མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དགེ་འདུན་པ་གཉིས་ཀྱིས་སྐད་འབོད།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp
རྒྱལ་གཅེས་དཔའ་བོ་རོང་རྒྱས་ཨ་གྲགས་ལགས་འཛིན་བཟུང་བྱས་ཏེ་ལོ་གསུམ་པའི་འགོར་བའི་ཉིན་མོར་སླེབས་ལ་ཉེ་སྐབས། ལི་ཐང་རྫོང་གི་དགེ་འདུན་པ་གཉིས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག
སེ་ར་དགོན་གྱི་གྲྭ་སེར་སྨད་བློ་དགའ་ལགས་ཀྱིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།ཟླ་འདིའི་ཕྱི་ཚེས་༡༢ཉིན་གྱི་ཉིན་གུང་ཆུ་ཚོད་༡༡ཡས་མས་སུ་ཁམས་ལི་ཐང་ས་ཁུལ་གྱི་ཁྲོམ་གཞུང་དུ་དགེ་འདུན་པ་གཉིས་ཀྱིས། ༸གོང་ས་མཆོག་གི་སྐུ་པར་ཞིག་དང་བོད་ཀྱི་རྒྱལ་དར་འཕྱར་ཏེ།༸གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་ཚིག་སྒྲོག་བཞིན་ལི་ཐང་རྫོང་གི་ཁྲུང་ཁྲུང་དཀར་མོའི་ཁྲོམ་རྭ་ནས་ཚེ་རུ་ཁྲོམ་རྭའི་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག 
སྐབས་དེར་རྒྱ་མིའི་ཉེན་རྟོག་པས་དགེ་འདུན་པ་གཉིས་འཛིན་བཟུང་བྱ་རྒྱུའི་གྲ་སྒྲིག་ཆ་ཚང་བྱས་ཏེ་སླེབས་འདུག་ཀྱང་།དེར་ཡོད་མི་མང་གི་རོགས་རམ་འོག་འཛིན་བཟུང་བྱེད་ཐུབ་མེད་ནའང་། ཕྱི་ཚེས་༡༣ ཉིན་ནས་བཟུང་ས་གནས་ཉེན་རྟོག་མི་སྣས་ཁྲོམ་བསྒྲགས་རང་བཞིན་ཀྱི་བརྩད་གཅོད་བྱེད་ཀྱིན་མེད་པར།ས་གནས་མི་མང་ཁག་ཅིག་བརྒྱུད་དེ་དགེ་འདུན་པ་གཉིས་ཀྱི་ནོར་འཁྲུལ་ངོས་ལེན་བྱས་ཏེ། མགོ་མདོགས་དགོས་ཚུལ་བརྗོད་ཡོད་འདུག་ལ།གལ་ཏེ་དེ་ལྟར་མ་བྱས་ཚེ་མཇུག་འབྲས་ཡག་པོ་མེད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
ས་གནས་མི་མང་གི་ངོས་ནས་ཐེངས་འདིའི་དགེ་འདུན་པ་གཉིས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ།རྒྱ་ནག་གཞུང་གིས་ནམ་རྒྱུན་མི་མང་ལ་བརྡབ་གསིག་གཏོང་བཞིན་པ་དང་།ལྷག་པར་དུ་རོང་རྒྱས་ཨ་གྲགས་ལགས་གཙོས་པའི་འབྲེལ་ཡོད་བོད་མི་མང་པོ་ཞིག་གློད་གྲོལ་མ་བཏང་བར། ས་གནས་མི་མང་དང་རྒྱ་ནག་གཞུང་གི་བར་ལ་འཁོན་འཛིན་ཆེན་པོ་ཞིག་འཛིན་ངེས་པ།དེ་བཞིན་རྒྱ་ནག་གཞུང་གིས་ས་གནས་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་དཀའ་ངལ་གང་མང་ཞིག་སྤྲོད་བཞིན་པ་སོགས་ཀྱི་དབང་གིས་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པར་མ་ཟད།ཐེངས་འདིའི་དགེ་འདུན་པ་གཉིས་ཀྱིས་ལས་འགུལ་སྤེལ་བའང་། གོང་གསལ་གནས་ཚུལ་དག་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག
 
གསར་འགོད་པ་དོན་གོ།

མཆན། 7

  1. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 13 སྔོན།

    ད་ཡིན་ན་ཚར་སོང་ཨ་ཁཁཁ་་་་་་་་་་་་་་་་་་་་་་་་་་་་

    Reply
  2. དོན་འགྲུབ། says:
    ལོ་ 13 སྔོན།

    གངས་རིའི་ལྗོངས་ཀྱི་དཔའ་བོ་ཁྱུ་གཅིག་གིས། བོད་མའི་མདུན་སྐྱོད་ཀྱི་གོམ་སྒྲ་ཞིག་བསྒྲོགས་བྱུང་། འདི་ནི་མདོ་ཁམས་ལི་ཐང་ཡུལ་གྱི་དཔའ་རྒོད་ཚོའི་སྙིང་སྟོབ་ལས་འཁྲུངས་བའི་འབྲས་བུ་ངོ་མཚར་བ་ཞིག་མ་ཡིན་ནམ། འདས་པའི་ལོ་རྒྱས་ལ་གཞིགས་ན་ཁམས་ལི་ཐང་ནི་དཔའ་བོའི་ཕ་ས་ཞིག་རེད། ཁོ་ཚོའི་རྒན་གཞོན་དར་གསུམ་ཀུན་གྱི་སེམས་ཁམས་ན་བོད་མི་མང་ལ་བཅང་བའི་བརྩེ་བ་དང་། ལྷག་བསམ་གྱི་མཚོན་པའི་ཆོད་སེམས་རྟན་པོ་ཡོད་པ་ལས་གཞི་འདི་དང་འདི་ལྟ་བུའི་ར་སྤྲོད་བྱེད་ཀྱིན་འདུག སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་དང་རོང་རྒྱས་ཨ་གྲགས་སོགས་ཀྱི་མཚོན་པའི་གངས་ཅན་ལྗོངས་ཀྱི་དཔའ་བོ་དཔའ་མོ་རྣམས་གུས་འདུན་དང་གདུངས་སེམས་མཉམ་བསྐྱེད་ཡོད།

    རྩོམ་སྒྲིག་པ་ཚོའི་ཆབ་སྲིད་ཕྱོགས་ཀྱི་གསར་འགྱུར་རིག་ཆབ་བསྒྲགས་ཤུགས་ཆེན་པོ་བྱེད་རྒྱུ་དང་ཁ་གསལ་བོ་བྱ་ན་ལེགས་སྙམས།

    Reply
  3. རྩྭ་ཤུལ། says:
    ལོ་ 13 སྔོན།

    ངོ་མ་གཟི་བརྗིད་རེད་ཐུགས་རྗེ་ཆེ། ཐེངས་འདིར་ཡང་༧གོང་ས་མཆོག་ལ་རེ་སྒུག་གི་ཚོར་ཕྱིར་མངོན་འདུག་ལ་གཞིས་ལུས་བོད་མི་ལ་ཁོང་དང་ཁོང་གི་ལམ་སྟོན་ལས་ལྷག་ཅིག་མེད་པ་ཡང་འདིས་མཚོན་འདུག

    Reply
  4. མ་ཡུལ་ says:
    ལོ་ 13 སྔོན།

    བོད་ནས་བོད་མི་ཚོས་རང་བཙན་སྐད་འབོད། བཀའ་དྲིན་ཆེ།

    Reply
  5. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    དུས་བབ་ཚང་གིས། ཕྲན་གྱིས་རླུང་འཕྲིན་ནང་ལི་ཐང་གིས་རྒྱ་གཞུང་ལ་ངོ་རྒོལ་སྐོར་གྱི་འགྲེལ་བཤད་ཞུས་པ་སླར་ཡང་དོ་གལ་ཆེན་པོས། འདིར་བཀོད་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད།

    Reply
  6. ཐོས་པ་དགའ། says:
    ལོ་ 13 སྔོན།

    སྤྱིར་བོད་ཀྱི་གོམས་གཤིས་སུ་སྣང་མེད་འཐུས་ཤོར་འགྲོ་བ་ནི་མིག་མཐོང་ལག་ཟིན་དུ་གྱུར་ཡོད་མོད། ད་བཟོད་གཞི་ནས་འུ་ཚང་གི་གཉིད་སང་ཡོང་གི་འདུག འདི་ནི་རྒྱལ་གཅེས་པ་ཞོགས་དུང་གིས་གསུངས་པ་ལྟར་རེད་དང་། ལི་ཐང་གི་ཕྱོགས་ནས་སྐབས་མང་པོ་ཞིག་ཏུ་གྱེན་ལངས་རྣམ་དཔྱོད་དང་ལྡན་པ་དུ་མ་ཞིག་བྱུང་ཟིན། ཉིས་སྟོང་བརྒྱད་ཀྱི་རྗེས་ནས་ཅུང་ཟད་ཞི་འཇམ་ལྟ་བུར་མཐོང་སྲིད་ཀྱང་། ད་ཐེངས་ཀྱི་ལི་ཐང་གི་ངོ་རྒོལ་འདིས་སླར་ཡང་དྲན་གསོ་ཞིག་བྱས་པ་རེད། ཅེས་བཤད་ཆོག གསར་འགྱུར་མུ་མཐུད་དེ་འཚོལ་ཞིབ་ཀྱིས་བརྒྱུད་སྤྲོད་གནང་རོགས།

    Reply
  7. Rinchen Gonpo says:
    ལོ་ 13 སྔོན།

    བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist