མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ བའི་ཉིན་དགུ་བ་དེ། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡ དང་ཕྱེད་ཀའི་སྟེང་། སྤྱི་འཐུས་རྣམ་པའི་ཉིན་གུང་ཞལ་ལག་མཆོད་དེ་ཕྱིར་འཛོམས་སྐབས། ཚོགས་འདུའི་འགྲོ་ལུགས་ལྟར་སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་ཚང་མེད་སྟབས། གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བའི་དབང་གིས་གྲོས་ཚོགས་ཚོགས་མ་ཐུབ་པར། ཆུ་ཚོད་ ༣ དང་སྐར་མ་བཅོ་ལྔའི་བར་ཕྱིར་འགྱངས་བྱ་དགོས་བྱུང་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

སྐར་མ ༡ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

སྐར་མ ༣༤ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧

མཆན། 31

  1. སེར་ཤུལ་རིན་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    སྤྱི་འཐུས་དེ་ཚོས་ག་རེ་བྱེད་ཀྱི་ཡོད་རེད། ཚོགས་གཙོ་ཡང་ཕེབས་མི་འདུག ད་ཡིན་ན་དགྲ་དགའ་གཉེན་སྡུག་གི་ལས་བྱེད་མཁན་འདི་ཚོའི་རང་མཚང་སྟོན་གི་འདུག ད་ཁ་སྙན་པོ་བཤད་ཡོང་། འགན་མ་འཁུར་བའི་སྤྱི་འཐུས་འདི་ཚོ་མི་མང་གིས་ཤེས་དགོས་པ་གལ་ཆེ།

    Reply
  2. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    འདིར་ངས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཁ་སང་གྲོས་ཚོགས་ཚོགས་དུས་བཅུ་བའི་ཚོགས་དུས་གསུམ་པ་འཚོགས་མ་ཐུབ་པའི་རྒྱུ་རྐྱེན། འབྲེལ་ཡོད་སྤྱི་འཐུས་ཁག་ཅིག་ཕེབས་བཅར་མ་གནང་བར་བརྟེན་ནས་བྱུང་བར་བརྟེན། སྤྱིར་སྒེར་གྱི་ལས་དོན་གང་ཡིན་རུང་ཁོང་རྣམ་པ་སུ་སུ་ཡིན་མིན་གྱི་མཚན་གཞུང་ཞིག་བཀོད་འདུག་པ་བསྐྱར་བཀོད་བྱས་ཡོད། དེ་ལྟར་བྱེད་དོན་དོ་སྣང་ཡོང་ཆེད་ཡིན།
    ཁ་སང་གསར་འགྱུར་འདི་མ་བཏང་གོང་དུ་དུས་ལྟར་ཁོང་རྣམས་ཀྱི་མཚན་གཞུང་ཞིག་རེག་པར་འབད་ཀྱང་ལས་བྲེལ་དང་དུས་ཚོད་ལྟར་གསར་འགྱུར་ཚ་ཐོག་མངར་ཐོག་ནས་བཏང་བར་བརྟེན། མཚན་གཞུང་རེག་མེད།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    གྲུབ་ཆ་མ་ལོངས་པའི་སྐབས་ཕེབས་མེད་པའི་སྤྱི་འཐུས།
    ༄༅། །༢༠༠༩།༩།༡༦ ཉིན་གྱི་ཕྱི་དྲོ་ཚོུད་ ༡།༣༠ ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༩ པའི་དགོངས་དོན་གྲོས་ཚོགས་སུ་རྩ་འབོར་གྱི་གསུམ་ཆ་གཉིས་ཏེ་སྤྱི་འཐུས་ ༢༨ དགོས་ངེས་ཀྱི་གྲུབ་ཆ་མ་ལོངས་ནས་ཚོུད་ ༣།༡༥ བར་ཚོགས་གསེང་གནང་དགོས་ཆགས་སྐབས་གྲོས་ཚོགས་སུ་ཕེབས་གནང་མེད་པའི་སྤྱི་འཐུས་རྣམས་ཀྱི་མིང་གཞུང་མཁྱེན་འདོད་ཡོད་མཁན་མང་པོ་ཞིག་ཡོད་ཚོད་འདུག་པ་ལྟར་སྐབས་དེར་གྲོས་ཚོགས་སུ་སྤྱི་འཐུས་ ༢༧ ཕེབས་ཡོད་པ་དང་། མ་ཕེབས་མཁན་ ༡༦ ནི་གཤམ་གསལ་ལྟར་རེད། ༡ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ༢ ཚོགས་ཟུར་པདྨ་འབྱུང་གནས། ༣ ཀརྨ་ཤེས་རབ་མཐར་ཕྱིན། ༤ དགེ་བཤེས་བེ་རི་འཇིགས་མེད། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ རྒྱལ་ནོར་ཚེ་དབང་། ༧ སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། ༨ བསོད་ནམས་སྟོབས་རྒྱལ། ༩ བདེ་བ་ཚང་རྡོ་རྗེ་དབང་འདུས། ༡༠ དབུ་དཀར་གཡུ་སྒྲོན། ༡༡ སྒྲོལ་མ་མཚོ་མོ། ༡༢ བསྟན་འཛིན་མཁས་གྲུབ། ༡༣ ཆབ་བྲག་ལྷ་མོ་སྐྱབས། ༡༤ ཡེ་ཤེས་སྒྲོལ་མ། ༡༥ བསོད་ནམས་ཚེ་རིང་ཕར་སི། ༡༦ བསྟན་འཛིན་ཆོས་ལྡན་བཅས་རེད། ཁག་ཅིག་སྔ་དྲོ་གྲོས་ཚོགས་སུ་ཡོད་ཀྱང་གུང་ཚིགས་བར་གསེང་སྐབས་དུས་ཐོག་མ་འབྱོར་བ་ལས་རྗེས་སུ་ཚོུད་ ༣།༡༥ ཐོག་འབྱོར་མཁན་ཡང་བྱུང་ཡོད་པ་རེད།

    གཞན་ ༡ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ༢ ཚོགས་ཟུར་པདྨ་འབྱུང་གནས། ༣ ཀརྨ་ཤེས་རབ་མཐར་ཕྱིན། ༤ དགེ་བཤེས་བེ་རི་འཇིགས་མེད། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ རྒྱལ་ནོར་ཚེ་དབང་། ༧ བསོད་ནམས་སྟོབས་རྒྱལ། ༨ བདེ་བ་ཚང་རྡོ་རྗེ་དབང་འདུས། ༩ སྒྲོལ་མ་མཚོ་མོ། ༡༠ བསྟན་འཛིན་མཁས་གྲུབ་བཅས་སྤྱི་སྒེར་གྱི་ལས་དོན་གང་གི་རྐྱེན་པས་ཕེབས་ཐུབ་ཡོད་མེད་མི་ཤེས་ཀྱང་ཕྱི་ཚེས་ ༡༦ ཞོགས་པ་ནས་གྲོགས་ཚོགས་སུ་ཕེབས་མི་འདུག་པ་བཅས་མཁྱེན་འདོད་མཁན་རྣམས་ལ་ཕན་ཕྱིར་བཀོད་པའོ།།

    Reply
  4. འཕྲིན་ལས says:
    ལོ་ 15 སྔོན།

    མགན་མི་ཁུར་བའི་ཆབ་སྲིད་པའི་མིང་ཅན་འདི་ཚོར་ཡིད་ཐང་ཆད་གི

    Reply
  5. དབང་འདུས། says:
    ལོ་ 15 སྔོན།

    གོང་ས་མཆོག་གིས།
    དེ་བཞིན་བོད་མི་མང་སྤྱི་འཐུས་ལའང་གཟབ་གཟབ་བྱ་དགོས་པ་རེད། ལུང་པའི་ཕྱོགས་འཐེན་དང་ཆོས་ལུགས་ཀྱི་ཕྱོགས་འཐེན་ཁྱོན་ནས་བྱ་རྒྱུ་ཡོད་པ་མ་རེད། བར་སྐབས་ཞབས་འདྲེན་ཆེན་པོ་ཞུས་སོང་། དེ་རྒྱ་ནག་གིས་བེད་སྤྱོད་ག་ཚོད་བཏང་སོང་། གཟབ་གཟབ་མ་བྱས་ན་དགྲ་དགའ་གཉེན་སྡུག་ཟེར་བ་དེ་ཡོང་གི་རེད། ཅེས་གྲོས་ཚོགས་ནང་གི་རྒྱ་དགའ་ཚོ་མདུན་དུ་ཡོད་བཞིན་གསུངས་ནས་ཉིན་ཤས་ལས་སོང་མེད་པའི་དུས་འདིར་ད་དུང་འདི་འདྲ་བྱེད་ཀྱིན་པ་དེ། ༸གོང་ས་མཆོག་དང་བོད་མི་མང་མཐོང་ཆུང་ཁྱད་གསོད་བྱས་པ་ཡིན་པས་སུ་དང་སུ་གྲོས་ཚོགས་སུ་ཡོང་ཡོད་མེད་སོགས་མི་དམངས་སྤྱིས་ཧ་གོ་བ་བྱས་ནས་ཚ་འདེད་བྱེད་དགོས་པ་རེད།

    གྲྭ་བ་ཞིག་ལ་མཚོན་ན་ཁས་བླངས་པའི་བཅས་མཚམས་དང་འགལ་ན་གྲྭ་ལོག་ཡིན་པ་ནང་བཞིན་གྲོས་ཚོགས་འཐུས་མིས་ཀྱང་གནའ་བསྐྱལ་ཁས་ལེན་དང་འགལ་ན་སྤྱི་འཐུས་མ་རེད། རྒྱ་མི་རྒྱུགས་ཁྱི་དེ་དག་ལ་སྤྱི་འཐུས་ཞེས་འབོད་མི་རུང་བ་རེད།

    Reply
  6. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    ༢༠༠༩།༩།༡༦ ཉིན་གྱི་ཕྱི་དྲོ་ཚོུད་ ༡།༣༠ ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༩ པའི་དགོངས་དོན་གྲོས་ཚོགས་སུ་རྩ་འབོར་གྱི་གསུམ་ཆ་གཉིས་ཏེ་སྤྱི་འཐུས་ ༢༨ དགོས་ངེས་ཀྱི་གྲུབ་ཆ་མ་ལོན་ནས་ཚོུད་ ༣།༡༥ བར་ཚོགས་གསེང་གནང་དགོས་ཆགས་སྐབས་གྲོས་ཚོགས་སུ་ཕེབས་གནང་མེད་པའི་སྤྱི་འཐུས་རྣམས་ཀྱི་མིང་གཞུང་མཁྱེན་འདོད་ཡོད་མཁན་མང་པོ་ཞིག་ཡོད་ཚོད་འདུག་པ་ལྟར་སྐབས་དེར་གྲོས་ཚོགས་སུ་སྤྱི་འཐུས་ ༢༧ ཕེབས་ཡོད་པ་དང་། མ་ཕེབས་མཁན་ ༡༦ ནི་གཤམ་གསལ་ལྟར་རེད། ༡ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ༢ ཚོགས་ཟུར་པདྨ་འབྱུང་གནས། ༣ ཀརྨ་ཤེས་རབ་མཐར་ཕྱིན། ༤ དགེ་བཤེས་བེ་རི་འཇིགས་མེད། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ རྒྱལ་ནོར་ཚེ་དབང་། ༧ སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། ༨ བསོད་ནམས་སྟོབས་རྒྱལ། ༩ བདེ་བ་ཚང་རྡོ་རྗེ་དབང་འདུས། ༡༠ དབུ་དཀར་གཡུ་སྒྲོན། ༡༡ སྒྲོལ་མ་མཚོ་མོ། ༡༢ བསྟན་འཛིན་མཁས་གྲུབ། ༡༣ ཆབ་བྲག་ལྷ་མོ་སྐྱབས། ༡༤ ཡེ་ཤེས་སྒྲོལ་མ། ༡༥ བསོད་ནམས་ཚེ་རིང་ཕར་སི། ༡༦ བསྟན་འཛིན་ཆོས་ལྡན་བཅས་རེད། ཁག་ཅིག་སྔ་དྲོ་གྲོས་ཚོགས་སུ་ཡོད་ཀྱང་གུང་ཚིགས་བར་གསེང་སྐབས་དུས་ཐོག་མ་འབྱོར་བ་ལས་རྗེས་སུ་ཚོུད་ ༣།༡༥ ཐོག་འབྱོར་མཁན་ཡང་བྱུང་ཡོད་པ་རེད།

    གཞན་ ༡ ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ༢ ཚོགས་ཟུར་པདྨ་འབྱུང་གནས། ༣ ཀརྨ་ཤེས་རབ་མཐར་ཕྱིན། ༤ དགེ་བཤེས་བེ་རི་འཇིགས་མེད། ༥ དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༦ རྒྱལ་ནོར་ཚེ་དབང་། ༧ བསོད་ནམས་སྟོབས་རྒྱལ། ༨ བདེ་བ་ཚང་རྡོ་རྗེ་དབང་འདུས། ༩ སྒྲོལ་མ་མཚོ་མོ། ༡༠ བསྟན་འཛིན་མཁས་གྲུབ་བཅས་སྤྱི་སྒེར་གྱི་ལས་དོན་གང་གི་ཆེད་ཕེབས་ཡོད་མེད་མི་ཤེས་ཀྱང་ཕྱི་ཚེས་ ༡༦ ཞོགས་པ་ནས་གྲོགས་ཚོགས་སུ་ཕེབས་མི་འདུག་པ་བཅས་མཁྱེན་འདོད་མཁན་རྣམས་ལ་ཕན་ཕྱིར་བཀོད་པའོ།།

    Reply
  7. GYAMTSO says:
    ལོ་ 15 སྔོན།

    སྤྱི་འཐུས་རེ་ཟུང་མེ་ལྷའི་ཁྲོམ་ལ་ཕེབས་ནས་ནང་ཆས་ཙག་ཙིག་དགའ་བཞིན་སྤྲོ་བཞིན་ཉོས་ནས་འགྲོ་རྒྱུུ་འདུག ཐུགས་ཁག་རང་མི་འདུག ནང་གི་ཨ་མས་བཀའ་གནང་ཡོད་མདོག་ཁ་བོ་རེད། བཀའ་མ་སྒྲུབ་ན་ནང་ལ་ཡོང་ས་མེད་པ་རེད། དེ་དངོས་ཡོད་གནས་ཚུལ་རེད། དགེ་འདུན་པའི་མིང་ཁུར་མཁན་གྱི་སྤྱི་འཐུས་རྣམས་པ་ངའི་མཐོང་མ་སོང་ལ་གང་ལ་སོང་ཡོད་མེད་ཀྱང་མི་ཤེས། ད་ཡིན་ན་ཀླད་རྙིང་སྤྱི་འཐུས་འདི་ཚོ་མེད་ན་ཡག་ས་རེད།

    Reply
  8. དཔོན་སྟེང་འཕྲིན་དོན། says:
    ལོ་ 15 སྔོན།

    ༄༅།། བརྗོད་འདོད་པའམ་རེ་བ་བརྒྱབ་དགོས་པ་ཞིག་ལ་ངེས་པར་དུ་དུས་བབ་ཚང་ནས་དུས་ཐོག་ལ་ཚོགས་བཅར་ཞུ་མི་ཐུབ་མཁན་གྱི་སྤྱི་འཐུས་ཁོང་རྣམས་ཀྱི་མཚན་བཏོན་ན་ལེགས་པོ་འདུག། དེ་ནི་ཐེངས་སྐབས་རྗེས་མའི་སྤྱི་འཐུས་འདི་ལྟར་མི་ཡོང་བའི་སྔོན་འགོག་ཆགས་ཡོད།།།།།།

    Reply
  9. གཅེན་པོ། says:
    ལོ་ 15 སྔོན།

    སྐྱག་ལངས་ཤོར་བའི་ཉལ་གཅིན་དེ།
    ནམ་ཕྱིད་ཏག་ཏག་གཏོང་གི་རེད། ཞེས་པའི་བོད་པ་རང་གི་གཏམ་དཔེ་དེའི་དོན་གནས་འདི་ཚོ་ལ་འཁེལ་འདུག
    མ་སླེབས་པའི་སྤྱི་མཐུ་དེ་དག་སུ་སུ་ཡིན་མིན་མིང་བྲིས་ན་ཁ་གསལ་གོ་བདེ་ཆགས་ཀྱི་རེད། འདི་ནི་གསར་འགོད་པའི་ལས་དོན་ཡིན་པས་གསར་འགོད་པས་སང་ཉིན་ནས་མ་སླེབས་པའི་སྤྱི་མཐུས་དེ་དག་གི་མིང་འདིར་འགོད་རོགས་གནང་དེ་ནས་སྤྱི་མཐུས་དེ་དག་གི་འདས་ཟིན་པའི་བྱ་བ་དག་ལ་ལྟ་གིན་ལྟ་གིན་བྱས་ནས་ལས་ཀ་ཞིག་བརྩམས་རྒྱུ་རེད།

    Reply
  10. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དབུ་མ་ཡིན། ལས་དོན་གལ་ཆེན་དེ་བོད་རྒྱ་དཀའ་ཉོག་སེལ་རྒྱུ་དང་ཤེས་རིག་སྲིད་ཇུས་ཡིན། སྤྱི་འཐུས་ཚོར་ལྟ་ཚུལ་མི་མཐུན་པ་ཅི་ཞིག་ཡོད་པ་རེད། དངོས་ནས་ཧ་མི་གོ་གི
    ཡང་སྙིང་ཁོང་ཚོ་གྲོས་ཚོགས་ལ་མི་ཞུགས་དོན་ཅི་ཞིག་རེད།
    མ་གཞི་གསར་འགོད་པའི་མགོ་སྔ་མེད་པའི་གསར་འགྱུར་འདིའི་སྟེང་ནས་དཔྱད་གླེང་བྱེད་ཁག་པོ་རེད།

    Reply
  11. གངས་ཕྲུག says:
    ལོ་ 15 སྔོན།

    དངོས་ནས་གནས་ཚང་གི་གསུང་བ་ནང་བཞིན་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་ནུས་པར་ཐུག་ཡོད་པ་རེད་མ་འོངས་པར་
    སྐབས་བཅོ་ལྔའི་སྐབས་ཁོང་གཉིས་ཚོགས་གཙོ་གཞོན་ཕར་ཞོག་སྤྱི་འཐུས་ནང་ལ་མི་སླེབས་སྨོན་ལམ་འདེབས་ཀྱི་ཡོད་

    Reply
  12. དྲང་སྲོང་། says:
    ལོ་ 15 སྔོན།

    དངོས་གནས་བཤད་ན་བོད་མི་དམང་གི་སྤྱི་འཐུས་ཕར་ཆེ་བས་ནི། གལ་ཆེ་བས་སྲིད་དོན་སོགས་བོར་ནས། ཆོལ་ག་དང་ཆོས་ལུགས་འཐེན་ཁྱེར་བྱ་རྒྱུ་དེ་སྤྱི་འཐུས་ཀྱི་འགན་ཁུར་རེད་སྙམས་ནས། བཙན་གཤོལ་བོད་གཞུང་འདུ་བསྒྲིགས་བྱེད་རྒྱུ་ཕར་ཞོག དེ་རྩ་གཏོར་བྱེད་ཅི་ཐུབ་བྱེད་བཞིན་ཡོད་ལ། འདི་རིགས་མཐོང་སྐབས་བོད་པ་ཚང་གི་ཁྱིམ་གཞི་མི་ཟིན་པས་སྔ་ལྟས་མངོན་སུམ་དུ་མཐོང་ཐུབ།
    བོད་པ་ཚང་གི་དུས་ཚོད་གསུམ་ཕྱིར་འགྱང་བྱེད་པ་མ་ཟད། མ་འོངས་པ་གཏན་དུ་ཕྱིར་འགྱང་བྱེད་སྲིད།

    Reply
  13. ཐུབ་བསྟན་ལེགས་བཤད། says:
    ལོ་ 15 སྔོན།

    ང་ཚོས་བརྙན་འཕྲིན་ལས་མཐོང་བ་ལྟར་ན་ཁ་ཉིན་ནས་ཚོགས་གཙོ་དེ་ཡང་མཐོང་རྒྱུ་མི་འདུག དེ་རིང་ཁོ་ཡོད་ན་གྲུབ་ཆ་ཚང་རྒྱུ་རེད། ད་དུང་མདོ་སྨད་སྤྱི་འཐུས་མང་པོ་ཚང་མི་འདུག

    Reply
  14. སྟག་སྨྱོན། says:
    ལོ་ 15 སྔོན།

    ད་དུང་ཆོལ་ཁ་གསུམ་གྱི་མི་མང་སོ་སོ་ངོ་ནས་བོད་དོན་རྩོད་འདོད་ཡོད་མེད་སྐད་ཆ་དྲིས་ནས་བསམ་ཤོག་རྒྱ་ཆནེ་པོ་ཞིག་བསྡུ་དགོས་པ་མཐོང་། གལ་སྲིད་ཆོལ་ཁ་གུང་རུང་གིས་དོན་གྱིས་བོད་དོན་རྩོད་འདོད་མེད་པར་རྒྱ་དམར་ལ་མགོ་འབུལ་ལུས་འབུལ་ཞུ་འདོད་ཡོད་ན། ང་ཚོས་འུ་ཚུགས་མ་བརྒྱབ་ཁོ་ཚོ་རྒྱ་དམར་ལ་མགོ་འབུལ་ལུས་འབུལ་བྱེད་དུ་བཅུག་ཤོག ག་རེ་བྱས་ནས་ང་ཚོས་འུ་ཚུགས་བརྒྱག་དགོས་པ་རེད། ཁོ་ཚོའི་འདོད་པ་ནང་རྒྱ་དམར་འོག་ཏུ་བཏང་བཞག་ན་རེད། ངོ་ནས་བོད་དོན་རྩོད་འདོད་ཡོད་ན་ནང་དཀྲུགས་བརྒྱག་ཆེད་འདེམས་པའི་སྤྱི་འཐུས་འདི་ཚོ་མེད་པ་བཟོ་ནས། ཁ་ཡོད་ལག་ཡོད་ཀྱི་སྤྱི་མི་ཡག་པོ་འདེམས་ཐབས་བྱེད་དགོས། མཐོང་སྣང་ཕྱོགས་ཁག་གཅིག་བོད་དོན་རྩོད་འདོད་མེད་པ་དང་། བོད་རྒྱའི་འགལ་བ་ལས་ནང་ཁུལ་གྱི་གནད་དོན་ཆུང་ཆུང་རྣམས་རྩོད་རྒྱུར་དགའ་བོ་ཡོད་པ་འདྲ། དེ་འདྲ་ཡིན་ན་ང་ཚོ་མཉམ་དུ་ལས་འགུལ་སྤེལ་ནས་གྲུབ་འབྲས་ཡོང་གི་མ་རེད། འཁོན་འཁྲུགས་མི་དགོས་པར་ཆོལ་ཁ་དང་ཆོས་ལུགས་ཚང་མ་ཁ་བྲལ་ནས་རང་རང་སོ་སོའི་ལམ་ཁར་སོང་ན་ཡག་གི་རེད། དེ་མིན་ཕྱོགས་གཅིག་གིས་ཕྱོགས་གཞན་པ་དེ་བཙོང་ནས་བསྡད་ན་བཟོད་ཐབས་བྲལ་བ་ཞིག་རེད།

    Reply
  15. སྟག་སྨྱོན། says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོ་སྐྱག་པ་ཡིན་ན། སྐྱག་པ་གཏོང་མཁན་དེ་བོད་མི་མང་རེད། རང་གི་སྐྱག་པ་ཞིམ་པོ་མེད་ཀྱང་ཁོག་པའི་ནང་ཉར་དགོས་པ་རེད།
    དྲ་བདག་ལགས་བདེན་གཏམ་དང་དོན་དངོས་མཚོན་དག་དག་མཚོན་ཐུབ་པའི་དཔེ་བརྗོད་འདི་མི་གསུབ་པའི་རེ་བ་ཡོད། གནས་ཚུལ་འདི་འགྲེལ་བརྗོད་བྱེད་ཐབས་འདི་ལྷག་མི་འདུག བསམ་ཚུལ་འབྲི་བར་དུས་ཚོད་གཏོང་དགོས་ཕྱིར་ང་མི་སྒེར་ལ་མཚོན་ན་བསམ་ཚུལ་འདིའི་འགྲོ་སོང་ཆེན་པོ་ཡང་ཆགས་སོང་། གོ་རྒྱུ་མེད་པའི་བསམ་ཚུལ་ཞིག་འབྲི་ཆེད་ངས་རང་གི་ཆུ་ཚོད་འཕྲོ་བརླག་གཏོང་གི་མ་རེད།

    Reply
  16. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ད་གང་ལྟར་དེ་རིང་གི་ཉི་མ་འཕྲོ་ལྷག་ཏུ་བཏང་ཚར་འདུག སང་ཉིན་སྔ་དྲོའི་དུས་ཚོད་༩ དང་སྐར་མ་སུམ་ཅུའི་ཐོག་ཡང་བསྐྱར་ཚོགས་རྭར་འཁོད་ཀི་རེད། དེ་ཡང་སྤྱི་འཐུས་འགའ་རེ་ཡོང་མེད་པ་ཡིན་ན་ང་ཚོས་ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་བ་ མི་འབྱེད་པར་དམངས་ཚོགས་ཀྱི་ངོས་ནས་ངོ་རྒོལ་གཤེ་དམོད་དང་སྐབས་བཅོ་ལྔ་བའི་ སྤྱི་འཐུས་སུ་ཕེབས་མི་ཆོག་པའི་བཤད་གླེང་བྱེད་དགོས་པར་འདོད། མ་གཞི་ནས་སྤྱི་འཐུས་རེ་ཟུང་སྐྱག་ལངས་སུ་ཤོར་བ་མང་དྲག་འདུག མི་འདི་ཚོའི་གྲས་ལ་ལམ་ཐུག་ཁྲོམ་ཐུག་སྐབས་སུ་གཤེ་དམོད་དང་རྡུང་རྡེག་བྱས་ན་ རེད།
    གསར་འགོད་པས་དེ་རིང་སྤྱི་འཐུས་སུ་སུ་ཕྱི་ལ་ཐོན་སོང་བ་དང་ཕྱི་ དྲོའི་ཚོགས་འདུར་མ་ཡོང་བ་སུ་སུ་ཡིན་མིན་གྱི་མིང་འདིར་འགོད་ཐུབ་བམ། ཐུགས་རྗེས་གཟིགས།

    Reply
  17. སྟག་སྨྱོན། says:
    ལོ་ 15 སྔོན།

    ཧ་ལས་དགོས་པ་མ་རེད། བོད་མི་ཟེར་བ་འདི་རང་གི་རྒྱལ་ཁབ་ཡང་དགྲ་ལ་ཤོར་དུ་འཇུག་ཕོད་མཁན་གྱི་མི་རིགས་དེ་རེད། རང་མགོ་ཆུ་འདྲེན་བྱེད་མཁན་བོད་པའི་སྒང་ན་ཡོད་མ་རེད། རྒྱལ་ཁབ་ཡང་དགྲ་ལ་སྤྲོད་ཕོད་ས་ནས་དེ་ལས་ལྷག་བྱེད་མ་ཕོད་པ་ཡོད་མ་རེད། རང་སྡུག་ཉོ་མཁན་གྱི་མི་རིགས་དེ་ཡིན་བསམ་ནས་སེམས་པ་ལྷོད་ལྷོད་བྱོས་ལོ།

    Reply
  18. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ད་རེས་སྐྱོན་མི་འདུག ཇ་ཁང་གི་འགྲམ་ནས་ལྷག་འདུག་སྐྱོན་མེད་ཁུ།

    Reply
  19. Ngawang Norbu says:
    ལོ་ 15 སྔོན།

    ༄། །ས྄ྤྱི་མཐུས་ར྄ྣམ་པས་ནོར་འཕྲུལ་མ་རེད། ང་ཚོ་མི་མང་ཚོའི་ནོར་འཕྲུལ་རེད། གང་ལ་ཞེ་ན། ང་ཚོས་ས྄ྤྱི་མཐུས་ར྄ྣམས་འདམས་དུས་ཉེ་རིང་ཕྱོགས་ལ྄ྷུང་གིས་ས་སོའི་ངོ་ཤེས་ཉེ་འཁོར་ལ་བལ྄ྟས་ཏེ་འོས་ཤོག་གླུག་པའི་ར྄ྐྱོན་ཆེན་པོ་ཤོར་བ་རེད། ད་མ་འོངས་པར་དེ་འདྲའི་ནོར་མི་ཤོར་བར་ཚང་མས་ཟབ་ཟབ་གནང་གལ་ཤིན་ཏུ་ཆེ།

    Reply
  20. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    འདི་ཡང་ཆབ་སྲིད་རེད། དུས་བབ་ཚང་གིས་གྲོས་ཚོགས་སུ་སླེབས་མེད་པའི་སྤྱི་འཐུས་དག་གི་མིང་འདོན་རོགས་གནང་། འདི་མི་མང་གིས་ངེས་པར་ཏུ་ཤེས་དགོས་པའི་གནད་དོན་ཞིག་རེད།

    Reply
  21. རྫ་སེར་དཀོན། says:
    ལོ་ 15 སྔོན།

    བླ་མ་མཁྱེན། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོ་འདི་ལྟར་མི་ཡོང་བའི་སྨོན་ལམ་འདེབས། ཨ་ཨ་ཨ་དངོས་གནས་སའི་གོ་ལའི་སྟེང་གི་གྲོས་འཚོགས་ཡོད་ཚད་འདི་ལྟར་ཡིན་ན་འཇིག་རྟེན་གྱི་ཁྱིམ་ཚང་ཆེ་མོ་འདིའི་ནང་ཡར་རྒྱས་ཞིག་ཇི་ལྟར་ཡོང་ཨེ་རེད། བོད་གཞིས་བྱེས་གཉིས་ཀྱི་ཆེས་རེ་ལྟོས་བྱ་ཡུལ་བཀུར་འོས་བོད་མི་མང་སྤྱི་འཐུས་གསར་བ་ཚོར་ན་ཚ་འདི་ལྟར་མི་ཡོང་བར་ཤོག

    Reply
  22. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ད་གང་ལྟར་དེ་རིང་གི་ཉི་མ་འཕྲོ་ལྷག་ཏུ་བཏང་ཚར་འདུག སང་ཉིན་སྔ་དྲོའི་དུས་ཚོད་༩ དང་སྐར་མ་སུམ་ཅུའ

    Reply
  23. གནས་ཚང་། says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོགས་གཙོའི་ནུས་པར་ཐུག་ཡོད་པ་ཞིག་རེད། སྔར་ཟམ་གདོང་རིན་པོ་ཆེ་དང་ཨ་ལགས་འཇིགས་མེད་རིན་པོ་ཆེ། སྐུ་ངོ་འཇུ་ཆེན། སྐུ་ངོ་ཀརྨ་ཆོས་འཕེལ་སོགས་ཚོགས་གཙོ་གནང་སྐབས་བྱུང་མྱོང་མེད་པའི་དོན་དག་ཅིག་རེད། ཟམ་གདོང་རིན་པོ་ཆེ་ནང་བཞིན་སྤྱི་འཐུས་ཚོགས་གཙོས་དགོངས་དག་ཞུས་ན་མི་ཡག་གམ།

    Reply
  24. བཀྲ་ཤིས། says:
    ལོ་ 15 སྔོན།

    རེད་ངོ་མ་བློ་ཕང་པོ་རེད། སྤྱི་འཐུས་ཡིན་ན་གྲོས་ཚོགས་འཚོགས་སར་ཡིན་གཅིག་མིན་གཅིག་གཅར་དགོས་པ་རེད། དེ་མ་གཅར་ན་སྤྱི་འཐུས་སུ་མ་བསྡད་ན་ཡག་གི་རེད།

    Reply
  25. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    ཨ་ལ་ལ་ད་ཐེངས་ཡང་སྐུ་ངོ་སྤྱི་འཐུས་རྣམ་པས་ལྟད་མོ་སྟོན་རྒྱུ་རེད། གྲོས་འཚོགས་མཐའ་མ་འདིར་ཡང་གྲོས་ཆོད་ཐ་ཤལ་ཞིག་གི་ངང་ནས་མཇུག་སྡོམ་རྒྱུ་རེད།

    Reply
  26. རྫ་སེར་དཀོན། says:
    ལོ་ 15 སྔོན།

    དེའི་མིང་ལ་ནམ་ལངས་ཁར་ཉལ་གཅིན་ཤོར་ཟེར་བའི་དཔེ་དེ་རང་རེད། ད་ལྟའི་གྲོས་འཚོགས་ཚོགས་དུས་འདི་མ་འོངས་པའི་བོད་མི་མང་སྤྱི་འཐུས་གསར་བ་ཚོར་བཙན་བྱོལ་བོད་གཞུང་གི་ལས་དོན་བྱེད་ཕྱོགས་དང་ཚོགས་འདུའི་འགྲོ་ལུགས་སོགས་ཀྱི་མིག་དཔེ་ལེགས་ཞིག་ཡིན་ནམ། བྱ་བྱེད་འདི་ཚོར་ཐུགས་རྗེ་ཆེ་ཞུ་བ་ལས་སྐྱོན་བརྗོད་བྱས་ན་སྐུ་ངོ་སྤྱི་འཐུས་རྣམ་པ་ཚོའི་དགོངས་པ་འཁྲུག་འགྲོ་གི་རེད་ལ་༸གོང་ས་མཆོག་གི་བཀའ་ལའང་འགལ་འགྲོ་བའི་བཤད་ལུང་དེ་འདྲ་གནང་མཁན་ཡང་ཡོང་གི་རེད། ང་ནི་བོད་མི་ཉམ་ཆུང་ཞིག་ཡིན་པ་ལས། སྐུ་དབང་མཁས་གསུམ་གང་ཡང་འཛོམས་མཁན་ཞིག་མིན། ཡི་རངས་བྱེད་འོས་བ་ཞིག་ཡིན་རྒྱུ་རེད། ངོ་བསྭོ་བསྟོད།།

    Reply
  27. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་མ་ཚང་བའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ནམ། ངོ་མ་སྤྱི་འཐུས་དེ་ཚོ་ག་རེ་བསམ་གྱི་ཡོད་དམ།

    Reply
  28. མིག་གསུམ་པ། says:
    ལོ་ 15 སྔོན།

    སྤྱིར་བོད་མི་མང་གི་འཐུས་ཚབ་ཡིན་ཟེར་མཁན་ཚོས་མ་གཞི་ཅི་ཞིག་འདོད་ཀྱིན་ཡོད་དམ། ཁ་ནས་ཆོལ་ཁ་དང་ཆོས་ལུགས་རིས་མེད་ཡིན་ཅེས་ལུས་ཀྱི་གཅོག་ཚད་དང་དབུགས་ཀྱི་འདང་ཚད་ཀྱིས་བརྗོད་ཀྱིན་ཡོད་པ་རེད། དོན་ངོ་མར་ཕྱོགས་ཞེན་གྱི་དྲི་མས་སྦགས་ཏེ་བོད་སྤྱི་བོའི་ལས་དོན་ལ་ཐུགས་སེམས་གང་ཡང་བཞེས་ཀྱི་མི་འདུག ནང་སྒོས་སུ་༧གོང་ས་ཡིད་བཞིན་ནོར་བུའི་དགུང་ན་བགྲེས་པོའི་སྐབས་འདིར་ཁོང་གི་་ཐུགས་སེམས་མ་དཀྲུགས་ན་ཡག་ཀི ཁྱོད་ཚོར་འགྲན་དུ་མེད་པའི་་བློ་ཁོག་ཞིག་ཡོད་ན་དགྲ་ཐོག་ལ་རྒྱུགས་ཤིག སུ་དང་གང་གིས་བཟུང་ཡོད་པ་མ་རེད།

    Reply
  29. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ངེད་ཚོའི་སྤྱི་འཐུས་མགོ་རུལ་བ་དེ་ཚོ་ག་དུས་ཡིན་ནའང་སྤྱི་དོན་ལས་རང་དོན་གལ་ཆེ་བར་འཛིན་གྱིན་ཡོད།
    ད་རེས་ང་ཚོས་ངེས་པར་དུ་མགོ་རུལ་བ་དེ་ཚོ་བརྗེ་བོ་རྒྱབ་རྒྱུའི་འབད་བརྩོན་བྱེད་དགོས།

    Reply
  30. རྐང་གསུམ། says:
    ལོ་ 15 སྔོན།

    དྲྭ་རོགས་ཚོ་ཁོང་ཚོས་འདི་ལྟར་གཞུང་དོན་སྒྲུབ་ན་ང་ཚོས་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་འོས་འདེམ་ཁྲོད་ཁོང་ཚོ་ཇི་ལྟར་འདེམ། འོ་ངས་འདི་ནས་དེ་འབྲེལ་གྱི་སྐད་ཆ་ཞིག་དྲྭ་རོགས་ཚོར་འབྲི། གང་མང་ཞིག་གིས་ལན་རེ་འཇོག་རོགས་ཞུ།

    ང་ཚོས་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་ཁྲོད་དུ་ད་ལྟའི་སྐབས་བཅུ་བཞི་བའི་བོད་མི་མང་གི་སྤྱི་འཐུས་ལས་ཐོག་པ་ཚོ་ཡོང་ཐུབ་མིན་གཙོ་བོ། ད་ལྟའི་སྤྱི་འཐུས་ར་བའི་ནང་གི་གནད་དོན་གཉིས་ཀྱི་ཐོག་ལ་ང་ཚོས་བསམ་བློ་གཏོང་དགོས་པར་འདོད་བཞིན་ཡོད། གནད་དོན་གཅིག་ནི་་་་་་་སྤྱིར་སྤྱི་འཐུས་སུ་དང་སུ་ཡིན་རུང་མི་བུ་རང་ཉིད་ཀྱི་ནུས་སྟོབས་ལ་བརྟེན་ནས་དམངས་ལ་ལས་དོན་སྒྲུབ་བྱེད་ཀྱི་སྟོབས་ཤུགས་ཡོད་ཚད་ཀྱི་རྨང་གཞི་ནི་སློབ་སྦྱོང་དང་མི་གཞི་འདི་རེད། དེའི་ཕྱིར་ད་ལྟའི་སྤྱི་འཐུས་ཚོས་སྤྱི་འཐུས་ར་བ་ནས་རང་གི་ལྟ་སྤྱོད་དང་འབྲེལ་བའི་མི་གཞི་ལེགས་ཉེས་གཉིས་ཀ་སྟོན་བཞིན་ཡོད་སྟབས། འོས་འཕེན་མཁན་ང་དང་ཁྱོད་འཚུད་པའི་བོད་མི་ཚོས་ཁོང་ཚོའི་ལྟ་སྤྱོད་ལ་བལྟས་ནས་མི་བུ་སོ་སོས་བསམ་བློ་གཏོང་དགོས་པ་ཞིག་རེད། གནད་དོན་གཉིས་པ་ནི། སྤྱི་འཐུས་ཀྱི་རྐུབ་སྟེགས་ལ་དགའ་བའི་སྤྱི་འཐུས་མིང་འཛིན་པ་ཚོས་གནད་དོན་འདི་རེད། བོད་མི་ཞིག་ཡིན་ན་རང་གི་རྒྱལ་ཁབ་ཀྱི་གྲོས་ཚོགས་ར་བའི་ནང་རྐུབ་སྟེགས་ཀྱི་གྲངས་ཁ་ཅི་ཙམ་ཡོད་མེད་གསལ་བོ་མཁྱེན་རྒྱུ་རེད། དེ་བཞིན་ཟླ་དྲུག་རེའི་མཚམས་ཀྱི་བོད་མི་མང་སྤྱི་འཐུས་ཚོགས་དུས་ཀྱི་སྐབས་གང་དང་གང་ལ་ང་ཚོས་བལྟས་ན་གྲོས་ཚོགས་ར་བའི་ནང་རྐུབ་སྟེགས་ཅི་ཙམ་སྟོང་བ་ཡིན་མིན་ཡང་ཁ་གསལ་ངང་ཤེས་ཐུབ། སྤྱིར་སྤྱི་འཐུས་ར་བའི་ནང་གི་རྐུབ་སྟེགས་སྟོང་བ་རྣམ། སྤྱི་འཐུས་ཚོགས་དུས་ཀྱི་སྐབས་གང་དང་གང་ལ་བལྟས་ན། ནམ་རྒྱུན་སྟོང་བ་ཡིན་ཡིན་པ་རེད། འདི་དག་ནི་སྤྱི་དོན་གྱི་ཆེད་དུ་དུས་ནམ་ཡིན་རུང་མི་བུ་རང་ཉིད་ཀྱི་དུས་ཚོད་གཏོང་མི་ཐུབ་པའི་སྤྱི་མི་རུལ་སུངས་པ་ཚོ་རེད། ཁོང་ཚོའི་རིགས་ནི་སྤྱི་འཐུས་ཀྱི་མིང་ལ་དགའ་མཁན་དང་སྤྱི་དོན་གྱི་ལས་ལ་ནམ་ཡང་ཁ་གྲག་འདོད་མེད་པའི་སྤྱི་མི་རྒྱལ་ཚོང་བ་ཚོ་རེད།
    འོ་ངས་མདོར་བསྡུས་ནས་བཤད་ན་ད་ལྟའི་སྤྱི་འཐུས་ལས་ཐོག་པ་ཚོ་སྐབས་བཅོ་ལྔ་བའི་བོད་མི་མང་གི་སྤྱི་འཐུས་ཀྱི་ཁྲོད་དུ་འོས་འཕེན་དང་མི་འཕེན་གཙོ་བོ་ལྟ་ས་གཉིས་ཡོད་ནི་རེད་ཟེར་གྱིན་ཡོད། གཅིག་སློབ་སྦྱོང་དང་མི་གཞི་ཡིན། གཉིས་པ་ཟླ་དྲུག་རེའི་མཚམས་ཀྱི་ཚོགས་དུས་སོ་སོ་ལ་ཆ་ཤས་ལེན་ཐུབ་ཀྱིན་ཡོད་མེད་ལ་ང་ཚོས་བལྟས་ནས་ད་གཟོད་འོས་འཕེན་གྱི་བྱ་བ་ལ་ཞུགས་དགོས་ཞེས་པ་འདི་གཉིས་ཡིན། འདི་གཉིས་ཀྱི་ནང་ནས་ཀྱང་གནད་དོན་ཕྱི་མ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཡིན། སྤྱི་འཐུས་ཀྱི་མིང་ཁུར་ནས་སྤྱི་འཐུས་ར་བའི་ནང་ན་གོམ་པ་སྤོ་འདོད་མེད་པའི་སྤྱི་འཐུས་ཤིག་ང་ཚོ་ལ་ནམ་ཡང་དགོས་གལ་ཡོད་ནི་མ་རེད། འདི་བོད་མི་ཚང་མས་ལྟ་དགོས་སའི་གནད་དོན་ཞིག་རེད་དྲན་གྱི་འདུག།

    Reply
  31. རྐང་གསུམ། says:
    ལོ་ 15 སྔོན།

    ངོ་མ་ཡ་མཚན་རེད། གཅིག་མ་རེད། གཉིས་མ་རེད། སྐབས་བཅུ་བཞི་བའི་སྤྱི་འཐུས་ཚོས་ཅི་ཞིག་བསམ་ནི་ཡིན་ན། ཁ་ནས་༧གོང་ས་མཆོག་དང་བོད་བསྟན་པ་ཆབ་སྲིད་ལས་མི་གླེང་ཡང་། དོན་ལ་འདི་ལྟར་གཞུང་ཕྱོགས་ཀྱི་ལས་དོན་བྱེད་པ་ཅི་ཞིག་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese