མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སློབ་མ་ ༢ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

ནག་ཆུ་སློབ་འབྲིང་གི་ལོ་རིམ་གསུམ་པའི་སློབ་མ་ ༦ འབྲུག་ཡུལ་བརྒྱུད་རྒྱ་གར་ལ་བཙན་བྱོལ་དུ་ཡོང་སྐབས། སྟབས་མ་ལེགས་པར་སློབ་མ་ ༢ འབྲུག་ཡུལ་བུམ་ཐང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག  

ད་ལྟ་བལ་ཡུལ་སྣེ་ལེན་ཁང་དུ་བོད་ནས་གསར་དུ་འབྱོར་ཡོད་པའི་བོད་མི་ཞིག་གིས་གསར་ལམ་དུ་གནས་ཚུལ་བརྗོད་པ་ལྟར་ན། ལོ་འདིའི་ཕྱི་ཟླ་ ༩ པའི་ཚེས་ ༢༦ ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་སོག་རྫོང་ནས་ཡིན་པའི་སློབ་མ་ ༦ བོད་ནས་རྒྱ་གར་ལ་བྲོས་བྱོལ་ཏུ་ཕྱིན་ཡོད་པ་དང་། ཕྱི་ཟླ་ ༡༠ བའི་ཟླ་མགོ་ཙམ་ལ་འབྲུག་ཡུལ་ནང་འབྱོར་ཏེ། ཕྱི་ཚེས་ ༤ བར་འབྲུག་ཡུལ་གྱི་རི་ཁྲོད་དགོན་པ་ཞིག་ཏུ་ཡིབ་སྡོད་བྱས་ཡོད་ཅིང་། ཉིན་ཤས་རྗེས་ཁོང་ཚོའི་ཁྲོད་ཀྱི་ལོ་ན་ཆེ་ཤོས་རང་ལོ་ ༡༨ ཡས་མས་ཡིན་པའི་དབང་ཆེན་ཟླ་བ་དང་བཀྲ་ཤིས་དགའ་སྐྱིད་གཉིས་འབྲུག་གི་གྲོང་ཁྱེར་དུ་བལ་ཡུལ་ནང་འགྲོ་བའི་རླངས་འཁོར་ཡོད་མེད་བརྩད་གཅོད་དུ་ཕྱིན་འདུག སྐབས་དེར་འབྲུག་བུམ་ཐང་ས་གནས་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་འདུག

སློབ་མ་གཞན་རྣམས་ཡིབ་སྡོད་བྱེད་སའི་དགོན་པ་དེའི་དགེ་འདུན་པ་ཞིག་གི་རོགས་རམ་འོག ཚེས་ ༡༠ ཉིན་བལ་ཡུལ་བོད་གཞུང་སྣེ་ལེན་ཁང་དུ་འབྱོར་ཡོད་ཀྱང་། ད་ལྟའི་ཆར་འབྲུག་ཡུལ་ནང་འཛིན་བཟུང་བྱས་པའི་བོད་མི་གཉིས་ཀྱི་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་བརྗོད་འདུག སློབ་མ་དེ་དག་ནི་ནག་ཆུ་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཡིན་འདུག

གོང་གི་གནས་ཚུལ་འདིའི་ཐད། དེ་རིང་འདི་གའི་གསར་འགོད་པ་བོད་གཞུང་བདེ་སྲུང་ལས་ཁུངས་སུ་ཕྱིན་ཏེ་བཅར་འདྲི་ཞུ་སྐབས། བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་འདིའི་སྐོར་སྒང་ཏོག་ས་གནས་བདེ་དོན་བརྒྱུད་བོད་མི་བཞི་བལ་ཡུལ་དུ་གཏོང་གི་ཡོད་ཚུལ་གོ་བྱུང་། འབྲུག་ཡུལ་བོད་མིའི་ལྟ་རྟོག་འགན་འཛིན་ལ་གནས་ཚུལ་འདི་འདྲི་འཆར་ཡོད་ཅེས་བརྗོད་བྱུང་།  གསར་འགོད་པས་ཁ་པར་བརྒྱུད་འབྲུག་སྡོད་བོད་མིའི་ལྟ་རྟོག་འགན་འཁུར་བ་རྡོ་རྗེ་རྒྱལ་པོ་ལགས་སུ། འབྲུག་ཡུལ་དུ་གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་མེད་དྲིས་པར་ཁོང་གིས། གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་མེད་ཐད་ང་རང་ལ་གསལ་ཆ་མེད། ད་སྔ་དེ་འདྲའི་གནས་ཚུལ་འདྲ་གོ་མ་སོང་ཟེར།  

 གསར་འགོད་པ། དོན་གོ  

མཆན། 4

  1. ཕ་ས། བྱ་གཞུང་གསེར་གྱི་གཤོངས་པ། says:
    ལོ་ 12 སྔོན།

    བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ཁྱེད་ཀྱིས། “ས་གནས་བདེ་དོན་བརྒྱུད་བོད་མི་བཞི་བལ་ཡུལ་དུ་གཏོང་གི་ཡོད་ཚུལ་གོ་བྱུང་ཟེར།” དེས་ན་ཉམས་ཆུང་ཕྲུ་གུ་གཞན་གཉིས་ཀྱི་སྐོར་མ་གོ་བ་ག་རེ་ཡིན་ནམ། ད་དུང་ “འབྲུག་ཡུལ་བོད་མིའི་ལྟ་རྟོག་འགན་འཛིན་ལ་གནས་ཚུལ་འདི་འདྲི་འཆར་ཡོད་ཟེར།” སྒུག་བསྡད་པ་ལས་མགྱོགས་པོར་དྲིས་ན་མི་ལེགས་སམ། འབྲུག་སྡོད་བོད་མིའི་ལྟ་རྟོག་འགན་འཁུར་བ་རྡོ་རྗེ་རྒྱལ་པོ་ལགས་ཀྱིས། “གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་མེད་ཐད་ང་རང་ལ་གསལ་ཆ་མེད། ད་སྔ་དེ་འདྲའི་གནས་ཚུལ་འདྲ་གོ་མ་སོང་ཟེར།”
    ཕྲུ་གུ་གཞན་བཞི་པོ་བལ་ཡུལ་དུ་འབྱོར་ཚར་འདུག། ད་དུང་གནས་ཚུལ་འདི་གོ་མ་སོང་ན། ཁྱེད་ཀྱིས་ག་དུས་ཞིག་ལ་གོ་གི་རེད་པས།

    Reply
  2. ཚ་སྒམ་ཡེ་བསམ། says:
    ལོ་ 12 སྔོན།

    ཉམས་དམའ་བའི་ང་ཚོ་སློབ་བུ་རྣམས་ཀྱག་ཀྱོག་ཆེ་བའི་ལམ་བུ་ཅི་འདྲ་ཞིག་ལ་འགྲོ་བཞིན་པ་རེད་ཨང་། འོན་ཀྱང་ཁོང་ཚོའི་སེམས་ནང་ཉམས་པ་མེད་པའི་རེ་སྨོན་ཞིག་གིས་ཁོང་ཚོས་བསྐྱོད་པའི་ལམ་ལ་འོད་སྣང་སྟེར་བཞིན་ཡོད། ཨེ་མ་ང་ཚོ། རེ་སྨོན་དང་ཡིད་ཆེས། དད་སྨོན་དང་དགའ་སྣང་གི་སྤྲོ་གླིང་ཞིག་ནས་ང་ཚོ་འདི་ལྟར་བསྐྱོད། ང་ཚོ་འདི་ལྟར་འགྲོ སྤུན་ཟླ་ལགས།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    མི་ལ་བར་ཆད་མེད་པའི་ཐོག་འབྲུག་གཞུང་གིས་བོད་གཞུང་ལ་རྩི་སྤྲད་དགོས་ངོས་ཤིག་རེད།

    Reply
  4. རྡོ་རྗེ་ཚེ་རིང་། says:
    ལོ་ 12 སྔོན།

    བསྒྲུག་མཁན་ཡོད་ན་ཡག་པོ་རེད། བསྒྲུག་བཅུག་ཞོག རྒྱ་གར་སླེབས་ཀྱང་དམིགས་བསལ་བ་ཞིག་ཨེ་ཡོད། བལ་ཡུལ་དང་རྒྱལ་གར་ནས་ཕྱིར་འབུད་གཏོང་གིན་ཡོད་རེད། ད་འབྲུག་པས་བདག་པོ་རྒྱག་དགོས་ཚོད་ཀྱང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist