མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་དར་ཕབ་སྟེ་མྱ་ངན་ཞུས།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་རྒྱ་ནག་རྒྱལ་ཡོངས་ནས་ཀན་ལྷོ་འབྲུག་ཆུ་རྫོང་གི་གོད་ཆག་ཁྲོད་རྐྱེན་ལམ་དུ་ཕྱིན་པ་དག་ལ་མྱ་ངན་གུས་འདུད་ཞུས་ཡོད་ཅིང་། སྐབས་དེར་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་རྒྱ་ནག་གི་རྒྱལ་དར་ཕྱེད་ཙམ་མར་ཕབ་ཅིང་། སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝོན་ཅ་པའོ། ཅ་ཆིན་ལིན། ལི་ཁྲང་ཁྲོན། ཞི་ཆེན་ཕིན། ལི་ཁེ་ཆང་། ཧི་གོ་ཆང་། ཀྲུག་ཡོན་ཁཱང་བཅས་གཙོས་ཀྱིས་མགོ་བོ་བསྒུར་ཏེ་མྱ་ངན་ཞུས་ཡོད། དུས་དེར་རྒྱལ་ནག་རྒྱལ་ཡོངས་ཀྱི་རོལ་རྩེད་ཁང་དག་གི་རོལ་རྩེད་མཐའ་དག་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། ཕྱི་རྒྱལ་ཁག་གི་ཀྲུང་གོའི་གཞུང་ཚབ་དང་ཕྱིར་སྐྱོད་སློབ་མ་སོགས་ཀྱིས་ཀྱང་དུས་མཉམ་དུ་མྱ་ངན་ཞུས་ཡོད་འདུག

 

ཀན་ལྷོ་འབྲུག་ཆུའི་ཉེན་སེལ་བཀོད་འདོམ་ཚན་པས་བསྒྲགས་པ་ལྟར་ན། ཁ་སང་ཕྱི་དྲོའི་པེ་ཅིན་གྱི་ཆུ་ཚོད་ ༥ བའི་བར་རི་ཉིལ་འདམ་ཟེགས་ཀྱི་དོན་རྐྱེན་ཁྲོད་མི་ཤི་བའི་གྲངས་འབོར་ ༡༢༣༩ ཙམ་ལ་བུད་པ་ཡོད་འདུག་ལ། མི་ ༥༠༠ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག འབྲུག་ཆུ་རྫོང་གི་རྫོང་དཔོན་ཏེ་མུའུ་ཅཱང་ཐེན་ཞུ་བ་ཁང་བོད་རིགས་ཤིག་ཡིན་ཞིང་། ཁོས་ཐེངས་འདིའི་གོད་ཆག་བྱུང་ཡུལ་བོད་རིགས་ཀྱི་ས་ཁུལ་ཡིན་པ་དང་། རྐྱེན་འདས་སུ་སོང་བ་མང་ཆེ་བ་བོད་རིགས་ཡིན་སྟབས། ཕྱི་ཚེས་ ༨ ཉིན་འདས་གྲོངས་སུ་སོང་བ་དག་གི་ཚན་རྡོ་ལ་བརྐོས་ཏེ་རྗེས་དྲན་རྡོ་རིང་བཞེངས་རྒྱུ་དང་། རྡོ་རིང་གི་མདུན་དུ་བོད་པའི་ལུགས་སྲོལ་ལྟར་མ་ཎི་རྡོ་འབུམ་བརྩིག་དགོས་པའི་བསལ་ཚུལ་བཏོན་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 10

  1. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 16 སྔོན།

    དངོས་ནས་དེ་འདྲ་ཡིན་ན་རྫོང་དཔོན་ལགས་ལ་ཐུགས་རྗེས་ཆེ་ཞུ་ཡག་ཡིན

    Reply
  2. བྱམས་རྒྱལ། says:
    ལོ་ 16 སྔོན།

    རྫོང་དཔོན་ཁོང་བོད་མི་རིགས་ཀྱི་ལ་རྒྱ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་འདྲ་ དགའ་པོ་བྱུང་

    Reply
  3. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    གསར་འགོད་དོན་འགྲུབ་བཀྲ་ཤིས་ལགས་རྗེ་ཆེ། གསར་འགྱུར་མགྱོགས་མྱུར་ལྡན་ལ་ད་དུང་བོད་ཀྱི་མཐའ་མཚམས་ཀྱི་ས་ཁུལ་འདིའི་གནས་ཚུལ་གང་ཡོད་འཚོལ་སྒྲུབ་བྱ་རྒྱུ་ཧ་ཅང་གལ་འགངས་རང་བཞིན་ཅན་ཞིག་རེད། བཙན་བྱོལ་གྱི་ཁྱབ་བསྒྲགས་ཀྱིས་འདང་གིན་མེད་པའི་གནས་ཚུལ་འདུག་པས་མུ་མཐུད་དེ་ང་ཚོས་འབད་འབངས་བྱ་གལ་ཆེ་བར་མཐོང་།

    Reply
  4. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    གཅན་བཟོད་རྒྱལ་ལགས། སྨྱུག་ཁ་ཅུང་གཡོ་བཞིན་ཡོད་པ་མིན་འགྲོ། གསར་འགྱུར་འདི་མདང་ནུབ་ཆུ་ཚོད་ ༡༡ ཐོག་བཏང་བ་ཡིན། སྐབས་དེར་མཚོན་ན། དེ་རིང་མི་ཟེར་ཐབས་མེད་རེད། མཚན་མོ་ཆུ་ཚོད་ ༢ སྟེང་ཡང་བསྐྱར་བཟོ་བཅོས་ཐེངས་ཤིག་བརྒྱབ་པ་ཡིན། དུས་ཚོད་སྐར་ཆ་གང་ཡིན་དང་། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨའོ་མིན། ཕྱི་རྒྱལ་གཞུང་ཚབ་ཁང་ཁག ཐད་གཏོགས་གྲོང་ཁྱེར་ཁག རྒྱལ་ནང་གི་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ་བཅས་སུ་མྱ་ངན་ཞུ་སྟངས་ལ་ཚད་གཞི་མི་འདྲ་བའི་བརྡ་ཁྱབ་བཏང་ཡོད་པ་ང་དངོས་སུ་མཐོང་ཡོད།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རེད་རེད། ཡིན་ནའང་རྒྱལ་དར་ཕབ་སྟེ་མྱ་ངན་ཞུས་པ་དང་གསར་འགྱུར་སྤེལ་བའི་ཚེས་གཉིས་ལ་ད་དུང་ཡང་བསྐྱར་བཅོས་ཤིག་དགོས་སྙམ་མཐོང་སོང་། གཞན་བོད་ཀྱི་དུས་བབ་ཀྱིས་གསར་འགྱུར་དུས་ཐོག་གཏོང་བ་དང་གསར་འགོད་ལས་རིགས་ལ་དཀའ་ཁེག་ཅི་ཙམ་ཡོད་མེད་ངས་ཀྱང་ཤེས་ཡོད་ན། བཀའ་དྲིན་ཆེ་ཞུས་པ་ཡིན།
    ཁ་སྔོན་ཞིག་ནས་ངའི་སྨྱུ་གུ་འདིར་ཁ་བཙོག་རྐྱང་བྲིས་བསྡད་པ་ཡིན་ན་གང་ཡིན་མ་ཤེས། སྨྱུག་ཁ་ཅུང་གཡོ་གིན་ཡོད་ནའང་ཐང་ཡ། ཧ་ཧ་ཧ།

    Reply
  6. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    ཟུར་ངོས་གཞན་ཞིག་ནས་བལྟས་ན། དེང་སྐབས་རྒྱ་ནག་གི་རྒྱལ་དར་དང་རྒྱལ་ཁྲིམས། རྒྱལ་དམངས་ཡོད་ཚད་གུང་བྲན་ཏང་གི་ལག་གི་རྩེད་སྤྱད་ལྟ་བུ་ཞིག་ཏུ་གྱུར་མི་འདུག་གམ།

    Reply
  7. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    རྒྱ་དར་ཕབ་ནས་མྱ་ངན་ཞུ་ཡོད་རེད་དེ་གཙོ་བོ་ས་ཁུལ་རང་ལ་རོགས་སྐྱོར་གང་ཡོང་གཏོང་རྒྱུ་ཧ་ཅང་གལ་བ་ཆག་འདུག རྒྱུ་མཚན་ད་ལྟ་ས་ཁུལ་རང་ལ་རོགས་སྐྱོར་ཤར་གཏོང་མ་བྱས་པའི་དཀའ་ངལ་འདུག དེ་ནི་ཧ་ཅང་བློ་ཕམ་དགོས་པའི་གནས་སྟངས་ཤིག་རེད། ཁོང་ཚོ་སྙིང་མ་རྗེ་རེ་མིག་སྐྲངས་ཁར་ཁུ་ཚུར་ཞེས་པའི་དཔེ་ལྟར་ད་དུང་ཁོང་ཚོར་རོགས་སྐྱོར་བྱེད་ཉིད་ཡོད་ཀྱང་ཤར་གཏོང་མ་བྱས་པ་དངོས་གནས་ཐབས་སྡུག་རེད།

    Reply
  8. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    ༼གལ་སྲིད་མྱ་ངན་མ་བྱས་ན་ཁྲིམས་ཆད་གཅོད་རྒྱུ་ཡིན་༽ཞེས་འཇིགས་སྐུལ་དང་བཅས་མྱ་ངན་བྱས་འདུག མྱ་ངན་གྱི་ཉིན་དེར་ཉིན་ཧྲིལ་བོར་རྒྱ་ནག་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ལས་ཚན་ཚང་མ་མཚམས་འཇོག་ཏུ་བཅུགས་ཏེ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་གཅིག་གྱུར་སྟངས་འཛིན་གྱིས་མྱ་ངན་སྐོར་གྱི་ལེ་ཚན་རྐྱང་རྐྱང་བཏང་སོང་། རྒྱ་ནག་གི་ཏང་དེ་དངོས་གནས་དྲག་སྤྱོད་རིང་ལུགས་པ་རང་རེད། བྱ་ངན་རང་གིས་བསགས་རྗེས་ལས་ངན་དམངས་ལ་འགེལ་གྱིན་འདུག
    མང་ཚོགས་ཤིག་གིས་ཀྱང་གསར་ལམ་ཁག་ཏུ་འདི་ལྟར་བརྗོད་འདུག ༼དངོས་གནས་མི་སེམས་ཟེར་བ་མི་འདུག གནོད་འཚེ་བྱུང་རྐྱེན་གྱི་དངོས་དོན་ནག་ཉེས་ལ་འགན་ཁུར་བའི་སྒོ་ནས་ཉེས་སེལ་གནོད་འགོག་གྱི་འདུ་ཤེས་བཟུང་སྟེ་མྱ་ངན་མི་ཞུ་བར། ཐེངས་རྗེས་མར་ཡང་བསྐྱར་གནོད་འཚེ་ཞིག་འབྱུང་རྒྱུ་གཞིར་བཞག་ཐོག་བཙན་འགེལ་སྒྲིག་གཞི་རང་བཞིན་གྱི་མྱ་ངན་གྱི་ལམ་སྲོལ་གཏོད་བཞིན་འདུག༽ཅེས་སྐད་ཤོར་འདུག

    Reply
  9. སེར་ཆེན་ says:
    ལོ་ 16 སྔོན།

    ཨོ་ལེ།སྙིང་མ་རྗེ།རྐྱེན་ལམ་དུ་ཕྱིན་པ་རྣམས་ཀྱི་ཆེད་དུ་བོད་མི་ཡོད་དོ་ཅོག་གིས་གསོལ་བ་བསྔོ་སྨོན་ཞུ་རྒྱུ་ཤིན་ཏུ་གལ་ཆེ་མོད།འོན་ཀྱང་བཤུལ་ལུས་ནང་མི་ཚོས་ཅི་བྱེད།སྙིང་རེ་རྗེ།གློ་བུར་བའི་ནང་ཡིད་ལ་དྲན་མ་མྱོང་བའི་དཀའ་ངལ་དེ་འདྲ་ཡོང་དགོས་དོན་གང་ཡིན་ནམ།ལྷག་ལུས་ནང་མི་ཚོ་གང་དུ་འགྲོ།གང་དུ་སྡོད།དམིགས་ཡུལ་ཅི་ཞིག་འཛིན་དགོས་ཡ།ཨ་ཙི།མ་སེམས་ཅད་ཐམས་ཅན་འགྲོ་བ་རིགས་དྲུག་གི་མགོ་ཐོག་ཏུ་དེ་འདྲ་མི་ཡོང་བའི་སྨོན་ལམ་རྩེ་གཅིག་ཏུ་ཞུའོ།།མ་གཞི་རྫོང་དཔོན་ལགས་ཀྱི་ཕྱག་ལས་གནང་སྟངས་སྔོན་ཐོན་རེད།ཧ་ཅང་ཡག་པོ་རེད།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དེ་རིང་ནི་སྤྱི་ཚེས་བཅུ་དྲུག་རེད་མོད། རྒྱལ་དར་ཕབས་ནས་མྱ་ངན་བྱས་པ་སྤྱི་ཟླ་༨ པའི་ཚེས་༡༥ ཉིན་གྱི་ཞོགས་པ། པེ་ཅིན་གྱི་དུས་ཚོད་དུས་ཚོད་ལྔ་དང་སྐར་མ་ཉེར་ལྔའི་སྟེང་མྱ་ངན་བྱས་འདུག
    ད་དུང་སྤྱི་ཟླ་༨ པའི་ཚེས་༡༥ ཉིན་གྱི་ཞོགས་པ་ཞང་ཀང་གི་སྔ་དྲོའི་དུས་ཚོད་བརྒྱད་ཀྱི་སྟེང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ཧི་ཧྲུའུ་ཐང་ཆེན་དུ་རྒྱལ་དར་དང་སྲིད་འཛིན་ས་ཁུལ་གྱི་དར་ཆ་གཉིས་དལ་བུར་ཡར་བསྒྲེངས་རྗེས། ཕྱིར་དར་ཤིང་གི་སྐེད་ཙམ་ལ་ཕབ། ཙི་ཅིན་ཐང་ཆེན་ནས་ཀྱང་དར་ཆ་སྐེད་ཙམ་ལ་ཕབ་སྟེ་འབྲུག་ཆུའི་ཆུ་ལོག་གིས་གོད་ཆགས་བཟོས་པར་མྱ་ངན་བྱས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese