མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐུགས་དམ་ལ་བཞུཊ་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

དགུང་ལོ་ ༧༧ ལ་ཕེབས་པའི་སེར་བྱེས་དགེ་བཤེས་འཇམ་དཔལ་ཚེ་རིང་མཆོག་ཟླ་འདིའི་ཚེས་༡༨ ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ལ། ཁོང་སྐུ་གཤེགས་ཏེ་ཉིན་བཅུ་གཉིས་ཕྱིན་ཡང་ད་དུང་སྐུ་ཐུགས་དམ་ལ་བཞུགས་ཡོད་པའི་ངོ་མཚར་བའི་གནས་ཚུལ་བྱུང་འདུག 

སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་གྲྭ་དགེ་སློང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དགེ་བཤེས་འཇམ་དཔལ་ཚེ་རིང་མཆོག་ནི་ ༡༩༣༣ ལོར་བྲག་གཡབ་མ་དགོན་ཁོངས་གཏོགས་ཡར་ཤོད་གྲོང་ཡུལ་སྟག་ཚང་དུ་སྐུ་འཁྲུངས། དགུང་ལོ་དྲུག་ནས་སློབ་གཉེར་མགོ་འཛུགས་གནང་སྟེ་ཡེ་གེ་འབྲི་ཀློག་སོགས་རིགས་གནས་ལ་སྦྱང་པ་མཐར་ཕྱིན་པ་གནང་རྗེས། བྲག་ཡབ་མ་དགོན་བཀྲ་ཤིས་དབྱངས་འཁྱིལ་གྱི་ལས་ལྷག་སོ་སྒང་དགོན་དུ་ཆོས་སྒོར་ཞུགས་ཏེ་ལོ་མང་རིང་འདོན་རྟ་དབྱངས་ལ་སྦྱང་པ་གནང་། ཁོང་གི་བླ་མ་པས་རྐོས་ཀྱི་དགོངས་གཞི་ལྟར་བོད་དབུས་སུ་སློབ་གཉེར་ལ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་སྒོར་ཞུགས་ཏྲེ་ཧོར་ཁང་ཚན་དུ་སྐྱོར་དཔོན་གནང་། ༡༩༥༩ ལོར་རྒྱ་གར་དུ་ཕེབས་ནས་སྦགས་ས་ཆོས་སྒར་དང་སྦེལ་ཀོབ་སེར་བྱེས་ཆོས་སྒར་དུ་གཞུང་བཀའ་པོད་ལྔ་ལ་གསན་བསམ་གྱིས་དགེ་བཤེས་དམ་འཇོག་གནང་ཞིང་། ལོ་མང་རིང་གྲྭ་ཚང་གི་སྲི་ཞུ་སོགས་གནང་མྱོང་བ་རེད། རྣམ་རྒྱུན་ནས་དགེ་བཤེས་མཆོག་ཕྱི་རྒྱལ་དུ་ཕེབས་རོགས་ཞེས་འབོད་སྐུལ་ཞུ་མཁན་མང་པོ་ཡོད་ཀྱང་ཕེབས་ཀྱི་མེད་པ་དང་། འཚོ་བ་མཐའ་གཉིས་སུ་མ་ལྷུང་བའི་ངང་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་ཞལ་འདོན་དགེ་སྦྱོང་དང་སྒྲུབ་པ་ཉམས་ལེན་གནང་ནས་བཞུགས་ཀྱི་ཡོད་པ་རེད། ཉེ་ཆར་ཟླ་འདིའི་ཚེས་ ༡༨ ཉིན་སྙུང་གཞི་ཞིག་གི་རྐྱེན་པས་དགོངས་པ་རྫོགས་ནས་ཉིན་བཅུ་གཅིག་ཕྱིན་ཟིན་ན་ཡང་ད་དུང་སྐུ་ཐུགས་དམ་ལ་བཞུགས་ཡོད་པ་འདི་ནི། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ངོ་མཚར་བའི་ཁྱད་ཆོས་ཞིག་ཡིན་སྟབས། གནས་ཚུལ་མཁོ་སྤྲོད་བྱས་པ་ཡིན་ཞེས་བཀོད་འདུག
 
དེ་རིང་ཕྱི་དྲོ་འདི་གའི་གསར་འགོད་པ་དགེ་བཤེས་འཇམ་དཔལ་ཚེ་རིང་མཆོག་གི་མདུན་འདུག་པ་བློ་བཟང་ཐུབ་བསྟན་ལགས་སུ་ཐུག་འཕྲད་ཀྱིས་དགེ་བཤེས་ཁོང་སྐུ་གཤེགས་པའི་སྔ་ཕྱིའི་གནས་ཚུལ་བཅར་འདྲི་ཞུས་པར་ཁོང་གིས། དགེ་བཤེས་མཆོག་ཟླ་གཅིག་གི་གོང་ནས་སྐུ་སྙུང་བཞེས་ཏེ་གཟིགས་པོ་མ་བདེ་བ་བྱུང་སོང་། འོན་ཀྱང་། ན་ཟུག་སོགས་མེད་པར་ཞལ་ཟས་མཆོད་ཐུབ་ཀྱི་མི་འདུག སྨན་ཁང་དུ་ཕེབས་རོགས་ཟེར་ནས་རེ་བ་ཞུས་ཀྱང་ཞལ་བཞེས་གནང་མ་སོང་། མཁན་ཟུར་བཀའ་འགྱུར་བ་བློ་བཟང་ཐུབ་བསྟན་མཆོག་ཁོང་གི་རྩ་བའི་བླ་མ་རེད། ཁོང་གིས་ཕྱག་མོ་གཟིགས་ཏེ་སྨན་ཁང་ལ་བརྟག་དཔྱད་དུ་ཕེབས་དགོས་ཀྱི་འདུག་གསུངས་ཏེ། གཞི་ནས་སྨན་ཁང་ལ་ཕྱིན་སྐབས་མཆིན་པའི་ནད་ཚ་རེད་ཟེར། དེའི་རྗེས་ཡང་བསྐྱར་བོད་སྨན་ཁང་དང་། གྲོང་སྡེ་འཚོ་བྱེད་སྨན་ཁང་སོགས་ནས་སྨན་བླངས་ཀྱང་ཕན་ནུས་གང་ཡང་མི་འདུག ཕྱི་ཚེས་ ༡༥ ཉིན་མེ་སོར་སྨན་ཁང་ལ་བརྟག་དཔྱད་དུ་ཕྱིན་སྐབས། མཆིན་པ་འཕྲོ་བརླག་ཏུ་ཕྱིན་འདུག དེའི་རྐྱེན་གྱིས་གློ་བ་ཡང་གནོད་སྐྱོན་ཐེབས་འདུག བཅོས་ཐབས་ཁག་པོ་རེད་ལབ་སོང་། སྐབས་དེར་དགོན་པའི་མཁན་པོ་དང་མཁན་ཟུར་ཚོས་ཀྱང་དྲག་སྐྱེད་ཡོང་ཁག་པོ་རེད། ཕྱིར་དགོན་པར་གདན་འདྲེན་ཞུས་ན་བཟང་གི་རེད་ཟེར་ནས་སྨན་ཁང་ནས་བུད་པ་ཡིན།
ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ནས་གསུང་འབྱོན་ཐུབ་ཀྱི་མི་འདུག་ལ། སྦྱན་ཡང་ཕྱེ་ཐུབ་ཀྱི་མི་འདུག སེར་བྱེས་མཁན་ཟུར་བློ་བཟང་ཐུབ་བསྟན་མཆོག་གིས “ཁྱོད་ནི་བླ་མ། ཁྱོད་ནི་ཡི་དམ”ཞེས་པ་སྙན་དུ་སྒྲོག་གསུངས་པ་ལྟར་བྱས་སྐབས་ཁོང་གིས་ཕྱག་རྒྱ་གནང་སོང་ལ། ༧གོང་ས་མཆོག་སེ་རར་ཕེབས་འཆར་ཡོད་པ་སྙན་ལ་འཇོག་སྐབས་ཀྱང་ཕྱག་རྒྱ་མཛད་ཀྱི་འདུག དགོན་པར་ཕེབས་ཏེ་ཆུ་ཚོད་གཉིས་ཙམ་གྱི་རྗེས་ལ་དགོངས་པ་རྫོགས་སོང་། ཞེས་བརྗོད་བྱུང་།

ཡང་ཁོང་ལ་སྐུ་ཐུགས་དམ་དུ་བཞུགས་ཡོད་པའི་རྟགས་མཚན་གང་དག་ཡོད་སྐོར་དྲིས་པར། ཕྱི་ཚེས་ ༡༨ ནས་དེ་རིང་བར་ཉིན་གྲངས་བཅུ་གཉིས་འགྲོ་བཞིན་ཡོད་ཀྱང་། ཞལ་མདངས་ཤོར་བ་དང་སྐུ་ཕུང་ལ་འགྱུར་བ་འགྲོ་བ་སོགས་ཀྱི་གནས་ཚུལ་གང་ཡང་མི་འདུག སྐུ་ཤ་ཡང་སྔར་བཞིན་བརྟས་ཏེ་གསོན་ཤ་ལྟར་མདངས་དང་ལྡན་པ་ཞིག་རེད། དེ་རིང་སྔ་དྲོ་༧གོང་ས་མཆོག་གི་བླ་སྨན་རྟ་མགྲིན་དང་། བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་གཅིག་བཅས་འབྱོར་ཏེ་ཕུང་པོར་བརྟག་བྱེད་བྱས་ཏེ། མཇུག་འབྲས་ཞལ་པར་བརྒྱུད་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་བརྟན་ལ་གནས་ཚུལ་ཞུས་སྐབས། སྨན་པ་ཚེ་བརྟན་གྱིས་༧གོང་ས་མཆོག་ལ་སྙན་གསན་ཞུ་རྒྱུ་ཡིན་གསུངས་སོང་། སྤྱིར་ཡིན་ན་འདོན་པ་ཞིག་ཡོད་པ་རེད། དེ་བཏོན་ཏེ་ཐུགས་དམ་དཀྲོཀལ་བའི་སྲོལ་ཞིག་ཡོད་ཀྱང་། ང་ཚོས་དེ་ལྟར་བྱ་འདོད་མེད། ཁོང་ག་ཚོད་བར་བཞུགས་ན་དེ་སྲིད་དུ་འཇོག་རྩིས་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

( གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་ནས་སྤེལ )

མཆན། 24

  1. དགྲ་འདུལ། says:
    ལོ་ 12 སྔོན།

    དགེ་བཤེས་ལ་ཁོང་དེ་རིང་གི་ཉིན་བཅུ་དྲུག་སོང་ཟིན་ཡང་ད་དུང་ཐུགས་དམ་ལ་བཞུགས་འདུག་ཟེར། འདི་ནི་ཁུངས་ལྡན་ཡིན་པ་ལས་རྫུན་བསྒྲིགས་གང་ཡང་མིན། དེ་ལས་ཉེ་འཁྲིས་ཀྱི་མི་བུ་དག་གིས་ཞིབ་གཟིགས་མཛད་ན་ཤིན་ཏུ་ལེགས། དེ་མིན་མཐོང་ཐོས་མ་བྱུང་གསུངས་ན་སོ་སོར་རང་ཉིིད་ལ་ཡང་ནོར་འཁྲུལ་ཡོད་སྲིད།

    Reply
  2. བསྟན་པ་ says:
    ལོ་ 12 སྔོན།

    དགེ་བཤེས་ཁོང་དེ་རིང་བར་ཉིན་བཅོ་ལྔ་ཕྱིན་ན་ཡང་ད་དུང་ཐུགས་དམ་ལ་བཞུག་འདུག་ཟེར་ གོང་ས་མཆོག་སེ་ར་ནས་ཕེབས་རྗེས་ཐུགས་
    དམ་གྲོལ་གྱི་རེད་ཟེར་མཁན་མང་པོ་འདུག་ ངོ་མ་རི་བོ་དགེ་ལུགས་པའི་བཟི་བརྗིད་རེད་
    ཁྱེད་ཀྱི་སྐྱེ་བ་ཐམས་ཅད་དུ་རྗེས་གཟུངས་ཤོགས་

    Reply
  3. གྱི་ན་བ says:
    ལོ་ 12 སྔོན།

    རེད་དགེ་བཤེས་ཁོང་དེ་རིང་བར་ཉིན་བཅུ་བཞི་སོང་ཡོད་ན་ཡང་། ད་དུང་ཐུགས་དམ་བཞུགས་འདུག ད་རིང་དུས་ཚད་འདི་དགེ་བཤེས་ཁོང་ལྟ་བུའི་ངོ་མཚར་བའི་མཛད་པ་དངོས་སུ་མཛད་མཁན་གང་མང་བྱུང་ན་ནང་པ་སྤྱི་དང་ཡོང་དགོས་བོད་གངས་ཅན་ལྗོངས་སུ་དར་བའི་བསྟན་པའི་མཚན་སྙན་ལ་ཧ་ཅང་ཕན་རླབས་ཆེན།

    Reply
  4. གདོང་རིའི་ཆོས་འཛིན། says:
    ལོ་ 12 སྔོན།

    ད་ལྟའི་བོད་མི་རིགས་ཀྱི་གནས་བབས་ལ་གཞིགས་ན། འདི་ལྟར་ཐུགས་དམ་ཏུ་བཞུགས་དགོས་པ་མ་ཡིན་པར་འཆོ་གསོན་གྱི་རང་དབང་ཡོད་ན།ངེས་པར་ཏུ་དགོན་པ་ཁག་གི་འཆད་ཉན་གྱི་སྒོ་ཀུན་ནས་ཡར་རྒྱས་གཏོང་བར་དུས་ཡུན་གང་འཚམས་ཞིག་བཞུགས་ན་ཅི་མ་རུང་།

    Reply
  5. ཁྲི་བྱང་རིན་པོ་ཆེ says:
    ལོ་ 12 སྔོན།

    ང་ཚོ་དགེ་ལུགས་ཚང་གི་ཐུགས་དམ་དེ་ལ་དམིགས་གསལ་ཡོད་ནི་རེད་གཞན་སུའི་ལུགས་ལ་ཡང་འདྲ་ནི་མ་རེད གང་ཡིན་ཟེར་ན་ བཅོམ་ལྡན་འདས་གིས་གསུངས་པའི་ཐུགས་དམ་ འདྲ་བོ་ཡོད་ནི་མ་རེད་ ཡིན་ཡང་སྐྱོན་ཡོད་ནི་མ་རེད་ད་ ཤེས་སོང་ངམ སྔར་ལོ་དགའ་ལྡན་ཁྲིར་པ་ཞིང་ལ་གཤེགས་འགྲོ་དུས་ ཐུགས་དམ་ཉིན་ཞག་མང་པོ་བཞུགས་ནི་རེད་ ཁོང་སྨིན་ཁང་ནང་ལ་གཤེགས་ནས་ སྐུ་གདུང་མོ་ཀྲའི་ནང་བཞག་ནས་རྒྱ་གར་ཁྲོམ་གཞུང་རྒྱུད་ནས་དགོན་པའི་ནང་ཁྱེར་ནི་རེད་ཡིན་ཡང་ཐུགས་དམ་ལས་གྲོལ་ཡོད་ནི་མ་རེད་ད།། སྤྱིར་་སངས་རྒྱས་གིས་གསུངས་པ་ལྟར་ན་ ཐུགས་དམ་ལ་ཞུགས་ཡོད་དུས་སེལ་གོལ་གྱི་སྒྲ་ཙམ་ཐོས་ན་ཡང་ཐུགས་དམ་ལས་གྲོལ་འགྲོ་གསུངས་ཡོད་གི་ཡིན་ན་ཡང་དགེ་ལུགས་ཚང་དམིགས་གསལ་ཡོད་ནི་རེད།།

    Reply
  6. ཁ་བ་ནག་པོ། says:
    ལོ་ 12 སྔོན།

    ད་དུང་མི་གྲོངས་ཚར་དུས་གཟུགས་པོར་གསོན་མདོག་ཤར་བ་འདི་ལ་ཡང་བརྟག་དཔྱད་བྱེད་རྒྱུ་ཡོད་པ་སྟེ། འགའ་རེས་འཆི་བ་འོད་གསལ་དུ་འཁྱེར་བའི་ཉམས་ལེན་བྱེད་བཞིན་ཡོད་པ་དང་། ཡང་འགའ་རེ་རང་གི་གཟུགས་པོར་ཞེན་ཆགས་ཀྱིས་རྣམ་ཤེས་གཟུགས་པོ་ལས་ཕྱིར་ཐོན་མི་ཐུབ་པ་སོགས་སྣ་ཚོགས་ཤིག་ཡོད།

    Reply
  7. ཁ་བ་ནག་པོ། says:
    ལོ་ 12 སྔོན།

    ངའི་དགེ་རྒན་བཀའ་དྲིན་ཅན་བླ་ནག་རི་ཁྲོད་པ་ཚང་(སྐུ་ཚེ་གང་བོར་རྗེ་ཙོང་ཁ་པའི་ལམ་རིམ་དང་བཟང་སྤྱོད་གཉིས་ཉམས་ལེན་མཛད)ཞབས་སྐྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་གིས་ཐུགས་དམ་ལ་ཉིན་ལྔ་བཞུགས་རྗེས་ཁོང་གི་རྩ་བའི་བླ་མ་ཡོངས་འཛིན་རྡོ་རྗེ་འཆང་ཚང་གི་བཀའ་བཞིན་བོད་སྤོས་ཤིག་ཤངས་སྒོར་བདུག་རྗེས་ཐུགས་དམ་གྲོལ་བ་རེད།

    Reply
  8. ཁ་བ་ནག་པོ། says:
    ལོ་ 12 སྔོན།

    དགེ་ལུགས་པ་ཚང་གིས་མི་ཚེ་གཅིག་གི་ཉམས་ལེན་དེ་གལ་ཆེར་རྩི་གི་རེད་མ་གཏོགས་འཆི་ཁར་ཙོག་ཙོག་བྱས་ནས་སྡོད་རྒྱུ་དེ་གལ་ཆེན་པོར་རྩི་གི་མ་རེད། དེ་རྩི་མིན་ནི་རྗེ་བླ་མའི་ལམ་རིམ་དང་སྔགས་རིམ་ཆེན་མོར་ལྟོས། ཡིན་ན་ཡང་དགེ་ལུགས་པའི་ཆོས་པ་ཚད་ལྡན་མང་ཆེ་ཤོས་གྲོངས་དུས་ཐུགས་དམ་ལ་བཞུགས་ཡོད་པ་ནི་ཁོང་རྣམ་པའི་རྣམ་ཐར་ལ་མཇལ་ན་ཤེས་ཐུབ། འཆི་ཁར་ཙོག་འདུག་བྱེད་ཐུབ་མིན་ལ་ལྟ་བ་ལས་ཤི་ཚར་དུས་འགྲོ་ས་ཡག་པོ་ཞིག་ཡོད་མིན་དེ་གལ་ཆེར་བརྩིས་ན་ཆོས་ཀྱི་གནད་འགག་ཤེས་པའི་རྟགས་རེད།

    Reply
  9. ཤྰ་རིའི་བུ། says:
    ལོ་ 12 སྔོན།

    སྨར་ཡུལ་ཁ་བ་དཀར་པོ་མིང་ཅན་ལགས།
    བློ་གཟུ་བོར་གནས་ནས་གསུང་དགོས་གལ་ཆེ། སྨར་ཡུལ་ནས་ཡིན་ན་གང་ནས་ཡིན། མིང་རྫུན་མ་བཀོད་རོགས་གནང་།

    Reply
  10. ཨ་རིག་དགེ་མཐོང་། says:
    ལོ་ 12 སྔོན།

    ངོ་མ་ཡ་མཚན་ཞིག་རེད། ཁ་དཔེ་ལ། ལྷ་སའི་རྒན་མོས་ལྷ་སའི་ཇོ་བོ་མ་མཐོང་ཞེས་པ་ལྟར་ངས་ཀྱང་རང་གི་གྲྭ་ཚང་ནས་འདི་འདྲའི་སྐྱེས་བུ་འདི་ཐུགས་དམ་བཞུགས་པ་མ་གོ། འདིས་གྲྭ་སའི་གྲྭ་བའི་ཡོན་ཏན་ལྷང་ལ་ཕུད་འདུག

    Reply
  11. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 12 སྔོན།

    ཧོར་བུ་ཡེ་ཤེས་དང་ཤེལ་དཀར་བློ་བཟང་ལགས་གུས་པ་དགེ་ལུགས་ཀྱི་གྲཱ་ཟུར་ཞིག་ཡིན་ན་ཡང་དེ་རིང་མ་ལྟོགས་གོ་མ་བྱུང་དགེ་ལུགས་ལ་ཐུགས་དམ་བཞུགས་མཁན་དེ་འདྲ་མང་པོ་ཡོད་པ། ཨ་རོགས ་ཡོངས་འཛིན་སྐོར་ལ་སྐད་ཆ་མ་བཤད་ན་ཡག་ཡོང་

    Reply
  12. མཁའ་དབུགས་གསར་བ says:
    ལོ་ 12 སྔོན།

    ཡང་རྫུན་གཏམ་གྱིན་ཡོད་དམ། ཡང་རྒྱལ་སྤྱིའི་ཚན་རིག་པ་ཅིག་མདུན་དུ་བཅར་དུས་ཐུགས་དམ་ལ་བསྡད་འདུག་པ་དཀྲོགས་སོང་ཟེར་སྲིད།
    ངོ་མ་ཐུགས་དམ་ལ་བཞུགས་ཡོད་ན་ཐུགས་དམ་ལ་བཞུགས་ཡོད་པའི་བརྙན་གཟུགས་ཕབ་ལེན་བྱས་ནས་རྒྱལ་སྤྱིའི་སྟེང་བཀྲམས་ན་ག་འདྲ་རེད། གསང་བ་བྱེད་དགོས་དོན་མི་འདུག་པ།
    གང་ལྟར་སྤྲུལ་སྐུ་ཟེར་བ་དགོས་དོན་མི་འདུག
    སློབ་མ་ལ་ལས་རྫུན་གཏམ་ནས་ཐུགས་དམ་ལ་བསྡད་ཡོད་ཚུལ་བརྗོད་དེ།
    རྗེས་ཕྱོགས་སྤྲུལ་སྐུ་ཅིག་བཙལ་ནས་རང་ཉིད་མི་དམངས་ཀྱི་གོར་གཟའ་འདོད་ཀྱིན་ཡོད་པ་ཁོ་ཐག་རེད།

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཕྱི་རོལ་ཉན་ཐོས་སྤྱོད་པ་ཞི་ཞིང་འདུལ། །
    ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །
    གསུངས་པ་ལྟར་ཡིན་པ་འདྲ། རྗེས་སུ་ཡི་རང་གི་གནས་སུའོ། །

    Reply
  14. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    སྨར་ཡུལ་གྱི་ཁ་བ་དཀར་པོ་ལགས།སྤྱི་ཚོགས་ནང་མཐོང་རྒྱ་ཆུང་བའི་སྐད་ཆ་མ་བཤད།དགེ་ལུགས་པ་ལ་ཐུགས་དམ་དུ་བཞུགས་མཁན་གྲངས་མེད་ཕེབས་ཚར་བ་རེད་ལ་ལྷག་པར་དུ་ཉེར་ཆ་དགའ་ལྡན་ཁྲི་པ་ཁྲི་ཐོག་བརྒྱ་པ་ཐུགས་དམ་ག་ཚོད་བཞུགས་སོང་།སྐད་ཆ་བཤད་དུས་དང་པོ་སྤྱི་ཚོགས་ནང་ཡག་པོ་ལྟ་ནས་བཤད་དགོས་པ་ལས་ནག་ཁུང་ནང་དུ་འདའ་འཕེན་ན་སོ་སོ་ངོ་ཚ་བའི་རྒྱུ་རང་ཡིན་པའི་ཐུགས་ལ་འཇོག་རོགས་ཞུ།

    Reply
  15. ཤེལ་དཀར་བློ་བཟང་། says:
    ལོ་ 12 སྔོན།

    སྨར་ཡུལ་གྱི་ཁ་བ་དཀར་པོ་ལགས། གཡག་ཞར་གྱིས་རྩྭ་ཟ་བ་ལྟར་མ་གནང་ན་ཡག་པོ་འདུག ༼དགེ་ལུགས་ལ་ཐུགས་དམ་བཞུགས་མཁན་ཐེན་དང་པོ་རེད་ད། ༽ཞེས་ཡིག་གེ་མ་དག་པ་ཞིག་གིས་ལམ་ནས་དགེ་ལུགས་པ་ཐུགས་དམ་ལ་བཞུགས་མཁན་ཐེངས་དང་པོ་རེད་ཅེས་མ་ཤེས་ཤེས་མདོག་བྱས་ནས་ཅི་ཞིག་བྱེད། འོ་ན་༸གོང་ས་༸མཆོག་གི་ཡོངས་འཛིན་བགྲེས་པ་སྐྱབས་རྗེ་གླིང་རིན་པོ་ཆེ་ཉིན་གྲངས་༡༤ཙམ་དང་། རྡ་སའི་བྱ་བྲལ་བ་རྒན་གྲུབ་ཐོབ་ཉིན་གྲངས་༡༥ལྷག་ཙམ་བཞུགས་པ། ད་དུང་ཀོ་པན་དགོན་གྱི་དགེ་བཤེས་བླ་མ་དཀོན་མཆོག་དང་། རྡ་ས་མཚན་ཉིད་སློབ་གྲྭའི་དགེ་བཤེས་བྱང་ཆུབ་སོགས་གྲངས་ལས་འདས་པ་བྱུང་པ་མ་ཟད། དེ་བཞིན་ཉེ་དུས་དགའ་ལྡན་ཁྲི་ཟུར་བློ་བཟང་ཉི་མ་ཉིན་གྲངས་བཅུ་ལས་བརྒལ་བར་ཐུགས་དམ་བཞུགས་ཏེ་༸གོང་ས་༸མཆོག་གིས་བཀའ་ལྟར་ཚན་རིག་པ་ཁག་གཅིག་གིས་འཕྲུལ་ཆས་ཐོག་ནས་བརྟག་དཔྱད་བྱས་པ་ཁྱེད་ཀྱིས་མ་མཁྱེན་པ་ཡིན་ནམ་ཡང་ན་མ་མཁྱེན་པའི་ཚུལ་བསྟན་པ་རེད།

    ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལ་ཉམ་ལེན་མ་བྱས་ན་མ་གཏོགས་བྱས་ན་ཟབ་ཆོས་འདི་འདྲ་ཞིག་ཡོད་པ་བསྟན་ཐུབ་པ་ཡག་པོ་རེད། རྗེས་སུ་ཡི་རངས་ཡོད། འབྱུང་འགྱུར་ཡང་དེ་བཞིན་ཕྱི་རྟགས་དང་ནང་རྟགས་ཀྱིས་སྨིན་པའི་སྐྱེས་ཆེན་དམ་པ་རྒྱུན་མི་ཆད་དུ་ཕེབས་པའི་སྨོན་འདུན་ཞུ།

    Reply
  16. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 12 སྔོན།

    སྔོན་མ་dehra dun ལ་ས་སྐྱའི་བླ་མ་ཞིང་ཐུགས་དམ་བཞུགས་ནས་རྒྱ་གར་ tense of india ལ་བྲིས་འདུག་

    Reply
  17. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 12 སྔོན།

    དགེ་ལུགས་ལ་ཐུགས་དམ་བཞུགས་མཁན་ཐེན་དང་པོ་རེད་ད། ་ཆོས་རྒྱུ་གཞན་པ་ལ་བླ་མ་ཚང་མ་ཐུགས་དམ་བཞུགས་པ་ཚང་མ་མཁྱེན་གསལ་རེད། ད་ཡག་པོ་རེད་སྐྱབས་སུ་མཁྱེན་དགེ་ལུགས་ལ་བླ་མ་ཡག་པོ་གཅིག་ཡོད་པ་འདྲ།

    Reply
  18. གདོང་རིའི་ཆོས་འཛིན། says:
    ལོ་ 12 སྔོན།

    ཡང་བསྐྱར་བོད་པ་ཚང་ལ་སྤྲུལ་སྐུ་ཞིག་ངེས་པར་དུ་ཡོངས་ངེས་རེད།

    Reply
  19. གདོང་རིའི་ཆོས་འཛིན། says:
    ལོ་ 12 སྔོན།

    རྒྱལ་སྤྱིའི་ཚན་རིག་པ་དག་ལ་ཞིབ་འཇུག་བྱེད་པའི་གོ་སྐབས་ཞིག་སྤྲོད་ཐུབ་ན་ཅི་མ་རུང་།

    Reply
  20. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    གོང་གི་དགོངས་པ་རྫོགས་སྟངས་དང་སྙུང་གཞི་བཞེས་སྟངས་ཐུགས་དམ་ལ་བཞུགས་ཡོད་ཚུལ། འདི་ང་ཚོ་ནང་པའི་ངོ་མཚར་བའི་ཁྱད་ཆོས་ཤིག་ཡིན་མིན་གྱི་གནས་ཚུལ་བཤད་པར་གཞིག་ན་བསྟོད་སྨད་གང་ཡིན་ཕྲན་གྱིས་མི་རྟོགས་པས་འདི་ལ་བསམ་ཚུལ་མེད་ཀྱང་། བོད་པ་ཚོ་ནི་ངོ་མ་ངོ་མཚར་བ་ཞིག་ནི་རེད། ང་ཚོའི་བཤད་པ་ལྟར་ན་སྐྱེས་ཆེན་དག་ནི་སྐྱེ་འཆི་ལ་རང་དབང་དང་། དེ་ཡང་གདུལ་བྱ་རྟག་འཛིན་ཅནརྣམས་ཆོས་ལ་སྐུལ་བའི་ཕྱིར་གཞན་དོན་དུ་གཤེགས་པར་འདོད་བཞིན་དུ། སྐྱེས་ཆེན་དུ་འདོད་པ་རེ་དགོངས་པ་རྫོགས་ཚེ། རང་གཞན་ཚང་མས་སྐྱོ་གདུང་དྲག་པོའི་བྱིའུ་ཕྲུག་དམར་རྗེན་ཐང་ལ་ལྷུང་འདྲའི་སྨྲེ་སྔགས་དང་འོ་དོད་འབོད་ཅིང་། དགོངས་རྫོགས་མཆོད་འབུལ་ཞེས་མི་སྐྱ་ངན་སོང་དུ་འགྲོ་ངེས་ཤིག་ལ་བྱེད་པ་ལྟར་གྱི་སྐྱོ་གདུང་དང་མཆོད་འབུལ་བགྱིད་པ་ནི་ངོ་མཚར་བའི་ཁྱད་ཆོས་ཤིག་རེད།

    Reply
  21. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 12 སྔོན།

    ཆོས་ལ་སློབ་གཉེར་བྱས་ན་འབྲས་རྟགས་འདི་ལྟར་འཇོག་དགོས་པ་མ་གཏོགས་རྒྱུན་ཏུ་གཞན་ལ་ཁ་རྒྱག་པ་བཤད་དེ་རང་ཐོག་བབ་དུས་ཡོད་ཚད་བརྗེད་དེ་ཉོན་མོངས་ཁོ་ནའི་དབང་དུ་འགྱུར་འགྲོ་བ་མ་ཟད། གཤེགས་ཁར་ཁ་ཆིམས་སྒོར་མོ་དབང་ཆ་མ་གཏོགས་མེད་པ་མི་ཚེ་སྡུག་སྐྱོན་རང་ཉོས་པ་ལས་མ་འདས། ད་དུང་གཤེགས་ཁ་སྐྱག་ཆུ་ཤོར་བ་དང་། ཁ་མཆུ་གནམ་འོག་མི་གཤོང་བ་རེ་བཞག་ནས་འགྲོ་བ་ནི་དངོས་གནས་སེམས་སྐྱོ་དགོས་པ་རང་རེད།

    Reply
  22. བཙན་པོའི་བུ། says:
    ལོ་ 12 སྔོན།

    འདྲ་པ་ཞིག་འགོད་ཐུབ་ན་ཡག་པོ་རེད་ཞུས་ཡ་ཡིན།

    Reply
  23. བཙན་པོའི་བུ། says:
    ལོ་ 12 སྔོན།

    གལ་ཏེ་གནས་ཚུལ་འདི་ངོ་མ་བདེན་པ་ཡིན་ན། པར་སོགས་གང་ཡང་དྲ་ཐོག་ཏུ་མི་འགོད་པར་རྒྱུ་མཚན་གཞན་ཡོད་དམ། བྱུང་ན་གནས་ཚུལ་འདི་དང་འབྲེལ་འདྲ་པར་ཞིག་ཡོད་ན། དེས་གནས་བདེན་པ་ཞིག་ར་སྤྲོད་ཀྱིན་ཡོད་པ་འདྲ། དེ་མིན་གནས་ཚུལ་དེ་གསང་བ་ཞིག་ཡིན་ཚུལ་བཤད་ཡོང་དུས། ང་ཚོ་ཁྱིམ་པ་དག་ནི་་་་

    Reply
  24. ཚོ་སྒོ་བ། says:
    ལོ་ 12 སྔོན།

    སྐྱབས་སུ་མཆིའོ། བདེ་ལྡན་ཞིང་དུ་འཁྲུངས་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist