མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲུག་ཆུའི་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་བཀག་སྡོམ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp
ཉེ་ཆར་མདོ་སྨད་འབྲུག་ཆུ་ས་ཁུལ་དུ་ས་ཉིལ་དང་ཆུ་ལོག་གིས་ཚབས་ཆེའི་གནོད་འཚེ་ཐེབས་ཏེ། མི་མང་པོ་འདས་གྲོངས་དང་རྨས་སྐྱོན། སྡོད་གནས་མེད་པ་སོགས་ཀྱི་གནས་སུ་གྱར་ཡོད་ནའང་། རྒྱ་གཞུང་གིས་གནོད་ཐེབས་ས་ཁུལ་དུ་བོད་ཡུལ་གྱི་ས་གནས་གཞན་ནས་རོགས་སྐྱོར་བྱེད་དུ་ཡོང་མཁན་སོགས་ལ་བཀག་སྡོམ་བྱེད་ཀྱིན་ཡོད་འདུག
འདི་ག་གསར་ཁང་ལ་རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན། ཁུངས་ལྡན་གནས་ཚུལ་ལྟར་ན། ཉེ་ཆར་ས་རུད་དང་ཆུ་ལོག་གི་གནོད་ཐེབས་ས་ཁུལ་གྱི་ཉེ་ཁུལ་ཏེ་རྨ་ཆུ་དང་ཀླུ་ཆུ། བསང་ཆུ། ཐེ་བོ། ཅོ་ནེ་སོགས་གཙོས་རྔ་བ་ཕྱོགས་དང་མཚོ་སྔོན་ཕྱོགས་ཀྱི་བོད་རིགས་རྣམས་ཀྱིས་ཞལ་འདེབས་བསྡུས་ནས་འབྲུག་ཆུའི་ཕྱོགས་སུ་ཆས་ནའང་།  རྒྱ་ནག་གིས་སྒོ་ཐམས་ཅད་བསྡམས་ཡོད་སྟབས་རོགས་སྐྱོར་དངོས་རྫས་བསྐྱལ་རྒྱུ་ཕར་ཟད། གནོད་འཚེ་ཐེབས་ཡུལ་གྱི་གནས་སྟངས་གསལ་བོ་ཤེས་མི་ཐུབ་པར་གྱུར་ཡོད།
དེ་བཞིན་བླ་བྲང་དགོན་པའི་གྲྭ་པ་མང་བོས་དང་བླངས་ཀྱིས་རོགས་སྐྱོར་ལ་འགྲོ་རྒྱུར་གྲ་སྒྲིག་བྱས་ཀྱང་བཀག་སྡོམ་བྱས་འདུག  ད་དུང་གཙོས་དགོན་པ་དང་སྟག་ཚང་ལྷ་མོ་ཉིན་སྲིབ་གཉིས་ཀྱི་དགོན་པའི་གྲྭ་པ་དག་གིས་ཀྱང་རོགས་སྐྱོར་གྱི་དངུལ་དངོས་བསྡུས་པ་དང་དངོས་སུ་གནོད་ཐེབས་ས་ཁུལ་ལ་འགྲོ་རྒྱུ་གྲ་སྒྲིག་བྱས་ཀྱང་བཀག་འདུག    ཐ་ན་སྨན་ཁང་དུ་སླེབས་པའི་ནད་པར་ཡང་རོགས་དངུལ་སྤྲོད་ཆོག་ཀྱང་། དངོས་སུ་ནད་པ་དང་ཐུག་གི་མི་འཇུག་པ་དེ་རེད། མདོར་བསྡུས་ན་ཐེངས་འདིའི་རྒྱ་ནག་གི་བཀག་སྡོམ་འདི་ནི་འཆར་གཞི་ལྡན་པ་ཞིག་དང་ཇུས་བཀོད་ལྡན་པ་ཞིག་ཡིན་འདུག་ཅེས་བརྗོད།  
འདི་གའི་གསར་འགོད་པས་བཞུགས་སྒར་ངྷ་ས་ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་ཐེ་བོ་བསེ་རོང་འོད་ཟེར་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཉེ་ཆར་འབྲུག་ཆུར་གནོད་སྐྱོན་བྱུང་མ་ཐག ཉེ་འཁོར་གྱི་ཐེ་བོ་བར་མིའི་བོད་མི་རྣམས་ཉེན་སྐྱོབ་བྱེད་དུ་སོང་འདུག་ཀྱང་། སྐབས་དེར་རྫོང་མཁར་དུ་འདམ་ཉིལ་དང་ཆུ་ལོག་གིས་ཁེངས་ཏེ། ཉེན་སྐྱོབ་ཀྱི་བྱ་བ་གང་ཡང་བྱེད་ཐུབ་ཀྱི་མེད་སྟབས་ཕྱིར་ལོག་དགོས་བྱུང་འདུག་མོད། དཀའ་ངལ་བྱུང་མིན་ལ་མ་ལྟོས་པར་ཉེ་འཁོར་གྱི་བོད་མི་རྣམས་ཐེངས་དང་པོར་གནོད་ཐེབས་ས་ཁུལ་དུ་སོང་ནས་རང་ནུས་གང་ཡོད་ཀྱིས་རོགས་སྐྱོར་ཕྲན་ཙམ་རེ་བྱས་འདུག་ཀྱང་། དེའི་རྗེས་རྒྱ་གཞུང་གིས་འགྲིམ་འགྲུལ་སྟབས་བདེ་མེད་པར་ཁ་གཡར་ཏེ་ས་གནས་གཞན་གྱི་བོད་མི་དང་། ལྷག་པར་དུ་ཉེ་འཁོར་གྱི་བོད་མི་རྣམས་ས་གནས་ས་ཐོག་རང་དུ་རོགས་བྱེད་པར་འགྲོ་རྒྱུར་བཀག་འགོག་བྱས་འདུག
དེར་བརྟེན་རོགས་སྐྱོར་མང་བོ་ཞིག་གནོད་ཐེབས་ས་ཁུལ་རང་དུ་འབྱོར་ཐུབ་ཀྱི་མེད་ཐོག རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལས་གནས་ཚུལ་ངོ་མ་བཀབ་སྦས་ཀྱིས་བསྒྲགས་པ་མ་གཏོགས། ཕྱི་ཕྱོགས་ནས་ས་གནས་དེ་གའི་གནས་སྟངས་ད་ལྟའི་ཆར་གང་འདྲ་ཡིན་མིན་ཤེས་རྟོགས་ཐུབ་ཀྱི་མི་འདུག དཔེར་ན། སྐབས་དེར་བརྙན་འཕྲིན་ལས་ཚབས་ཆེའི་གནོད་སྐྱོན་ཐེབས་མེད་པའི་ཁང་བརྩེགས་དང་སྲང་ལམ་སོགས་སྟོན་གྱིན་པ་ལས། ཚབས་ཆེའི་གནོད་སྐྱོན་ཐེབས་ཡུལ་དེ་ཙམ་ཞིག་གསལ་སྟོན་བྱེད་ཀྱི་མི་འདུག་ཅེས་ཟེར།
ཡང་ཁོང་ལ་ཐེངས་འདིར་གནོད་ཐེབས་ས་ཁུལ་དུ་རོབ་རྩིས་བྱས་ན། བོད་མི་ཅི་ཙམ་གྱི་ཚེ་སྲོག་ཤོར་ཡོད་མེད་སྐོར་དྲིས་པར་ཁོང་གིས་བརྗོད་དོན། ད་ལྟའི་ཆར་གནོད་ཐེབས་ས་ཁུལ་དེ་བཀག་སྡོམ་བྱས་ཡོད་སྟབས། མི་ཅི་ཙམ་གྱིས་ཚེ་སྲོག་ཤོར་བའི་གྲངས་འབོར་ཤེས་རྟོགས་ཐུབ་ཀྱི་མི་འདུག་མོད། འབྲུག་ཆུ་རྫོང་གི་རྫོང་དཔོན་ ༼ བོད་མི་ ༽ གྱིས་ཐེངས་འདིར་གནོད་སྐྱོན་བྱུང་ཡུལ་ནི་བོད་ཀྱི་ས་ཐོག་ཡིན་པ་དང་། གནོད་ཐེབས་མི་མང་མང་ཤོས་ཀྱང་བོད་མི་ཡིན་སྟབས་མི་རིང་བར་རྗེས་དྲན་རྡོ་རིང་དང་མ་ཎི་རྡོ་བརྐོས་སོགས་བཞེངས་འཆར་ཡོད་སྐོར་བརྗོད་འདུག་པས། སྐབས་དེར་སླེབས་ན་མི་ཅི་ཙམ་འདས་པའི་གྲངས་འབོར་ཤེས་མི་ཡོང་ངམ་སྙམ་གྱི་འདུག་ཅེས་བརྗོད།
ཡིན་ནའང་། ཁོང་གིས་ཐེངས་འདིའི་གནོད་སྐྱོན་ཁྲོད་སློབ་གྲྭ་ཁག་གི་སློབ་མར་ཚབས་ཆེའི་གནོད་སྐྱོན་བྱུང་མི་འདུག དེ་ནི་སྐབས་དེར་སློབ་གྲྭའི་དབྱར་གནང་དང་སྟབས་ཁེལ་ཏེ། སློབ་མ་ཚོ་ཕྱིར་གཞི་རིམ་དུ་ཡོད་པའི་རང་གི་ཁྱིམ་ཚང་དུ་ལོག་ཡོད་སྟབས་རེད་ཅེས་བརྗོད།
མདོ་སྨད་དབུས་རྒྱུན་ལས་ཁང་གི་དྲུང་ཆེ་རྒྱ་རིགས་ཐར་ལགས་སུ་འདི་གའི་གསར་འགོད་པས་བཅར་འདྲི་ཞིག་གི་སྐབས་སུ། ཁོང་གིས་གོང་མཚུངས་ལྟར་ཐེངས་འདིར་རྒྱ་ནག་གིས་གནོད་ཐེབས་ས་ཁུལ་དུ་བཀག་སྡོམ་བྱས་སྟབས། ཉེ་ཁུལ་གྱི་ཡུལ་མི་གཙོས་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་རོགས་སྐྱོར་དང་། ཞལ་འདེབས་འབུལ་རྒྱུར་དཀའ་ཁག་འཕྲད་བཞིན་པ་དང་། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ལའང་སྟངས་འཛིན་བྱས་འདུག་སྟབས། འབྲུག་ཆུ་རྫོང་གི་གནོད་ཐེབས་ཀྱི་གནས་ཚུལ་ངོ་མ་དང་ད་ལྟའི་གནས་སྟངས་ངོ་མ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཟེར།
ཁོང་གིས་ད་དུང་། ཐེངས་འདིའི་གནོད་ཐེབས་ས་ཁུལ་དེ་ནི་ལོ་རྒྱུས་རང་བཞིན་གྱི་བོད་ཀྱི་མཐའ་མཚམས་ས་ཁུལ་ཞིག་ཡིན། བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདམ་རུད་ཀྱི་ཞེང་ཚད་ལ་མི་ཊར་ ༥༠༠ ལྷག་དང་། རིང་ཚད་ལ་སྤྱི་ལེ་ ༥ ཙམ་ཡོད་འདུག རྫོང་འདིར་སྤྱིའི་མི་གྲངས་ ༡༣༤༡༨༨ ཡོད། དེའི་ནང་རྒྱ་རིགས་ ༨༩༨༤༢ དང་། སྤྱིའི་མི་གྲངས་ཀྱི་བརྒྱ་ཆ་ ༦༦།༩༥ ཟིན་ལ། བོད་རིགས་ ༤༤༡༧༥ ཡོད། སྤྱིའི་མི་གྲངས་ཀྱི་བརྒྱ་ཆ་ ༣༢།༩༢ ཟིན། དེ་བཞིན་ཁ་ཆེ་ ༡༥༤ ཡོད། སྤྱིའི་མི་གྲངས་ཀྱི་བརྒྱ་ཆ་ ༠།༡༡ ཟིན། མན་ཇུའི་རིགས་དང་སོག་རིགས། ཟ་ལར་རིགས་འགའ་ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་གཞི་མ་ ༣༠༡༠ ཡོད་པ་དང་། མངའ་ཁོངས་སུ་ཡུལ་ཚོ་ ༢༠ དང་གྲོང་བརྡལ་ ༢ ཡོད་པ་དང་། སྲིད་འཛིན་སྡེ་བ་ ༢༡༠ ཡོད།
ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་ལས་བསྡོམས་པས་ཁྱིམ་ཚང་ ༣༠༧ གྱི་སྡོད་ཁང་དང་ཁང་མིག་ ༥༥༠༨ གཏོར་བརླགས་ཐེབས། དེའི་ནང་ཞིང་སྡེ་ཁྱིམ་ཚང་ ༢༣༥ ཡི་སྡོད་ཁང་ཡོད་པ་དང་། གྲོང་རྡལ་གྱི་ལས་བཟོ་བའི་སྡོད་དམངས་ཁྱིམ་ཚང་ ༧༢ ཀྱི་འདུག་ཁང་ཡོད་། ཁྱིམ་ཚང་ ༤༡༨༩ དང་ཁང་མིག ༢༠༩༤༥ ནང་དུ་ཆུ་བླུགས། དེའི་ནང་ཞིང་སྡེ་མང་ཚོགས་ཁྱིམ་ཚང་ ༡༥༠༣ ཀྱི་སྡོད་ཁང་ཡོད་པ་དང་། གྲོང་རྡལ་ཁྱིམ་ཚང་ ༢༦༨༦ གི་སྡོད་ཁང་ཡོད། ལས་ཁུངས་ཀྱི་གཞུང་ལས་ཐོག་ཁང་ ༢༡ ལ་གནོད་པ་ཐེབས་པ་དང་རླངས་འཁོར་ ༣༨ ལ་སྐྱོན་བྱུང་འདུག
དེ་ལྟར་རེ་རེ་བཞིན་གཤིབ་བསྡུར་བྱས་ཡོང་དུས་ཐེངས་འདིའི་གནོད་པ་ཐེབས་ཡུལ་དུ་གཞུང་གི་ལས་ཁུངས་ཀྱི་གཞུང་ལས་ཐོག་ཁང་ ༢༡ དང་རླངས་འཁོར་ ༣༨ ཕན་ནས། མང་ཚོགས་ཀྱི་ཁང་པ་རྡིབ་པའི་གྲངས་མང་བ་དང་། མི་ཤི་རྨས་བྱུང་བའི་གྲངས་འབོར་ཡང་དེ་མཚུངས་སུ་མང་ཚོགས་ལ་ཚབས་ཆེ་བ་འདུག དེ་དག་ལས་ཀྱང་གོང་གསལ་གྱི་གནས་ཚུལ་དག་གི་སྟེང་ནས་ཐེངས་འདིར་བོད་རིགས་མང་ཚོགས་ལ་ཕོག་པའི་གནོད་འཚེ་ཤུགས་ཆེ་བ་འདུག་ཅེས་གསུངས།  
ཡང་ཁོང་གིས་བརྒྱུད་ལམ་ཁག་གི་གནས་ཚུལ་ལ་གཞིགས་ན་འདི་ལྟ་བུའི་ཆུ་ལོག་གི་གནོད་འཚེ་ཆེན་པོ་ཞིག་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་ཆུང་བའམ། ཡང་ན་རང་བྱུང་ཁམས་ལ་གཏོར་སྐྱོན་ཚད་ལས་བརྒལ་བ་བཏང་བས་ཡིན་འདུག་ཅེས་གསུངས།

དེ་བཞིན་ཐེ་བོ་བསེ་རོང་འོད་ཟེར་ལགས་ཀྱིས་ཀྱང་། ས་རུད་དང་ཆུ་ལོག་གི་གནོད་སྐྱོན་ཐེབས་དོན། ཕྱི་ལོ་ ༡༩༥༡ ནས་ ༡༩༩༤ བར་རྒྱ་གཞུང་གིས་ས་གནས་དེའི་ཤིང་ནགས་གཅོད་གཏུབ་བྱས་པ་དང་། གློག་རྡུལ་ས་ཚིགས་བཙུགས་པ། གཏེར་ཁ་བསྔོག་འདོན་བྱས་ཏེ་མཐོ་སར་གནས་པའི་སྡེ་བར་བསམ་གཞིག་མ་བྱས་པར་རི་ཁོག་སྟོང་དུ་བཟོས་པ་སོགས་ཀྱིས་ས་བཅུད་ཤོར་ཏེ་ས་རུད་ཀྱི་གནས་ཚུལ་བྱུང་བ་རེད་ཅེས་ཟེར།

 

 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

མཆན། 1

  1. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    ཨ་རིག་འགྱུར་མེད་ལགས།
    སྐུ་ཉིད་ཀྱིས་འབྲུག་ཆུའི་སྐོར་གྱི་གསར་འགྱུར་མུ་མཐུད་དེ་འགོད་བཞིན་པ་འདི་དངོས་གནས་ཡག་པོ་འདུག་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese