མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ལ་སྟ་གོན།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིའི་ཚོགས་ཆེན་དེ་ཕྱི་ཟླ་བརྒྱད་པའི་ཟླ་མཇུག་དང་དགུ་བའི་ཟླ་སྟོད་དུ་འཁེལ་གྱི་ཡོད་ལ། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཟླ་བཅུ་བའི་ཟླ་མགོར་འཁེལ་ཡོད། མ་འོངས་བཀའ་བློན་ཁྲི་པར་ལངས་རྒྱུ་ཡིན་ཟེར་མཁན་ཚོ་ཡང་ཐེངས་འདིའི་ཚོགས་འདུར་བཅར་གྱི་ཡོད་སྟབས། ཚོགས་ཆེན་འདིའི་ཐོག་གཏན་འབེབས་གང་བྱུང་བ་དེར་མ་འོངས་པའི་བཀའ་བློན་ཁྲི་པས་ཏན་ཏན་ཐུགས་ཞིབ་གནང་གི་རེད། དེ་བཞིན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཀྱི་ཁྲིམས་བཟོའི་ཐོག་ལ་ཡང་ཤུགས་རྐྱེན་ཐེབས་གི་རེད་ཟེར།

 

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ནང་། ཟླ་འདིའི་ཕྱི་ཚེས་ ༢༦ ནས་ ༣༡ བར་གྱི་ཉིན་དྲུག་རིང་༼ བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ ༽ ཞུ་བ་དེ་ཚོགས་འཆར་ཡོད་པ་དང་། ཚོགས་ཆེན་དེའི་སྟེང་རྒྱ་བལ་འབྲུག་གསུམ་གཙོས་པའི་འཛམ་གླིང་ཡུལ་ལུང་ཁག་གི་བོད་མི་ ༣༤༢ ཙམ་མཉམ་ཞུགས་ཀྱིས་གྲོས་གཞི་ ༦ ཙམ་གྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག གྲོས་གཞི་དྲུག་ནི། ཆབ་སྲིད་དང་། དམངས་གཙོ་འཕེལ་རྒྱས།  ཆོས་དང་རིག་གཞུང་། གཞིས་ཆགས་སྲ་བརྟན། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར་བཅས་ཡིན་ཞིང་། གོ་སྐབས་དེ་དང་བསྟུན་ཏེ། ཟླ་ ༩ ཚེས་ ༡ ཉིན་སྦེལ་ཀོབ་ཉེ་འཁྲིས་སེར་སྨད་ཐོས་བསམ་ནོར་གླིང་དུ། བོད་གཞུང་དམངས་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཚེས་ ༢ ཉིན་སེར་བྱེས་རྒྱལ་བའི་ཕོ་བྲང་དུ་བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ཏེ། མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་དུས་དྲན་རྒྱས་པ་སྲུང་གཙི་དང་འབྲེལ་གཞིས་བྱེས་བོད་མི་ཡོངས་ནས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཤིག་ཀྱང་འབུལ་འཆར་ཡོད་འདུག

 

བོད་གཞིས་བྱེས་མི་དམངས་ཡོངས་ཀྱིས་རྒྱ་གར་ལྷོ་ཕྱོགས་ལ་རྣ་བ་གཡར་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གནད་ཡོད་མི་སྣ་ཡོངས་རྫོགས་རྒྱ་གར་ལྷོ་ཕྱོགས་སུ་འདུ་འཛོམ་བྱེད་ཀྱིན་ཡོད་པའི་སྐབས་འདིར། འདི་ག་དུས་བབ་གསར་ཁང་གི་གསར་འགོད་པ་ཡང་ཕྱི་ཚེས་ ༢༠ ཉིན་ནས་སྦེལ་ཀོབ་ས་གནས་སུ་འབྱོར་ཡོད། ཚེས་ ༢༡ ཉིན་གསར་འགོད་པ་སྦེལ་ཀོབ་ས་གནས་མགོ་འཛིན་གྱི་ལས་ཁུངས་སུ་བཅར་ཏེ། ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་ལ། ཚོགས་ཆེན་འདིའི་དགོས་དམིགས་དང་གྲ་སྒྲིག་སྐོར་བཅར་འདྲི་ཞུས་ཁོར་ཁོང་གིས་གསུངས་དོན། སྔོན་མ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་༧གོང་ས་མཆོག་གིས་ཚོགས་བཅར་བ་ཚོར། དངོས་གནས་བྱས་ན་ཐེངས་འདིར་ཆབ་སྲིད་ཐོག་གོ་བསྡུར་བྱ་དགོས་པ་ཆགས་ཡོད་ཀྱང་ལས་དོན་གཞན་པའི་སྟེང་ལའང་གྲོས་བསྡུར་བྱས་ཏེ། ཐེངས་འདིའི་ཚོགས་འདི་དེ་སྔོན་མའི་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ལྟ་བུ་ཞིག་ཆགས་འདུག མ་འོངས་པར་ཡང་བྱུང་ན་ལོ་རེ་དང་། མ་བྱུང་ན་ལོ་གཉིས་རེ་མཚམས་སུ་ཐེངས་གཅིག་རེ་ཚོགས་ཐུབ་ན་ཡག་པོ་འདུག་གསུངས་པ་ལྟར། སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་དགུ་བའི་སྟེང་གཏན་འབེབས་བྱུང་བ་རེད། ༧གོང་ས་མཆོག་གི་ཐུགས་རེ་གང་རེད་ཟེར་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་ཁ་ཐོར་ཡིན་སྟབས། གནས་ཚུལ་གསལ་བོ་མཁྱེན་མིན་གྱི་དབང་གིས་བསམ་ཚུལ་སྣ་ཚོགས་ཡོང་གི་ཡོད་ཀྱང་། བསམ་ཚུལ་དེ་དག་ཕྱོགས་གཅིག་ཏུ་སྤུངས་ཏེ་གོ་བསྡུར་བྱ་རྒྱུའི་སྡིངས་ཆ་རག་གི་ཡོད་པ་མ་རེད། ཐེངས་འདིར་ཆེད་དུ་མི་མང་གི་བསམ་ཚུལ་སྤུངས་སའི་སྡིངས་ཆ་དེ་བསྐྲུན་པ་རེད། གོ་སྐབས་འདི་བརྒྱུད་དེ་ད་ལྟའི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་། མི་དམངས་ཀྱི་ལག་ལེན་སོགས་ལ་ལེགས་བཅོས་དང་། སྔར་མེད་པའི་བསམ་བློ་གསར་པ་ཡོད་ན་འདོན་དགོས་པ་རེད། ཅེས་དང་།

 

ཚོགས་འདུ་གྲ་སྒྲིག་ཕལ་ཆེར་ཆ་ཚང་འགྲུབ་ཡོད། ཚོགས་བཅར་བ་རྣམས་ད་ལྟ་འབྱོར་བཞིན་པ་རེད། ཕྱི་ཚེས་ ༢༦ ཉིན་མགོ་འཛུགས་བྱས་རྗེས་བརྗོད་གཞི་ ༦ དེ་ཚོགས་ཆུང་ཁག་ ༨ དུ་བགོས་ཏེ་གོ་བསྡུར་བྱ་རྒྱུ་རེད། ཆབ་སྲིད་དང་དམངས་གཙོ་འཕེལ་རྒྱས་གཉིས་ཚོགས་ཆུང་ཁག་ཐུན་མོང་གི་གྲོས་གཞི་རེད། བཙན་བྱོལ་བོད་མིའི་དམངས་གཙོ་ལོ་ ༥༠ འཁོར་གྱི་ཡོད་སྟབས། བརྗོད་གཞི་འདི་གཉིས་གལ་ཆེན་དུ་རྩིས་པ་རེད། ཚོགས་ཆུང་ཆ་བགོས་བྱེད་སྟངས་དེ་ཡང་དུས་རྒྱུན་གྱི་སོ་སོའི་ལས་རིགས་དང་འབྲེལ་བ་ཡོད་པ་ཕྱོགས་གཅིག་ཏུ་བསྡུས་ཡོད། ནམ་རྒྱུན་ཐུགས་འཁུར་དང་བསམ་བློ་བཏང་ཡོད་ན། ཐེངས་འདིར་ནུས་པ་ཕྱོགས་གཅིག་ཏུ་སྤུངས་ཐུབ་གི་རེད། ཚོགས་འདུ་ཚོགས་ཡུལ་སྦེལ་ཀོབ་བདེ་སྐྱིད་སླར་གསོ་རུ་ཚོགས་ཆུང་ལྔ་དང་། སྦེལ་ཀོབ་ལུགས་ཟུང་གླིང་དུ་ཚོགས་ཆུང་གསུམ་བཅས་གོ་སྒྲིག་ཞུས་ཡོད། བདུན་ཕྲག་གཅིག་རིང་གི་ཚོགས་འདུ་གྲུབ་སྟེ་ཕྱིར་ལོག་སྐབས། བཙན་བྱོལ་བོད་གཞུང་གི་ལས་དོན་བྱེད་ཕྱོགས་འགྲིག་པ་དང་མ་འགྲིག་པ་གསལ་བོ་ཆགས་ཏེ་མི་དམངས་ལ་ལམ་སྟོན་ཞུ་ཐུབ་པ་ཞིག་ལ་རེ་བ་རྒྱག་གི་ཡོད། ཅེས་གསུངས་སོང་།

 

ཁོང་ལ་ཐེངས་འདིའི་ཚོགས་ཆེན་སྟེང་བཞུགས་སྒར་ངྷ་རམ་ས་ལ་དང་ཕྱི་རྒྱལ་ཁག་ནས་ཕེབས་མཁན་མང་པོ་ཡོད་སྟབས། འགྲོ་སོང་ལ་མ་ལྟོས་པར་སྦེལ་ཀོབ་ཏུ་ཚོགས་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་དྲིས་པར་ཁོང་གིས། དམངས་གཙོའི་དུས་དྲན་ཐེངས་ ༥༠ དེ་ཅུང་དྲ་རྒྱས་པོ་ཞིག་སྲུང་གཙི་ཞུ་འཆར་ཡོད་སྟབས། ༧གོང་ས་མཆོག་གིས་མི་དམངས་མང་པོ་འཛོམས་ས་ཞིག་ལ་གོ་སྒྲིག་ཞུས་ན་ཡག་པོ་འདུག་གསུངས་སོང་། དེ་བཞིན་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་བྱུང་བ་རེད། སྤྱིར་གཞིས་ཆགས་ཆེ་ཤོས་དང་རྙིང་ཤོས་དེ་མོན་གྷོ་ཊི་ཆགས་ཡོད་ཀྱང་། སྦེལ་ཀོབ་ཀྱིི་ལུགས་ཟུང་དང་བདེ་སླར་གཉིས་བསྡོམས་ན་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་དང་། ད་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༦ ལ་གཞིས་ཆགས་འདི་བཙུགས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་ཡང་འཁེལ་གྱི་ཡོད་སྟབས། ད་ལོའི་དམངས་གཙོའི་དུས་དྲན་སྦེལ་ཀོབ་ཏུ་གྲ་སྒྲིག་ཞུས་པ་མ་ཟད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་དང་། བརྟན་བཞུགས་སོགས་ཀྱང་ཞོར་གཅིག་ཏུ་སྦེལ་ཀོབ་ནས་ཚོགས་རྒྱུ་གཏན་འཁེལ་བ་རེད། ཅེས་གསུངས་སོང་།

 

ཡང་ཁོང་ལ་ཐེངས་སྔོན་མའི་དམིགས་བསལ་ཚོགས་ཆེན་སྐབས་གྲོས་ཆོད་མང་པོ་ཞིག་གཏན་འབེབས་བྱས་ཡོད་སྟབས། ཐེངས་འདིར་སྔར་གྱི་གྲོས་ཆོད་དེ་དག་ལག་ལེན་དུ་འཁེལ་ཡོད་མེད་བསྐྱར་ཞིབ་འདྲ་གནང་འཆར་ཡོད་མེད་དྲིས་པར། ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་དེ་བཅའ་ཁྲིམས་ཀྱི་དགོངས་དོན་འོག་ཚོགས་པ་ཞིག་ཆགས་ཀྱི་ཡོད་ཀྱང་། གྲོས་ཆོད་བཞག་པ་ཁག་ཚང་མ་ཁྲིམས་ཐོག་ནས་ལག་ལེན་དུ་བསྟར་དགོས་པ་ཆགས་ཀྱི་ཡོད་པ་མ་རེད། སྐབས་དེར་བོད་ནང་ཛ་དྲག་གི་གནས་སྟངས་ཆགས་པ་དང་། བོད་བྱེས་སུ་ཡང་གཞུང་གི་སྲིད་བྱུས་ཐོག་བཤད་ཚུལ་སྣ་ཚོགས་ཡོང་གི་ཡོད་སྟབས། ཆབ་སྲིད་ཁོ་ནའི་ཐོག་ལ་ཚོགས་ཆེན་དེ་ཚོགས་དགོས་བྱུང་བ་རེད། འོན་ཀྱང་ཚོགས་ཆུང་ཁ་ཤས་ནང་ཆོས་དང་རིག་གཞུང་། འཕྲོད་བསྟེན་སོགས་ལ་ཡང་བགྲོ་གླེང་གནང་ཡོད་ཀྱང་། ཚོགས་ཆུང་ཁག་བགོས་བྱེད་སྐབས་ཚོགས་མི་སོ་སོའི་ལས་རིགས་གཞིར་བཟུང་བགོས་མེད་སྟབས། གནད་དོན་རེ་རེའི་སྟེང་གོ་བསྡུར་གཏིང་ཟབ་ཡོང་ཡོད་པ་མ་རེད་། ཐེངས་འདིར་ཉིན་གཅིག་དང་ཕྱེད་ཀར་བརྗོད་གཞི་ཐུན་མོང་དང་། དེ་ལས་གཞན་ཚོགས་མི་སོ་སོའི་ལས་རིགས་དང་འབྲེལ་བའི་ཐོག་ལ་གྲོས་བསྡུར་བྱ་དགོས་སྟབས། བློ་རིག་སྒྲིམ་སྟེ་བརྡར་ཤ་ཡག་པོ་གཅོད་ཐུབ་གི་རེད་བསམ་ཡོད། ཐེངས་འདིར་ཚོགས་འདུ་སྔ་མའི་སྐབས་ཀྱི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་འཆར་གཞི་ཡོད་པ་མ་རེད་དེ། ཚོགས་མི་སོ་སོའི་ངོས་ནས་དྲི་བ་དང་བསམ་ཚུལ་བཏོན་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་གིས་ལན་འདེབས་དང་གསལ་བཤད་ཡོང་གི་རེད། ཅེས་གསུངས་སོང་།

 

མཇུག་མཐར་ཁོང་ལ་༼ བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ ༽ འདི་ལ་གྲུབ་འབྲས་གང་འདྲ་ཞིག་འཐོན་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་གིས། ཐེངས་འདིའི་ཚོགས་ཆེན་འདི་བཅའ་ཁྲིམས་ཀྱི་དགོངས་དོན་ཆགས་ཀྱི་མེད་སྟབས། ཁྲིམས་ཀྱི་དབང་ཚད་ཡོད་པ་མ་རེད། བསམ་ཚུལ་ཕྱོགས་བསྡོམས་དང་མཐའ་མའི་ཐག་གཅོད་གང་ཞིག་བྱུང་ཡང་བསམ་ཚུལ་ཕྱོགས་བསྡོམས་ཙམ་རེད། འོན་ཀྱང་། ཐེངས་འདིའི་ཚོགས་ཆེན་དེ་ཕྱི་ཟླ་བརྒྱད་པའི་ཟླ་མཇུག་དང་དགུ་བའི་ཟླ་སྟོད་དུ་འཁེལ་གྱི་ཡོད་ལ། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཟླ་བཅུ་བའི་ཟླ་མགོར་འཁེལ་ཡོད། མ་འོངས་བཀའ་བློན་ཁྲི་པར་ལངས་རྒྱུ་ཡིན་ཟེར་མཁན་ཚོ་ཡང་ཐེངས་འདིའི་ཚོགས་འདུར་བཅར་གྱི་ཡོད་སྟབས། ཚོགས་ཆེན་འདིའི་ཐོག་གཏན་འབེབས་གང་བྱུང་བ་དེར་མ་འོངས་པའི་བཀའ་བློན་ཁྲི་པས་ཏན་ཏན་ཐུགས་ཞིབ་གནང་གི་རེད། དེ་བཞིན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཀྱི་ཁྲིམས་བཟོའི་ཐོག་ལ་ཡང་ཤུགས་རྐྱེན་ཐེབས་གི་རེད། ཆབ་སྲིད་ཐད་དུས་རྒྱུན་རང་བཙན་དང་དབུ་མ་བརྩད་བསྡད་ན། གྲུབ་འབྲས་རྡོག་རྡོག་ཅིག་ནམ་ཡང་འཐོན་གི་མ་རེད། དེ་བས་ད་ལྟ་འགྲོ་བཞིན་པའི་དབུ་མའི་ལམ་གཞིར་བཞག་ཐོག་ལེགས་བཅོས་དང་ཁ་སྣོན། ཐབས་ལམ་གསར་པ་སོགས་སྟོན་ཐུབ་པ་ཡིན་ན། གྲུབ་འབྲས་ཆེན་པོ་འཐོན་གི་རེད། དེ་བཞིན། དམངས་གཙོ་འཕེལ་རྒྱས་ལྟ་བུར་མཚོན་ན། ཆོས་ལུགས་ཀྱི་སྤྱི་འཐུས་དགོས་མིན་སོགས་ཀྱི་ཐད་བགྲོ་གླེང་སྣ་ཚོགས་ཡོང་གི་རེད། ཕྱོགས་ཚང་མ་མགོ་འཚོས་པའི་སྒང་ནས་འཕྲལ་ཐུགས་རྒྱང་གསུམ་གྱི་དགེ་སྐྱོན་ལ་བསམ་བློ་ཞིབ་ཚགས་བཏང་སྟེ་ཐག་གཅོད་ཅིག་བྱ་ཐུབ་པ་ཡིན་ན་དོན་དང་ལྡན་པའི་གྲུབ་འབྲས་ཤིག་ཡོང་གི་རེད་བསམ་ཡོད། ཅེས་གསུངས་སོང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་སྤེལ། ༽

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

སྐར་མ ༥༥ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༢ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 11

  1. གངས་མྱུག says:
    ལོ་ 15 སྔོན།

    ད་ཐེངས་ཀྱི་ཆོས་དང་རིག་གཞུང་གི་གྲོས་གཞིའི་ནང་དུ་ངེས་པར་གདན་སའི་སློབ་གཉེར་བྱེད་སྟངས་ལ་འགྱུར་བ་ཆེན་པོ་ཞིག་གཏང་རྒྱུ་དང་། གྲ་དམངས་ལ་དེང་དུས་ཀྱི་ཤེས་ཡོན་སྤྲོད་རྒྱུ། གདན་སའི་སློབ་ཡུན་གཅིག་མཚུངས། གདན་སའི་དམངས་གཙོའི་རང་དབང་བཅས་ལ་གྲོས་ཞིབ་ནན་པོ་བྱས་ཏེ་འགྱུར་བ་ཞིག་མ་བཏང་ན་ཉེན་ཁ་ཆེན་པ་ཞིག་གི་གནས་ལ་འགྲོ་བཞིན་ཡོད།

    Reply
  2. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    གསར་འགོད་པ་དོན་གྲུབ་བཀྲིསལགས་ཁྱེད་ཀྱིས་བྲིས་པ་ལྟར་༼ཕྱི་ཚེས་ ༢ ཉིན་སེར་བྱེས་རྒྱལ་བའི་ཕོ་བྲང་དུ་བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ཏེ། མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་དུས་དྲན་རྒྱས་པ་སྲུང་གཙི་དང་འབྲེལ་གཞིས་བྱེས་བོད་མི་ཡོངས་ནས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཤིག་ཀྱང་འབུལ་འཆར་ཡོད་འདུག ༽ཅེས་བཀོད་པ་འདུག་པ་ལྟར་སེར་བྱེས་རྒྱལ་བའི་ཕོ་བྲང་དུ་དུས་དྲན་སྲུང་བརྩི་ཇི་ལྟར་བྱས་ཏེ་ཞུ་རྒྱུ་རེད། ཁྱེད་ཀྱིས་གནས་ཚུལ་དེ་སུ་འདྲ་ཞིག་གི་ཁལ་ཉན་ཏེ་བྲིས་པ་ཡིན། ངས་གོ་ཚོད་ལ་ཕྱི་ཚེས་༢ གྱི་མཛད་སྒོ་དེ་བཞིན་སེར་བྱེས་ཆོས་རའི་ནང་ཡིན་པ་དང་སྐབས་དེར་སེར་བྱེས་གྲྭ་ཚང་ནས་སྐྱ་སེར་ཡོངས་ལ་ཞལ་ལག་དང་གསོལ་ཇ་སོགས་གོ་སྒྲིགས་ཡོད་པ་གོ་ཐོས་བྱུང་བས་ཁྱེད་གསར་འགོད་པ་ཞིག་དུས་བརྟག་དཔྱད་བྱ་རྒྱུ་གལ་ཆེ་ཁར་དོན་མེད་བསམ་དྲན་མེད་པའི་འཆལ་གཏམ་གསར་འགྱུར་གྱི་ཚུལ་འགོད་མི་རིང་ཡིད་ལ་འཇོག། ད་དུང་དག་ཆ་དང་ཡིག་ནོར་དག་ལ་བསམ་བཞེས་བྱོས།

    Reply
  3. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 15 སྔོན།

    ཆོལ་ཁ་དང་ཆོས་ལུགས་དབྱེ་མེད་ཐོག་བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་ཐུབ་པའི་ཚོགས་མི་ཁག་ཅིག་ཆེད་ཕེབས་གནང་ནས་དོན་ནས་ལྡན་པའི་ཚོགས་འདུ་ཞིག་ཡོང་ཐུབ་པའི་རེ་བ་ཡོད།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་བདེ་སྡུག་ལ་བསམ་གཞི་ཡོད་པའི་མཁས་དབང་སྤྱི་ཟུར་ཧོར་གཙང་འཇིགས་མེད་མཆོག་ཚོགས་ཆེན་འདིའི་ཐོག་ཏུ་ཕེབས་ཡོད་ན་ཁོང་གིས་གླེང་ཡོང་བའི་རེ་བ་ཧ་ཅང་ཆེ།

    Reply
  5. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    གལ་སྲིད་ང་བཀའ་བློན་ཁྲི་བར་ཐོན་པ་ཡིན་ན། ངས་བོད་མི་གཞོན་སྐྱེས་གང་མང་མང་ཞིག་ལ་ནུབ་ཕྱོགས་སུ་སློབ་སྦྱོང་དང་། ལས་ཀའི་གོ་སྐབས་འཚོལ་གང་ཐུབ་བྱེད་ས་རེད། ཡིན་ན་ཡང་། ཕར་ལ་སོང་ནས་ཚུར་ལ་ལོག་རྒྱུ་དེ་ཡང་གལ་ཆེན་པོ་རེད་འདུག

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གྲོས་གཞི་ཁག་དྲུག་གི་ནང་ནས་གཞི་ཆགས་སྲ་བརྟན་སྐོར་དུ་བསམ་ཚུལ་ཕུལ་རྒྱུ་ཡིན། གཞི་ཆགས་ཁག་གི་བོད་མི་ཉམ་ཆུང་ཚོ་བཙན་བྱོལ་གཞུང་གི་ནང་དུ་ཨ་ཁུ་ཨ་ནེ་བཀའ་བློན་དང་སྤྱི་འཐུས་མེད་པ་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ལས་ཀ་བྱས་མཁན་བཏང་གི་མེད་པའི་སྲིད་ཇུས་འཛིན་པ་འདི་ནི་ཡག་པོ་ཞིག་རྩ་བ་ནས་མིན།

    ཕྱི་རྒྱལ་ཁབ་ཁག་ཏུ་འགྲོ་ནས་འགྲིག་མེད་ན་སྔར་ནས་ད་ལྟ་བར་དུ་བཙན་བྱོལ་གཞུང་གི་གོ་གནས་ཡོད་པའི་བཀའ་བློན་དང་སྤྱི་འཐུས་ཚོ་དང་ཁོ་ཚོའི་ནང་མི་སྤུན་ཆེད་རྣམས་གཅིག་མགྱོགས་གཉིས་མགྱོགས་བྱས་ནས་ཕྱིན་པ་རེད། མ་ཟད་སྤྱི་འཐུས་ནང་དུ་ཆབ་སྲིད་བཙོན་པ་མ་ཡིན་བཞིན་དུ་ཆབ་སྲིད་བཙོན་པའི་མིང་ཐོག་ནས་དངུལ་སྤྲད་མ་དགོས་པ་འགྲོ་མཁན་ཡོད་པ་ནི་མཆོག་ཏུ་གྱུར་པའི་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་སྤྱི་འཐུས་གྲོས་འཚོགས་ནང་དུ་གསུངས་པ་ལྟར་རེད།

    བོད་མི་ཉམ་ཆུང་ཚོ་ཕྱི་རྒྱལ་འགྲོ་མི་ཆོག་གཞི་ཆགས་སྲ་བརྟན་གཏོང་དགོས་གསུང་པ་འདི་ནི་རྒྱུ་འབྲས་དང་མཐུན་གྱི་མེད་ལ་དྲང་བདེན་ཞེས་ཞལ་ནས་མ་ཎི་འདོན་འདོན་བྱས་བསྡད་པ་འདི་ཡང་སྟོང་པ་སྟོང་རྐྱང་རེད། རྒྱ་ནག་གཞུང་ཕྱོགས་ནས་བཙན་བྱོལ་གཞུང་ལ་སྐྱོན་བརྗོད་བྱས་བསྡད་པ་ནི་བཀའ་བཀོད་རྒྱུད་འཛིན་གྱི་ཕྲན་གཡོག་ཞིང་ཕྲན་ལམ་ལུགས་བསྐྱར་གསོ་བྱེད་ཀྱི་འདུག་ཞེས་འཛམ་གླིང་རྒྱལ་སྤྱིའི་སྟེང་དུ་བསྒྲགས་བསྡད་ཀྱི་ཡོད། མུ་མཐུད་ནས་ཞིང་ལས་ཀྱི་འཚོ་བ་སྐྱེལ་དགོས་པའི་བཀའ་ཕབ་པ་ཡིན་ན་རྒྱ་ནག་གཞུང་གིས་བཤད་པ་དེར་དོན་ལ་གནས་པ་རེད་འདོད།

    མི་དམངས་ཀྱི་འདོད་མོས་ཀྱི་དབང་དུ་བྱས་ན་བརྒྱ་ཆ་བརྒྱད་ཅུ་ཐམ་པའི་མ་གྲོས་བསམ་པ་གཅིག་མཐུན་ཡོད་པ་ནི་ནུས་ཕྱོགས་སྟོབས་ཆེན་རྒྱལ་ཁག་ཏུ་ཨ་སྒོར་2000ནས་3000་བར་དུ་གླ་ཕོགས་ཡོད་ས་འགྲོ་འདོད་ཡོད་པ་ཡིན། བཙན་བྱོལ་གཞུང་གིས་བཙན་བྱོལ་མི་དམངས་འཚོ་བ་ཡག་པོ་ཞིག་སྐྱེལ་སའི་ལམ་ཁ་ཡོད་པ་དེར་བཀག་འགོག་བྱེད་སྡོད་ན་རང་མི་རང་གཞུང་ལ་ཡིད་ཐང་ཆད་འགྲོ་གི་རེད་འདོད།

    དཀའ་ངལ་ཆེ་ཤོས་ནི་བལ་ཡུལ་ནང་གི་གཞི་ཆགས་ཁག་ཡིན། གཅིག་ནས་བལ་ཡུལ་རྒྱལ་ཁབ་ཀྱི་ཆབ་སྲིད་སྲ་བརྟན་མེད་པ་དང་གཉིས་ནས་རྒྱ་ནག་གིས་ཤུགས་རྐྱེན་འོག་ཏུ་བོད་མི་ལ་ལྟ་སྟངས་སྡུག་པོ་ཡོད། གསུམ་ནས་འཚོ་བའི་ཡོང་ཁུངས་མེད་ལ་དེང་སང་འཚོ་རྟེན་གཙོ་ནི་ཕྱི་རྒྱལ་དུ་ཡོད་པའི་ནང་མི་སྤུན་ཆེད་ཚོའི་རོགས་དངུལ་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད། ཕྱོགས་གང་ལ་ལྟས་ཀྱང་བོད་མི་ན་གཞོན་ཚོ་ངེས་པ་ཏུ་གཞུང་འབྲེལ་གྱི་ཐོག་ནས་ཕྱི་རྒྱལ་གཏོང་དགོས་ཀྱི་རེད་སྙམ། དེ་གཅིག་རེད།

    གཉིས་པ་གསར་འབྱོལ་བའི་སྐོར་དུ་བསམ་འཆར་ཞུ་རྒྱུ་ཡིན། གྲོས་གཞི་ཁག་དྲུག་ནང་དུ་འགྲོ་ས་སྡོད་མེད་མཁན་གསར་འབྱོར་བ་ཚོའི་སྐོར་དུ་གྲོས་གཞི་མེད་པ་འདི་ཧ་ཅང་བློ་ཕམ་ཡོད། བཙན་བྱོལ་གཞུང་གི་ཆབ་སྲིད་པ་ཚོས་གཞི་ལུས་བོད་མི་རྩ་བ་ཆེན་པོ་ཡིན་ཞེས་བཤད་བསྡད་པ་རེད། དངོས་གནས་རྩ་བ་ཆེན་པོ་ཡིན་ན་གཞི་ལུས་བོད་མི་ཚོ་རྒྱ་ཁྲིམས་འོག་ཏུ་བསྡད་མ་ཐུབ་པ་བཙན་བྱོལ་གཞུང་གི་སྒོ་རྩ་སླེབས་དུས་མདུན་ལམ་ཡོད་པའི་འཚོ་བ་ཞིག་སྐྱེལ་ཐབས་བྱེད་དགོས་པ་ནི་གནད་འགག་རེད།

    རྒྱ་གར་ལུང་པ་ནང་དུ་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་རག་གི་མེད་ལ་རྐུབ་བཙུགས་སའི་གཞི་ཁུངས་ཤིག་ཀྱང་མེད། གསར་འབྱོར་བ་ཚོས་རྡ་སའི་གསང་ལམ་ནང་དུ་བག་ལེབ་ཙོང་ནས་འཚོ་བ་སྐྱོ་པོ་བསྐྱལ་བ་དེར་གཞི་ལུས་བོད་མི་ཤེས་པ་ཡིན་ན་ཅི་བསམ་གྱི་རེད་དམ། ནུབ་རྒྱལ་ཁབ་ཁག་གིས་ལེན་གྱི་ཡིན་གསུངས་ཀྱང་མི་བཏང་བ་འདི་རང་མི་ལ་ཤ་ཚ་མེད་པ་ཕྱིར་རུ་མངོན་པ་རེད། གལ་སྲིད་རང་མི་རང་བདག་མ་རྒྱག་ན་ནམ་ཞིག་འགྱོད་པ་སྐྱེས་ཀྱང་ཚར་བ་རེད། ཚོགས་ཆེན་དེའི་ནང་དུ་བོད་མི་ཤ་ཚ་ཡོད་མཁན་འདྲ་ཡོད་ན་ངེས་པ་ཏུ་རྒྱ་བལ་འབྲུག་གསུམ་ནང་གི་གསར་འབྱོར་བའི་མདུན་ལམ་ལ་གྲོས་བསྡུ་བྱེད་དགོས་ངེས་རེད། འདི་ཚོ་ཚང་མ་བོད་མི་ཉམ་ཆུང་ཚོའི་ཆེད་དུ་བྲིས་པ་ཡིན་མ་གཏོགས་ང་ཅོ་རིའི་འཚོ་བ་ཁྱད་པ་སྤུ་ཙམ་མེད་པས་བསམ་གཞི་བྱེད་རོགས་ཞུ།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཙན་བྱོལ་གཞུང་གི་ལས་བྱེད་པ་ཚོས་ཚར་གཅིག་ཀློག་པའི་རེ་བའི་ཐོག་ནས་མཆན་བུ་འདི་བཀོད་པ་ཡིན།
    ༄༅། །རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཉམ་ཐག་ན་གཞོན་ལས་མེད་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཚོ་བ་སྐྱེལ་མཁན་འགྲོ་ན་ཡག་པོ་འདུག་གསུངས་མཁན་ཁག་ཅིག་དང་མ་འགྲོ་ན་དགའ་གསུངས་ཁག་ཅིག་ཡོད་རེད།

    ༡༽ཁག་ཅིག་གིས་ནུབ་ཕྱོགས་སུ་ཕེབས་ན་ཕུངས་རྒྱང་རིང་པོའི་ཐོག་ཏུ་ཡག་པོ་མེད་པར་བཤད། ཁོང་རྣམ་པའི་རྒྱུ་མཚན་མང་པོ་ཡོད་ཀྱང་དེའི་ནང་ནས་གནད་འགག་ཆེ་ཤོས་དང་རྩ་བ་འཛིན་ས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཡག་རབ་སྤྱོད་བཟང་བཅས་ཉམས་འགྲོ་བ་ཞིག་ལ་ངོས་འཛིན་བྱས་ཀྱི་ཡོད་རེད།

    ༢༽དང་པོ་ཆོས་ཀྱི་ཐོག་ནས་བཤད་ན་ང་རང་ཚོའི་ནང་ཆོས་འདིར་ངོས་འཛིན་དགོས། ལྟ་བ་རྟེན་བྱུང་དང་སྤྱོད་པ་འཚི་བ་མེད་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཉིན་རེའི་འཚོ་བའི་ནང་དུ་བེད་སྤྱོད་བྱེད་ནས་མཐར་ཐུག་གི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་རྐྱེན་འདིར་ནང་ཆོས་ཞེས་ངོས་འཛིན་བྱེད་དགོས་པར་སྣང།

    ༣༽འདིར་ཉམས་ལེན་བྱེད་པར་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཁྱད་པའི་ཐོག་ནས་བཤད་ན་ནུབ་ཕྱོགས་ཡག་བ་མེད་ནའང་སྐྱོ་བ་མེད། ནུབ་ཕྱོགས་པའི་མི་རྣམས་ཀྱི་སྤྱོད་པ་དང་ང་རང་ཚོའི་ནང་ཆོས་ནང་དུ་བཤད་པའི་རྒྱུ་འབྲས་ཡོད་མེད་དང་གཞན་ལ་ཕན་སེམས་ཡོད་མེད་ཞེས་པ་རྣམས་ཀྱི་ཆ་ནས་མཐུན་ས་དང་ལག་ལེན་གྱི་ཐོག་ནས་རྒྱ་བལ་འབྲུག་གསུམ་ནང་གི་མི་ལས་ནུབ་ཕྱོགས་པའི་མི་རྣམས་ཡག་བ་ཡོད།

    ༤༽བཟང་སྤྱོད་ཞེས་པ་འདིར་བསམ་ནའང་ནུབ་ཕྱོགས་སུ་རྐུ་མ་ཉུང་བ་དང་ནག་ཚོང་རྒྱག་མཁན་ཉུང་བ་མི་གསོད་ཁྲག་སྦྱོར་བཅས་གང་གི་ཐོག་ནས་ཡང་རྒྱ་བལ་འབྲུག་གསུམ་ལས་ནུབ་ཕྱོགས་སུ་ཡག་བ་ཡོད། རྒྱ་བལ་འབྲུག་གསུམ་ནང་དུ་བོད་མི་སྟག་སྤགས་གཟིག་སྤགས་གི་ཚོང་དང་ཙན་དན་ལ་སོགས་ཁྲིམས་མཐུན་མིན་པའི་ཚོང་རྒྱག་ནས་བོད་མི་ཁྲིམས་ལ་སྦྱར་བྱུང་མྱོང་ཡོད།

    ༥༽མ་ཟད་ཕྲུ་གུ་ཞིག་ནུབ་ཕྱོགས་སུ་མཚའ་ལོངས་བྱུང་བ་དང་རྒྱ་བལ་འབྲུག་གསུམ་ནང་དུ་མཚའ་ལོངས་བྱུང་བ་གཉིས་སྡུར་ན་ནུབ་ཕྱོགས་སུ་མཚའ་ལོངས་བྱུང་བའི་ཕྲུ་གུ་རྣམས་གཞུང་དྲང་བ་དང་ལག་ལེན་ཡག་བ་དེང་རབ་ཀྱི་ཤེས་ཡོན་ཡག་བ་རང་འགོ་ཐོན་སླ་བ་ཡོད། རྒྱ་བལ་འབྲུག་གསུམ་ནང་དུ་མཚའ་ལོངས་བྱུང་བའི་ཕྲུ་གུ་རྣམས་ལ་ཡུལ་གྱི་གོམས་གཤིས་ཀྱིས་རྐྱེན་པས་གཡོ་རྒྱུ་མང་བ་དང་ལག་ལེན་མེད་པ་དེང་རབ་ཀྱི་ཤེས་ཡོན་སྐྱོ་བ་ཡོད་པར་སྣང་།

    ༦༽བོད་ཀྱི་སྐད་ཡིག་གི་ཐོག་ནས་བཤད་ན་ནུབ་ཕྱོགས་སུ་ཡོད་པའི་བོད་མི་རྣམས་བོད་སྐད་བོད་ཡིག་སྐྱོ་བ་དང་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་རྣམས་བོད་སྐད་བོད་ཡིག་ཡག་བ་ཡོད་པའི་ཁྱད་པ་ཧ་ཅང་ཆེན་པོ་དེ་ཙམ་མེད། དཔེར་ན་རྒྱ་གར་ནང་དུ་ཡང་ཨ་ཟམ་ཕྱོགས་སུ་བོད་ཕྲུག་བོད་སྐད་མི་ཤེས་མཁན་གང་མང་ཡོད་པ་དང་གཅིག་མཚུངས་སུ་སྣང།

    ༧༽ནུབ་ཕྱོགས་སུ་བོད་གཞུང་གི་ངོས་ནས་བོད་ཕྲུ་གུ་ཚོ་ལ་བོད་ཡིག་སྦྱོང་སའི་ཁོར་གཡུ་དང་སློབ་གྲྭ་མེད་བཞིན་དུ་བོད་པའི་ཕྲུ་གུ་ཚོའི་ནང་དུ་བོད་སྐད་རྒྱག་ཐུབ་པ་དང་བོད་གླུ་ལེན་ཐུབ་མཁན་བོད་ཡིག་བྲིས་ཐུབ་མཁན་ཡོད། བོད་སྐད་བོད་ཡིག་མི་ཤེས་པའི་ནུས་ཕྱོགས་བོད་ཕྲུག་ཚོ་ནི་དྭགས་ཕྲུག་ཕ་མེད་མ་མེད་ཕྱི་རྒྱལ་བའི་ནང་དུ་མཚའ་ལོངས་བྱུང་བ་རྣམས་ཀྱི་ནང་དུ་མང།

    ༨༽སློབ་སྦྱོང་གི་གོ་སྐབས་ཡོད་མེད་ཐོག་ནས་བཤད་ན་བལ་ཡུལ་ལྟ་བུ་ལ་ལོར་གཅིག་གི་ནང་དུ་ཆབ་སྲིད་ཀྱི་ཉོག་དྲག་གིས་ཉིན་༡༢༠སྒོ་རྒྱག་གི་ཡོད་རེད། སྤྱི་ཚོགས་དེ་འདྲ་ཞིག་གི་ནང་དུ་སློབ་སྦྱོང་བྱེད་ཡ་དང་ལས་ཀ་བྱེད་ཡ་ཡི་གོ་སྐབས་ག་རེ་ཡོད་རེད། ཆོས་དང་རིག་གཞུང་སྐད་ཡིག་གི་ལེའུ་རྫོགས་སོ།

    ༡༽གཞན་ཡང་སྤུན་གྲོགས་ཁག་ཅིག་གིས་ནུབ་ཕྱོགས་སུ་སླེབས་ཀྱང་རང་ལ་འཇོན་ཐང་མེད་ན་ཕྱུག་པོ་ཆགས་མི་ཐུབ་ལ་འཇོན་པོ་ཡོད་ན་རྒྱ་གར་སྡོད་ཀྱང་ཕྱུག་པོ་ཆགས་ཐུབ་གསུངས་མཁན་ཡོད། ངས་བསམ་ཚུལ་བྱས་ན་འཇོན་ཐང་མེད་མཁན་རྣམས་སྡོད་ས་ནུབ་ཕྱོགས་སུ་ཡག་བ་ཡོད། དཔེར་ན། སུད་སི་ལྟ་བུ་ལ་མཚོན་ན་མི་ཞིག་ལ་འཇོན་ཐང་གང་ཡང་མེད་པ་དང་ལས་ཀ་མེད་ནའང་གཞུང་གི་ཐོག་ནས་སྡོད་ས་དང་ཟ་ཡ་སྨན་རིན་བཅས་ཆ་ཚང་སྐྱབས་གསོ་སྤྲད་ཀྱི་ཡོད། སྤྱི་ཚོགས་ཤིག་་དང་མི་མང་ཞིག་ཕྱུག་པོ་ཡོད་མེད་ཐོག་ནས་ལྟས་པ་ཡིན་ན་མི་དམངས་ལ་འཚོ་བའི་སྲུང་སྐྱོབ་ཡོད་མེད་ཐོག་ནས་ལྟ་དགོས་པ་ལས་མི་རེ་གཉིས་ལ་དངུལ་མང་ཉུང་ཐོག་ནས་ལྟས་ན་ཤུན་ཏུ་ནས་ནོར་བ་རེད་སྙམ། འཚོ་བའི་སྲུང་སྐྱོབ་ཞེས་པ་འདི་ནི་་་་ནད་ན་དུས་སྨན་རིན།་་་་་རྒད་འགོ་ཆགས་དུས་རྒད་གསོ།་་་་་ལས་ཀ་མེད་དུས་ལས་མེད་གླ་ཕོག་་་་་དེ་ལས་སྐྱོ་བ་ཡིན་ན་སྐྱོབ་གསོ་་་་་བཅས་ལ་གོ་དགོས། འདི་ཚོ་ཚང་མ་ང་ཅོ་རིས་བོད་མི་ཉམ་ཐག་རྣམས་དང་བོད་མི་རིགས་ཀྱི་དཔལ་འབྱོར་ཡར་རྒྱས་་དང་ཤེས་ཡིན་ཡར་རྒྱས་ཀྱི་ཆེད་དུ་ཁ་ཞེ་གཉིས་ཀྱི་ཐོག་ནས་བྲིས་པ་ཡིན། དཔྱད་ལྡན་མཁས་དབང་རྣམས་ཀྱིས་གང་ཟག་ལ་མ་ལྟ་ཆོས་ལ་ལྟ་ནས་དཔྱད་རོགས་ཞུ།

    དགེ་ཆོས་མཆོག་གིས།

    མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲོད་ཀྱང། ངོ་ནག་གཞན་གྱི་སྨྱེ་མ་མི་སངས་པར།

    མདོ་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེར། དགའ་བའི་དངོས་པོ་གཞན་གྱིས་རྒུད་པ་ཉིད།་་་་་་དགེའོ

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གྲོས་གཞི་ཁག་དྲུག་གི་ནང་ནས་གཞི་ཆགས་སྲ་བརྟན་སྐོར་དུ་བསམ་ཚུལ་ཕུལ་རྒྱུ་ཡིན།
    གཞི་ཆགས་ཁག་གི་བོད་མི་ཉམ་ཆུང་ཚོ་བཙན་བྱོལ་གཞུང་གི་ནང་དུ་ཨ་ཁུ་ཨ་ནེ་བཀའ་བློན་དང་སྤྱི་འཐུས་མེད་པ་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ལས་ཀ་བྱས་མཁན་བཏང་གི་མེད་པའི་སྲིད་ཇུས་འཛིན་པ་འདི་ནི་ཡག་པོ་ཞིག་རྩ་བ་ནས་མིན།

    ཕྱི་རྒྱལ་ཁབ་ཁག་ཏུ་འགྲོ་ནས་འགྲིག་མེད་ན་སྔར་ནས་ད་ལྟ་བར་དུ་བཙན་བྱོལ་གཞུང་གི་གོ་གནས་ཡོད་པའི་བཀའ་བློན་དང་སྤྱི་འཐུས་ཚོ་དང་ཁོ་ཚོའི་ནང་མི་སྤུན་ཆེད་རྣམས་གཅིག་མགྱོགས་གཉིས་མགྱོགས་བྱས་ནས་ཕྱིན་པ་རེད།

    མ་ཟད་སྤྱི་འཐུས་ནང་དུ་ཆབ་སྲིད་བཙོན་པ་མ་ཡིན་བཞིན་དུ་ཆབ་སྲིད་བཙོན་པའི་མིང་ཐོག་ནས་དངུལ་སྤྲད་མ་དགོས་པ་འགྲོ་མཁན་ཡོད་པ་ནི་མཆོག་ཏུ་གྱུར་པའི་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་སྤྱི་འཐུས་གྲོས་འཚོགས་ནང་དུ་གསུངས་པ་ལྟར་རེད།
    བོད་མི་ཉམ་ཆུང་ཚོ་ཕྱི་རྒྱལ་འགྲོ་མི་ཆོག་གཞི་ཆགས་སྲ་བརྟན་གཏོང་དགོས་གསུང་པ་འདི་ནི་རྒྱུ་འབྲས་དང་མཐུན་གྱི་མེད་ལ་དྲང་བདེན་ཞེས་ཞལ་ནས་མ་ཎི་འདོན་འདོན་བྱས་བསྡད་པ་འདི་ཡང་སྟོང་པ་སྟོང་རྐྱང་རེད།

    རྒྱ་ནག་གཞུང་ཕྱོགས་ནས་བཙན་བྱོལ་གཞུང་ལ་སྐྱོན་བརྗོད་བྱས་བསྡད་པ་ནི་བཀའ་བཀོད་རྒྱུད་འཛིན་གྱི་ཕྲན་གཡོག་ཞིང་ཕྲན་ལམ་ལུགས་བསྐྱར་གསོ་བྱེད་ཀྱི་འདུག་ཞེས་འཛམ་གླིང་རྒྱལ་སྤྱིའི་སྟེང་དུ་བསྒྲགས་བསྡད་ཀྱི་ཡོད།

    མུ་མཐུད་ནས་ཞིང་ལས་ཀྱི་འཚོ་བ་སྐྱེལ་དགོས་པའི་བཀའ་ཕབ་པ་ཡིན་ན་རྒྱ་ནག་གཞུང་གིས་བཤད་པ་དེར་དོན་ལ་གནས་པ་རེད་འདོད།

    མི་དམངས་ཀྱི་འདོད་མོས་ཀྱི་དབང་དུ་བྱས་ན་བརྒྱ་ཆ་བརྒྱད་ཅུ་ཐམ་པའི་མ་གྲོས་བསམ་པ་གཅིག་མཐུན་ཡོད་པ་ནི་ནུས་ཕྱོགས་སྟོབས་ཆེན་རྒྱལ་ཁག་ཏུ་ཨ་སྒོར་2000ནས་3000་བར་དུ་གླ་ཕོགས་ཡོད་ས་འགྲོ་འདོད་ཡོད་པ་ཡིན།
    བཙན་བྱོལ་གཞུང་གིས་བཙན་བྱོལ་མི་དམངས་འཚོ་བ་ཡག་པོ་ཞིག་སྐྱེལ་སའི་ལམ་ཁ་ཡོད་པ་དེར་བཀག་འགོག་བྱེད་སྡོད་ན་རང་མི་རང་གཞུང་ལ་ཡིད་ཐང་ཆད་འགྲོ་གི་རེད་འདོད།
    དཀའ་ངལ་ཆེ་ཤོས་ནི་བལ་ཡུལ་ནང་གི་གཞི་ཆགས་ཁག་ཡིན། གཅིག་ནས་བལ་ཡུལ་རྒྱལ་ཁབ་ཀྱི་ཆབ་སྲིད་སྲ་བརྟན་མེད་པ་དང་གཉིས་ནས་རྒྱ་ནག་གིས་ཤུགས་རྐྱེན་འོག་ཏུ་བོད་མི་ལ་ལྟ་སྟངས་སྡུག་པོ་ཡོད།

    གསུམ་ནས་འཚོ་བའི་ཡོང་ཁུངས་མེད་ལ་དེང་སང་འཚོ་རྟེན་གཙོ་ནི་ཕྱི་རྒྱལ་དུ་ཡོད་པའི་ནང་མི་སྤུན་ཆེད་ཚོའི་རོགས་དངུལ་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད།

    ཕྱོགས་གང་ལ་ལྟས་ཀྱང་བོད་མི་ན་གཞོན་ཚོ་ངེས་པ་ཏུ་གཞུང་འབྲེལ་གྱི་ཐོག་ནས་ཕྱི་རྒྱལ་གཏོང་དགོས་ཀྱི་རེད་སྙམ། དེ་གཅིག་རེད།

    གཉིས་པ་གསར་འབྱོལ་བའི་སྐོར་དུ་བསམ་འཆར་ཞུ་རྒྱུ་ཡིན། གྲོས་གཞི་ཁག་དྲུག་ནང་དུ་འགྲོ་ས་སྡོད་མེད་མཁན་གསར་འབྱོར་བ་ཚོའི་སྐོར་དུ་གྲོས་གཞི་མེད་པ་འདི་ཧ་ཅང་བློ་ཕམ་ཡོད།
    བཙན་བྱོལ་གཞུང་གི་ཆབ་སྲིད་པ་ཚོས་གཞི་ལུས་བོད་མི་རྩ་བ་ཆེན་པོ་ཡིན་ཞེས་བཤད་བསྡད་པ་རེད། དངོས་གནས་རྩ་བ་ཆེན་པོ་ཡིན་ན་གཞི་ལུས་བོད་མི་ཚོ་རྒྱ་ཁྲིམས་འོག་ཏུ་བསྡད་མ་ཐུབ་པ་བཙན་བྱོལ་གཞུང་གི་སྒོ་རྩ་སླེབས་དུས་མདུན་ལམ་ཡོད་པའི་འཚོ་བ་ཞིག་སྐྱེལ་ཐབས་བྱེད་དགོས་པ་ནི་གནད་འགག་རེད།
    རྒྱ་གར་ལུང་པ་ནང་དུ་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་རག་གི་མེད་ལ་རྐུབ་བཙུགས་སའི་གཞི་ཁུངས་ཤིག་ཀྱང་མེད།
    གསར་འབྱོར་བ་ཚོས་རྡ་སའི་གསང་ལམ་ནང་དུ་བག་ལེབ་ཙོང་ནས་འཚོ་བ་སྐྱོ་པོ་བསྐྱལ་བ་དེར་གཞི་ལུས་བོད་མི་ཤེས་པ་ཡིན་ན་ཅི་བསམ་གྱི་རེད་དམ།
    ནུབ་རྒྱལ་ཁབ་ཁག་གིས་ལེན་གྱི་ཡིན་གསུངས་ཀྱང་མི་བཏང་བ་འདི་རང་མི་ལ་ཤ་ཚ་མེད་པ་ཕྱིར་རུ་མངོན་པ་རེད། གལ་སྲིད་རང་མི་རང་བདག་མ་རྒྱག་ན་ནམ་ཞིག་འགྱོད་པ་སྐྱེས་ཀྱང་ཚར་བ་རེད།

    ཚོགས་ཆེན་དེའི་ནང་དུ་བོད་མི་ཤ་ཚ་ཡོད་མཁན་འདྲ་ཡོད་ན་ངེས་པ་ཏུ་རྒྱ་བལ་འབྲུག་གསུམ་ནང་གི་གསར་འབྱོར་བའི་མདུན་ལམ་ལ་གྲོས་བསྡུ་བྱེད་དགོས་ངེས་རེད།
    འདི་ཚོ་ཚང་མ་བོད་མི་ཉམ་ཆུང་ཚོའི་ཆེད་དུ་བྲིས་པ་ཡིན་མ་གཏོགས་ང་ཅོ་རིའི་འཚོ་བ་ཁྱད་པ་སྤུ་ཙམ་མེད་པས་བསམ་གཞི་བྱེད་རོགས།

    Reply
  9. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    བོད་པ་ལགས། ཁྱེད་རང་ཡང་་་ལུག་པགས་གོན་པའི་སྤྱང་རྒན་རེ་ཟུང་གི་ཁ་རྒྱབ་ཀྱི་དོན་དུ། ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་རྣམས་དར་ཆའི་ཚབ་ཏུ་བཀོལ་མཁན་ཞིག་རེད་འདུག
    སྔོན་ཆད་ཞིག་ལ། ངས་ལྷོ་ཕྱོགས་ནས་གྲྭ་བ་ཞིག་དང་ཐུག་སོང་། གྲྭ་ཆས་གོན་འདུག དགོན་པར་བསྡད་འདུག གྲྭ་མང་དང་ལྷན་དུ། དེ་བས་གྲྭ་བ་ཞེས་འབོད་པ་ཡིན། གང་ལྟར། མི་འདི་བྱ་བ་ངན་པ་སྣ་ཚོགས་པ་ལས་ཡོད་ཚུལ་མིོ་མང་པོས་བཤད་ཀྱིན་འདུག ཁོ་རང་ལ་སྤྱི་ཚོགས་ནང་ནས་དམོད་མོ་དང་མཐའ་ལ་མི་གྲལ་ནས་ཕུད་མཁན་དེ་འདྲ་ཡང་འདུག ཁོ་རང་དགོན་པར་སོང་ནས་འདི་དག་ཐམས་ཅན་ནི་་་་་ མི་སྐྱ་རྣམས་ཀྱིས་ “གྲྭ་བར་དགྲ་རུ་འཛིན་གྱིན་འདུག ” ཟེར་ནས་འུད་སྒྲོག་བྱས་སོང་།

    དེ་གཅིག་རེད། གཉིས་ནས་་་ཁྱོད་ཀྱིས་་་གྲྭ་པ་་་དང་གྲྭ་པ་་་ཟེར་ནས་་་་ སྐྱ་སེར་གཉིས་བར་ལ་དཀྲིགས་ཤིང་འཕེན་གྱིན་འདུག ལར་ནས་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་དེ་གྲྭ་པ་ཚོར་དགོས་པ་ཞིག་གཏན་ནས་མ་རེད།

    Reply
  10. བོད་པ་ says:
    ལོ་ 15 སྔོན།

    འདྲེ་རིག་གིས་བཤད་པ་བདེན་པ་རེད། ཆོས་བརྒྱུད་སྤྱི་འཐུས་ཐད་ལ་བགྲོད་གླེང་བྱས་ནས་མེད་པ་བཟཽ་དགོས།
    རྒྱུ་མཚན་ནི།
    ༡ བོད་ཕྱི་ནང་གཉིས་ཀྱི་ནང་བོད་དོན་ལ་སྲོག་ཕུལ་མཁན་དང་ལས་འགུལ་སྤེལ་མཁན་མང་ཆེ་ཤོས་གྲ་བ་རེད།
    ༢ བོད་གཞུང་གི་ལས་ཁུངས་ཆེ་ཁག་བདུན་གྱི་ནང་གི་འགྲོ་སོང་(100%4)ཆེ་ཆུང་ཤོས་གཏོང་ས་དེ་ཆོས་དོན་ལས་ཁུངས་རེད།
    ༣ རྒྱལ་སྤྱིའི་མང་ཚོགས་ནང་ཤུགས་རྐྱེན་ཆེན་པོ་བཞག་ནས་བོད་ལ་དགའ་གི་འཇོག་མཁན་ཡང་བླ་སྤྲུལ་ཚོ་རེད།
    ༤ བོད་ཀྱི་སྐད་ཡིག་གི་སྲོག་ཤིང་འཛིན་མཁན་ཡང་དགོན་སྡེ་ཁག་རེད།
    ༥ གྲ་བ་ཚོར་བཟའ་ཚང་དང་བུ་ཕྲུག་གསོ་ཡ་མེད་པས་རིག་གཞུང་ཤད་མ་སྤྱངས་བའི་ཆུ་ཚོད་ཡོད་པ།
    ༦ གྲ་བ་ཚོའི་ རྒྱུ་ནོར་རང་བཟའ་ཕྲུག་ལ་ཕུལ་ས་མེད་པས་སྤྱི་ནོར་ལ་འཕུལ་ཐུབ་པས་སྤྱི་ལ་ཕན་པ།
    རྒྱུ་མཚན་འདི་དག་གི་ཕྱིར་ང་ཚོས་ཁོ་ཚོར་བཀའ་ལོགས་དང་ཁོ་ཚོའི་སྐྱོན་ཁབ་ཀྱིས་བཙལ་ནས་མེད་པར་བཟོས་དགོས།
    དཔེར་ན། སྐྱ་སེར་གཉིས་ཀྱིས་ཆོས་བརྒྱུད་སྤྱི་འཐུས་འདེམས་ཆོག་པ་དང་འདེམས་བཞིན་ཡོད་ནའང་གྲ་བ་ཚོ་ཁོ་ནས་འོས་འདེམས་བྱེད་གི་འདུག་ཞེས་བཀའ་ལོགས་བྱེད་ཡ་

    Reply
  11. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཐེངས་འདིའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐོག་ནས་ཆོས་བརྒྱུད་སྤྱི་འཐུས་ཐད་ལ་བགྲོ་གླེང་ལྷུག་པོ་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་རེད། ཚོགས་ཞུགས་པ་སོ་སོའམ། ཡང་ན་ཚོགས་ཞུགས་པ་ཚོ་དང་འབྲེལ་ཡོད་དག་གིས་འདིའི་ཐད་ལ་ཤུགས་རྐྱེན་ཐེབས་པའི་ལས་འགུལ་འདྲ་སློང་ཐུབ་ན་ཡག་པོ་རེད། དེ་མིན། སྤྱི་ཚོགས་ནང་དུ་དགོས་མེད་ཀྱི་རྩོད་གླེང་ཅིག་ལྷག་པ་ལས། ལག་ལེན་གྱི་ཐོག་ནས་མང་གཙོའི་ཐོབ་ཐང་ཟེར་བ་དེ་ཚོ་སྟོང་གཏམ་ཙམ་དུ་གྱུར་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese