མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤུན་པགས་ལ་དེ་འདྲའི་དགའ་དོན་ཅི་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

བལྟས་བལྟས་དུས ད་གཟོད་ཤུན་པགས་ཤིག་རེད
ཡིན་ཡང་ དེ་ལ་གཅེས་པའི་སྣང་བ་འདི
དེ་འདྲའི་ལྕི་མོ་ཞིག རྒས་ན་ཡང་
ཚོར་བ་ནི་འགྱུར་སླ་བའི་ངང་ཚུལ་མེད་པར
མདུན་ནས་རྒྱབ རྒྱབ་ནས་གཞུག
བར་དང་གཏིང་འོག་མེད་པར་ནུར་བཞིན་འདུག

ངལ་རྩོལ་གྱིས་བར་གསེང་དུ
དཀའ་ཚེགས་ཀྱི་ལོ་ཟླའི་ཁྲོད
ཐ་ན མཚན་མོའི་རྨིས་པའི་རྨི་ལམ་གྱི་ཁྲོད
ཤུན་པགས་དེ་ནི་དེ་འདྲའི་ཡིད་དུ་འོང་བ་ཞིག
དོན་དངོས་སུ ཤུན་པགས་ནི་སྐྱི་མོ་རེད
སྐྱི་གཉེར་གྱི་འགྱུར་བ་ནི སྐད་ཅིག་མ་རེད
སྐད་ཅིག་མས་ང་ལ་གང་ཞིག་བསྐྲུན་ཡོད

ངས་ད་གཟོད སྐད་ཆ་ཁམ་བཀང་
དུས་ད་ལྟ་བར་དུ་ཡག་པོ་ཞིག་མ་འཁྱོང་
ཟ་རྒྱུ་རུམ་བཀང་མེད་པར
བཤད་རྒྱུ་ནི་རིའི་རྒྱལ་བོ་རི་རབ
ཁང་ཁྱིམ་དང་ས་གཞི
འདས་མ་ད་གསུམ སྐྱེ་རྒ་ན་འཆི
སང་འགྲོ་ནངས་འགྲོ་མི་ངེས་པའི་ལུས་པོ་འདི
མཚམས་རེར་དགོད་བྲོ་བོ་ཞིག
ཤུན་པགས་དེ་སྲུང་མཁན་གྱི་གཏོར་གཟུགས་ཤིག

ནམ་ཞིག བྱ་ཁྭ་ཏའི་མི་ཟ་བའི་གཏོར་མ་ལྟ་བུ་དེ་ནི
ཤུན་འཔག་དེ་ཡིན་སྲིད་ཀྱང་
ད་དུང་བློས་མི་གཏོང་བ་དེ་ནི
དེ་ཉིད་ཁོ་ནར་གྱུར་ཡོད
མི་ནི་ང་དང་འདྲ་བར་ཉིན་མཚན་མེད་པར
ཤུན་པགས་ཁོ་ནར་དུངས་མཁན་དུ་གྱུར་དོན་ཅི་ཡིན

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 6

  1. sha tak ri sim says:
    ལོ་ 15 སྔོན།

    བློ་བཟང་ལགས། ཉིད་ནས་གསལ་འདེབས་བྱས་པ་དེར་དགའ་ནས་ཡོད། སྤྲོ་ནས་ཡོད། བཤད་པ་བདེན་པ་རེད། རྗེས་ཕྱོགས་ཡོང་གི་བསྡོད།

    Reply
  2. tseringdhorjee says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་ལགས། ངས་ཁྱོད་ལ་རྒྱུས་སྟོན་ཞིག་བྱེད་རྒྱུར། སྟག་གི་པགས་པ་ཞེས་པའི་ཚེ་པ་རྐྱང་དང། སྟག་ལྤགས་ཞེས་པའི་ཚེ་ལ་མགོ་ཅན་གྱི་ལྤགས་འབྲི་བ་དེས་གཞན་ལ་རིགས་འགྲེས་ཤེས་པར་བྱ་རྒྱུ་དང། གཞན་ཁྱེད་ནས། མི་ཤེས་ཀི ད་རེབས། རྩོམ་ཆལ།ཏིང་སྙོམས། ལ་རྒྱའི་བཟི་ཞིང་། བྱས་དེ་ཡོད། ཤུགས་བརྒྱབས་དེ། བལྟ་བཞིན་ཡོད་ཅེས་པ་འདི་རྣམས་ཀྱིས་རང་མགོར་རང་གིས་ན་ཐག་ཆོད་ཅིག་གཞུས་ཀྱི་མི་འདུག་གམ། མ་གཞི་ཟིན་བྲིས་སུ་ཉུལ་མཁན་སུ་ཡིན་ཡང་བོད་རང་གི་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པའི་རྩོམ་ཡིག་བྲི་སྤེལ་བྱེད་རྒྱུ་གཙིགས་འཛིན་བྱེད་དགོས་པ་ལས་སྐབས་ཤིག་ནས་མ་དག་རྒྱུན་འབྱམས་ཀྱིས་མི་ཁེངས་པའི་ངེས་པ་མེད། དེའི་ཕྱིར་དྲ་ཐོག་ཏུ་ཕེབས་མཁན་སུ་ཡིན་ཡང་ཁ་སྐད་ཡིན་ཞེས་བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་པའི་ཚིག་རྫོབ་ཅན་མང་དུ་སྤེལ་བ་དེ་ཕན་ལས་གནོད་པ་ཆེ།

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    བསེ་རུ་ལགས། དོ་ནུབ་སྐུ་ཉིད་ཕེབས་ནས་འཔག་ཟེར་བ་འདིའི་སྐོར་ལ་གསུངས་པ་དེར་དགའ་ཡོད། ངས་ཀྱང་འབག་དང་འཔག ཡང་ན། པགས་སོགས་གང་ཡིན་གསལ་བོ་ཞིག་མི་ཤེས་ཀི ཉིད་ལ་ཡིད་ཆེས་བྱེད་ཆོག་པ་ཞིག་ནི་དག་ཆ་རེད། དེ་ཡིན་དུས་ད་རེབས་བདག་གི་ཟིན་བྲིས་འདི་ནས་བསྐྱར་བཅོས་བྱེད་རྒྱུར་དཀའ་ངལ་ཆེར་མེད་ཀྱང་། གང་ལྟར། རྩོམ་ཆལ་འདི་ཕྱོགས་མང་བོ་ཞིག་ལ་བཏང་ཟིན་སྟབས། འདི་ནས་རེ་ཞིག་ནོར་འཁྲུལ་དུ་གྱུར་ཡོད་ཀྱང་ཏིང་སྙོམས་སུ་འཇོག་ཆོག་པར་ཞུ།

    མ་གཞི་ཉིད་ནས་རང་ཉིད་རྩོམ་པ་པོ་ཞིག་མིན་རབས་ཡང་དང་བསྐྱར་དུ་གསུངས་པ་རེད། དེ་ལ་ངས་ཀྱང་སྐད་ཆ་འདྲི་མ་མྱོང་། འོན་ཀྱང་། བདག་གིས་དུས་རྒྱུན་དུ་སྐུ་ཉིད་ནི་རིགས་ཞེན་གྱི་ལ་རྒྱའི་བཟི་ཞིང་། སྐད་ཡིག་གི་ཚེ་སྲོག་ལ་རང་གི་ཚེ་སྲོག་ལས་ཀྱང་འགན་ལེན་གནང་མཁན་ཞིག་ཡིན་པར་ཡིད་ཆེས་བྱས་དེ་ཡོད། རྗེས་སུ་ཡང་ཁོམ་པ་ཡོད་དུས་ཡོད་དུས་སུ་ཕེབས་རྐྱང་བྱོས། ངས་ནམ་ཡིན་ཡང་ཉིད་ལ་སྒོ་ཕྱེ་ནས་བཞག་ཡོད།

    ཨོ་རེད། ང་རང་གིས་སྔོན་ཆད་ལྟར་གང་སར་མཆན་པུ་འབྲི་མཚམས་བཞག་ནས་རྒྱུན་རིང་འགྲོ་སོང་། ཡིན་ཡང་། ཟིན་བྲིས་སྔར་ལྟར་ཤུགས་བརྒྱབས་དེ་སྤེལ་བཞིན་ཡོད། དོན་དག་ཡོད་མེད་དང་གནས་ལུགས་ཡོད་མེད་དེ་ཡི་སྐོར་དེ་ནས་ཀློག་མཁན་དག་གིས་ལྟ་དགོས་པ་ཞིག་རེད་ལགས།

    ཟིན་བྲིས་ནི་གང་ས་ནས་སྤེལ་བཞིན་ཡོད་ལ། ཀློག་རྒྱུ་དེ་ཡང་སྔར་ལས་མང་དུ་བཏང་་ནས་དྲ་ཚིགས་ཆེས་མི་ཉུང་བ་ཞིག་ལ་ཉུལ་ནས་སྤུན་ཟླ་ཕྱི་ནང་གཉིས་ཀྱི་དྲ་ཐོག་པ་ཚོའི་བསམ་ཚུལ་རྩོམ་ཡིག་དང་། ནུས་ཤུགས་གསར་གཏོད་ཀྱི་རང་དབང་གི་མཁའ་དབུགས་སོགས་ལ་ཡང་ཡང་བལྟ་བཞིན་ཡོད་ལགས། དེ་ཙམ་ཡིན།

    Reply
  4. samkhar says:
    ལོ་ 15 སྔོན།

    ད་ལྟ་དྲ་ཐོག་ཏུ་ཡོད་དམ།

    Reply
  5. samkhar says:
    ལོ་ 15 སྔོན།

    དྲ་གྲོགས་རྙིང་ཤོས་བོད་ཤ་ཁྲག་རུས་གསུམ་ལགས།
    སྐུ་ཉིད་ཡུན་རིང་ཞིག་གི་རྗེས་གནས་འདིར་ཕེབས་པར་དམིགས་བསལ་འཚམས་འདྲི་ཡོད། ང་ཡང་དེང་སྐབས་ལས་བྲེལ་ཆེ་ཞིང་། དྲ་ཐོག་ཏུ་མྱུལ་ཡང་བསམ་ཚུལ་དང་རྩོམ་ཡིག་རིགས་སྤེལ་ཁོམ་མི་འདུག ལྷག་པར་ཁོ་བོར་སྤྱི་ཚོགས་འདིར་སྨན་པའི་རྩོམ་ཡིག་རིགས་དེ་བས་འབྲི་རྩལ་མི་འདུག་ལ། འབྲི་སྟངས་ཀྱང་ཤེས་ཀྱི་མི་འདུག མ་གཞི་ང་རྩོམ་པ་པོ་ཞིག་ཀྱང་མིན།

    འོན་ཀྱང་སྐབས་སྐབས་སུ་ངའི་སེམས་པའི་ཚོར་སྣང་དང་། གནད་དོན་བྱེ་བྲག་པའི་ཐོག་བསམ་ཚུལ་དམ་དུམ་རེ་ཤོད་ཀྱིན་དུས་འདའ་བཞིན་ཡོད། སྐུ་ཉིད་ཀྱང་དེང་སྐབས་དལ་དལ་ལྷོད་ལྷོད་ངང་བཞུགས་མེད་པ་འདྲ། ཟིན་བྲིས་ཀྱང་སྔར་བཞིན་སྤེལ་གནང་གི་མི་འདུག

    གང་ལྟར་ཡང་། ངའི་དྲན་ཚོད་ལྟར་ན། སྔར་སྐུ་ཉིད་ཀྱིས་”རྒྱུགས་མ་གཏོགས།”ཞེས་པའི་རྩོམ་ཡིག་ཅིག་སྤེལ་རྗེས། ཁོ་བོ་བསེ་རུས་”‘འགྲོ་མ་གཏོགས།”ཞེས་པའི་རྩོམ་ཡིག་ཅིག་སྤེལ་བ་ལྟར། ང་ཚོ་འགྲོ་དགོས། རྒྱལ་ཁའི་གླུ་དབྱངས་ལེན་མ་ཐུབ་བར་དུ་འགྲོ་དགོས། ཕ་ཡུལ་ཕ་མ་གཉེན་ཉེ་དུ་ལྷན་འཛོམས་མ་བྱུང་བར་དུ་འགྲོ་དགོས། བོད་གཞིས་བྱེས་ལྷན་འཛོམས་མ་བྱུང་བར་དུ་འགྲོ་དགོས། ༸གོང་ས་མཆོག་ཕོ་བྲང་པོ་ཏ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སོར་མ་འཁོད་བར་དུ་འགྲོ་དགོས། ད་དུང་འགྲོ་དགོས། འགྲོ་དགོས། འགྲོ་དགོས། །

    Reply
  6. samkhar says:
    ལོ་ 15 སྔོན།

    ཤུན་འཔག་ཡིན་གྱི་མ་རེད། ཤུན་པགས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese