མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་རྒྱུན་ལས་གསར་བར་ཡིད་ཆེས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp
བོད་གཞིས་སུ་ཁྲག་དང་སྲོག་གི་འགྲོ་སོང་བཏང་སྟེ་རྒྱལ་ཁབ་དང་མི་རིགས། རང་བཙན་སླར་གསོའི་ཆེད་དུ་སྐུ་ངལ་བསྐྱོན་བཞིན་ཡོད་སྟབས། དེ་འཕྲོ་བརླག་ཏུ་མི་འགྲོ་བ་དང་ལོ་གསུམ་རིང་ཞབས་འདེགས་ཞུས་རིང་། རྗེས་ལ་ཕྱི་མིག་ལྟ་སྐབས་འགྱོད་པ་སྤུ་ཙམ་ཡང་མེད་པ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་གཞོན་ནུའི་ཚོགས་གཙོས་གསུངས།
ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་དགོང་མོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པའི་མཇུག་མཐའི་ཚོགས་ཐུན་སྟེང་། གཞོན་ནུའི་དབུས་རྒྱུན་རྣམས་གསར་འདེམས་བྱས་ཡོད་ལ། སྐབས་སྔོན་མའི་གཞོན་ནུའི་རྒྱུན་ལས་ཁག་ཅིག་དགོངས་པ་ཞུས་མིན་ལ་མ་ལྟོས་པར་ཐེངས་འདིར་བསྐྱར་དུ་རྒྱུན་ལས་སུ་བདམས་ཡོད། དེ་དག་ལས་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་དགོངས་པ་ཞུས་པ་དང་། སྐབས་སྔོན་མའི་ཚོགས་གཙོ་གནང་སྐབས་ཁོང་ལ་ཧ་ཅང་དཀའ་ཁག་བྱུང་སྐོར་འགྲེལ་བྱས་ཡོད་ནའང་། ཁོང་བསྐྱར་དུ་གཞོན་ནུའི་ཚོགས་གཙོར་བདམས་ཡོད།
ཁོང་གིས་སྐབས་སྔོན་མར་ཚོགས་གཙོ་གནང་སྐབས་ཚོགས་གཞོན་གྱིས་ཕྱར་གྲུ་མཉམ་འདེགས་མ་བྱས་པར་དཀའ་ངལ་བྱུང་ཡོད་ལ། རྒྱུན་ལས་ནང་ཁུལ་དུའང་ཚོགས་གཙོའི་ཕྱོགས་དང་ཚོགས་གཞོན་གྱི་ཕྱོགས་གཉིས་བྱུང་སྟེ། ནང་ཁུལ་དུ་ལས་དོན་བྱེད་ཕྱོགས་ཐད་དཀའ་ངལ་བྱུང་ཡོད་སྟབས། འདི་གའི་གསར་འགོད་པས་ཕྱི་ཚེས་ ༡༦ ཉིན་གཞོན་ནུའི་ཚོགས་གཙོར། ཐེངས་འདིར་བསྐྱར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་གསར་རྙིང་རྣམས་ནང་ཁུལ་མཐུན་འབྲེལ་དང་། གཞོན་ནུའི་དགོངས་དོན་ལྟར་ལས་ཀ་བྱ་རྒྱུར་ཡིད་ཆེས་དང་གདེང་ཚོད་གང་འདྲ་ཡོད་མེད་སྐོར་དྲིས་པར་ཁོང་གིས། ཐེངས་འདིར་ང་ཚོས་ཡིད་ཆེས་གཙང་མ་ཞུ་གིན་ཡོད། གཙོ་ཆེ་ཤོས་སྒྲིག་འཛུགས་ཀྱི་འགན་གཙོ་བོ་འཁུར་མཁན་ཡིན་སྟབས་ཁ་སང་ང་ཚོ་འཚོགས་སྐབས་ཞུ་རྒྱུ་བྱུང་། ང་ཚོ་མི་གཅིག་གཉིས་ཤིག་གིས་འདིར་གང་ཡང་བྱ་ཐུབ་ཀྱི་མེད། རླབས་ཆེན་གྱི་སྒྲིག་འཛུགས་ཤིག་དང་ལྷག་པར་དུ་རྒྱུན་ལས་མི་བཅུ་དེ་མང་མོས་ཀྱིས་བསྐོ་བཞག་བྱུང་སྟབས། ང་ཚོ་ཚང་མས་འཕྱར་གྲུ་མཉམ་འདེགས་ཐོག་ཕྱག་ལས་གནང་དགོས་པ་རེད། དེར་བརྟེན་ང་ཚོ་ཚང་མ་མཉམ་དུ་འཛོམས་སྐབས་བསམ་ཚུལ་འདྲ་མིན་སྣ་ཚོགས་དགོས་པ་གལ་ཆེན་པོ་རེད་ལ། བསམ་ཚུལ་གང་ཡོད་པ་དེ་མདུན་ཅོག་སྟེང་སྤུངས་རྒྱུ་དེ་བས་ཀྱང་གལ་ཆེན་པོ་རེད། ཡིན་ནའང་། ཚོགས་འདུའི་སྐབས་ཐག་གཅོད་གང་བྱུང་བ་དེ་ཚོགས་མི་ཚང་མས་གཅིག་མཚུངས་ཀྱིས་བརྩི་བཀུར་ཞུ་དགོས་པ་རེད་ཅེས་བཤད་རྒྱུ་བྱུང་ཞེས་དང་།
རྒྱུན་ལས་སུ་དང་སུ་ཡིན་ནའང་ཚང་མས་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་ཚེ། ངས་རྒྱུན་ལས་ནང་ཁུལ་དུ་དཀའ་ངལ་འཕྲད་རྒྱུ་རེད་དྲན་གི་མེད་ལ། ལྷག་པར་དུ་བོད་གཞིས་སུ་ཁྲག་དང་སྲོག་གི་འགྲོ་སོང་བཏང་སྟེ། བོད་རྒྱལ་ཁབ་དང་མི་རིགས། རང་བཙན་སླར་གསོའི་ཆེད་དུ་སྐུ་ལས་བསྐྱོན་བཞིན་ཡོད་སྟབས། དེ་འཕྲོ་བརླག་ཏུ་མི་འགྲོ་བ་དང་འདིར་ལོ་གསུམ་རིང་ཞབས་འདེགས་ཞུས་རིང་། རྗེས་ལ་ཕྱི་མིག་ཅིག་ལྟ་སྐབས་འགྱོད་པ་སྤུ་ཙམ་ཡང་མེད་པ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་རྒྱུན་ལས་འཛོམས་པའི་སྐབས་བཤད་རྒྱུ་བྱུང་ལ། ཡིད་ཆེས་དང་རེ་བ་བྱ་སའང་དེ་བཞིན་ཡིན་ཞེས་གསུངས།
ཡང་གཞོན་ནུའི་ཚོགས་མི་ཞིག་བརྒྱུད་ཤེས་རྟོགས་བྱུང་དོན་ལྟར། ཁོང་བསྐྱར་དུ་གཞོན་ནུའི་ཚོགས་གཙོར་བཞུགས་རྒྱུར་ཁོང་གི་ཆུང་མའི་མོས་མཐུན་གནང་གི་མེད་པ་དང་། གལ་སྲིད་དེ་ལྟར་མུ་མཐུད་ཚོགས་གཙོར་བཞུགས་ཚེ་གཅིག་བྱས་ན་བཟའ་འཐོར་ཡང་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་པའི་སྐོར་དྲིས་པར་ཁོང་གིས་གསུངས་དོན། ནང་མིའི་གནས་སྟངས་ནི་ནང་མིའི་གནས་སྟངས་རང་རེད། དེའི་སྟེང་དུ་གང་ཡང་ཞུ་རྒྱུ་མེད། ཡིན་ནའང་། ང་ཚོའི་འཐབ་རྩོད་དེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་རེད། རྒྱལ་ཁབ་དང་མི་རིགས་ཤིག་གི་འཐབ་རྩོད་ཁྲོད་མི་རེ་རེ་བཞིན་འགན་འཁྱེར་དགོས་སྟབས། ལས་འགན་སྒྲུབ་སྐབས་མི་སུ་དང་སུ་ཡིན་ནའང་སྒེར་ལ་དཀའ་ངལ་འཕྲད་སྲིད་མོད། དེ་ལ་གདོང་ལེན་བྱ་དགོས་པ་རེད་ཅེས་གསུངས།
ཚོགས་ཆེན་སྐབས་གཞོན་ནུའི་ཚོགས་བཅར་བ་རྣམས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། ཚོགས་མི་ཞིག་གིས་༧གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་པའི་བཀའ་འདྲི་ཞིག་བཏང་ཡོད་སྐོར་འདུག་ལ། སྤྱི་ཚོགས་ནང་དུ་གཞོན་ནུས་༧གོང་ས་མཆོག་གི་ཐུགས་དཀྲུགས་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡང་ཡོང་གི་ཡོད་སྟབས་དེའི་སྐོར་དྲིས་པར། ཁོང་གིས་དེ་ནི་བློ་ཕམ་རང་བཞིན་གྱི་གནས་ཚུལ་ཞིག་རེད། སྤྱི་ཚོགས་ནང་དུ་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་ཡོང་གི་འདུག གལ་ཆེ་ཤོས་མི་སུ་ཡིན་ནའང་དངོས་ཡོད་གནས་ཚུལ་མཁྱེན་དགོས་པ་གལ་ཆེན་པོ་ཆགས་ཡོད། དཀྲོག་གཏམ་གྱི་འོག་ཏུ་མ་ཕྱིན་པར་རང་ཉིད་ཀྱིས་དཔྱད་ཞིབ་བྱས་ཏེ། གནད་དོན་ངོ་མ་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད།
ཐེངས་འདིའི་གནད་དོན་འདིར་ཆ་བཞག་ནའང་། ནེའུ་ཡོག་ཏུ་བཞུགས་མཁན་ཕུར་བུ་ཚེ་རིང་ལགས་ཀྱིས་བཀའ་འདྲི་ཞུས་སྐབས་གནས་ཚུལ་དེ་བྱུང་བ་དང་། གནས་ཚུལ་བྱུང་སྐབས་དེ་ག་རང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་ངོས་ནས་དགོངས་པ་དྭངས་པའི་སྙན་ཞུ་ཕུལ་ཏེ། དགོངས་པ་དྭངས་པའི་ཞལ་བཞེས་གཙང་མ་ཐོབ་ཡོད། ༧གོང་ས་མཆོག་གིས་གསལ་བོ་བྱས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་ཐུགས་ལ་ཕོག་པ་གང་ཡང་མེད་ཅེས་གསུངས་ཡོད་ཅེས་དང་། ཁོང་གིས་ཕུར་བུ་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་ལ་དྲི་བ་ཅི་ཞིག་བཏང་བའི་སྐོར་གསལ་བོར་གསུངས་མེད་མོད། ཕུར་བུ་ཚེ་རིང་རང་ཉིད་སྒེར་ངོས་ནས་ཀྱང་དགོངས་པ་དྭངས་པའི་སྙན་ཞུ་ཕུལ་ཏེ། དགོངས་པ་དྭངས་པ་བྱུང་ཡོད། དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་བཞག་པ་ད་ལྟའི་བར་དུ་བྱུང་མྱོང་མེད་ལ། ཐེངས་འདིའི་གནད་དོན་འདིར་མཚོན་ནའང་མི་རེ་གཉིས་ཀྱིས་གནས་ཚུལ་བཟོས་བཞག་པ་རེད་མ་གཏོགས། དངོས་ཡོད་གནས་ཚུལ་ཞིག་ཆགས་མེད་ཅེས་གསུངས།
ཁོང་ལ་བོད་རྒྱ་ཞི་མོལ་གྱི་གནས་སྟངས་སྐོར་དྲིས་པར་གསུངས་དོན། བོད་རྒྱ་ཞི་མོལ་གྱི་གནད་དོན་འདིར་ད་ལྟའི་བར་དུ་འབྲེལ་མོལ་ཐེངས་དགུ་ལ་གནང་ནའང་དེ་ལ་གྲུབ་འབྲས་གང་ཡང་བྱུང་མེད། གྲུབ་འབྲས་མ་བྱུང་བ་དེ་རྒྱ་གཞུང་ངོས་ནས་བོད་གྱི་གནད་དོན་སེལ་འདོད་མེད་པ་གསལ་བོ་གསལ་རྐྱང་རེད། དེར་བརྟེན་བོད་རྒྱ་འབྲེལ་མོལ་བྱས་ཏེ་གྲུབ་འབྲས་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་དེ་རྒྱ་ནག་གཞུང་ངོས་ནས་བཟང་སྤྱོད་ཀྱི་རྣམ་པ་མེད་པ་དང་། ཁོང་ཚོས་ཁ་ཡོད་ལག་ཡོད་ཀྱིས་བོད་དོན་ཐག་གཅོད་བྱེད་འདོད་མེད་པ་དེ་གསལ་བོ་ཡིན་སྟབས། བོད་རྒྱ་འབྲེལ་མོལ་ལ་རེ་བ་མེད་སྐོར་གསུངས་ཡོད།
ཐེངས་འདིའི་ཚོགས་ཆེན་སྐབས་གྲོས་ཆོད་མང་དག་ཅིག་བཞག་ཐོག གྲོས་ཆོད་ཁག་ཅིག་བསྐྱར་དུ་གསར་སྣོན་བྱས་ཡོད་ལ། ཁོང་ལ་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་རྣམས་ལག་བསྟར་གང་འདྲ་ཞིག་གནང་ཐུབ་མིན་དྲིས་པར། སྤྱི་ཡོངས་ནས་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་དག་ང་ཚོས་ལོ་གསུམ་ནང་ཚུན་དུ་བསྒྲུབ་ཚར་བ་དགོས་ཀྱི་ཡོད་མོད། ཡང་ལོ་གསུམ་མ་འཁོར་བར་དུ་མི་བསྒུག་པར་གྲོས་ཆོད་ཁག་ལས་གང་དག་སྔོན་ལ་བྱ་དགོས་མིན་དབྱེ་གསེས་བྱས་ཏེ། དེ་གཞིར་བཟུང་ང་ཚོས་ལས་འགུལ་སྤེལ་རྒྱུ་མགོ་འཛུགས་དང་རྗེས་མའི་ཚོགས་ཆེན་སྐབས། གྲོས་ཆོད་ཆ་ཚང་བསྒྲུབ་ཚར་བ་བྱ་རྒྱུ་ཡིན་ཞེས་གསུངས།
 
གསར་འགོད་པ། ཨ་རིག་འགྱུར་མེད་དང་བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༩ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 10

  1. Ngawang Norbu says:
    ལོ་ 15 སྔོན།

    ༄། །ཁྱེད་ར྄ྣམ་པའི་དྲ་རགྱ་འདི་ལ་ས྄ྨྲ་བར྄ྗོད་ཀྱི་རང་དབང་མིན་འདུག །

    Reply
  2. གངས་རིའི་ཟེགས་མ says:
    ལོ་ 15 སྔོན།

    བཟང་གི་ཡ་ང་ཡང་ཁྱེད་ཀྱི་རྒྱབ་དུ་ཡོད་ཅེས་ཞུ་རྒྱུ་ཡིན།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    རྣམ་པ་ཚོར་ཐུགས་ཁག་ཁྱོན་ནས་མེད། དགོངས་དྭངས་ཞུ།

    ཕུར་བུ་རྡོ་རྗེ་མ་རེད། ཕུར་བུ་ཚེ་རིང་རེད། ཁ་སང་གསར་འགྱུར་འདི་བཟོ་སྐབས་ཕུར་བུ་རྡོ་རྗེ་འབོད་པ་བཀའ་ཁྲིར་བཞེངས་པའི་སྐོར་གྱི་བཅར་འདྲི་དེར་སྒྲིག་བཟོ་གང་འཚམ་བྱེད་དགོས་བྱུང་སྟབས། དེ་གཉིས་འཁྲུལ་འདུག དེ་དོན་དགོངས་འཇགས་ཞུ།

    Reply
  4. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་ལ་མི་སྙན་པའི་དྲི་བ་འདྲི་མཁན་དེའི་མིང་ལ་ཕུར་བུ་ཚེ་རིང་རེད་དམ། ཡང་ན་ཕུར་བུ་རྡོ་རྗེ་རེད། གོང་གི་གསར་འགྱུར་འདིའི་ནང་དུ་མིང་འདི་གཉིས་བྲིས་འདུག དེ་ནི་གསར་འགོད་པའི་ནོར་འཁྲུལ་ཆེན་པོ་ཞིག་རེད། འདི་འདྲ་ལ་གཟབ་དགོས།

    Reply
  5. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    གཞོན་ནུའི་ཚོགས་གཙོ་མཆོག་བཟའ་ཚང་ཁ་བྲལ་དགོས་བྱུང་ན་ཡང་བོད་རང་བཙན་བློའི་མི་གཏོང་བཁནཞིག་རེད་འདུག་། དངོས གནས་དཔལ་བོ་རེད།

    Reply
  6. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་ལ་ཕྱག་ལས་ཐམས་ཅད་བསམ་བཞིན་འགྲུབ་པའི་སྨོན་ལམ་དང་ང་ཚོ་ཁྱེད་ཀྱི་རྒྱབ་ཏུ་ཡོད་ཞུ་རྒྱུ།
    ཚོགས་གཙོ་མཆོག་གི་བཟའ་ཟླ་ཨ་ཅེ་ལགས་ལ་ཞུ་རྒྱུ།ཚོགས་གཙོ་མཆོག་གིས་བོད་སྤྱི་པའི་ཕྱག་ལས་གནང་ཡོང་དུས་ཁྱེད་ནང་མི་ལ་དཀའ་ངལ་ཡོད་ཡོད་པ་རེད།ཡིན་ནའང་ཨ་ཆེ་ལགས་ཀྱིས་བོད་མི་རིགས་ཀྱི་ལ་རྒྱ་དང་བོད་མི་རིགས་ཀྱི་ཡ་ང་བའི་དུས་ཚོད་སོགས་ལ་ཐུགས་བསམ་བཞེང་ཏེ་ཚོགས་གཙོ་མཆོག་ལ་ཕྱག་རོགས་གང་ཐུབ་ཐུབ་གནང་རོགས་ཞུ་རྒྱུ་ཡིན་པའི་ང་ཞུ་མཁན་ཆུང་དུ་མ་དགོངས་པར་ཞལ་བཞེས་གནང་རོགས་གནོངས།།

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཚོགས་གཙོ་ཁྱེད་ལ་བྱ་བ་ལམ་འགྲོ་ཡོང་བ་དང་ང་ཚོ་ཁྱེད་ཀྱི་རྒྱབ་དུ་ཡོད་ཅེས་ཞུ་རྒྱུ་ཡིན།
    ད་དུང་ཚོགས་གཙོ་ལགས་ཀྱི་བཟའ་ཟླ་ཨ་ཅེ་ལགས་ལ་ཞུ་རྒྱུ་ཚོགས་གཙོ་ལགས་ཀྱི་བོད་སྤྱི་པའི་ཕྱག་ལས་གནང་དུས་མི་ཚང་སྒེར་ལ་དཀའ་ངལ་ཡོད་ཐག་ཆད་རེད།ཡིན་ནའང་ཨ་ཅེ་ལགས་ཀྱིས་བོད་མི་རིགས་ཀྱི་ལ་རྒྱ་མ་དོར་བ་དང་བོད་མི་རིགས་ཀྱི་ཤ་ཞེན་ཐུགས་ལ་བཅིངས་ནས་ཚོགས་གཙོ་མཆོག་ལ་དཔུང་རོགས་དང་བོད་མི་རེ་བ་དེ་

    Reply
  8. དབྱངས་བུ། says:
    ལོ་ 15 སྔོན།

    ” སི་ཌ་སི་སྦག་གི་གྲོས་འཆར་གནང་མ་ཐག་ཏུ་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གྲོས་འཆར་དེར་སྐྱོན་བརྗོད་བྱས་ཡོད། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་བོད་རང་བཙན་བློས་གཏོང་རྒྱུའི་ཐོབ་ཐང་སུ་ལའང་ཡོད་པ་མ་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཐོག་ཡོངས་བསྒྲགས་གཏམ་བཤད་སྤེལ་ཡོད། དེ་ནི་བོད་མིའི་ཁྲོད་ནས་༸གོང་ས་མཆཽག་གིས་འདོན་གནང་མཛད་པའི་གྲོས་འཆར་ལ་སྐྱོན་བརྗོད་བྱུང་བ་ཐོག་མ་ལྟ་བུ་ཡིན། ”

    Reply
  9. kunsal says:
    ལོ་ 15 སྔོན།

    ཐུགས་དགོངས་དཀྲུགས་པའི་སྐོར། ནེའུ་ཡོག་ཏུ་བཞུགས་མཁན་ཕུར་བུ་ཚེ་རིང་ལགས་ཀྱིས་བཀའ་འདྲི་ཞུས་སྐབས་གནས་ཚུལ་དེ་བྱུང་བ་དང་། ཞེས་དང་འཇུག་ཏུ་ཁོང་གི་མིང་བསྐྱར་སྐབས་ཕུར་བུ་རྡོ་རྗེ་ཞེས་ཐེངས་གཉིས་འཁོད་འདུག་པ་འདི་གཉིས་ལས་སུ་ཡིན་གསལ་བཤད་ཅིག་གནང་གལ།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཟའ་ཚང་ཁ་བྲལ་དགོས་བྱུང་ན་ཡང་བོད་རང་བཙན་བློའི་གཏོང་མི་བྱེད་མཁན་ཞིག་གཞོན་ནུའི་ཚོགས་གཙོ་ཕེབས་ཡོད་ན་དོན་དང་ལྡན་པའི་ཚོགས་གཙོ་ཞིག་ཡིན་པ་རེད།

    གནས་ཚུལ་དེ་འདྲ་དང་བློ་སྟོབས་དེ་འདྲ་ཡོད་ན་དགའ་དགོས་པ་ཞིག་རེད། ལས་དོན་ལེགས་འགྲུབ་ཡོང་བ་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese