མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་གི་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༥ ཉིན་ནས་ ༡༨ བར་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་བདུན་པའི་རྒྱུན་ལས་ཚོགས་འདུ་ཐེངས་ལྔ་བ་དེ་པེ་ཅིན་དུ་འཚོགས་བཞིན་ཡོད་ལ། ཚོགས་ཆེན་འདིའི་སྟེང་རྒྱ་ནག་གི་འབྱུང་འགྱུར་ལོ་ལྔ་ཚན་བཅུ་གཉིས་པའི་ལས་འཆར་གཏན་འབེབ་བྱེད་ཀྱིན་ཡོད།

སྤྱིར་ཐེངས་འདིའི་ཚོགས་ཐོག་གི་གྲོས་གཞི་ཁག་གསང་བ་ཡིན་རུང་། རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་དག་གིས་སྔོན་དཔག་བྱས་པ་ལྟར་ན། ད་ལོའི་ཚོགས་ཆེན་འདིའི་སྟེང་དུ་རྒྱ་ནག་གི་དཔལ་འབྱོར་འཕེལ་ཕྱོགས་ལ་དཔྱད་ཞིབ་ལས་གཞན། རྒྱ་ནག་ནང་ཁུལ་གྱི་དབུལ་ཕྱུག་ཆ་སྙོམས་དང་། མཚོ་ངོགས་གཉིས་ཀྱི་རྒྱ་རིགས་འཆམ་མཐུན་མཉམ་གནས་ཡོང་ཐབས་བཅས་ལ་སྲིད་བྱུས་གཏན་འབེབ་བྱ་འཆར་ཡོད་ལུགས་བརྗོད་འདུག

ཐེངས་འདིའི་ཚོགས་ཆེན་བརྒྱུད་རྒྱ་ནག་གི་མགོ་ཁྲིད་འཚོལ་བཞིན་ཡོད་པ་དང་། ད་ལྟའི་སྲིད་འཛིན་གཞོན་པ་ཞཱི་ཆེན་ཕིན་ནི་ ༢༠༡༢ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་དབུ་ཁྲིད་ཆགས་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད་འདུག དཔྱད་བརྗོད་པ་དག་གིས། ད་ལྟའི་རྒྱ་ནག་གི་དཔོན་རིགས་ཚོའི་ཁ་ཕྱོགས་ལ་བལྟས་ཏེ། འབྱུང་འགྱུར་ ༢༠༡༢ ལོར་མགོ་ཁྲིད་རིམ་པའི་སྲིད་སྟེགས་སྟེང་སུ་ཞིག་བསླེབ་མིན་སྐོར་ལ་དཔྱད་ཞིབ་བྱས་པ་ལྟར་ན། ད་ལྟའི་སྲིད་འཛིན་གཞོན་པ་ཞཱི་ཆེན་ཕིན་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་ཚབ་དང་། ད་ལྟའི་སྲིད་བློན་གཞོན་པ་ལི་ཁི་ཆཱང་སྲིད་བློན་ཝུན་ཅ་པོ་ཡི་ཚབ་བཅས་སུ་བསླེབ་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད་འདུག

དེར་མ་ཟད། ཐེངས་འདིར་ཞཱི་ཆེན་ཕིན་དབུས་དམག་དོན་སྤྱི་ཁྱབ་གཞོན་པར་བསྐོ་བཞག་བྱས་ཏེ། ཉིས་སྟོང་བཅུ་གཉིས་ལོའི་རྒྱ་ནག་གི་སྲིད་འཛིན་དུ་གནས་སྤོར་མ་བྱུང་ཚེ། ད་ལྟའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་བར་ལ་འགལ་རྐྱེན་ཞིག་འཕྲད་ཉེན་ཡོད་ལུགས་ཀྱང་བརྗོད་འདུག

བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༦ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༩ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 13

  1. རླུང་རྟ་རྒྱལ། says:
    ལོ་ 16 སྔོན།

    དམར་ཤོག་ཚོགས་པའི་རང་བཞིན་ནི་ཨ་ཕོ་སྤྱང་ཀི་ལྟ་བུ་ཞིག་རེད།ཁོ་ཚོས་ཆབ་སྲིད་བཅོས་སྒྱུར་བྱེད་རྟྩིས་ཡོད་ཅེས་ཐེངས་བརྒྱར་ལབ་ཀྱང་སྤྱང་ཀིས་ར་ཤ་མི་ཟ་བ་དང་ར་མས་རྟྩ་སྣྔོན་མི་ཟ་ཟེར་བའི་དཔེ་ལྟར་སུ་ཡི་རྣ་ལ་འགྲོ།

    Reply
  2. ནད་པ says:
    ལོ་ 16 སྔོན།

    ཟླ་འདིའི་ཚེས་ ༡༥ནས་༡༨ བར་འཚོགས་པའི་ཀྲུང་ཧུའུ་ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིང་ཕིན་ཀྲུང་ཧྭ་མི་དམངས་སྤྱི་ཐུན་རྒྱལ་ཁབ་དམག་དབུས་ཀྱི་ཀྲུའུ་བཞི་བཞོན་པར་བསྐོ་བཞག་ཟིན་འདུག

    ཤེས་ཡོན་ལྡན་ལ་འཇོན་ཐང་ཆེ་ཞིང་ན་ཚོད་ཀྱི་བབ་དང་མཐུན་པའི་མི་ཞིག་ཡང་བསྐྱར་རྒྱ་ནག་གུང་ཁྲན་ཏང་། རྒྱལ་ཁབ། མི་དམངས་བཅས་ཁ་ལོ་བསྒྱུར་བའི་མི་རབས་ལྔ་པའི་ཐུན་མོང་གི་སྲོག་ཤིང་ལེ་ཙན་ཕྱི་ལོ་༢༠༡༢ ལོ་ནས་སླར་ཡང་ཕྱེ་རྒྱུའི་གྲ་སྒྲིག་ལེགས་གྲུབ་ཟིན་པ་སྨོས་ཅི་དགོས།

    གངས་ཀྱི་བུ་རབས་ཚ་བརྒྱུད་ཚོ་ལས་ལ་བརྩོན་ཞིང་དཀའ་ངར་ལྡན་པའི་སྙིང་སྟོབས་ཀྱི་ཕྲག་པར་རླབས་ཆེན་གྱི་བྱ་གཞག་རྩོམ་ཤོག

    Reply
  3. བནྟེ་སྐྱབས། says:
    ལོ་ 16 སྔོན།

    གོང་གི་གནས་ཚུལ་ལ་ཁ་སྣོན་གྱི་ཚུལ་དུ།
    ཉེ་ཆར་རྒྱ་ནག་དམར་ཕྱོགས་ཚོགས་པའི་རྒན་རབས་པ་གྲངས་ ༢༣ ལྷག་གིས་མཚན་རྟགས་བཀོད་པའི་སྙན་ཞུ་ཞིག་བཏོན་ཡོད་པ་དེས་གཙོ་བོ་རྒྱ་ནག་ནང་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱེད་པའི་སྲིད་བྱུས་མཚམས་འཇོག་བྱ་དགོས་པའི་སྐོར་ཡིན་ཞིང་། སྙན་ཞུའི་ཡི་གེ་དེའི་ནང་། རྒྱ་ནག་གཞུང་གི་དབང་འཛིན་ལམ་ལུགས་ནི་ཆ་འཇོག་མེད་པ་དང་སླུ་བྲུད་རང་བཞིན་གྱི་ཁྲིམས་ལུགས་ཤིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་འདུག དེ་བཞིན་ད་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལིག་ཞོ་པོ་ཀློད་གྲོལ་ཡོང་ཆེད།རྒྱ་རིགས་ཤེས་ཡོན་ཅན་བརྒྱ་ལྷག་ཐུན་མོང་ནས་མཚན་རྟགས་བཀོད་པའི་སྙན་ཞུ་ཞིག་ཀྱང་རྒྱ་ནག་གཞུང་ལ་ཕུལ་ཡོད་པ་སོགས་ཀྱི་དབང་གིས།ཐེངས་འདིའི་ཚོགས་ཆེན་སྟེང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་བསྐྱར་ཞིབ་བྱ་རྒྱུའི་གྲོས་འཆར་ངེས་པར་དུ་བསླེབ་དགོས་ཡོད་ལུགས་དང་།ཉེ་བའི་ཆར་ཝན་ཇཱ་པོ་ཡི་གཏམ་བཤད་ཅིག་ཏུ་རྒྱ་གཞུང་དང་མང་ཚོགས་པར་འཕྲད་བཞིན་པའི་གནས་ཚུལ་རིགས་ཁ་གསལ་པོ་བྱ་དགོས་པར་སྐུལ་མ་བཏང་ཡོད་པ་མ་ཟད། ཟླ་འདིའི་ཟླ་སྟོད་དུ་ཨ་རིའི་ CNN བརྙན་འཕྲིན་དུ་རྒྱ་ནག་ནང་གི་དམངས་གཙོ་དང་རང་དབང་ནི་གཡོ་ཐབས་མེད་པ་ཞིག་ཡིན་པར་བརྗོད་ཡོད་པ་བཅས་ལ་བརྟེན།སྐབས་འདིའི་གྲོས་གཞིའི་ནང་ཆབ་སྲིད་ཀྱི་འགྱུར་བ་ཞིག་འགྲོ་རྒྱུ་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

    Reply
  4. ནད་པ says:
    ལོ་ 16 སྔོན།

    རྒྱ་ནག་གུང་ཁྲན་ཏང་ཟེར་བ་འདི་རྒྱལ་ནང་ཁུལ་དུ་ཡུན་འཐབ་རྩོད་བྱས་མྱོང་མཁན་ཞིག་དང་། ཕྱི་རོལ་དགྲ་བོའི་བཙན་འཛུལ་ལའང་ཁ་གཏད་ཡུན་རིང་བཅག་མྱང་མཁན་ཞིག ཞི་དྲག་དང་འཇམ་རྩུབ་སྣ་ཚོགས་ཀྱིས་འཁྲོད་ལས་ཐབས་བརྒྱ་ཇུས་སྟོང་གི་མྱོང་བ་གཏིང་གཟབ་ཡོད་མཁན། དཀའ་ཐུབ་དང་སྐྱི་ཡར་བའི་འཁུར་ཆེན་ཕྲག་པར་བཏེགས་ནས་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ལུས་སྲོག་དམིགས་འབེམ་དུ་བཙུགས་མྱོང་མཁན། རང་རྒྱལ་གཞན་ཕམ་དང་དགྲ་འདུལ་གཉེན་སྐྱོང་གི་ཐབས་བྱུས་ལ་བྱང་ཆ་ལྡན་པ་ཞིག་རེད།

    མདོར་ན་ཁྱོད་ཤི་ང་གསོན་གྱི་རྒྱལ་ཁའི་འཐབ་རྩོད་འཁྲོད་དུ་ཡུན་རིང་དངོས་ཐོག་བདེན་འཚོལ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་བྱ་བཞག་ཐད་སློབ་གསོ་དང་། སྦྱོང་བརྡར། ལག་ལེན། ཉམས་མྱོང་བཅས་ཀྱིས་འོག་ནས་འཚར་ལོངས་བྱུང་བའི་གུང་ཁྲན་རིང་ལུགས་གཅིག་ཡིན་སྟབས་འགག་རྩའི་འཕྲང་ལམ་གང་ཞིག་ལ་ཁོང་ཚོས་ཇི་ལྟར་གཡོལ་དགོས་མིན་དང་། གནད་དོན་གང་ཞིག་ཐད་ལ་ཁོང་ཚོར་འཇིག་ཉེན་གང་འདྲ་ཡོད་མེད། བྱ་དངོས་གང་འདྲ་ཞིག་ལ་འཐབ་ཇུས་ཇི་ལྟར་སྟོན་དགོས་མིན། གནད་དོན་གསར་པར་ཐག་གཅོད་ཇི་ལྟར་བྱེད་དགོས་མིན་སོགས་ལ་བྱང་ཆུབ་པའི་ཉམས་མྱོང་ཚད་ལྡན་བསགས་པའི་རྒྱ་དམར་གུང་ཁྲན་ཏང་ཞིག་ཡིན་སྟབས་ང་ཚོས་བཟང་ཕྱོགས་ཁོ་ནའི་ལམ་ནས་ཁོང་ཚོར་བཟང་པོ་བློས་འགེལ་གྱིས་རེ་བ་ཆེ་དྲགས་ན་མཐར་ང་ཚོ་ཕམ་ཉེས་འགྲོ་ངེས་ཡིན།

    ཁོང་ཚོར་ལོ་ངོ་སྟོང་ཕྲག་མང་པོའི་གོམས་འདྲིས་སྤྱི་དང་སྒོས་སུ་མི་ལོ་ ༢༥༠༠ གོང་གི་མེས་པོ་སུན་ཙེའི་དམག་དོན་བསྟན་བཅོས་ལས་བཤད་པ་ལྟར་གྱིས་མྱོང་བ་དང་གོམས་འདྲིས་བྱང་ཆ་ལྡན་པ་ཞིག་ཡོད།

    ང་ཚོར་ཡང་ལོ་ངོ་སྟོང་ཕྲག་མང་པོའི་གདོང་དམར་བོད་ཀྱི་མེས་པོ་སྤྱི་དང་ལྷག་ཏུ་དགོངས་པའི་གཏིང་དཔོག་པར་དཀའ་བའི་སྒམ་པོ་སྲོང་བཙན་གྱི་ཡུན་རིང་མྱོང་གོམས་གཅིག་ཡོད།

    ལོ་རྒྱུས་དང་། རླབས་ཆེན་མི་སྣ། མྱོང་བ། འཐབ་བྱུས། ཐག་གཅོད། དཔའ་མཛངས། རྟུལ་ཕོད། གནད་དོན། དབྱེ་ཞིབ། རྨང་གཞི། སྦྱོང་བརྡར་། ལག་བསྟར། དམིགས་ཚད། ཡུན་སྒུག ཚོད་བགམ། སྟོབས་ཤུགས། བློ་རིག་སོགས་ཕྱོགས་མང་པོར་རྒྱ་མཚོ་ལྟར་གཏིང་ཟབ་པའི་ཀླད་པའི་རྩ་ཕྲན་ཁྲི་སྟོང་མང་པོ་བཀོལ་སྤྱོད་བྱས་ཏེ་འོ་མའི་ཉིང་ཁུར་མར་འཕྱུངས་བ་ལྟར་བྱ་གཞག་ལའང་གྲུབ་འབྲས་སོན་རྒྱུར་དམིགས་འབེན་གྱིས་འཐབ་བྱུས་ཐད་ལ་རྩལ་དུ་བཏོན་དགོས།

    ལོ་ངོ་བརྒྱ་ཕྲག་བརྒལ་བའི་རིང་ནས་ད་བར་བོད་འདི་རེ་བས་ཕུང་ཡོད་ལ་རྒྱ་འདི་དོག་པས་རྒྱལ་ཡོད་སྟབས་སྤྱང་གྲང་དོད་པོ་དང་བློ་རིག་དངྭས་མོ་བྱོས།

    Reply
  5. Jampa says:
    ལོ་ 16 སྔོན།

    ངའི་རེ་བ་ལ་ཐེངས་འདིའི་དམར་ཤོག་ཚོང་འདུའི་སྐབས་སུ་ཝེན་ཅ་སྦའོའི་དམངས་གཙོའི་སྐོར་གྱི་གཏམ་བཤད་སྐོར་ལ་གྲོས་བསྡུར་བྱེད་པའི་རེ་བ་ཡོད།

    Reply
  6. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    རྒྱ་རྒན་འདིའི་ངོ་དཀར་ནོ་མ་གཏོགས་ཁོག་ནག་ནི་རེད་ལ།

    Reply
  7. ནགས་མཚོ says:
    ལོ་ 16 སྔོན།

    ཉིན་མ་དེ་རིང་ནས་རྒྱ་ཡི་དཔོན་རིགས་རྣམས་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་ཞིག་སྐྱེ་བར་ཤོག་

    Reply
  8. གནས་ཚང་། says:
    ལོ་ 16 སྔོན།

    སྐུ་ཞབས་ཞིས་ཅིན་ཕེན་གྱི་ཡབ་ཞིས་ཀྲུང་ཞུང་ནི་བོད་དང་ཤར་ཏིར་ཀི་སི་ཐན་ལ་རྒྱུས་ཡོད་མཁན་ཞིག་ཡིན་པར་མ་ཟད། སྣང་ར་དབང་ཆེན་མཆོག་གིས་སྣེ་ཁྲིད་པའི་མདོ་སྨད་གཅན་ཚའི་གྱེན་ལངས་ཞི་འགུགས་བདེ་འགོད་གནང་མཁན་ཡིན་པ་དང་། ཧུའུ་ཡའོ་པང་གི་བློས་ཐུབ་གྲོགས་པོ་ཉག་གཅིག་ཀྱང་ཡིན་པས། སྐུ་ཞབས་འདིར་རྒྱ་རིགས་དབུ་ཁྲིད་གཞན་ལས་གྲངས་ཉུང་མི་རིགས་ལ་མྱོང་གོམས་ཡོད་མཁན་ཞིག་ཡིན་སྟབས། ཚངམ་ལོས་ག་འདྲ་བྱས་ནས་མྱོང་གོམས་དེ་རིགས་ཡག་ཕྱོགས་སུ་བསྒྱུར་བ་དང་། དེ་ནས་ག་འདྲ་བྱས་ནས་ཕན་ཐབས་སུ་སྣེ་ཁྲིད་བྱེད་ཐུབ་ཀྱི་ཡོད་དམ། དྲ་མཁན་ལྷན་རྒྱས་ཀྱི་རྣམ་དཔྱོད་ལ་ཡིག་རྩལ་ཐེངས་ཤིག་ཅིས་མ་ཡིན། ད་ཕྲིས་ཡ། དྲ་མཁན་ཚོ། ད་ཤོད་ཡ། དྲ་མཁན་ཚོ།

    Reply
  9. མེ་སྟག says:
    ལོ་ 16 སྔོན།

    ཡང་རྒྱ་འདྲེ་དེ་ཚོས་ཇུས་ངན་གང་ཞིག་བཤམ་རྩེས་ཡོད་ན།

    Reply
  10. མེ་སྟག says:
    ལོ་ 16 སྔོན།

    ཡང་རྒྱ་འདྲེ་དེ་ཚོས་ཇུས་ངན་གང་ཞིག་བཤམ་རྩེས་ཡོད་ན།

    Reply
  11. རྒྱང་རིང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ད་ལོར་རྒྱ་ནག་ལ་ཡག་པོ་བྱས་ནས་ལྟོས་ཨ། ཁོང་ཚོས་སྐད་ཆ་གསར་པ་ཞིག་བཤད་ཚོད་འདུག་དཱ། ང་ཚོའི་གཞུང་ཕྱོགས་ནས་ཀྱང་གཟག་གཟག་བྱས་ནས་ཉན་རོགས་གནང་།དེ་ལུགས་ལྟར་ང་ཚོས་གྲ་སྒྲིག་བྱས་ཏེ་གོ་སྐབས་འཛིན་དགོས།

    Reply
  12. བཀྲ་ཤིས་འགྱུར་མེད། says:
    ལོ་ 16 སྔོན།

    རྒྱ་ནག་གིས་མི་རབས་གསར་པས་འགན་ཁུར་ནས་རྒྱ་ནག་གུང་ཁྲེང་གི་སྲིད་ཇུས་ལ་འགྱུར་ལ་ཞིག་གཏོང་རྒྱུའི་རེ་བ་བྱེད་མཁན་ཅི་འདྲའི་མང་པ་བཞིན་་་་་་་ང་ཚོའི་སྡ་སའི་སྐྱབས་བཅོལ་སྒྲིག་འཛུག་གི་སྲིད་ཇུས་ལ་ཡང་མི་རབས་གསར་པས་འགན་ཁུར་ནས་འཕོ་འགྱུར་གསར་པ་ཞིག་བྱེད་མ་ཐུབ་ན་་་་་་སྔོན་མ་བཞིན་ཀླད་རྙིང་མཁྲིག་འཛིན་བྱས་ནས་འདི་ལྟར་ལྷག་པ་ཡིན་ན་ད་དུང་ལོ་ལྔ་བརྒྱ་སོང་ཡང་ཡར་རྒྱས་གཏན་ནས་འགྲོ་མི་ཐུབ་་་་་་

    Reply
  13. ཚ་སྒམ་ཡེ་བསམ། says:
    ལོ་ 16 སྔོན།

    གནས་ཚུལ་འདིའི་ཐོག་ནས་ཁྱེད་ལ་ཚོར་སྣང་ཇི་ལྟར་ཞིག་སླེབས་སོང་ངམ། ཚོར་སྣང་འདིའི་བརྒྱུད་ནས་ཁྱེད་ཀྱིས་ཚོད་དཔག་ཅི་ཞིག་བླང་ཐུབ་བམ། དྲ་གྲོགས་ཚོ་ཁྱེད་ཀྱི་ཚོར་སྣང་དང་ཚོད་དཔག་གང་བྱུང་བ་ཡིག་ཐོག་ཏུ་དྲངས་ན་ག་འདྲ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese