མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་རིག་རྩལ་སྤྲོ་ཚོགས་དང་པོ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

མི་རིགས་ཀྱི་བླ་སྲོག་དང་བོད་མི་རིགས་ཀྱི་རིག་གཞུང་གི་བླ་སྲོག་ཏུ་གྱུར་བའི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་ཚོགས་པ་སྒྲིག་འཛུགས་ཞིག་གིས་བཤད་པ་ཙམ་མ་ཡིན་པར། སྤྱི་ཚོགས་དང་ཕ་མ། བོད་མི་མི་རེ་ངོ་རེ་རང་ངོས་ནས་དོ་སྣང་དང་འགན་འཁུར་བྱ་དགོས་པ་ཞིག་རེད་ཟེར།  

ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོར་བོད་སྐད་ཡིག་རྒྱུད་འཛིན་ཚོགས་པའི་གོ་སྒྲིག་འོག བཙན་བྱོལ་ནང་གི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་རིག་རྩལ་སྤྲོ་ཚོགས་ཐེངས་དང་པོ་དེ་བོད་གཞུང་ཟློས་གར་ཚོགས་ཁང་དུ་བསྡུས་ཡོད་ལ། སྐུ་མགྲོན་གཙོ་བོར་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་རྣམ་གཉིས་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ། ས་གནས་མི་མང་བཅས་འདུ་འཛོམས་བྱུང་ཡོད། སྤྲོ་ཚོགས་དེའི་ཐོག་མར་ཤེས་རིག་བཀའ་བློན་མཆོག་གིས་བོད་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ལས་གཞི་འདིར་བསྔགས་བརྗོད་དང་འབྲེལ་བོད་པ་མི་རེ་ངོ་རེ་ནས་སོ་སོའི་སྐད་ཡིག་ལ་བདག་གཅེས་ཀྱི་འགན་འཁྲི་ཡོད་སྐོར་གྱི་གཏམ་བཤད་གནང་ཡོད་ལ། དངོས་གཞིའི་སྟེང་ངྷ་སའི་ཡོངས་གླིང་སློབ་གྲྭ་དང་སཱ་ར་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་། ངྷ་ས་ཉེ་ཁུལ་བཅས་ཀྱི་གཞས་པ་སྐོར་ཞིག་གིས་བོད་སྐད་ཡིག་དང་འབྲེལ་བའི་གླུ་གཞས་དང་གཏམ་གླེང་། བོད་ཕྱི་ནང་གཉིས་སུ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ཐ་སྙད་ངོས་འཛིན་བཅས་གནང་ཡོད།   

 

ཤེས་རིག་བཀའ་བློན་མཆོག་གིས་གཏམ་བཤད་གནང་དོན། ད་ལྟའི་དུས་ཚོད་འདི་ནི་ང་ཚོའི་སྐད་ཡིག་ཧ་ཅང་ཉམ་ཆགས་སུ་འགྲོ་བཞིན་པའི་དུས་སྐབས་ཤིག་རེད། བོད་ནང་ལ་མཚོན་ན། རྒྱ་ནག་གིས་ཆེད་མངགས་ཀྱིས་ཉམ་ཆགས་སུ་གཏོང་གི་ཡོད་ལ། ཉམས་ཆག་གཏོང་རྒྱུ་དེ་ཁོང་ཚོའི་ལས་འགན་ཆགས་ཡོད་པ་རེད། ང་ཚོ་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་རང་དབང་ཡོད་པའི་དུས་སྐབས་འདིར་བོད་རང་གི་སྐད་ཡིག་ལ་བདག་པོ་མ་བརྒྱབ་ན། རྒྱ་མི་ལས་སྡུག་པ་རེད་ཅེས་བརྗོད་ཀྱང་མ་འགྲིག་པ་མི་འདུག་བསམ། རྒྱ་མིས་རྩ་མེད་དུ་གཏོང་བཞིན་པ་དེ་དམིགས་ཡུལ་ཞིག་གི་སྒོ་ནས་གཏོང་གི་ཡོད་ཀྱང་། ང་ཚོས་ལས་འགན་དེ་བོད་ཀྱི་སྐད་ཡིག་རྒྱུད་འཛིན་དང་བདག་པོ་རྒྱག་རྒྱུ་དེ་རེད། ང་ཚོ་བཙན་བྱོལ་དུ་ཡོང་དོན་ཡང་བོད་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་རང་དབང་མེད་སྟབས། དེ་དག་གི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཡོང་དགོས་བྱུང་བ་རེད། ང་ཚོ་འདིར་སླེབས་ཏེ་རང་གི་སྐད་དང་ཡི་གེར་དོ་སྣང་མ་བྱས་པ་ཡིན་ན། ཧ་ཅང་ཐབས་སྐྱོ་བོའི་གནས་ཤིག་རེད། ཅེས་གསུངས་སོང་།

 

ཡང་ཁོང་གིས། ང་ཚོའི་བོད་སྐད་ཡིག་དེ་ང་ཚོ་རང་གི་སྐད་ཡིག་ཡིན་པའི་ཐད་ནས་བདག་པོ་རྒྱག་དགོས་པ་ཞིག་དང་། འཛམ་གླིང་ཁྱོན་ཡོངས་སུ་མཁོ་གལ་ཆེན་པོ་ཞིག་ཆགས་ཡོད་པའི་ཆ་ནས་དེ་ནི་འཛམ་གླིང་ལ་ཞལ་འདེབས་ཆེན་པོ་ཞིག་རེད་བསམ་གྱི་ཡོད། རྒྱ་གར་ལ་མཚོན་ན། སྟོད་ལ་དྭགས་ནས་ཨ་སཱམ་བར་བོད་ཀྱི་སྐད་ཡིག་དེ་ཕལ་སྐད་ལྟར་ཤུགས་ཆེར་བེད་སྤྱོད་བྱེད་ཀྱི་ཡོད་ལ། སོག་པོ་དང་རྒྱ་གར་སོགས་རིག་གཞུང་གཅིག་པ་རྣམས་ལའང་གལ་ཆེན་ཆགས་ཡོད། དེ་བཞིན། རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་མང་པོའི་ནང་ཆེད་དུ་རིག་གཞུང་ཞིབ་འཇུག་གི་སྡེ་ཚན་བཙུགས་ཏེ་སློབ་སྦྱོང་དང་ཉམས་ཞིབ་བྱེད་ཀྱི་ཡོད་སྟབས། ང་ཚོས་བོད་ཡིག་བོད་སྐད་དེ་རང་གི་སྐད་ཡིག་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་དགོས་གལ་ཆེན་པོ་ཞིག་ཡིན་པ་ཤེས་པར་བྱས་ཏེ། མི་རིགས་ཀྱི་བླ་སྲོག་དང་བོད་མི་རིགས་ཀྱི་རིག་གཞུང་གི་བླ་སྲོག་ཏུ་གྱུར་བའི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་ཚོགས་པ་སྒྲིག་འཛུགས་ཞིག་གིས་བཤད་པ་ཙམ་མ་ཡིན་པར། སྤྱི་ཚོགས་དང་ཕ་མ། བོད་པ་མི་རེ་ངོ་རེ་ནས་དོ་སྣང་དང་འགན་འཁུར་བྱ་དགོས་པའི་རེ་བ་དང་འབོད་སྐུལ་ཡང་གནང་བྱུང།

མཇུག་མཐར་༼ སྐད་ཡིག ༽ ཚགས་པར་གྱི་རྩོམ་སྒྲིག་པ་འབྲོག་རུ་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་དང་སྦྲགས། བོད་སྐད་ཡིག་རྒྱུན་འཛིན་ཚོགས་པའི་དམིགས་ཡུལ་གཙོ་བོ་བོད་རང་གི་བླ་སྲོག་ཏུ་གྱུར་བའི་སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་བྱ་ཆེད་ཡིན་སྐོར་བཅས་ངོ་སྤྲོད་དང་འབྲེལ། བོད་པའི་སྐད་ཡིག་རྒྱུན་འཛིན་གོང་སྤེལ་གྱི་གལ་ཆེའི་རང་བཞིན་དང་། མ་འོངས་པར་བོད་པ་མི་རེ་ངོ་རེས་བོད་སྐད་གཙང་མ་ཞིག་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐད་འབད་འབུང་བྱ་དགོས་པའི་འབོད་སྐུལ། གཞུང་དང་ཚོགས་པ་ཁག་གིས་ཀྱང་བོད་སྐད་ཡིག་དང་འབྲེལ་བའི་ལས་དོན་ཐད་བསམ་བློའི་རྒྱབ་སྐྱོར་དང་། དཔལ་འབྱོར་གྱི་རོགས་སྐྱོར་སོགས་གནང་སྐྱོང་ཡོང་བའི་རེ་བ་ཡང་བཏོན་སོང་།

 

བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ནི།  ༢༠༠༥ ལོའི་ཟླ་ ༧ པའི་ཚེས་ ༦ ཉིན་བོད་ནས་གསར་དུ་འབྱོར་བའི་ཆོལ་གསུམ་བོད་མི་གཞོན་སྐྱེས་ཁག་ཅིག་གིས་བལ་ཡུལ་སྣེ་ལེན་ཁང་ནས་དང་བླངས་ཐོག་གསར་འཛུགས་གནང་ཞིང་། ད་ལྟའི་ཆར་ཨ་རི་དང་ཐེ་ཝན་གཙོས་རྒྱ་བལ་འབྲུག་གསུམ་ནང་ཚོགས་མི་ ༧༠ ལྷག་ཡོད་འདུག འདས་པའི་མི་ལོ་ལྔའི་རིང་ཚོགས་པ་འདིས་དཔལ་འབྱོར་གྱི་དཀའ་ངལ་ལ་མ་འཛེམས་པར་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་བགྲོ་གླེང་དང་ཟབ་སྦྱོང་། སྐད་ཡིག་གི་ཉིན་མོ་སྲུང་བརྩི་སོགས་ཀྱིས་ལས་འགུལ་སྤེལ་ཡོད་པ་མ་ཟད། ཉེ་ལམ་བོད་གཞུང་བཀའ་ཤག་གཙོས་ལྷན་ཁག་ཁག་བདུན་དང་སློབ་གྲྭ། དགོན་སྡེ་ཁག  གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ ༡༤༠ ཙམ་ལ་བོད་ཡིག་བེད་སྤྱོད་ཁྱབ་གདལ་དང་བོད་སྐད་གཙང་མ་བཤད་དགོས་པའི་ཐད་ལ་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་འདུག ༢༠༠༧ ལོ་ནས་བཟུང་༼ སྐད་ཡིག༽ ཚགས་པར་ཟླ་རེར་ཐེངས་གཉིས་རེར་རྒྱ་བལ་འབྲུག་གསུམ་གཙོས། ཨ་རི་དང་ཡུ་རོབ་སོགས་སུ་འགྲེམ་སྤེལ་བྱེད་ཀྱིན་ཡོད།  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༤ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 10

  1. ngawang says:
    ལོ་ 16 སྔོན།

    ལོ་ངོ་སྟོང་ཕྲག་སྔོན་གྱི་ཕ་མེས་ཀྱིས་བཞག་པའི་བཟང་པོའི་ཡོན་ཏན་གྱི་རྒྱུད་པ་དུས་རབས་ཉེར་གཅིག་པ་དེར་ཆད་པར་དོགས་པས་སོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དྲན་ནོ།

    Reply
  2. ཚང་མ། says:
    ལོ་ 16 སྔོན།

    བོད་ནང་སྐད་ཡིག་སྲུང་སྐྱོབས་ཐད་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང།
    འདི་ག་ངེད་ཅག་ནས་ཚོགས་འདུ་ར་ཚོགས་ཏེ་གཞས་ཞབས་བྲོ་འཁྲབ་པའི་ལུགས་སྲོལ་འདི་སྐུ་ངོ་དེ་དག་གི་ལམ་དང་ལུགས་སྲོལ་མིན་ནམ།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    སྐད་ཡིག་རིག་གནས་དང་འབྲེལ་བའི་ལས་དོན་དན་ནམ་ཚོགས་འདུ། བགྲོ་གླེང་སོགས་ལ་སྐད་ཡིག་གནས་རིག་གནས་ཀྱི་ཆེད་ལས་མི་སྣ་དང་ཆེད་མཁས་པ་གདན་ཞུས་ཀྱིས་གསུང་བཤད་དང་ཁོ་ཚོའི་ཉམས་མྱོང་གསུང་གི་བཅུག་ན། བཤད་རྒྱུ་དང་ཉན་རྒྱུ་གཉིས་ཀ་ཡོད་པ་རེད།
    ང་ཚོའི་བཙན་བྱོལ་ནང་དུ་སྤྱིར་བཏང་གི་བགྲོ་གླེང་དང་ཚོགས་འདུ། ཆེད་དོན་གླེང་སློང་སོགས་གང་སར་དཔོན་པོ་དང་བླ་མ་རེ་གདན་ཞུས་ཀྱིས་༼གསུང་བཤད་༽གནང་གི་འཇུག་གིན་འདུག འདིའི་དོན་ཅི་ཡིན་ཤེས་མ་སོང་། ངས་འདི་ལྟར་བཤད་པ་ནི་བྨ་དཔོན་ལ་མི་དགའི་བའི་རྣམ་འགྱུར་བཟུང་བ་མིན། དེ་དོན་དག་དང་འབྲེལ་བ་ཆེར་མི་འདུག་བསམས་པ་ཡིན།

    སྐད་ཡིག་སྲུང་སྐྱོབ་ཚོགས་པས་གོ་སྒྲིག་གནས་བའི་བགྲོ་གླེང་ཚོགས་འདུ་འདི་བཞིན་གང་ལེགས་ལེགས་དང་ཚགས་ཚུད་པོ་བྱུང་སོང་སྙམ་པས་དགའ་ཡོད། སླད་ནས་ཀྱང་ཡར་རྒྱས་གོང་སྤེལ་བྱ་ཐུབ་པའི་རེ་བ་ཆེ་ནས་ཆེ་རུ་བྱས་ཡོད་ལགས།

    Reply
  4. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 16 སྔོན།

    སྐད་ཡིག་ཚོགས་པའི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
    ལས་འགུལ་འདི་རྒྱུན་སྲིང་ཐུབ་པ་ཞིག་ཅི་ནས་ཀྱང་འབད་བརྩོན་གནང་རོགས་ཞུ་རྒྱུ་དང་རྒྱུ་རྐྱེན་འདྲ་མིན་དབང་གི་ལས་དོན་དཀའ་ངལ་འཕྲད་སྲིད་ཀྱང་སྙིང་སྟབས་ཆེརསྐྱེད་ནས་མུ་འཐུད་དུ་ཡུན་གནས་ཡོང་བར་བདག་གི་སྨོན་ཚིག་ཡོད།

    Reply
  5. མདོ་ལའི་འཁྱམས་པོ། says:
    ལོ་ 16 སྔོན།

    སྐད་ཡིག་རྒྱུན་འཛིན་ཚོགས་པས་ལས་འགུལ་འདི་འདྲར་སྤེལ་པར་རྗེས་སུ་ཡུན་རིང་དང་རྒྱབ་སྐྱོར་གཙང་མ་ཡོད། ཐུགས་རྗེ་ཆེ། མུ་མཐུད་ནས་ལས་འགུལ་གང་མང་སྤེལ་གནང་ཡོང་བའི་རེ་མདུན་ཞུ།

    Reply
  6. རང་དབང་ཕོ་ཉ། says:
    ལོ་ 16 སྔོན།

    སྤྱིའི་ཆ་བྱ་འགུལ་འདི་རིགས་ཡག་པོ་ཡིན་ཀྱང༌། དོན་དངོས་སུ་ཚོགས་པ་ཆེ་ཆུང་འདྲ་མིན་གཙུགས་ཏེ་རང་གི་མདུན་ལམ་འཚོལ་ཆེད་ལས་མ་འདས། ང་ཚོའི་འདས་ཟིན་པའི་སྐབས་འཚོལ་བ་དག་ལ་བལྟས་དུས་རང་དོན་སྒྲུབ་ས་འདྲ་པོ་ཆགས་ཡོད་པ་ཤེས་གསལ་རེད། ལོ་གཅིག་ལོ་གཉིས་རྗེས་ནས་ཚོགས་པ་སྒོ་བརྒྱབ་མ་དངུལ་རག་པ་ཁུར་གྱིས་ཕྱིན་པའི་ལོ་རྒྱུས་ཉུང་ཉུང་བརྟན་མ་རེད། ཚང་མས་གཟབ་དགོས་ཡ།

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    སྤྱིར་རྗེས་སུ་ཡི་རིང་དང་ཐུགས་རྗེ་ཆེ་ཞུ་དགོས་ངེས་རེད།
    འོན་ཀྱང་ངའི་གཤེས་ཀ་འདི་རང་ཉིད་ལ་ཚོ་ལ་བ་གང་ཞིག་བྱུང་བརྗོད་རྒྱུ་མ་གཏོགས་
    བརྗོད་བྱེད་དང་གང་བརྗོད་པར་བྱ་བ་སྙན་མོ་སོགས་ལ་གཙོ་འདོད་མི་བྱེད་ལ་བྱེད་ལྱང་མི་ཤེས།

    ངའི་སེམས་ཚོལ་ལ་་་་་་་ང་ཚོ་བོད་ཀྱི་སྐད་ཡིག་ ཁྲབས་སྟོན་ལྟ་བུ་ཞིག་དུ་འགྱུར་རྒྱུའི་འགོ་རྩམ་ཡོང་གིན་འདུག་པའི་ཚོལ་བ་ཞིག་ངང་གིས་ཡོང་གིན་འདུག

    འདི་འདྲ་ཞིག་དུ་མི་གྱུར་བར་ཤོག

    Reply
  8. རང་རྟོན། says:
    ལོ་ 16 སྔོན།

    ཧ་ཅང་རིན་ཐང་ཅན་དང་གཟི་བརྗིད་ཅན།འགན་ཁུར་ཅན་གྱི་བྱ་འགུལ་རང་བཞིན་གྱི་རིག་རྩལ་སྤྲོ་ཚོགས་འདི་ནི་ངོ་མ་འུ་ཚང་གི་མིའི་སྤྱི་ཚོགས་སུ་ཁ་ཚ་དགོས་གཏུག་དང་གནད་ལ་འཁེལ་བའི་ལས་འགུལ་ཞིག་རེད་འདོད་ལ།མི་རེ་རེར་འགན་རེ་ཡོད་པ་ནང་བཞིན་བོད་མི་ཚང་མས་བོད་སྐད་གཙང་མ་ཞིག་བཤད་དགོས་པ་ནི་དེ་བས་ཀྱང་གལ་ཆེན་ཞིག་རེད།ཁྱེད་ལ་མི་རིགས་དགོས་ན་སྐད་ཡིག་ཀྱང་ངེས་པར་དུཤེས་དགོས་ནི་རེད།སྐད་ཡིག་དང་མི་རིགས་གཉིས་ངོ་བོ་དབྱེར་མེད་ཀྱི་ཆོས་སུ་གྲུབ་པས་བྱ་ཐབས་མེད།དེའི་ཕྱིར།འུ་ཚོ་ཚང་མས་རང་ཉིད་ཀྱིས་རང་ཉིད་ཀྱི་འགན་ཁུར་ནས་རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་ན་བཞུར་གྱིན་པའི་སྐད་ཆ་དེའང་བོད་སྐད་གཙང་མ་ཞིག་བྱེད་ཨེ་ཐུབ་ལ་འབད་དགོས་པར་འདོད།

    Reply
  9. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    སྐད་ཡིག་ཚོགས་པའི་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
    ད་ལྟའི་བར་ཟབ་སྦྱོང་གནང་ས་དེ་གྲྭ་ས་ཁག་དང་བོད་མི་འདུས་སྡོད་མི་འབོར་ཆེ་སའི་ས་གནས་ཁག་ཡིན་པས་དེ་ཚོ་བོད་སྐད་མཉམ་ཆགས་ལས་བོད་སྐད་བསྲུང་སྐྱོབས་བྱས་པ་བཟང་གི དེ་ཡིན་དུས་ད་ནས་བཟུང་སྐད་ཡིག་ཉག་ཕྲ་ས་རྡོ་རྗེ་གླིང་དང་ཀ་ལུམ་ཕུག་སོགས་ལ་ལས་འགུལ་རེ་རྩོམ་ཐུབ་ན་ཕན་ཐོགས་ཆེ་པོ་ཡོངས་ངེས་རེད་ཅེས་རེ་བསྐུད་ཞུ་བ་ལགས།

    Reply
  10. ཚང་མ། says:
    ལོ་ 16 སྔོན།

    ལོ་ངོ་ལྔ་བཅུའི་དེ་རིང་བོད་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་རིག་རྩལ་སྤྲོ་ཚོགས་དང་པོ་
    ཚོགས་ཐུབ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་ཚོགས་བཅར་བ་དང་སྐུ་ངོ་ཡོངས་ནས་བོད་སྐད་གཙང་མ་ཞིག་གྱོན་པས་པར་ཞུ་ཞུ་………………
    …xxx……………………………………………..

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese