མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཛ་དྲག་གི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

དྲག་ཆར་དཀའ་ངལ་འོག་གི་པ་ཀི་སི་ཐན་མང་ཚོགས་ཀྱི་མང་ཚོགས་ལ་ཨ་སྒོར་དུང་ཕྱུར ༤༌༦ ཙམ་ཛ་དྲག་གི་རོཊ་སྐྱོར་དགོས་པའི་འབོད་སྐུལ་ཞུས་འདུག

ཕྱི་ཚེས་ ༡༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་ ༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་བདེ་རྩའི་ལས་དོན་འགན་ཁུར་བ་སྐུ་ཞབས་མོ་སི་མཆོག་གིས་ཡོངས་ཁྱབ་འབོད་སྐུལ་ཞིག་ཞུས་པའི་ནང་། ཁོང་གིས་ པ་ཀི་སི་ཐན་ནང་གི་ཆུ་ལོག་གི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་གནས་སྐབས་ཀྱི་དཀའ་ངལ་སེལ་བར་འཛམ་གླིང་རྒྱལ་ཁབ་ཁག་གིས་ངེས་པར་དུ་ཨ་སྒོར་དུང་ཕྱུར་ ༤༌༦ ཙམ་གྱི་ཛ་དྲག་རོགས་སྐྱོར་གནང་དགོས་ཀྱི་འདུག་ཅེས་བརྗོད་འདུག་ཅིང་། དེ་ནི་མ་འོངས་པའི་ཟླ་གསུམ་གྱི་གནོད་ཐེབས་མང་ཚོགས་ཀྱི་སྔོན་རྩིས་འགྲོ་སོང་ཡིན་འདུག སྐུ་ཞབས་མོ་སི་ཡིས་སྒོར་མོ་དེ་དག་འབྲུ་རིོགས་དང་འཐུང་ཆུ། སྨན་རྫས་དང་གུར་སོགས་ཉོ་བྱེད་དུ་བེད་སྤྱོད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

 

ཡུལ་དེའི་གནམ་གཤིས་ལས་ཁུངས་ཀྱིས་མ་འོངས་པའི་ཉིན་ཤས་ནང་ཆར་པ་འབབ་མཚམས་འཇོག་རྒྱུ་ཡིན་ཚུལ་བརྗོད་ཡོད། ཁོས་མུ་མཐུད་དོན། པ་ཀི་སི་ཐན་གྱི་མི་གྲངས་བརྒྱ་ཆའི་བཅུ་ལ་ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་ཐེབས་ཡོད་པར་མ་ཟད། དེའི་ནང་གི་མི་ས་ཡ་དྲུག་ ༦༠༠༠༠༠༠ ཙམ་ལ་ཛ་དྲག་རོགས་རམ་བྱ་དགོས་ཀྱི་འདུག་ཅེས་དང་། མ་གཞི་པ་ཀི་སི་ཐན་སྲིད་གཞུང་གིས་མྱུར་སྐྱོབ་དང་རོགས་རམ་གང་ཅིའི་ཐད་ཤུགས་སྣོན་རྒྱག་གི་ཡོད་ཀྱང་། ཕྱོགས་ཐམས་ཅད་ནས་ནུས་པ་ཏག་ཏག་ཅིག་ཐོན་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཡོད། ཐེངས་འདིར་དྲག་ཆར་འབབ་ཡུན་རིང་པས་གནོད་ཐེབས་མང་ཚོགས་ཁྲོད་བཤལ་ནད་ཀྱིས་མཚོན་པའི་ནད་རིགས་འདྲ་མིན་འབྱུང་བཞིན་ཡོད་སྟབས། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ནས་ཤུགས་ཆེའི་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།

པ་ཀི་སི་ཐན་གྱི་མྱུར་སྐྱོར་རོགས་རམ་ཧ་ཅང་དུས་ཐོག་ལ་འབྱོར་ཐུབ་ཀྱི་མེད་སྟབས། ད་ལྟ་མང་ཚོགས་ཁྲོད་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ས་ཁུལ་རེ་ཟུང་དུ་མང་ཚོགས་ཀྱིས་གཞུང་གི་ལས་བྱེད་ལ་རྒོལ་རྡུང་བཏང་བའི་གནས་ཚུལ་ཡང་བྱུང་འདུག པ་ཀི་སི་ཐན་གྱི་ཆུ་ལོག་གི་གནོད་འཚེ་དེའི་ཁྲོད་མི་ཆིག་སྟོང་དྲུག་བརྒྱ་ ༡༦༠༠ ཙམ་ཤི་ཡོད་པ་དང་། གཞན་མི་ས་ཡ་ ༡༢ ཙམ་གྱི་འཚོ་བར་གནོད་སྐྱོན་དང་། དེ་དག་ལས་མི་ཁྲི་ ༥༠ ཙམ་རང་ཡུལ་ནས་ཉེན་གཡོལ་དུ་འགྲོ་དགོས་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབོད་སྐུལ་ཞུས་མཚམས་དབྱིན་ཇིའི་སྲིད་གཞུང་ནས་པ་ཀི་སི་ཐན་གྱི་གནོད་ཐེབས་མི་མང་ཁྲི་ ༡༥༠ ཙམ་གྱི་འཚོ་བར་རོགས་སྐྱོར་བྱ་རྒྱུར་ཁས་ལེན་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 7

  1. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    ཛ་དྲག་གི་རོཊ་སྐྱོར་ཟེར་བ་དོན་ཅི་ཞིག་རེད།
    གསར་འགོད་བ་ཡ་གསར་འགོད་པ་ལགས

    Reply
  2. སེར་ཆེན་ says:
    ལོ་ 16 སྔོན།

    པར་རིས་ནང་གི་མཉམ་ཆུང་བྱིས་པ་འདི་དག་སྙིང་མ་རྗེ།

    Reply
  3. སེར་ཆེན་ says:
    ལོ་ 16 སྔོན།

    རྒྱུ་དང་འབྱོར་བའི་ཕྱུགས་པའི་བོད་རིགས་རྒྱུ་ཆེན་ངོ་ཆེན་ཚོས་རྒྱུ་དངོས་དག་མི་སྒེར་བསམ་བློ་མ་འཁོར་བར་བོད་པ་ཚང་གི་ཡ་རབས་བཟང་སྤྱོད་ཀྱི་གཤིས་ཀ་ཁྱེར་ཏེ་དཀའ་ངལ་འཕྲད་བཞིན་པའི་གཞི་རིམ་མི་མང་ཚོར་ཞལ་འདེབས་རེ་འབུལ་ཐུབ་ཚེ་སྔོན་ཐོན་རེད།

    Reply
  4. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་རྒྱ་ནག་གི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུ་ཡས་མས་སུ། རྒྱ་གཞུང་གིས་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་དུ་འབོད་པའི། ལི་རྫོང་། འབོ་ཏོག་ཤུ་ཀོ་ཞང་གི། འཕགས་པ་སྡེ་པའི་འཕགས་པ་ལུང་བའི་ནང་། ལོ་ངོ་བརྒྱར་འཕྲད་མ་མྱོང་བའི་འདམ་རྡོ་མནུར་བའི་གནོད་སྐྱོན་ཚབས་ཆེན་བྱུང་བ་དང་། པ་ཀི་སི་ཐན་ལ་ཆུ་ལོག་གིས་གནོད་འཚེ་ཚབས་ཆེན་ཕོག་ཡོད་ན་ཡང་། ཐུགས་གསོའི་འཚམས་འདྲི་དང་། བསྔོ་སྨོན་ཙམ་ཡང་མེད་པ་འདི་ང་ཚོ་གཞུང་དམངས་གཉིས་ཀྱི་ཤེས་རྒྱ་དང་། ཆབ་སྲིད་གོ་རྟོགས། བོད་མིའི་བཟང་སྤྱོད། ཁ་ལ་ཡོད་པའི་ཆོས་དད་བཅས་ཀྱི་དེ་ཉིད་གསལ་བོར་བསྟན་པ་ཡིན་སྟབས། ཡིད་སྐྱོའི་ནང་གི་ཡིད་སྐྱོའི་གནས་ཞིག་རེད།

    Reply
  5. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    བཙན་བྱོལ་དུ་ནང་པའི་བྱམས་སྙིང་རྗེ་ལའང་དགྲ་གཉེན་དང་དགོས་མཁོ་ཡོད་མེད་ཀྱི་དབྱེ་བགར་འདུག་གཱ བོད་གཞུང་དམངས་གཉིས་ཀྱི་གང་གིས་ཀྱང་པ་ཀི་སི་ཐན་མི་དམངས་ལ་ཐུགས་གསོ་དང་བསྔོ་སྨོན་གནང་ཟིན་པའི་སྐད་ཆ་གོ་རྒྱུ་མི་འདུག་གཱ ད་ནི། བོད་པའི་བཟང་སྤྱོད་ཟེར་བའི་འུད་ཆེན་པོ་དེའི་ཁ་དོགས་ཀྱང་གཞན་ཞིག་ལ་འགྱུར་ཚར་འདུག་གཱ། ཆབ་སྲིད་ཀྱི་ངོས་ནས་གནོད་ཤུགས་ཡོད་སྲིད་མོད། བཟང་སྤྱོད་ཀྱི་ངོས་ནས་ཐུགས་གསོ་དང་བསྔོ་སྨོན་ཞུས་ལོས་ཆོག་འདོད་གི། གནའ་མི་རྒད་པོའི་གཏན་དཔེར་ཡང་། མི་སེམས་ཁབ་དང་སྐུད་པ་ཟེར་བ་མ་ཡིན་ནམ། དེ་དུས་རྒྱལ་དར་ཕྱེད་ཀ་མྱ་ངན་དུ་ཕབ་པའི་ངོ་སོ་ཙམ་གྱི་ཆེད་དུའང་། ཁ་ཡག་རེ་བཤད་བཞག་ན་ཅང་མི་རུང་རྒྱུ་ཨེ་ཡོད། གྲོགས་བརྒྱ་ཡོད་ན་ཉུང་ཚད་དང་། དགྲ་གཅིག་ཡོད་ན་མང་ཚད་ཡིན་ཟེར་བ་ཅིས་མ་བདེན་ཨང་།

    Reply
  6. ནད་པ says:
    ལོ་ 16 སྔོན།

    ང་ཚོས་ཀྱང་ཁོང་ཚོའི་ཆེད་དུ་སྨོན་ལམ་དང་། འཚམས་འདྲི། ཞལ་འདེབས་སོགས་ཅུང་ཟད་གཅིག་ད་རེས་གནང་ཐུབ་ན་འགྲོ་བ་མི་སྤྱིའི་བྱམས་རྩེ་དང་། ལྷག་དོན་ཁྱིམ་མཚེས་ཀྱི་མཛའ་བརྩེའི་འདུ་ཤེས་གཅིག་ཀྱང་མཚོན་ཐུབ་ཀྱི་རེད།

    དེས་ཕྲལ་དུ་ཁོང་ཚོའི་གཞུང་དམངས་གཉིས་ཀར་དམིགས་བསལ་གྱི་སེམས་ནང་མཛའ་ཤེས་ཀྱི་འདུ་ཤེས་ཟབ་མོ་སྐྱེ་ཡི་རེད་ལ་ཕུགས་སུ་ངེད་ཅག་བོད་འདིར་ཡང་ཁོང་ཚོའི་ངོས་ནས་ཕན་ཐོགས་དགོས་པའི་དུས་ཚོད་གཅིག་ཡོང་གི་རེད།

    Reply
  7. འཇམ་དབྱངས། says:
    ལོ་ 16 སྔོན།

    རྒན་རབས་པ་རྣམས་ཀྱི་ཟེར་སྒྲོས་ལ་བོད་རང་བཙན་ཤོར་བའི་ཉིན་པ་ཀི་སི་ཐན་སྲིད་གཞུང་གིས་བོད་ལ་རྒྱབ་སྐྱོར་མཚོན་སླད་རྒྱལ་ཁབ་ཀྱི་དར་ཆ་མར་ཕབ་ཡོད། དེ་ནི་འཛམ་གླིང་འདིར་བོད་རྒྱབ་སྐྱོར་མཚོན་ཆེད་དར་ཕབ་པའི་ཐོག་མ་དེ་རེད་ཟེར། གང་ལྟར་འུ་ཚོས་ཀྱང་གནས་ཚང་རྒྱ་གར་ཚང་དང་བསྟུན་མཁས་ཀྱིས་རོགས་རམ་འདྲ་བྱེད་ཐུབ་ན་མིག་སྨན་མིག་ཐོག་གི་ཕན་རླབས་ཆེ་བར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese