མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཛངས་མས་རང་གི་ཕུགས་མདུན་བརྗོད་པ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp
ཉིན་འདི་འགར་འདི་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་ཀྱིས་རྒྱ་གར་ཡུལ་མི་བོད་དོན་རྒྱབ་སྐྱོར་བ་མཱ་ཧེ་ཞ་༲༲( Dr. Mahesh Yadav ) ལགས་དང་མཉམ་དུ། བོད་དོན་གྱི་ལས་འགུལ་སྤེལ་གྱིན་བཞུགས་སྒར་ངྷ་ས་གཙོས་རྒྱ་གར་ནང་གི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཅིག་ཏུ་ཕྱོགས་སྐྱོད་བྱེད་བཞིན་པ་དང་། མི་རིང་བར་ཨ་རི་སོགས་སུའང་བསྐྱོད་འཆར་འདུག་ལ། ཕྱི་ཚེས་ ༡༣ ཉིན་འདི་གའི་གསར་འགོད་པས་ཁོ་མོར་སྤྱིར་བཏང་གི་དྲི་བ་འགའ་དྲིས་པར་ཁོ་མོས་ལན་འདེབས་བྱས།
བོད་ཀྱི་དུས་བབ། ཁྱེད་རང་འདི་ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་མཁན་དང་། ཉེ་ཆར་ཝར་ཎ་མཐོ་སློབ་ཁང་ནས་ཤཱསྟྲི་ཐོན་མཁན་ཞིག་ཡིན་སྟབས། མ་འོངས་པར་བོད་མིའི་སྤྱི་ཚོགས་ནང་ལས་ཀ་གང་འདྲ་ཞིག་བྱེད་འདུན་ཡོད་དམ།
བོད་ཀྱི་མཛངས་མ། བོད་ཀྱི་མཛངས་མའི་འགྲན་བསྡུར་མ་བྱས་གོང་ནས་ངས་བོད་དོན་ཐོག་ལ་གང་ཐུབ་ཐུབ་ཅིག་ཤུགས་རྒྱག་གི་ཡིན་ཞེས་བཤད་མྱོང་ལ། འདི་ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་པ་ནས་བཟུང་། བོད་དོན་རྒྱབ་སྐྱོར་བ་མཱ་ཧེ་ཞ་ལགས་དང་མཉམ་དུ་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུར་རོགས་རམ་བྱེད་ཀྱིན་ཡོད། ཉེ་ཆར་ང་ཚོས་འཕྲེད་དར་རིང་བོ་ཞིག་གི་སྟེང་དུ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་མགོ་འཛུགས་བྱས་ཡོད་ལ། དེའི་ཐོག་མའི་འཆར་འགོད་པ་ངས་བྱས་པ་དང་འཕྲེད་དར་དེའི་རིང་ཚད་ལ་ཕི་ཊྲི་ ༥༡ ཙམ་ཡོད། འཕྲེད་དར་དེ་མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་འཆར་ཡོད་ལ། ད་ལྟའི་ཆར་ངས་ལས་འགུལ་དེ་ལེགས་འགྲུབ་ཡོང་རྒྱུར་རོགས་རམ་བྱེད་ཀྱིན་ཡོད།
བོད་ཀྱི་དུས་བབ། ཁྱེད་རང་སྒེར་ངོས་ནས་མ་འོངས་པར་བོད་དོན་ཆེད་ལས་འགུལ་འདྲ་སྤེལ་འཆར་ཡོད་དམ།
བོད་ཀྱི་མཛངས་མ། སྒེར་ངོས་ནས་བཤད་ན། ད་ལྟ་ང་ད་དུང་སློབ་ཕྲུག་རེད། ངས་ད་དུང་གཙུག་ལག་རབ་འབྱམས་པའི་ཐོག་སློབ་སྦྱོང་བྱེད་དགོས་པ་རེད་ལ། ལོ་གཉིས་རིང་བསྐྱར་དུ་སློབ་སྦྱོང་བྱ་རྒྱུར་ལྷག་ཡོད། ད་ལྟའི་དམིགས་འདུན་ལྟར་ན་སློབ་ཞོར་དུ་བོད་དོན་རྒྱབ་སྐྱོར་བ་མཱ་ཧེ་ཞ་ཁོང་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་རྒྱུ་དང་། ཤེས་ཡོན་གཞན་པའི་སྟེང་དུ་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་ཤེས་ཡོན་གནས་ཚུལ་གོང་མཐོར་གཏོང་རྩིས་ཡོད།
བོད་ཀྱི་དུས་བབ། བོད་ཀྱི་མཛངས་མ་ཞེས་པའི་མིང་དེ་ཐོགས་པ་ནས་བཟུང་། ནམ་རྒྱུན་གྱི་མི་ཞིག་གི་གནས་བབ་ལས་ཡར་བུད་ཡོད། ཁྱེད་རང་སྟེང་ནས་བོད་ཀྱི་མཛངས་མའི་མིང་དེ་ཐོབ་པ་ནས་བཟུང་ད་ལྟའི་བར་དུ་སྔར་དང་མ་འདྲ་བ་ག་རེ་མཐོང་གིན་འདུག  
བོད་ཀྱི་མཛངས་མ། བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་རྒྱལ་ཁ་མ་ཐོབ་གོང་དུ་ང་ནམ་རྒྱུན་གྱི་མི་དཀྱུས་མ་རང་རེད། ད་ལྟ་སྤྱི་ཚོགས་ནང་ཡར་མར་འགྲོ་དུས་མི་ཚང་མས་ངོ་ཤེས་ཀྱི་ཡོད་ལ་བལྟས་ཀྱང་བསྡད་ཡོད་སྟབས། ང་རང་ཉིད་ཀྱིས་གང་ཐུབ་ཐུབ་བྱེད་ཀྱིན་ཡོད། སྤྱིར་བཏང་ནས་མཛངས་མའི་འགྲན་བསྡུར་ལས་རྒྱལ་ཁ་ཐོབ་རྗེས་ང་རང་ཉིད་ལའང་འགྱུར་བ་མང་བོ་ཞིག་ཕྱིན་སོང་།
བོད་ཀྱི་དུས་བབ། ཁྱེད་ཀྱིས་བསམ་ན་མི་ཞིག་བྱེད་པར་གཞི་རྩའི་ཆ་རྐྱེན་གང་འདྲ་ཞིག་ཚང་ན། ད་གཟོད་མི་ཟེར་བ་དེ་བྱེད་ཐུབ་ཀྱི་ཡོད་དམ།
བོད་ཀྱི་མཛངས་མ། གཙོ་བོ་སེམས་པ་བཟང་པོ་དང་སློབ་སྦྱོང་རེད། ངས་སློབ་སྦྱོང་དེ་གལ་ཆེན་པོར་མཐོང་གི་འདུག སློབ་སྦྱོང་ཡོད་པར་མ་ཟད་དེ་བཀོལ་སྤྱོད་ལེགས་པོ་བྱེད་ཐུབ་མཁན་ཞིག་ཡིན་ན། ཚད་ལྡན་གྱི་མི་ཞིག་ཏུ་མཐོང་གི་ཡོད།
བོད་ཀྱི་དུས་བབ། མ་འོངས་པར་རང་ལ་ཁྱོ་ག་གང་འདྲ་ཞིག་འཚོལ་དགོས་བསམ་གྱིན་འདུག
བོད་ཀྱི་མཛངས་མ། དེ་གཅིག་ནས་སོ་སོའི་ལས་རེད། དེ་མིན་སེམས་བཟང་པོ་ཞིག་དང་རང་ཉིད་ལ་ལྟ་སྐྱོང་ལེགས་པོ་བྱེད་མཁན་ཞིག  གལ་ཆེ་ཤོས་ངས་ལས་ཀ་གང་འདྲ་ཞིག་བྱེད་ཀྱིན་ཡོད་ནའང་། ང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དགོས་ཀྱིན་འདུག
 

བོད་ཀྱི་དུས་བབ། བཙན་བྱོལ་བུད་མེད་ཀྱི་ཐོབ་ཐང་དེ་ཚད་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།

བོད་ཀྱི་མཛངས་མ། སྤྱིར་བཏང་ནས་ང་ཚོ་བོད་མིའི་གཤིས་ཀར་ངོ་ཚ་རྒྱུར་དགའ་བའི་གཤིས་ཀ་ཞིག་ཡོད་ལ། དོན་དངོས་ཐོག་ནས་ཀྱང་བུད་མེད་ཚོ་ངོ་ཚ་སར་ཚ་དགོས་པ་རེད། ང་རང་ཉིད་ཀྱང་ནམ་རྒྱུན་ངོ་ཚ་སྨིན་པོ་ཅན་ཞིག་ཡིན། ཡིན་ནའང་། བོད་ཀྱི་མཛངས་མའི་འགྲན་བསྡུར་ལྟ་བུའི་ནང་འཛུལ་དུས། ངོ་ཚ་དང་མི་ཚ་གི་སྐད་ཆ་གང་ཡང་མིན་དུས་ངས་བུད་མེད་ཚོར་ངོ་ཚ་དགོས་སར་ཚ་དགོས་པ་དང་། ཡང་མགོ་བོ་ཡར་བཀྱགས་ནས་འགྲོ་དགོས་སར་དེ་ལྟར་འགྲོ་ཐུབ་པ་བྱུང་ན་ཡག་པོ་འདུག་སྙམ།  
བོད་ཀྱི་དུས་བབ། གོ་སྐབས་འདི་བརྒྱུད་ནས་བཤད་འདོད་པ་འདྲ་འདུག་གམ།

བོད་ཀྱི་མཛངས་མ། གཞོན་སྐྱེས་ཚོར་སྤྱིར་བཏང་སློབ་སྦྱོང་ལ་ཤུགས་རྒྱག་རྒྱུ་དང་། བོད་རིགས་ནང་ཁུལ་དང་རྒྱ་གར་ཡུལ་མི་སོགས་ལ་མཐུན་ལམ་ཡག་པོ་བྱ་རྒྱུ་ལས་འཁྲུག་འཛིང་མི་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། ལྷག་པར་དུ་བུད་མེད་རྣམས་ལ་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་ཐུབ་ཚེ། ཧ་ཅང་གི་ཡག་པོ་འདུག དེ་ནི་མི་ཚེ་གཅིག་གི་མདུན་ལམ་ལའང་ཐད་ཀར་འབྲེལ་བ་འདུག་ཅེས་ངས་རང་གི་ཉམས་མྱོང་ཐོག་ནས་བཤད་རྒྱུ་ཡིན།

འདི་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ནི་ཕྱི་ལོ་ ༢༠༡༠ དང་བོད་ཀྱི་མཛངས་མ་ཐེངས་ ༩ པ་དེ་ཡིན་ལ། ཁོ་མོ་ཧོང་སུར་གཞས་ཆགས་ནས་ཡིན་ཞིང་ཝར་ཎ་མཐོ་སློབ་ཁང་ནས་ལོ་བདུན་ལ་སློབ་སྦྱོང་བྱས་ཏེ། ཉེ་ཆར་མཐོ་སློབ་ཁང་དེ་ནས་ཤཱསྟྲི་སློབ་ཐོན་བྱུང་། ཁོ་མོས་འདི་ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་པའི་དགོང་མོ་དེར་འདི་གའི་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས། དང་ཐོག་རང་ཉིད་ཀྱི་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་། དེའི་རྗེས་བོད་མི་སློབ་སྦྱོང་སྐྱོ་བོ་ཅན་དག་ལ་སློབ་གསོའི་ཐད་ནས་རོགས་སྐྱོར་བྱ་རྒྱུ་ནི་རང་གི་མི་ཚེའི་དམིགས་བྱ་གལ་ཆེན་ཞིག་ཡིན་ཞེས་གསུངས་ཡོད།

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 16

  1. སྨར་ཁམས་བུ། says:
    ལོ་ 15 སྔོན།

    བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་དོན་་་་་་་་་་་བོད་ཀྱི་མཛེས་མའི་འགྲན་བསྡུར་དེ་ནི་བཀྲ་ཤིས་པའི་རྟགས་གཅིག་མ་རེད་་་་ཅེས་གསུངས་ཡོད། དེ་དག་གི་རྒྱུན་མཚན་ནི་ང་རང་ཚོ་བོད་ཀྱི་མཛེས་མ་རྣམས་རྒྱལ་ཁ་ཐོབ་རྗེས་སུ་རང་ཉིད་ཀྱི་ལུས་པོ་ཚོང་ལས་བྱེད་ཀྱི་ཡོད་པ་མཁྱེན་ཡིན་པ་འདྲ།

    Reply
  2. ནད་པ says:
    ལོ་ 15 སྔོན།

    བོད་ཀྱི་མཛེས་མའི་འགྲན་བསྡུར་འདི་མགོ་འཛུགས་སྐབས་མི་དབང་དཔལ་ལྡན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅའ་འདྲི་གཅིག་གནང་སྐབས་ཁོང་གིས་གསུངས་དོན་་་་་ བོད་ཀྱི་མཛེས་མའི་འགྲན་བསྡུར་དེ་ནི་བཀྲ་ཤིས་པའི་རྟགས་གཅིག་མ་རེད་་་་ཅེས་གསུངས་ཡོད།

    རྒྱལ་ཁབ་དང་མི་རིགས་གཅིག་ཁ་ལོར་བསྒྱུར་མཁན་གྱི་རླབས་ཆེན་གྱི་མཁས་དབང་དང་། གྲགས་ཅན་གྱི་མི་སྣ་ཁོང་གིས་དེ་ནི་བཀྲིས་པའི་རྟགས་གཅིག་མ་རེད་ཅེས་ཚིག་ཐག་ཆོད་པོས་ལན་སདེབས་གཅིག་གནང་ཡོད་པ་དེའི་རྒྱབ་ལྗོངས་ཀྱི་གནད་དོན་ངོ་མ་དེ་གང་ལ་ཐུག་ཡོད་མེད་དེ་ད་ལྟའང་སྤྱི་ཚོགས་ཁྲོད་མི་དམངས་ཀྱིས་ངོས་འཛིན་གསལ་པོ་ཐུབ་ཀྱི་མེད།

    Reply
  3. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 15 སྔོན།

    བོད་ཀྱི་མཛངས་མ་་ལ་བསམ་ཚུལ་ཡག་པོ་འདུག་ད།

    Reply
  4. གངས་ཆུ says:
    ལོ་ 15 སྔོན།

    སྤྱི་ལ་ཕན་པའི་ལས་འགུལ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  5. penba says:
    ལོ་ 15 སྔོན།

    བོད་ཀྱི་མཛངས་མ་ཞེས་པའི་མཛེས་མའི་འགྲན་རྩོད་འདི་ནི་སྤྱིར་གལ་ཆེན་ཞིག་ཡིན།གང་ཡིན་ཟེར་ན་དེས་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས།དེ་བཞིན་རིགས་གཞུང་སོགས་རྒྱལ་སྤྱིའི་ནང་སྟོན་ཐུབ་པ་དང་མི་རིགས་འདི་མི་རིགས་གཞན་དང་མཚུངས་བའི་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པ་ར་སྤྲོད་བྱ་ཐུབ།འོན་ཀྱང་ད་ལྟའི་འཆར་ནུས་པ་དེ་ཙམ་དང་སྤྱི་ཚོགས་ནང་མཐོང་ཆེན་དེ་ཙམ་མེད་པ་ནི་འཆར་འགོས་དང་འཛིན་སྐྱོངས་ཀྱི་ནུས་པ་ཞན་པས་སྤྱི་ཚོགས་ནང་མཛངས་མའི་འགྲན་སྡུར་འདི་མཐོང་ཆེན་བསྐྲུན་ཐུབ་ཀྱི་མེད།འོ་ན།ཕྱིས་བྱུང་ཇི་ལྟར་བྱ་དགོས་ཞེས་ན།འཛིན་སྐྱོངས་དང་འཆར་འགོས་ཀྱི་ཚད་གཞི་གོང་མཐོར་གཏོང་དགོས་ལ་འཛིན་སྐྱོངས་ཀྱི་འགན་འཁུར་བའང་སྐྱེ་བོ་མཉམ་མྱོང་ཅན་ཞིག་དང་དམངས་ཀྱིས་བརྩེ་བཀུར་བྱ་འོས་པ་ཞིག་ངེས་པར་དུ་དགོས་པ་ཡིན།ད་ལྟའི་འགན་འཛིན་ཁོང་རང་ཉིད་ཀྱིས་གསར་འཛུགས་གནང་བར་དགག་པ་མེད་ལ་དེ་ལྟར་བརྩུགས་གནང་བར་ཐུགས་རྗེ་ཆེ་ཞུ།

    Reply
  6. འདན་མ says:
    ལོ་ 15 སྔོན།

    ཕྱོགས་གཅིག་ནས་བསམ་བློ་བཏང་ན་བོད་དོན་སྐོར་ལ་ཕན་ཐོག་ཆེན་པོ་འདུག་བསམ་བསམ་འདྲའ་བོ། ཕྱོགས་གཅིག་ནས་བལྟས་ན་མཁས་དབང་ཟམ་གདོང་མ་གསུང་ལ་བལྟས་ན་དགེ་མཚན་མེད་པའི་བཟོ་འདྲ་བོ། བཤད་མི་ཤིས་ཁུ་ཡ། གང་ལྟར་གྱང་མོ་རང་མཛེས་ཉམ་ཨག་ཙམ་འདུག

    Reply
  7. བློ་བཟང་མཐུ་སྟོབས། says:
    ལོ་ 15 སྔོན།

    བཀྲ་ཤེས་བདེ་ལེགས་ཞུ། བྱ་བ་ལམ་འགྲོ་ཡོང་བ་ཤོགས།

    Reply
  8. རྐང་གསུམ། says:
    ལོ་ 15 སྔོན།

    དྲ་གྲོགས་བསྟན་འཇམ་གྱི་ཡི་གེ་འདི་ཚོ་ཅི་ཞིག་རེད།་་་་་་་་་འཛངས་མ་དང་་་་་་་་་སྟེང་ཆ་་་་་་ཡང་སྐྱར་་་་་ངོ་མ་འདི་ཚོ་ནི་དགོད་རྒྱུ་ཡོང་ནི་ཞིག་རེད། མཆན་བུ་འདི་འདྲ་ཞིག་གི་ནང་ལ་ཡི་གེ་འདི་འདྲ་ཞིག་ངོ་མ་དགོད་རྒྱུ་ཡོང་གི་ཡ།

    Reply
  9. རྐང་གསུམ། says:
    ལོ་ 15 སྔོན།

    བོད་ཀྱི་མཛངས་མའི་སློབ་སྦྱོང་ཕྱོགས་ནས་ཤཱསྟྲི་སློབ་ཐོན་བྱུང་བ་ལ་བཀྲ་ཤིས་བདེ་ལགས་ཡོད། དེ་མིན་མ་འོངས་པར་ཡང་གཙུག་ལག་རབ་འབྱམས་པའི་ཐོག་སློབ་སྦྱོང་བྱེད་དགོས་དུས་ཁྱེད་ལ་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་བདེ་ལགས་བསྐྱར་དུ་ཞུ་འདོད་བྱུང། ཨ་བུ་རྒོད་མ་འདི་ལྟར་བོད་ཀྱི་མཛངས་མའི་མཛེས་ཉམས་ཕྱི་ལ་བསྟན་དགོས། ཕ་བཟང་བུ་མོ། རེམ་ཡ་རེམ་ཁྱོད་ཀྱི་ཕུགས་བསམ་འདི་ངོ་ནས་ལེགས་པ་འདུག་བཀའ་དྲིན་ཞུ་འོས་པ་ཞིག་རེད། སྤྱིར་བཏང་བོད་རིགས་སུ་དང་སུ་ཡིན་ན་འདི་ལྟར་སློབ་སྦྱོང་གི་ཕྱོགས་ལ་འབད་དགོས་པ་ནི་ལོ་རྒྱུས་དང་དུས་རབས་ཀྱིས་ང་ཚོ་ལ་འབོད་བཞིན་ཡོད་པའི་བརྡ་ལན་རེད། ང་ཚོ་ཚང་མ་ཡར་ལ་འགྲོ་་་་་་ཁོ་མོ་ལྟར་ཡར་ལ་འགྲོ་་་་་་་སྤུན་ཟླ་ཚོ།

    Reply
  10. ཚེ་བརྟན་སྒྲོལ་དཀར། says:
    ལོ་ 15 སྔོན།

    ཡག་པོ་འདུག་༢༠༡༡ལོའི་བོད་ཀྱི་མཛམས་མའི་འགྲན་བསྡུའི་གར་སྟེབས་དེར་ཁོ་བོ་ཡང་འཛག་འཆར་ཡོད་ད། ཧཧཧཧཧཧཧཧཧཧཧ

    Reply
  11. ཚོ་སྒོ་བ། says:
    ལོ་ 15 སྔོན།

    ནང་དོན་ཆེར་མི་འདུག བསམ་ཚུལ་ཞུས་ཡ་ཀྱང་ལྷག་མ་སོང་།

    Reply
  12. སེར་ཆེན་ says:
    ལོ་ 15 སྔོན།

    ན་ཆུང་བུ་མོ་ཚོ།སྤྱིར་ང་ཚོ་ཚང་མ་ཨ་མའི་མངལ་ནས་ཐོན་པའི་ཉིན་དང་པོ་ནས་བཟུང་ཕོ་མོ་འདྲ་མཉམ་མ་རེད་ཞེས་བཀོད་མེད་ལ།ང་མཆོག་ཁྱོད་དམན་གྱི་འདུ་ཤེས་ཡོངས་རྫོགས་དོར་ཏེ་འདུན་དུ་སྐྱོད་དང།སྤྱི་ཚོགས་འདིའི་གར་སྟེགས་གང་འདྲ་ཞིག་ལ་ལངས་ཐུབ་པ་ནི་རང་ཉིད་ཀྱི་འཇོན་ཐང་མ་ཡིན་ནམ།

    Reply
  13. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ཁྱེད་ཀྱིས་བསམ་ན་མི་ཞིག་བྱེད་པར་གཞི་རྩའི་ཆ་རྐྱེན་གང་འདྲ་ཞིག་ཚང་ན། ད་གཟོད་མི་ཟེར་བ་དེ་བྱེད་ཐུབ་ཀྱི་ཡོད་དམ།
    འདྲི་བ་འདིར་དགོད་རྒྱུ་འོང་བ་མ་ཟད།
    བཙན་གྱི་བཏབ་པའི་ལན་འདི་ལའང་དགོད་རྒྱུ་ཡོང་གི
    གཙོ་བོ་སེམས་པ་བཟང་པོ་དང་སློབ་སྦྱོང་རེད། ངས་སློབ་སྦྱོང་དེ་གལ་ཆེན་པོར་མཐོང་གི་འདུག སློབ་སྦྱོང་ཡོད་པར་མ་ཟད་དེ་བཀོལ་སྤྱོད་ལེགས་པོ་བྱེད་ཐུབ་མཁན་ཞིག་ཡིན་ན། ཚད་ལྡན་གྱི་མི་ཞིག་ཏུ་མཐོང་གི་ཡོད།

    Reply
  14. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    འདི་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་སློབ་སྦྱོང་ལ་དོ་སྣང་དང་དགའ་མོས་ཡོད་མཁན་ཞིག་རེད་འདུག དེའི་ཐོག་ནས་བོད་མི་རིགས་ལ་ཕན་ཐོག་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  15. བསྟན་འཇམ says:
    ལོ་ 15 སྔོན།

    བོད་ཀྱི་འཛངས་མའི་སྐད་ཆ་བཤད་སྟངས་ལ་བསམ་ཚུལ་མེད་ཀྱང་། འཛངས་མའི་མིང་ཐོག་ནས་བྱ་འགུལ་དེ་འཛངས་མའི་མིང་བྱང་དངལྷན་སྤྱར་བའི་ཁོ་མོ་འང་ ། སྐད་གྲགས་ཀྱི་སྟེང་ཆ་ཞིག་ཡང་སྐྱར་གོ་སྐབས་འཚོལ་འདུག

    Reply
  16. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དྲི་བ་དང་དྲིས་ལན་ལ་བསམ་ཚུལ་ཅང་བཤད་རྒྱུ་མེད། ཐུགས་རྗེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese