲོལ་མ། བསྟན་འཛིན་གཡང་འཛོམས་བཅས་འདེམས་ཐོན་བྱུང་ཡོད་འདུག
ཚོགས་ཆེན་གྱི་མཛད་སྒོའི་སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་རང་བཙན་གཟེངས་རྟགས་དང་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས། སྤྱི་ཚོགས་ཞབས་ཕྱིའི་གཟེངས་རྟགས། ས་གནས་གཞོན་ནུ་རྩེ་ཕུད་ཀྱི་གཟེངས་རྟགས་བཅས་གཟེངས་རྟགས་བྱ་དགའ་དྲུག་ཕུལ་ཡོད།
དེ་བཞིན་ཐེངས་འདིའི་ཚོགས་ཐོག་ཏུ་གྲོས་ཆོད་ཁག་མང་དག་ཅིག་བྱུང་བ་ལས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་གོ་སྒྲིག་འོག བོད་རང་བཙན་གྱི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ཚོགས་ཆེན་རྒྱས་པ་ཞིག་བསྐོང་འཚོགས་ཞུ་རྒྱུ་དང་། བོད་ནང་བོད་རིགས་ཤེས་ཡོན་པ་དང་། ཁོར་ཡུག་སྲུང་སྐྱོབ་པ་སོགས་ལ་རྒྱ་གཞུང་གིས་མ་ཉེས་ཁ་གཡོགས་ཀྱིས་སུན་གཙེར་དང་བཙོན་འཇུག་བྱེད་བཞིན་པ་དེ་དག་འགོག་སྡོམ་དང་བཙོན་གྲོལ་འཐོབ་ཆེད། དམིགས་བསལ་གྱི་ལས་འགུལ་སྤེལ་རྒྱུ། བཙན་བྱོལ་ནང་ ༡༩༧༠ ནས་ད་བར་བུ་ཕྲུག་མང་ཤོས་ཀྱི་ཨ་མར་ས་གནས་གཞོན་ནུ་ཁག་ནས་གཞོན་ནུའི་ཉིན་མོར་བྱ་དགའ་གནང་རྒྱུ་དང་། གཟེངས་རྟགས་ཕྱག་འཁྱེར་དེ་དག་གཞོན་ལྷན་དབུས་ནས་གཅིག་གྱུར་བཟོ་རྒྱུ། དེ་བཞིན་རང་རིགས་གཙང་མ་རིགས་རྒྱུད་སྤེལ་ཐུབ་ཐབས་ཀྱི་ལས་འགུལ་གཞོན་ལྷན་དབུས་ས་གཉིས་ནས་སྤེལ་རྒྱུ། བཀའ་སྤྱིའི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་སྐབས་སུ། ས་གནས་ས་ཐོག་ལ་དེབ་སྐྱེལ་ཆོག་པ་དང་། དེ་བཞིན་ལོང་བ་དང་ཡིག་རྨོངས་པ་སོགས་ལ་འོས་བསྡུའི་སྐབས། ཡིག་འབྲིའི་རོགས་རམ་པས་དོ་བདག་གི་འདོད་པ་བཞིན། འོས་ཤོག་ལྡུག་མིན་ཟུར་དཔང་པ་གཉིས་ལ་མི་ཉུང་བ་དགོས་ངེས་སྒྲིག་གཞི་བསྐྱར་བཅོས་གཏན་འདེབས་ཡོང་བ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཚོགས་ཆེན་འདིའི་ཐོག་ནས་སྙན་ཞུ་འབུལ་རྒྱུ། ༧གོང་ས་མཆོག་གི་དགུང་ལོའི་བབ་དང་བསྟུན། མཇལ་བཅར་དང་ཕྱོགས་ཕེབས་མཛད་འཆར་སོགས་ལ་ནན་ཏན་ངང་། བབ་གཟིགས་ཀྱིས་མཛད་འཆར་ཉུང་འཕྲི་གནང་སྐྱོང་ཡོང་བ་འབྲེལ་ཡོད་ཁག་ལ་ཚོགས་ཆེན་འདི་བརྒྱུད་ནས་སྙན་ཞུ་འབུལ་རྒྱུ་བཅས་གྲོས་ཁག་གཏན་འབེབས་བྱུང་ཡོད།
གསར་འགོད་པ། ཨ་རིག་འགྱུར་མེད་དང་དོན་གོ
གཞུང་འབྲེལ་མ་ཡིན་པའི་རེ་བ་ཅན་གྱི་བོད་ཀྱི་གཞོན་ནུ་ཚོགས་པའི་ལས་དོན་ལེགས་འགྲུབ་དང་རྒྱུན་ལས་གསར་འདེམས་བྱུང་བ་བཅས་ལ་ཕྲན་གྱིས་སྙིང་ཐག་ནས་དགའ་བསུ་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གིན་ཡོད།
ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་གསུམ་ལ་དམིགས་བསལ་གྱིས་འཚམས་འདྲི་ཞུ་འདོད་བྱུང་། བོད་ཀྱི་གཞོན་ནུའི་ལས་དོན་ཚགས་ཚུད་ཡོང་མི་ཡོང་ནི་བོད་ཀྱི་བདེ་སྡུག་དང་ཧ་ཅང་འབྲེལ་ཡོད་པས་ཤུགས་རྒྱག་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་།
ཚོགས་གཙོ་དང་རྒྱུན་ལས་གསར་པ་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
གཞོན་ནུའི་ཚོགས་འདུ་ལེགས་གྲུབ་བྱུང་བར་ངས་སྙིང་ཐག་པ་ནས་བཀྲིས་བདེ་ལེགས་ཞུ།
གཞོན་ནུའི་ལང་ཕྱོགས་དང་གཞོན་ནུའི་ཕུགས་བསམ་དེ་ད་བར་གཞིས་བཞུགས་རྣམས་ཀྱི་ཇི་བཞིན་ཤེས་རྟོགས་དཀའ་བས་གཞོན་ནུའི་མ་འོངས་པའི་བྱ་བ་བསྒྲུབས་སྟངས་དེ་ཞི་དྲག་གང་ཡིན་དང་གཞོན་ནུར་རྒྱབ་སྐྱོར་ག་འདྲ་དགོས་མིན་གྱི་གསལ་བཤད་ཞིག་གནང་ན་དགེ་མཚན་ཆེ་བར་མངོན།
བོད་རང་བཙན་ནི་བོད་མི་བརྒྱ་ཆ་དགུ་བཅུ་བརྒལ་བའི་མངོན་འདོད་ཡིན་ཀྱང་ད་བར་བོད་རང་བཙན་གྱི་བྱ་བ་བསྒྲུབ་པའི་ལངས་ཕྱོགས་དེ་འདི་ཡིན་གྱི་གསལ་ཁ་མེད་པ་དང་ཐབས་ལམ་ག་འདྲ་ཞིག་ལ་བསྐྱོད་དགོས་མིན་དེ་བས་ཤེས་དཀའ་བས་མ་འོངས་པའི་བོད་འདི་རང་བཙན་རང་བདག་ཡོང་ཕྱིར་ང་ཚོ་ཚང་མས་ལམ་བུ་གཅིག་གི་ཐོག་བསྐྱོད་ན་ནུས་པ་ཆེ་ཞིང་སེམས་པ་མཚིམས་པས་དེ་དོན་ཅིས་ཀྱང་དགོངས་པར་འཚལ།
ད་ལྟའི་སྐབས་འདིར་གཞོན་ནུས་བོད་ནང་གི་ཆབ་སྲིད་བཙོན་པ་དང་འཁོར་ཡུག་གནས་སྟངས་སོགས་ལ་རྒྱ་མིར་འབོད་སྐུལ་ཞུས་པ་ནང་བཞིན་ལས་དེའི་ཐོག་ལ་གནོན་ཤུགས་གང་ཡང་སྤྲོད་ཐུབ་ཀྱི་མི་འདུག
གཅིག་བྱས་ན་གཞོན་ནུའི་ལམ་ཡང་དབུ་མའི་ནང་ཕྱིན་པས་མིན་འགྲོ
གང་ལྟར་གཞོན་ནུས་དབུ་མའི་ལམ་དང་བོད་གཞུང་གི་ཆབ་སྲིད་ལས་ལོགས་སུ་གཞོན་ནུའི་མངོན་འདོད་བོད་རང་བཙན་གྱི་ལམ་ཁ་གསར་པ་ཞིག་ལ་བསྒྱུར་ནས་ཆབ་སྲིད་ཀྱི་ལག་ཆ་དོན་དང་ལྡན་པ་ཞིག་བཟུང་བའི་སྨོན་འདུན་ཡོད།
བོད་རང་བཙན་མྱུར་དུ་ཐོབ་པའི་སྨོན་འདུན་བཅས།
གཞོན་ནུའི་ཚོགས་ཆེན་ལེགས་བསྒྲུབས་བྱུང་ཟིན་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཚོགས་ཆེན་ཐེབས་༡༤པ་རྒྱལ་ཁའི་ངང་གྲོལ་བར་ལ་སྙིང་ནས་དགའ་བསུ་དང་རྒྱུན་ལས་གསར་པ་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་་་་་ལྷག་པ་ཚོགས་གཙོ་ཚེ་དབང་རིག་འཛིན་དང་ཚོགས་གཞོན་དོན་འགྲུབ་ལྷ་དར་རྣམ་གཉིས་དབུས་པའི་ལས་བྱེད་གསར་པ་ཡོང་གྱིས༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མ་འགལ་བ་ཕྱག་ལས་གནང་རྒྱུ་ནི་གལ་གནད་ཆེར་ལ་བོད་མི་ཡོང་ཀྱིས་དམིགས་ཡིད་ཡང་ཡིན་་་་་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དེ་འཛམ་གླིང་འགྲོ་བ་མི་སྤྱིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་རྒྱུ་དང་ཞི་བདེར་གནས་རྒྱུ་དེ་དགོངས་པ་དང་པོ་དེ་རེད་་་་་་གཉིས་པ་དེ་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་འཆམ་མཐུན་དང་ཞི་བདེར་ཡོང་བ་ལ་ལེགས་སྐྱེས་འབུལ་རྒྱུ་དེ་གཉིས་པ་རེད། གསུམ་པ་རྒྱ་བོད་གྱི་རྩ་དོན་དེ་ཞི་བདེར་གྱི་ལམ་ནས་སེར་རྒྱུ་ནི་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གསུམ་པ་དེ་རེད་་་དེ་འདྲ་ཡིན་པས་གཞོན་ནུའི་ལས་བྱེད་གསར་པ་ཡོང་ཀྱིས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མ་འགལ་བའི་བོད་དོན་གྱི་བྱ་བ་གང་བརྩམ་ལེགས་
འགྲུབ་ཡོང་བའི་སྨོན་འདུན་ཞུ།
སྤྱིར་བཏང་ཚོགས་འདུ་ལེགས་བསྒྲུབ་བྱུང་བར་རྟེན་འབྲེལ་ཡོད།གཙོ་བོ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཚོགས་པ་ཆེ་ཤོས་དང་ལྷག་དོན་རྒྱ་གཞུང་གིས་ཆེའི་དོ་སྣང་དང་ཞེད་སྣང་སྐྱེས་སའི་ཚོགས་སྡེ་ཁག་གཙོ་བོ་དེ་ཆགས་ཡོད་སྟབས་ཀུན་གྱིས་ཐུགས་སྣང་ཆེན་པོས་ཚོགས་པ་དེའི་ཚོགས་གཙོ་དང་ཚོགས་གཞོན།དྲུང་ཡིག་རྒྱུན་ལས་མི་སྣ་ཚང་མ་འདེམས་ཐོན་བྱུང་ཡོད་ཚེ་ཤིན་ཏུ་ལེགས་སོ།
ཁོ་རེ་གསེར་སྨྱུག་ཁྱོད་ཀྱིས་གུག་ཤད་ནང་ལ་ཚིག་སྣོན་བླུགས་ནས་གསལ་བཤད་གསར་པ་ག་རེ་བྱེད་ཀྱི་ཡོད། གསལ་བཤད་བྱེད་དགོས་ན་མི་མང་གི་སྤྱན་ལམ་དུ་མ་ཕུལ་གོང་ནས་བྱེད་དགོས། མ་གཞི་ནས་ངས་ཁྱོད་དང་ཁྱོད་འདྲ་བའི་མི་དེ་ཚོས་གང་བཤད་པ་མི་མང་ལ་བསྒྲག་མི་ཆོག་པ་གང་ཡིན། ངས་སུ་དང་སུའི་བར་ལ་དཀྲོགས་གཏམ་མཤད་སོང་ཁོ་རེ་གསལ་པོ་ཤོད། ངས་ཚགས་ཤོག་སྤྱིའི་འདོན་ཐེངས་ཨངས་གྲངས་ས་གནས་གང་དུ་པར་པ་ཚགས་པར་གྱི་མིང་སོགས་(((བོད་ཀྱི་བང་ཆེན་སྤྱིའི་དོན་ཐེངས་291 དྷ་རམ་ས་ལ་)))ཞེས་གསལ་ཐག་ཆོད་བཀོད་ཡོད། ཁྱོད་ཀྱི་སུ་ལ་ཧམ་པ་ཤོད་ཀྱི་ཡོད་དམ། ལང་ཤོར་ཁྱོད་ཀྱི་བཟོ་བཅོས་འདིར་ལྟོས་དང་ངོ་ཚ་དགོས་པ་ཞིག་འདུག
(((ང་ཚོ་མང་ཆེ་བ་བྱང་ཆུབ་སེམས་དཔའ་ཡང་མ་རེད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་མ་རེད།))) ༸གོང་ས་མཆོག་ལ་མཚན་སྨད་ཡིན་བཞིན་དུ་བོད་མི་མང་ཐོག་ལ་ཁ་བསྐོར་དོན་ཅི། བོད་མི་མང་སྤྱན་རས་གཟིགས་དང་བྱངས་ཆུབ་སེམས་པའི་སྤྲུལ་པ་རེད་ཟེར་མཁན་སུ་འདུག འཆལ་གཏམ་མ་ཤོད་ཁོ་རེ།
ད་འོ་ན་འདིཡང་དཀྲོགས་གཏམ་ཡིན་ནམ།
ཕྱི་ལོ་ 2010 ཟླ་བ་ 8 པའི་ཚེས་ 4 ཉིན་རྒྱབ་༸གོང་ས་མཆོག་གི་ཕོ་བྲང་དུ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌། མཇུག་དེར་༧གོང་ས་མཆོག་གིས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལ་དངོས་ཡོད་དང་སྦྲགས་ནས་དྲི་བ་འདི་ལྟར་གནང་འདུག ང་ལ་མཚོན་ན་རང་བཙན་རྩོད་ཀྱི་མེད་ལ་རང་བཙན་ལེན་ཐུབ་པའི་ནུས་པ་ཕྱོགས་གང་ནས་བལྟས་ཀྱང་འདང་གི་མི་འདུག དེ་མཚུངས་སུ་རྒྱ་མི་ཡོངས་རྫོགས་བོད་ནས་ཕར་ཕུད་རྒྱུ་ལྟ་ཅི་མི་བྱེ་བྲག་པ་གཅིག་ཀྱང་ཕར་ཕུད་རྒྱུའི་ནུས་པ་མེད་པ་ཕྱོགས་གང་ནས་བལྟས་ཀྱང་དངོས་ཡོད་རེད། དེས་ན་ཁྱེད་ཀྱིས་རྒྱ་མི་ཕར་ཕུད་ཐུབ་པར་འདུག་གམ། རང་བཙན་ལེན་ཐུབ་བམ། ཞེས་གསུངས་སྐབས། ཚེ་དབང་རིག་འཛིན་གྱིས་རང་བཙན་ངས་ལེན་དགོ། རྒྱ་མི་ངས་ཕར་ཕུད་ཐུབ་ཅེས་ཞུས་ཡོང་དུས། ༧གོང་ས་མཆོག་གིས་སྐུ་ཁོང་འཛུམ་དང་བཅས་ཁྱེད་ཀྱིས་གང་འདྲ་བྱས་ནས་རང་བཙན་ལེན་ག ག་འདྲ་བྱས་ནས་རྒྱ་མི་ཕར་ཕུད་ཐུབ ཅེས་དངོས་ཡོད་དང་འབྲེལ་ནས་བཀའ་གནང་འདུག།་ད་དུང་ཞེད་སྣང་མེད་ནའང་འཚེར་སྣང་ཙམ་ཡང་མེད་པར། ཧམ་པ་ཆེན་པོས་རྒྱ་མི་ངོས་ཕུད་དགོ། རང་བཙན་ངས་ལེན་དགོ་ ངས་ལེན་ཐུབ་ཅེས་མགོ་མཇུག་དང་བཟང་སྤྱོད་ཀྱི་རྣམ་འགྱུར་གང་ཡང་མེད་པར་ཞལ་ལན་ཧམ་པ་ཆེན་པོས་སློག་ཡོད་འདུག དེ་བཞིན་ཕུར་བུ་ཟེར་བ་ཞིག་གིས་ཀྱང་འཇོན་མདོག་ཁ་པོས་མགོ་མཇུག་གོ་རིམ་གྱི་གུས་ཞབས་གང་ཡང་མེད་པར་ཧམ་བཤད་ཀྱིས་༧གོང་ས་མཆོག་ལ་དྲི་བ་འདྲ་ཞུས་འདུག དེར་བརྟེན་རྒྱུ་རྐྱེན་དེ་འདྲ་མང་པོ་ཞིག་གིས་མཐར་༧གོང་ས་མཆོག་སྐུ་རླུང་བཞེངས་ནས་ཁྱེད་ཚོ་ཚང་མ་ད་ལྟ་རང་ལོག་རྒྱུག་ང་ཡང་འདི་རུ་འདུག་འདོད་མེད་པས་ལོག་ཕེབས་གནང་གི་ཡིན་ཞེས་བཀའ་ནན་པོ་གསུངས་འདུག དེ་མིན་འཇུག་མཐར་ང་རྒྱལ་བ་རིན་པོ་ཆེས་བོད་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བྱས་པ་ཡིན་ཀྱང་ད་དེ་ཚོ་ཕན་གྱི་མེད་པ་འདྲ།་ད་མ་ཕན་ན་བསྡད་ནས་ཅི་བྱེད། དེ་ལས་ཤི་ན་ཡག་གི་རེད།ཅེས་ཐུགས་ཕམ་པའི་བཀའ་སློབ་མང་པོ་གསུང་འདུག ་་་
ང་ཚོ་སྟེ་གདོང་དམར་བོད་རིགས་ས་ཡ་དྲུག་ཤ་ཁྲག་གི་རུས་པ་གཅིག་ཏུ་འབྲེལ་ཞིང་བཙན་པོ་སྲོང་བཙན་ཞེས་དགོངས་པའི་གཏིང་དཔོག་པར་དཀའ་བའི་རླབས་ཆེན་བཙན་པོ་སྲོང་བཙན་སྒམ་པོའི་ཁྲག་རྒྱུན་གྱིས་འཚོ་བཞིན་ཡོད།
འོན་བཏང་ང་ཚོ་སྟེ་པུར་རྒྱལ་བོད་ཀྱི་རྗེ་བོ་དང་བོད་འབངས་རྣམས་ཡུན་རིང་བསིལ་བུར་ཐོར་བའི་ཉམ་ཉེས་ལས་ད་ཆ་ང་ཚོ་སྟེ་བོད་འབངས་གཅིག་ཀྱང་མ་ལུས་སྡུག་ལ་སྦྱར་ཞིང་སྐྱིད་ཀྱིས་ཕོངས་པ་ཤ་དག་ཡིན།
ང་ཚོ་སྟེ་མཐོ་སྒང་ས་མཐོའིགནས་ལ་བཅའ་ཞིང་ཟས་སུ་བོད་ཀྱི་རྩམ་པ་དང་། བོད་ཀྱི་གཡག་ཤ་ཟ་ཞིང་། སྐོམ་དུ་བོད་ཀྱི་ནས་ཆང་དང་། བོད་ཀྱི་བོད་ཇ་འཐུང་ཞིང་ཡོད་མུས་ལ་ང་ཚོའི་ཡོད་ཚད་ཀྱི་ཕ་ས་དང་། ཕ་གཞིས། ཕ་ནོར། ཕ་མེས་ཀྱི་རྒྱུ་ནོར། ཕ་ཚ་བུ་རབས་ཀྱི་བདེ་སྐྱིད་དང་རང་དབང་བཅས་ཡོད་ཚད་འཕྲོག་བཅོམ་བྱས་སྟེ་ད་ཆ་ང་ཚོ་གཅིག་ཀྱང་མ་ལུས་པ་སྡུག་ལ་སྦྱར་ཞིང་གང་སར་འཐོར་ཏེ་གང་མྱུལ་ཞིང་གང་སར་འཁྱམས་ནས་འཚོ་བཞིན་ཡོད།
འོ་ན་ས་ཚོ་སྟེ་གདོང་དམར་བོད་རིགས་རྣམས་དུས་རབས་ཉེར་གཅིག་འདིའི་ནང་ཧ་ཅང་གིས་ཐབས་སྡུག་ཅིང་སྡུག་ལ་སྦྱོར་མཁན་དེ་སུ་ཡིན་ནམ་ཞེས་དྲི་རྟགས་གཅིག་བཀོད་ན་དེ་ནི་རྒྱ་དམར་གུང་ཁྲན་ཏང་གི་མགོ་གཙོ་གདོང་མེ་ཅན་གྱི་སྲིད་དོན་པ་མའོ་ཙེ་ཏུང་ཟེར་བ་དེ་ཡིན་པ་ལས། བཙན་པོའི་ཤ་ཁྲག་གཅིག་པའི་གདོང་དམར་བོད་ཀྱི་རྗེ་བོ་བཀའ་དྲིན་དང་བྱམས་བརྩེ་ཆེ་བའི་ཏྭ་ལའི་བླ་མ་མཆོག་ནི་དེ་བས་ག་ལ་ཡིན།
བཙན་པོའི་ཤ་ཁྲག་དང་རུས་པ་གཅིག་པའི་བོད་མིའི་བླ་ན་མེད་པའི་༸ གོང་ས་སྐྱབས་མགོན་ཏྭ་ལའི་བླ་མ་དེས་ང་ཚོ་སྟེ་གདོང་དམར་བོད་པ་ཚོར་ཆབ་སྲིད་དང་། ཆོས་ལུགས། རིག་གཞུང་། སྐད་ཡིག དཔལ་འབྱོར། སྤྱི་ཚོགས་སོགས་སྒོ་གང་ས་ནས་སྐྱིད་ན་ཅི་དྲག བདེ་ན་ཅི་དྲག བྱུང་ན་ཅི་དྲག གང་ཅི་དྲག་བསམས་ཏེ་དུས་དང་རྣམ་པ་ཀུན་ཏུ་ངལ་བའི་འཁུར་ཆེན་ཕྲག་ཏུ་བླངས་ཏེ་བོད་འབངས་བདེ་ན་ཅི་དྲག་དང་བོད་འབངས་སྐྱིད་ན་ཅི་དྲག་གི་བསམ་པའི་སྒོ་ནས་འཛམ་གླིང་གང་སར་ཞབས་ཀྱིས་བཅའ་ཞིང་ཕྱག་ཟུང་ཐལ་མོར་སྦྱར་ཏེ་མེས་པོའ་རྩ་ཆེའི་ཆོས་དང་རིག་གཞུང་བཟང་པོ་དག་བེད་སྤྱད་དེ་འཚོ་བཞིན་ཡོད།
དེའི་ཕྱིར་ང་ཚོས་རྒྱལ་གཅེས་ཀྱི་བསམ་པ་དང་མི་རིགས་ཀྱི་ལ་རྒྱ་བརྟན་པོར་བཟུང་ནས་ང་ཚོ་སྟེ་གདོང་དམར་བོད་འབངས་ས་ཡ་དྲུག་པོ་སྡུག་ལ་སྦྱར་མཁན་དེ་མའོ་ཙེ་ཏུང་དང་། དེའི་རྗེས་འབྲངས་ཏིང་ཞོ་ཕིན། ཅང་ཙེ་མིན། ཧུའུ་ཅིན་ཐའོསོགས་དམར་ཤོག་འདི་ཡིན་པ་ཡིད་ལ་བཟུང་དགོས། ལར་ནས་ང་ཚོ་སྟེ་གདོང་དམར་ས་ཡ་དྲུག་ལ་བདེ་ན་ཅི་དྲག བྱུང་ན་ཅི་དྲག སྐྱིད་ན་གང་ཅི་དྲག་བསམས་མཁན་དེ་བོད་ཀྱི་༸ གོང་ས་ཏྭ་ལའི་བླ་མ་ཁོ་ན་ཡིན་པ་དེའང་ང་ཚོས་ངེས་དུ་ཤེས་ཐུབ་པ་བྱེད་དགོས།
དེ་ནི་བོད་མི་རྒྱལ་གཅེས་རིང་ལུགས་པ་གཅིག་ལ་མཚོན་ན་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་བཟང་པོ་ཡིན་ལ། དགྲ་ཕྱོགས་ཀྱི་བྱེད་ལྟེ་གཙོ་བོ་དེ་སུ་ཞིག་ཡིན་པ་དེ་ཤེས་དགོས་ལ། གཉེན་ཕྱོགས་ཀྱི་མཛའ་བཤེས་དམ་པ་དེ་ཡང་སུ་ཞིག་ཡིན་མིན་དེ་བས་ཤེས་ཐུབ་པ་དགོས།
དེ་ལྟར་ལེགས་པར་ཤེས་རྟོགས་ཐུབ་ཚེ་དེ་ནི་བོད་མི་གཅེས་རིང་ལུགས་པ་ཡང་དག་པ་ཞིག་ཡིན་ལ་བོད་མི་ཉམ་ཆུང་རྣམས་ཀྱི་བླ་སྲོག་རྩ་ཆེ་ཞིག་ཡིན་ལ་དེ་བས་བོད་ཀྱི་བཙན་པོའི་ཕ་ནོར་ཆེས་རིན་ཐང་བྲལ་བའི་རྩ་ཆེའི་ནོར་བུ་ཞིག་དེ་བས་ལོད་ཡིན།
གསེར་སྨྱུག་ལགས་ཀྱིས་གསལ་བཤད་ཡག་པོ་འདུག། བཀའ་དྲིན་ཆེ།
ཚེ་དབང་རིག་འཛིན་འཇོན་པོ་ཞེ་དྲག་བྱུང་འདུག ཁྱེད་ཚོའི་རེ་འདོད་ལྟར་རྒྱལ་ཁ་ཚང་མ་ཁོ་ལ་བྱིན་ཆོག ༧གོང་ས་མཆོག་དང་མི་དམངས་ཀྱིས་ཕམ་ཁ་འཁུར་རྒྱུ་ལས་ལྷག་མི་འདུག
འདིའི་གོང་དུ། ཁམས་ཕྲུག་འཇིགས་མེད་ཟེར་བ་ཞིག་གིས་“དོན་གྲུབ་ལྷ་དར་ཚོགས་གཞོན་ལ་འདེམས་དོན་ནི་ཉེ་སྔོན་ཁོ་པས་༸གོང་ས་མཆོག་གི་དགོངས་གཞི་ལ་སློབ་སྦྱོང་བྱེད་པ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྐབས་གོང་ས་མཆོག་ནི་ “བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་བྱང་ཆུབ་སེམས་དཔའ་ཡང་མ་རེད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་མ་རེད། སྤྱི་ཡོངས་ཀྱི་གནས་སྟངས་ཀྱི་ཆ་ནས་མི་ཐ་མལ་པ་ཞིག་རེད།” ཅེས་བརྗོད་འདུག བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ 291 དྷ་རམ་ས་ལ་”ཞེས་དཀྲོག་གཏམ་ཞིག་སྤེལ་འདུག གནད་དོན་འདི་ཐོག་མར་ལྟ་བའི་སྐབས་ཧང་སང་བ་ལྟ་བུ་ཞིག་བྱུང་ལ། ཕྱོགས་གཅིག་ནས་ད་ལྟའི་སྤྱི་ཚོགས་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་རྣམས་ལ་བསྙོན་འཛུགས་འདྲ་མིན་བྱེད་བཞིན་པ་དང་། ལྷག་པར་དུ་ལངས་ཕྱོགས་བརྟན་པོ་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལའང་དོན་མེད་ཀྱི་བསྙོན་འཛུགས་བྱས་པ་ཞིག་ཡིན་དང་། དངོས་ཡོད་གནས་ཚུལ་ཡིན་གསལ་པོ་བཟོ་དགོས་པ་གལ་ཆེར་མཐོང་ནས། བོད་ཀྱི་བང་ཆེན་གསར་ཤོག་དང་དྲ་རྒྱ་གཉིས་སུ་ཞིབ་འཇུག་བྱས་པ་མ་ཟད། སྐབས་དེའི་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ཀྱི་གཏམ་བཤད་ཀྱི་སྒྲ་ཐག་ངོ་མར་ཉན་པ་ཡིན་ལ། ཁམས་ཕྲུག་འཇིགས་མེད་ཟེར་བ་དེས་གནད་དོན་ཅི་ཞིག་གི་ཆེད་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བསྙོན་འཛུགས་བྱེད་དགོས་དོན་དང་། ལྷག་པར་དུ་གཞོན་ནུའི་ཚོགས་གཞོན་ལ་ན་ཚ་ཅི་ཞིག་ཡོད་མེད་ཆ་མ་འཚལ་ཡང་། དངོས་ཡོད་གནས་གཤམ་གསལ་ལྟར་རེད།
བོད་ཀྱི་བང་ཆེན་ཚགས་པར་དང་། དྲ་རྒྱ་གཉིས་ཀར་གཅིག་མཚུངས་སུ་འཁོད་འདུག་པ་འདིར་དྲངས་པ་ཡིན། “དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ཀྱིས་གསུང་དོན། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ལ་འགྲེལ་བཤད་བྱེད་དགོས་ན། ༧སྐྱབས་མགོན་རིན་པོ་ཆེ་དེ་གནས་བབ་ག་འདྲ་ཞིག་གི་སྒང་ལ་ཡོད་རེད་དེ་ཤེས་དགོས་ཀྱི་རེད། ངའི་ངོས་ནས་བལྟས་ན། ༧རྒྱལ་བ་རིན་པོ་ཆེ་དེ་བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་གོང་འཕེལ་གཏོང་མཁན་གྱི་འདྲེན་པ་ཆེན་པོ་ཞིག་རེད། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དེ་འཛམ་གླིང་འགྲོ་བ་མི་སྤྱིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་རྒྱུ་དང། ཞི་བདེར་གནས་རྒྱུ་དེ་དགོངས་པ་དང་པོ་དེ་རེད། དགོངས་གཞི་གཉིས་པ་དེ་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་འཆམ་མཐུན་དང་ཞི་བདེར་གནས་པར་ལེགས་སྐྱེས་འབུལ་རྒྱུ་དེ་གཉིས་པ་རེད། གསུམ་པ་བོད་མི་ཞིག་དང་བོད་མི་ས་ཡ་དྲུག་གི་དབུ་ཁྲིད་ཡིན་པའི་ངོས་ནས་བོད་པའི་རྩ་དོན་ལ་འགན་ཡོད་གསུང་པ་དེ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་བཀའ་སློབ་དེ་རེད། དགོངས་གཞི་དེ་དག་ལ་ང་ཚོ་བོད་པ་མི་རེ་ངོ་རེས་སློབ་སྦྱོང་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ལ། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་དུ་གོ་བ་མ་ལོག་པ་བྱེད་རྒྱུ་དེའང་གལ་ཆེན་པོ་རེད། ཆོས་ལུགས་ཀྱི་ཆ་ནས་བཤད་ན་༧རྒྱལ་བ་རིན་པོ་ཆེ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རེད། ཆབ་སྲིད་ཀྱི་ཆ་ནས་བཤད་ན་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་རེད། དེར་བརྟེན་༧གོང་ས་མཆོག་ལ་འཛམ་གླིང་སྤྱི་ཡོངས་ཀྱི་འགན་ཁུར་དེ་མང་བ་ཡོད་པའི་གནས་སྟངས་ཤིག་རེད། བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་བྱང་ཆུབ་སེམས་དཔའ་ཡང་མ་རེད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་མ་རེད། (ང་ཚོ་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན། ང་ཚོ་མང་ཆེ་བ་བྱང་ཆུབ་སེམས་དཔའ་ཡང་མ་རེད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་མ་རེད།) སྤྱི་ཡོངས་ཀྱི་གནས་སྟངས་ཆ་ནས་མི་ཐ་མལ་པ་ཞིག་རེད། ལོ་དྲུག་ཅུའི་རིང་མི་རིགས་དང་ཆབ་སྲིད། རྒྱལ་ཁབ་ཀྱིི་གནས་སྟངས་ལ་བལྟས་ན་བོད་མི་དཀྱུས་མ་ཚོས་བཀའ་སློབ་ལམ་སྟོན་ཉམས་ལེན་བྱེད་པའི་སྐབས་སུ་དམིགས་ས་དེ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་མཐའ་མ་དེ་ལ་དམིགས་དགོས་ཀྱི་རེད་ཅེས་སོགས་གསུངས་སོང།”ཞེས་འཁོད་འདུག
མཆན། གོང་དུ་གུག་()ནང་བཀོད་པ་བཞིན་བོད་ཀྱི་བང་ཆེན་གྱིས་ཁོང་གི་གཏམ་བཤད་དེ་སྒྲ་ཕབ་བྱེད་པའི་སྐབས་གོང་དུ་ནག་པོ་བཟོས་པའི་ང་ཚོ་ཞེས་པ་དང་། ང་ཚོ་མང་ཆེ་བ་ཞེས་པ་གཉིས་ཆད་འདུག འོན་ཀྱང་གཏམ་བཤད་ཡོངས་རྫོགས་བཀླགས་ན་པ་ཡིན་ན་སྐྱབས་མགོན་རིན་པོ་ཆེ་བྱང་ཆུབ་སེམས་དཔའ་ཡང་མ་རེད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་མ་རེད། ཅེས་དོན་ལ་གོ་བ་ལེན་དགོས་པ་ཞིག་གཏན་ནས་ཆགས་མི་འདུག་ལ། སྒྲ་ཕབ་དུས་ཆད་པ་དེ་ཁ་བསྐང་བའི་རྗེས་སུ་དེ་བས་ཀྱང་གསལ་དུ་སོང་འདུག
ཁམས་ཕྲུག་འཇིགས་མེད་ཀྱིས་༧གོང་ས་མཆོག་ནི་ཞེས་ཆེད་དུ་ར་མགོ་ལུག་སྦྱར་གྱིས་གཞོན་ནུའི་ཚོགས་གཞོན་ལ་བསྙོན་འཛུགས་བྱས་པ་ཞིག་ལས་དངོས་ཡོད་གནས་ཚུལ་ཆགས་མི་འདུག་པ་དང། ལྷག་དོན་༧གོང་ས་མཆོག་བྱང་ཆུབ་སེམས་དཔའ་དང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་མ་རེད་ཅེས་བཤད་པའི་རྒྱུ་མཚན་ལ་བརྟེན་ནས་གཞོན་ནུ་ཚོགས་པས་ཁོང་ཚོགས་གཞོན་ལ་བདམ་པ་རེད་ཅེས་བཤད་པ་དེ་ནི་དེ་བས་ཀྱང་གཞོན་ནུའི་ཚོགས་ཞུགས་པ་རྣམས་ལ་སྐུར་འདེབས་ཆེན་པོ་ཞིག་ཡིན་པ་ལས་དངོས་ཡོད་གནས་ཚུལ་གཏན་ནས་མ་རེད། ཅེས་དྲ་གྲོགས་རྣམས་ལ་གསལ་བཤད་ཞུས་པ་ཡིན། གསེར་སྨྱུག་གིས།
སྤྱིར་ན་གཞོན་ལྷན་འདེམས་ཐོན་བྱུང་བ་ལཤིས་ཚིག་ཅིག་བརྗོད་དགོས་པ་ཞིག་ཡིན་ཀྱང་། ད་ཐེངས་དེ་ལས་ལྡོག་སྟེ་བཀྲ་མི་ཤིས་པ་ཚོ་ཞེས་བརྗོད་འདོད་བྱུང་། རྒྱུ་མཚན་ནི།ཉེ་ཆར་བཞུགས་སྒར་དུ་གཞོན་ནུ་ཚོགས་པ་ཟེར་བ་དེས་ཚོགས་འདུ་ཞིག་འཚོགས་པ་དང་སྟབས་བསྟུན་ནས་༧གོང་ས་མཆོག་གིས་གཞོན་ནུ་དང་དེ་བཞིན་འབྲེལ་ཡོད་མི་དམངས་སུམ་བརྒྱ་ལྷག་ཅིག་ལ་གལ་ཆེན་དོན་ཆེན་དུ་གཟིགས་ཏེ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་ཆེ་གནང་སྩལ་ཡོད་འདུག དེའི་སྐབས་སུ་བོད་ཀྱི་གནས་བབ་ཐད་ལ་དང་པོ་ཆོས་རྒྱལ་ཚོའི་སྐུ་རིང་གི་བོད་ཀྱི་གནས་བབ་དང་།་གཉིས་པ་རྒྱལ་བ་ལྔ་བའི་དུས་སྐབས།་གསུམ་པ་རྒྱལ་བ་བཅུ་གསུམ་པའི་དུས་རིམ། བཞི་བ་༧གོང་ས་བཅུ་བཞི་བའི་སྐུ་ཚེ་སྟོད་ཀྱི་གནས་བབ། ལྔ་བ་༧གོང་ས་མཆོག་གི་སྐུ་ཚེ་སྨད་དང་ད་ལྟའི་བོད་ཀྱི་གནས་བབ་བཅས་ཀྱི་སྐོར་ལ་བཀའ་སློབ་བཀའ་དྲིན་ཆེ་གནང་ཡོད་འདུག མཇུག་དེར་༧གོང་ས་མཆོག་གིས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལ་དངོས་ཡོད་དང་སྦྲགས་ནས་དྲི་བ་འདི་ལྟར་གནང་འདུག ང་ལ་མཚོན་ན་རང་བཙན་རྩོད་ཀྱི་མེད་ལ་རང་བཙན་ལེན་ཐུབ་པའི་ནུས་པ་ཕྱོགས་གང་ནས་བལྟས་ཀྱང་འདང་གི་མི་འདུག དེ་མཚུངས་སུ་རྒྱ་མི་ཡོངས་རྫོགས་བོད་ནས་ཕར་ཕུད་རྒྱུ་ལྟ་ཅི་མི་བྱེ་བྲག་པ་གཅིག་ཀྱང་ཕར་ཕུད་རྒྱུའི་ནུས་པ་མེད་པ་ཕྱོགས་གང་ནས་བལྟས་ཀྱང་དངོས་ཡོད་རེད། དེས་ན་ཁྱེད་ཀྱིས་རྒྱ་མི་ཕར་ཕུད་ཐུབ་པར་འདུག་གམ། རང་བཙན་ལེན་ཐུབ་བམ། ཞེས་གསུངས་སྐབས། ཚེ་དབང་རིག་འཛིན་གྱིས་རང་བཙན་ངས་ལེན་དགོ། རྒྱ་མི་ངས་ཕར་ཕུད་ཐུབ་ཅེས་ཞུས་ཡོང་དུས། ༧གོང་ས་མཆོག་གིས་སྐུ་ཁོང་འཛུམ་དང་བཅས་ཁྱེད་ཀྱིས་གང་འདྲ་བྱས་ནས་རང་བཙན་ལེན་ག ག་འདྲ་བྱས་ནས་རྒྱ་མི་ཕར་ཕུད་ཐུབ ཅེས་དངོས་ཡོད་དང་འབྲེལ་ནས་བཀའ་གནང་འདུག།་ད་དུང་ཞེད་སྣང་མེད་ནའང་འཚེར་སྣང་ཙམ་ཡང་མེད་པར། ཧམ་པ་ཆེན་པོས་རྒྱ་མི་ངོས་ཕུད་དགོ། རང་བཙན་ངས་ལེན་དགོ་ ངས་ལེན་ཐུབ་ཅེས་མགོ་མཇུག་དང་བཟང་སྤྱོད་ཀྱི་རྣམ་འགྱུར་གང་ཡང་མེད་པར་ཞལ་ལན་ཧམ་པ་ཆེན་པོས་སློག་ཡོད་འདུག དེ་བཞིན་ཕུར་བུ་ཟེར་བ་ཞིག་གིས་ཀྱང་འཇོན་མདོག་ཁ་པོས་མགོ་མཇུག་གོ་རིམ་གྱི་གུས་ཞབས་གང་ཡང་མེད་པར་ཧམ་བཤད་ཀྱིས་༧གོང་ས་མཆོག་ལ་དྲི་བ་འདྲ་ཞུས་འདུག དེར་བརྟེན་རྒྱུ་རྐྱེན་དེ་འདྲ་མང་པོ་ཞིག་གིས་མཐར་༧གོང་ས་མཆོག་སྐུ་རླུང་བཞེངས་ནས་ཁྱེད་ཚོ་ཚང་མ་ད་ལྟ་རང་ལོག་རྒྱུག་ང་ཡང་འདི་རུ་འདུག་འདོད་མེད་པས་ལོག་ཕེབས་གནང་གི་ཡིན་ཞེས་བཀའ་ནན་པོ་གསུངས་འདུག དེ་མིན་འཇུག་མཐར་ང་རྒྱལ་བ་རིན་པོ་ཆེས་བོད་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བྱས་པ་ཡིན་ཀྱང་ད་དེ་ཚོ་ཕན་གྱི་མེད་པ་འདྲ།་ད་མ་ཕན་ན་བསྡད་ནས་ཅི་བྱེད། དེ་ལས་ཤི་ན་ཡག་གི་རེད།ཅེས་ཐུགས་ཕམ་པའི་བཀའ་སློབ་མང་པོ་གསུང་འདུག རྒྱ་ཆེ་བོད་རིགས་སྤུན་ཟླ་རྣམས་ལ་དྲི་བ་ཞུ་རྒྱུ་ལ། ཚེ་དབང་རིག་འཛིན་ཟེར་བ་དང་ཕུར་བུ་ཟེར་བ་ཁོ་ཚོ་རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་ནུས་པ་ཡོད་མཁན་དེ་འདྲ་་རེད་དམ། ཡང་ན་རྒྱལ་བ་རིན་པོ་ཆེ་སྐུ་རླུང་ཚ་དྲག་པ་རེད་དམ།གང་ལྟར་ང་ཚོས་གནད་དོན་འདི་སྣང་མེད་དུབཞག་ཐུབ་མེད་ལ་བཞག་ཀྱང་མི་འགྲིག་པས་འདིའི་སྐོར་ལ་རྒྱ་ཆེ་སྤུན་ཟླ་རྣམས་ཀྱིས་ཐུགས་ཁུར་དང་དོ་སྣང་མང་ཙམ་གནང་དགོས་ཀྱི་འདུག དེ་བཞིན་དུ་གཞོན་ནུ་ཚོགས་པ་ཟེར་བ་དེ་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏད་གཅོག་པའི་ཆེད་དུ་བཙུགས་པ་ཞིག་རེད་དམ། ཡང་ན་གཞན་ཕྱོགས་ཀྱི་ཆེད་དུ། སྤུན་ཟླ་རྣམ་པས་གཟིགས་དང་། ཚེ་དབང་རིག་འཛིན་གྱིས་༧གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་པ་དང་ཁོ་རང་སླར་ཡང་གཞོན་ནུའི་ཚོགས་གཙོ་རུ་འདེམས་འདུག་པས་ཡང་སྙིང་གཞོན་ནུ་ཟེར་བ་འདི་སུའི་ཕྱོགས་གཏོགས་རེད་འདུག ངེས་པར་དུ་བསམ་གཞིགས་དང་དབྱེ་ཞིབ་བྱེད་དགོས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གི་འདས་པའི་ལས་དུས་སུ་
དཀའ་སྣ་མང་ལ་གདོང་ལེས་དང་། ལོ་རྒྱས་ལ་གཞི་བཅོལ་ནས་བོད་ཀྱི་བདེན་དོན་ལ་འཐབ་རྩོད་བྱེད་པའི་སྒོ་སྣ་མང་གི་དབུ་ཁྲིད་གནང་པར་སྙིང་ནས་དགའ་བསུ་ཡོད། དེ་བཞིན་ལས་རོགས་རྣམ་པ་
དང། ལས་བྱེད་གསར་རྙིང་ཡོངས་ཀྱིས་བོད་བསྒྲུབ་པའི་བྱ་བ་གང་བརྩམ་ལེགས་
འགྲུབ་ཡོང་བའི་སྨོན་འདུན་ཞུ།
གཞིས་སུ་ཡོད་པའི་བོད་རིགས་མི་དམངས་ས་ཡ་དྲུག་གི་ད་བར་ལུས་སྲོག་བློས་བཏོང་བྱས་དང་བྱེད་བཞིན་ཡོད་པ་འདིའི་སྙིང་སྟོབས་ངོ་མ་དེ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་ཡིད་བཞིན་ནོར་བུའི་སྐུ་ཡི་གཟི་བྱིན་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཡིན།
ད་ལྟའི་ཆར་ཡང་གཞི་ལུས་བོད་རིགས་མང་པོའི་ཚེ་སྲོག་གཏོང་བཞིན་ཡོད་པ་དེ་དག་ཀྱང་མགོན་པོ་གང་ཉིད་མགྱོགས་མྱུར་རང་ཡུལ་བོད་ལྗོངས་སུ་བཀའ་དྲིན་ཆིབས་བསྒྱུར་ཐུབ་པའི་ཆེད་དུ་ཡིན།
༸ གོང་ས་མཆོག་དགོངས་པ་ཞི་དབྱིངས་སུ་འཐིམ་པའི་ཚུལ་བསྟན་གེགས་ཀྱི་མཚན་མ་བྱུང་ན་གཞི་ལུས་བོད་རིགས་མི་དམངས་ཀྱི་ཚེ་སྲོག་བློས་བཏོང་བྱེད་བཞིན་ཡོད་པ་དེ་མཚམས་འཇོག་བྱེད་རྒྱུ་ཡིན་པ་དེ་སྨོས་མེད་རེད།
གང་ཡིན་ཟེར་ན་ཁ་ནས་བོད་རང་བཙན་རྩོད་མཁན་ཁྱེད་ཚོར་གཞིགས་ན་གཞི་ལུས་བོད་རིགས་མི་མང་་ས་ཡ་དྲུག་པོ་དག་ར་ལུག་ལྟ་བུའི་ལྐུག་པ་དང་ཁོང་ཚོའི་ལུས་སྲོག་ལ་འཕམ་སེམས་ཅི་ཡང་མེད་པ་དེ་འདྲ་ཞིག་གཏན་ནས་མ་རེད།
བཀའ་དྲིན་མཚུངས་མེད་བོད་་རིགས་མི་དམངས་ས་ཡ་དྲུག་གི་ལྟ་བའི་མིག་དང་ཁོག་པའི་སྙིང་༸ གོང་ས་ཡིད་བཞིན་ནོར་བུའི་མཁྱེན་རླབས་ནི་འགྲན་ཟླ་བྲལ་བ་ཞིག་ཡིན་ལ་ཁོང་ནི་བོད་རིགས་མི་དམངས་ཡོངས་ཀྱི་བླ་སྲོག་ཉག་གཅིག་དེ་ཡིན་སྟབས་ཁོང་གི་བདམས་པའི་གཉིས་ཕན་དབུ་མའི་ལམ་དེར་གཞི་ལུས་དང་བཙན་བྱོལ་བོད་རིགས་དམངས་ཀྱིས་ལམ་དེ་གར་ཤར་བསྐྱོད་བྱེད་བཞིན་ཡོད།
༸གོང་ས་མཆོག་གི་ཆོས་སྲིད་འགྲོ་ལམ་གང་འདྲ་བདམས་ཀྱང་དེ་ལ་ཕྱི་ནང་བོད་རིགས་ཡོངས་ཀྱིས་མང་མོས་རྒྱབ་སྐྱོར་ཐོབ་ངེས་ཡིན། དེ་ནི་བོད་དང་ཏྭ་ལའི་བླ་མ། ཏྭ་ལའི་བླ་མ་དང་། བོད་རིགས་མི་དམངས་བཅས་ཀྱི་བར་ལ་ཆོས་ལུགས་དང་། ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་། གོམས་སྲོལ། བག་ཆགས། དད་པ། དམ་ཚིག་སོགས་ཕྱོགས་གང་ཐད་ནས་ནམ་ཡང་ཁ་བྲལ་དུ་མེད་པའི་ངོ་བོ་ཉིད་དུ་གནས་ཡོད།
དེ་འདྲ་ཡིན་དུས་ཁ་ནས་རང་བཙན་རྩོད་མཁན་དེ་དག་དུས་ཀྱི་སྔ་ཕྱི་མ་གཏོགས་ཁོང་ཚོ་གཞི་ལུས་བོད་རིགས་མི་དམངས་ཀྱིས་ཐད་ཀར་ཕམ་ཉེས་གཏོང་རྒྱུ་ཡིན་པ་བཤད་མི་དགོས། ད་དུང་དེ་ཚོའི་ནང་ཆེད་དུ་༸ གོང་ས་མཆོག་ལ་མཚན་སྨད་བྱེད་མཁན་རིགས་དེ་ཚོ་དེ་བས་ཕྱི་ནང་བོད་རིགས་ཡོངས་ཀྱི་སེམས་ནས་མི་དགའ་བའི་བྱེད་སའི་མི་ཞིག་ཏུ་འགྱུར་རྒྱུརཡང་ཐེ་ཚོམ་ཅི་ཡང་མེད།
དེ་འདྲ་སོང་ཙང་ཁྱེད་ཚོ་ཁ་ནས་བོད་རང་བཙན་རྩོད་ཀྱང་འགྲིག འོན་ཀྱང་ཁྱེད་ཚོས་གཟབ་དགོས་པ་དེ་༸ གོང་ས་མཆོག་ལ་མཚན་སྨད་དང་བཀུར་འདེབས་བྱེད་རྒྱུ་མང་དྲགས་ན་ཉིན་གཅིག་མི་དམངས་ཀྱིས་ལག་ནས་རྡོ་ཁྱེར་ནས་ཞུ་དགོས་པ་དེ་འདྲ་ཆགས་ན་དེ་དུས་ཁྱེད་ཚོ་མི་འགའ་ཤས་ཤིག་གཞི་ལུས་བོད་རིགས་མི་དམངས་ཀྱི་སེམས་ནང་ནག་ཅན་ཞིག་ཏུ་གྱུར་པའང་ཡོང་མི་སྲིད་པ་མིན།
དེ་ངས་ཆུ་མ་བྱུང་གོང་གི་ཆུ་རག་དང་ནད་མ་བྱུང་སྔོན་གྱི་རིམ་འགྲོ་ཡིན། གང་ཡིན་ཟེར་ན་ཉེ་དུས་ཀྱི་མཇལ་འཕྲད་སྐབས་སུ་༸ རྒྱལབའི་ཐུགས་དགོངས་དཀྲུགས་པའི་གནས་ཚུལ་ཐོན་བཞིན་འདུག་སྟབས་ངས་དེ་རིང་ཆེད་དུ་ཁྱེད་ཚོར་གཟབ་དགོས་སྔོན་བརྡ་གཏོང་བཞིན་ཡོད།
ཁྱེད་ཚོ་ཡག་པོ་བྱས་ནས་སོམ་དང་། གཞི་ལུས་བོད་རིགས་མི་དམངས་ཀྱིས་༸ རྒྱ་གུང་ཁྲན་གིས་ཆེད་དུ་༸ གོང་ས་མཆོག་ལ་མཚན་སྨད་བྱེད་དགོས་པའི་བཙན་བཀའ་བཏང་ཡང་ད་དུང་བོད་རིགས་མི་དམངས་ཀྱིས་༸ རྒྱལ་བའི་སྐུ་པར་དང་གཅིག་གི་ཆེད་དུ་ཐ་ན་ཁོང་ཚོ་བཙོན་ཁང་དུ་ཡུན་རིང་མནར་གཅོད་དང་སྡུག་སྦྱོང་མྱོང་གི་ཡོད་པ་མ་ཟད་ཚེ་སྲོག་བློས་གཏོང་བྱེད་བཞིན་ཡོད།
ཁྱེད་ཚོས་འདི་ནས་མང་གཙོ་དང་རང་དབང་ཁ་ལ་ཁྱེར་ནས་༸ གོང་ས་མཆོག་ལ་མཚན་སྨད་དང་གུས་བརྩི་མེད་པའི་མ་རབས་ཐ་ཤལ་གྱི་སྐད་ཆ་བཤད་རྒྱུ་དེ་དག་ངས་བྱས་ན་ད་ཚོད་ཟིན་ཐུབ་ན་ཡག་གི་དྲན།
ད་ཐེངས་གཞོན་ནུས་ཚོགས་གཙོ་དང་རྒྱུན་ལས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང ་ཆ་ཅིག་ཏུ་སྒོ་དྲུག་སྐལ་བཟང་ཕྱོགས་རྟོག་ཚོ་གནས་དབྱུང་བཏང་བ་ཡག་པོ་བྱུང་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཚོགས་ཆེན་ཐེབས་༡༤པ་རྒྱལ་ཁའི་ངང་གྲོལ་བར་ལ་སྙིང་ནས་དགའ་བསུ་དང་རྒྱུན་ལས་གསར་པ་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
གྲོས་ཆོད་ཁག་རྣམས་ཡག་པོ་འདུག་ལེགས་གྲུབ་ཡོང་པའི་སྨོན་འདུན་ཞུ།
གཞོན་ནུས་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་བར་དགའ་བསུ་དང་ཚོགས་གཙོ་ཚེ་དབང་རིགས་འཛིན་ལགས་བསྐྱར་དུ་ཚོགས་གཙོ་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ།
སྐུ་ཉིད་ཀྱིས་སྔར་ལྟར་ཕྱག་ལས་གནང་རྒྱུ་དང་མ་འོངས་བོད་པའི་གཞོན་ནུ་ཚོགས་པ་ཞེས་མཚན་སྙན་འཛམ་གླིང་ཁྱབ་ཞིང་དགྲ་བོ་སྙིང་རྩ་འདར་དགོས་པ་ཞིག་བཟོ་རོགས།
གཞན་ཕྱག་རོགས་རྣམས་ཀྱིས་ཀྱང་སེམས་མཐུན་ངང་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན།
གཞོན་ལྷན་ནས་བོད་ཕྲུག་བདུན་བརྒྱད་ཀྱི་བོད་ཀྱི་ཡུམ་ཆེན་རྣམས་ལ་བྱ་དགའ་གནང་རྒྱུའི་ལས་རིམ་ཞིག་སྔ་མོ་སྤེལ་བཞིན་ཡོད་པར་དགའ་བསུ་ཞུ་བཞིན་ཡོད་ཀྱང་།
བཙན་བྱོན་སྤྱི་ཚོགས་ནང་དེ་འདྲ་བའི་ཨ་མ་རེག་ན་དངོས་གནས་ཆེད་བསྟོད་ཞུ་འོས་པ་མ་ཟད་བོད་ཕྲུག་གཙང་མ་བདུན་བརྒྱད་ཀྱི་པ་ཕ་དག་ལ་ཡང་བྱ་དགའ་གནང་རོགས་ཞུ་རྒྱུ་ཡིན། དེ་ལྟར་བྱུང་ན་སྤྱི་སྙོམས་དང་དྲང་བདེན་ངོ་མ་ཞིག་ཡིན་པ་མཚོན་ཐུབ། ཚོགས་གཙོ་ཚེ་དབང་རིན་འཛིན་ལགས་ཀྱི་འཁྲིས་སུ་ཡོད་པའི་མཛེས་མ་དེས་ཚོགས་གཙོ་ལགས་ལ་ཧ་ལས་པའི་བརྩེ་དུང་ཡོད་བཟོ་འདུག་དངོས་གནས་བསོད་ནམས་རེད། སྐུ་རྩེ་ཞུས་།
བོད་ཀྱི་གཞོན་ནུ་ནང་ཁུལ་གྱི་རྙོག་སྒྲ་ཐག་བཅད་ཐུབ་པར་ཧ་ཅང་དགའ་པོ་བྱུང། ང་ཅོ་རི་ལ་ནུས་པ་མེད་ཀྱང་གཞོན་ནུ་ཚོགས་པའི་རྒྱབ་སྐྱོར་བྱས་ངེས་ཡིན། གནས་ཚུལ་ཡག་སྡུག་ཅི་བྱུང་ཡང་ཡིན། བོད་པའི་སྤྱི་ཚོགས་ནང་དུ་མི་ནག་ཆགས་པ་ཡིན་ནའང་འགྱོད་པ་སྤུ་ཙམ་མེད་ཞུ།
མ་ཤི་སྔོན་དུ་བོད་རང་བཙན་ཐོབ་པ་ཤོག
ཚོགས་འདུ་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ།
ངས་གཞོན་ལྷན་ཚོགས་བཅར་ཞིག་གིས་མདུན་ནས་དངོས་སུ་གོ་ཐོས་བྱུང་བར་གཞིགས་ན། ད་ཐེངས་ཚེ་དབང་རིག་འཛིན་ཁོ་རང་ཚོགས་གཙོར་འདུག་སྡོད་མེད་བཞིན་དུ་བསྐོ་འཇོག་བྱས་འདུག འོ་ན་ད་ཐེངས་ཁོང་ལ་རྒྱལ་ཁ་ཐོབ་པ་རེད་དམ། ཡང་ཕམ་པ་རེད། སྐབས་རེ་གཞོན་ནུའི་ནང་དབང་ཆ་རྩོད་ལེན་གྱི་མེ་ཕུང་འབར་བ་དང། སྐབས་རེ་ཕྱི་ཚུལ་གྱི་ཡིན་འདོགས་བྱེད་པ་དེས་སུ་འགོ་བསྐོར་བཞིན་པ་རེད་དམ།
ངས་གཞོན་ལྷན་ཚོགས་བཅར་ཞིག་གིས་མདུན་ནས་དངོས་སུ་གོ་ཐོས་བྱུང་བར་གཞིགས་ན། ད་ཐེངས་ཚེ་དབང་རིག་འཛིན་ཁོ་རང་ཚོགས་གཙོར་འདུག་སྡོད་མེད་བཞིན་དུ་བསྐོ་འཇོག་བྱས་འདུག འོ་ན་ད་ཐེངས་ཁོང་ལ་རྒྱལ་ཁ་ཐོབ་པ་རེད་དམ། ཡང་ཕམ་པ་རེད། སྐབས་རེ་གཞོན་ནུའི་ནང་དབང་ཆ་རྩོད་ལེན་གྱི་མེ་ཕུང་འབར་བ་དང། སྐབས་རེ་ཕྱི་ཚུལ་གྱི་ཡིན་འདོགས་བྱེད་པ་དེས་སུ་འགོ་བསྐོར་བཞིན་པ་རེད་དམ།
ཨ་ལེ། ༧གོང་ས་མཆོག་སྐྱེ་བོ་ཐ་མར་མ་ཞིག་ཡིན་པ་ལས། སྤྣན་རས་གཟིགས་མིན་སྐོར་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་རབས་སྐོར་བོད་ཀྱི་བང་ཆེན་གསར་ཤོག་ཐོག་བཤད་ཡོད་ན་དེ་ནི་དངོས་གནས་བདེན་པ་ཡིན་ངེས་རེད།
བོད་ཀྱི་བང་ཆེན་གསར་ཤོག་ཟེར་བ་དེ་ནི་དངོས་གནས་ང་ཚོ་བཙན་བྱོལ་ནང་གི་ཚགས་ཤོག་ཡག་ཤོས་དང་། ཧ་ཅང་དྲང་བདེན་དེ་རེད།
ངས་ནི་བང་ཆེན་ཚགས་པར་ཟེར་བ་དེ་མཐོང་ཡོང་དུས་ནས་ང་ལ་དད་པ་སྐྱེ་ཡོང་གི་འདུག།
བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་རྣམ་པའི་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་བར་སྙིང་ནས་དགའ་བསུ་ཡོད། ཁོ་བོ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་ཀྱི་ཚོགས་གཙོ་ཞིག་ཡིན་པ་ཆ་ནས། ཨ་ཞང་གཞོན་ནུ་ཚང་གི་ཁྱིམ་བཟུང་གསར་པ་རྣམས་གང་འདྲ་ཞིག་ཏུ་ཐོན་ཡོང་སྙམ་པའི་སེམས་ཚབས་བྱུང་ཡང་། སྟབས་ལེགས་པ་ཞིག་ལ་རྙོག་གླེང་རེ་ཞིག་འཇུག་སྒྲིལ་བ་དང་ལྷན་དུ་རྒྱུན་ལས་རྣམས་བསམ་དོན་བཞིན་ཕེབས་འདུག་པས་དམིགས་བསལ་གུས་བརྩིའི་བཀྲ་ཤིས་བདེ་ལེགས་ཞུ།
བོད་ཀྱི་གཞོན་ནུ་ཚོགས་པ་ལགས།
ང་ཡིས་ཁྱེད་རྣམ་པའི་དུས་དང་རྣམ་པ་ཀུན་ཏུ་ལུས་ཤུགས་དང་སེམས་ཤུགས།
རྒྱུ་ཤུགས་དང་རྩལ་ཤུགས་ཡོད་དགུ་བོད་དོན་དང་བོད་མའི་བདེ་སྐྱིད་རྩོད་ལེན་གྱི་ཆེད་དུ་ཕུལ་དང་འབུལ་གྱིན་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་བ་ཡིན།
ན་གཞོན་གྱི་སྙིང་སྟོབས་དང་སྤོབས་པ་ཁྲི་ལོར་ཤོག
གྲོས་ཆོད་ཁག་ལེགས་གྲུབ་ཡོང་བའི་སྨོན་འདུན་དང་བཅས་ནུས་ཤུགས་སྔོག་འདོན་བྱེད་རོགས་ཟེར་ཀྱིན་ཡོད།
གཞོན་ནུའི་ཚོགས་ཆེན་ལེགས་བསྒྲུབས་བྱུང་ཟིན་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
རྒྱུན་ལས་འདེམས་སྐབས་ལ་ཚོགས་གཙོ་ཚེ་དབང་རིགས་འཛིན་ལགས་དགོང་པ་ཞུས་པ་དེ་ནི་དངོས་གནས་ཁོང་རང་ལ་སེམས་ལ་བཀའ་ངལ་དང་དེ་བཞིན་ཁོང་རང་གི་ཁྱིམ་ཚང་ལ་བཀའ་ངལ་ཡོད་པ་གསལ་པོ་རེད་་་་་་་་་་་་་་་སྤྱིར་བཏང་མི་ཞིག་གི་སེམས་ལ་བཀའ་ངལ་ཡོད་ན་དེ་གཟབ་དགོས་པ་གལ་ཆེན་པོ་རེད་་་་་་་་་་་་་་་་་་་
ཡིན་ན་ཡང་ང་ཚོའི་སྤྱི་ཚོགས་ནང་ལ་མི་དེ་འདྲ་རགས་ཡ་ཁག་པོ་རེད་བསམ་ཀྱི་འདུག་་་་་་་་་་་་་གང་ལ་ཞུས་ན་ཁོང་ལོ་གསུམ་རིང་ཕྱགས་ལས་གནད་སྐབས་དེ་འངྲ་བཀའ་ངལ་བྱུང་བ་ལ་གདོང་ལན་བྱེད་ཐུབ་མཁན་དཀོན་པོ་རེད་ལ་་་་་་་་་་་་་་་་་་་་
ཁོང་རང་གི་དངོས་ཡོད་གནས་ཚུལ་གང་བྱུང་བ་རྣམས་གསལ་བོའི་བཤད་པ་དང་
བཀའ་ངལ་ལ་གདོང་ལནa་བྱེད་པ་གུས་པའི་ཐུགས་རྗེ་ཆེ་གནང་དང་གྲངས་པོ་རྒྱལ་ཁ་དང་རྒྱབས་སྐྱོར་ཡོད་་་་་་་་་་་་་་་་་་་་་་་་་་་་་་་་
དོན་གྲུབ་ལྷ་དར་ཚོགས་གཞོན་ལ་འདེམས་དོན་ནི་ཉེ་སྔོན་ཁོ་པས་༸གོང་ས་མཆོག་གི་དགོངས་གཞི་ལ་སློབ་སྦྱོང་བྱེད་པ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྐབས་གོང་ས་མཆོག་ནི་ “བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་བྱང་ཆུབ་སེམས་དཔའ་ཡང་མ་རེད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་མ་རེད། སྤྱི་ཡོངས་ཀྱི་གནས་སྟངས་ཀྱི་ཆ་ནས་མི་ཐ་མལ་པ་ཞིག་རེད།” ཅེས་བརྗོད་འདུག
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ 291 དྷ་རམ་ས་ལ།
རྟེན་འབྲེལ་ཞུ་ཡི་ཡིན།
གྲོས་ཚོགས་ལེགས་གྲུབ་བྱུང་བ་ལ་དགའ་བསུ་དང་། དོན་གྲུབ་ལྷ་དར་ཚོགས་གཞོན་དུ་འདེམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁོང་ནི་བོད་སྤྱི་བའི་དོན་དུ་སེམས་ཤུགས་དང་ལ་རྒྱ་ཡོད་མཁན་ཞིག་ཡིན་པ་མ་ཟད་ཤེས་འཇོན་ལྷག་བསམ་སུམ་ལྡན་ཞིག་ཀྱང་ཡིན་པས་ང་ཚོས་རེ་བ་ཆེན་པོ་བྱེད་ཀྱིན་ཡོད། ཁོང་གིས་ཀྱང་གཞོན་ནུ་རུ་ཁག་གིས་རེ་བ་ཡིད་ཆེས་ལ་ཆུད་ཟོས་སུ་མ་སོང་བ་ཞིག་གནང་རོག་ཅེས་འབུལ་བསྐུལ་ཞུ་རྒྱུ་བཅས།
བཀྲ་ཤིས་བདེ་ལེགས།
བོད་ཀྱི་རྩ་དོན་ལ་ཕན་ནུས་གནད་སྨིན་ཡོང་བའི་སྨོན་འདུན་ཞུ།
གྲོས་ཆོད་ཁག་ལེགས་འགྲུབ་བྱུང་ན་བོད་མི་རིགས་ཀྱི་བདེ་ཐབས་ལ་ཕན་རླབས་ཆེ་བ་ཞིག་རེད།།
བཀྲ་ཤིས་བདེ་ལེགས།
གྲོས་ཆོད་ཁག་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ།