མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙུན་མ་ཞིག་གི་རིགས་འཚོ་བརླག་འདུག

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp
བཙུན་མ་བསོད་ནམས་ཆོས་སྒྲོན་འབོད་པར་མེ་མདའི་རྒྱབ་ཤིང་གིས་གཞུས་ཏེ་རིགས་འཚོ་བརླག་འདུག་ཟེར།
ཁ་སང་ཕྱི་ཚེས་ ༡༢ ཉིན་འདི་གར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཏང་གནས་ལྟར་ན། ༢༠༠༨ ལོའི་ཟླ་ ༥ ཚེས་ ༡༤ ཉིན་ཞི་རྒོལ་བྱེད་མཁན་གྱི་སྤུ་རུ་སྣ་བཙུན་དགོན་གྱི་བཙུན་མ་བསོད་ནམས་ཆོས་སྒྲོན་ལགས་སུ། རྒྱ་ནག་གི་ཉེན་རྟོག་པས་མནར་གཅོད་ཚད་མེད་བཏང་བར་མ་ཟད། མགོ་ལ་མེ་མདའི་རྒྱབ་ཤིང་གིས་གཞུས་ཏེ་མགོ་བོར་རྨས་སྐྱོན་ཚབས་ཆེན་ཕོག་ནས་རིགས་འཚོ་བརླག་རྗེས་བཙོན་ནས་གློད་བཀྲོལ་བཏང་སྟེ་ནང་མིར་རྩིས་སྤྲོད་བྱས་ཡོད་ཀྱང་རྟག་ཏུ་ངུ་འབོད་བྱེད་བཞིན་སྨྱོན་པ་ཆགས་འདུག་ཟེར།
 
༢༠༠༨ ལོའི་ཟླ་ ༥ ཚེས་ ༡༤ ཉིན་སྤུ་རུ་སྣ་བཙུན་དགོན་དང༌། ཡར་སྟེང་བཙུན་དགོན་གྱི་བཙུན་མ་ཉིས་བརྒྱ་ལྷག་གིས་ཞི་རྒོལ་བྱེད་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་དྲག་གནོན་བྱས་ཏེ་བཙུན་མ་མང་པོ་འཇུ་བཟུང་བྱས་པ་དང༌། བཙུན་དགོན་དེ་གཉིས་ཀྱི་གཙོ་འགན་འཁུར་མཁན་གྱི་སྤྲུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེ་ཡང་འཇུ་བཟུང་བྱས་ཏེ་ ༢༠༠༩ ལོའི་ཟླ་ ༩ ཚེས་ ༢༢ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ་ ༨ དང་ཟླ་དྲུག་བྱེད་རྒྱུའི་ཁྲིམས་ཐག་བཅད་དེ་ད་ལྟ་མན་ཡང་བཙོན་ཁང་དུ་བཙོན་འཇུག་བྱེད་བཞིན་ཡོད་པ་དང༌། རིན་པོ་ཆེའི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད།
 
དེ་བཞིན་འཇུ་བཟུང་བྱས་པའི་སྤུ་རུ་སྣ་བཙུན་དགོན་ཁོངས་ཀྱི་བཙུན་མ་བསོད་ནམས་ལྷ་འཚོར་ལོ་ ༡༠ དུས་བཀག་བཙོན་འཇུག་དང༌། བཙུན་མ་བུ་མོར་ལོ་ ༩ དེ་བཞིན་བཙུན་མ་སོ་དགའ་དང་དབྱངས་ཅན་མཁའ་འགྲོར་ཁག་སོ་སོར་ལོ་ ༣ བཀྲ་ཤིས་ལྷ་མོར་ལོ་ ༢ བཅས་ཀྱི་དུས་བཀག་འཇུག་གི་ཁྲིམས་ཆད་བཏང་ཡོད་ཅིང༌། བཙུན་མ་མང་ཆེ་བ་ཀློད་གྲོལ་བཏང་ཡོད་ཀྱང་དགོན་པར་མུ་མཐུད་གནས་སྡོད་མི་ཆོག་པར་དགོན་ནས་ཕྱིར་འབུད་བཏང་ཡོད།
 
བཙུན་མ་བསོད་ནམས་ཆོས་སྒྲོན་གྱི་མགོ་ལ་རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའི་རྒྱབ་ཤིང་གིས་གཞུས་ཏེ་མགོ་ལ་རྨ་ཁ་ཆེན་པོ་བཟོས་ཏེ་རིགས་འཚོ་མ་ཟིན་པར་གྱུར་རྗེས་ ༢༠༠༨ ལོའི་ཟླ་ ༩ ཚེས་ ༡༥ ཉིན་ཁོང་གི་ནང་མིར་རྩིས་སྤྲོད་བྱས་ཡོད་ཀྱང༌། ཉིན་ལྟར་ངུ་འབོད་བྱེད་བཞིན། སྨྱོན་པ་ཆགས་ནས་རྟག་ཏུ་ནང་མིས་ལྟ་སྐྱོང་དང་སྲུང་བྱ་བྱེད་དགོས་པ་སོགས་ཀྱིས་མཐོང་བ་ཙམ་གྱི་ཡིད་སེམས་སྐྱོ་བའི་ཡ་ང་བའི་གནས་སྟངས་འོག་གནས་ཡོད་ཟེར།
 

བཙུན་མ་བསོད་ནམས་ཆོས་སྒྲོན་རང་ལོ་ ༣༦ ཡིན་པ་དང༌། སྐྱེས་ཡུལ་དཀར་མཛེས་རྫོང་ལྷོ་པ་ཤང་ནས་ཡིན་པ་དང༌། སྤུ་རུ་སྣ་བཙུན་དགོན་དུ་བཙུན་མ་གནང་སྟེ་ལོ་མང་འགྲོ་གི་ཡོད་འདུག

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༡ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

མཆན། 8

  1. གངས་ཕྲུག says:
    ལོ་ 15 སྔོན།

    ང་ཚོར་བོད་མི་རྣམས་ཁ་ཞེན་གཉིས་མེད་ཐོག་གཅིག་སྒྲིག་གི་ནུས་པ་ལ་ཤུགས་རྒྱག་དགོས་ཉེར་བ་བཀའ་ཁྲི་དང་སྤྱི་མཐུན་རྣམས་གདམ་ག་མ་ནོར་བར་གལ་ཆེན།
    སྔོན་འགྲོའི་སྐབས་ཕྱོགས་ཞེན་ཅན་དང་འགྱོད་ཐང་མེད་པ་དེ་འདྲ་མང་པོ་ཞིག་
    སླེབས་འདུག་ན་དངོས་གཞིའི་སྐབས་སྤྱི་དོན་ལ་བསམ་ནས་ཕྱོགས་ཞེན་མེད་པ་སྤྱི་སེམས་ཅན་ཞིག་གཞི་རྩ་བཞག་ནས་གདམ་རོགསལན་བརྒྱ་ཞུ།

    Reply
  2. གངས་རིའི་ཟེགས་མ says:
    ལོ་ 15 སྔོན།

    རྒྱ་ནག་དམར་པོ་སྲི་གཞུང་གིས་ང་ཚོའི་སྤུན་ཟླ་རྣམས་ལ་མི་སྤྱོད་ལས་འདས་པའི་མནར་གཅོདབཏང་དང་གཏོང་བཞིན་པ་འདི་ལ་མཐའ་གཅིག་ཏུ་ངོ་བརྒོལ་བྱེད་དགོས་པ་མ་ཟད་ཆོལ་གསུམ་མི་མང་ཡོངས་ཀྱིས་དགྲ་གཉེན་དབྱེ་བ་མ་ནོར་བ་བྱེད་དགོས་གལ་ཆེ་བ་མཐོང་བཙུན་མ་བསོད་ནམ་ཆོས་སྒྲོན་ལ་སྡུགས་སེམས་མཉམ་སྐྱེས་ཡོད།

    Reply
  3. དོན་འགྲུབ། says:
    ལོ་ 15 སྔོན།

    བཙུན་མ་བསོད་ནམ་ཆོས་སྒྲོན་གྱི་རིགས་འཚོ་བླག་འདུག་ཟེར། སྤྱི་འཐུས་ལ་རིགས་འཚོ་མ་མ་ཡིན་པ་ཞིག་དགོས་ཟེར་གཉིས་ལ་ཁྱད་པར་ག་རེ་ཡོད་དམ།
    གྲྭ་གྲོགས་རྣམས་ཀྱི་རིགས་འཚོ་ཟེར་དེ་ག་འདྲ་ཞིག་ལ་ངོས་འཛིན་ཡོད།

    Reply
  4. ལུང་རྟོགས། says:
    ལོ་ 15 སྔོན།

    མི་སྤྱོད་ལས་འདས་པའི་མནར་གཅོད་ལ་མཐའ་གཅིག་ཏུ་ངོ་བརྒོལ་ཡོད

    Reply
  5. འདྲེ་རྣམ་རྒྱལ། says:
    ལོ་ 15 སྔོན།

    ཨ་ཨ་ད་དངོས་ཇི་བྱེད། གཞིས་ལུས་སྤིན་ཟླ་ཚོའི་གནར་སྤྱོད་ཀྱི་འོག་ནས་སྡུག་པོ་འདི་འདྲ་མྱོང་གྱི་འདུག ང་ཚོའི་བཙན་བྱོལ་དུ་སྐྱིད་པོ་བྱས་ནས་བསྡད་ན་ག་ལ་འགྲིགས་སྤྱིན་ཟླ་ཚོ།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ༢༠༠༨ ལོའི་ཟླ་ ༩ ཚེས་ ༡༥ ཉིན་ཁོང་གི་ནང་མིར་རྩིས་སྤྲོད་བྱས་ཡོད༽ཞེས་པ་ལྟར་ན་གནས་ཚུལ་འདི་བྱུང་ནས་ལོ་གཉིས་སོང་འདུག
    འོན་ཀྱང་ང་ཚོ་ལ་གསར་འགྱུར་ཆག་པ་རེད།
    གང་ལྟར་བཙུན་མ་དེ་བར་ཆད་ལས་ཐར་ཐུབ་པར་ཤོག་ཅིག

    Reply
  7. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    གནས་ཚུལ་འདིའི་རིགས་ལ་རྒྱུས་ཡོད་མཁན་ཚོས། དྲ་ལམ་ནས་
    མུ་མཐུད་དེ་ཁ་ཇེ་གསལ་དང་ཁུངས་ཇེ་དག་ལ་གཏོང་རོགས།

    Reply
  8. གངས་ཕྲུག་བཀྲ་ཤིས། says:
    ལོ་ 15 སྔོན།

    གཞིས་ལུས་བོད་མིའི་ལས་དབང་འདི་དངོས་གནས་སྐྱོ་བ་ལ།
    ད་ང་ཚོས་མི་མཐུད་དེ་འདི་ལྟར་འདས་དགོས་བྱུང་ན་གཞིས་ལུས་དཔའ་བོ་དཔའ་མོ་ཕལ་ཆེ་རིགས་འཚོ་མ་ཟིན་པར་ཆག་པར་ཐག་མི་ཉེ་བ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese