མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོཊ་ཆེན་སྙན་ཐོ་ལག་བསྟར་གནང་ཕྱོཊ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་སྔ་དྲོ་བོད་མི་མང་སྤྱི་འཐུས་ཚོགས་དྲུང་གིས་ཉེ་ཆར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྟེང་གི་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་དོན་ཚན་ཁག་ལག་བསྟར་གནང་ཕྱོགས་ཐད། གསར་འགོད་གསལ་བསྒྲགས་ཤིག་འགྲེམས་སྤེལ་བྱས་པའི་ནང་། གྲོས་ཚོགས་ནང་གྲོས་ཆོད་བཞག་པ་ལྟར། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་དོན་ཚན་སོ་སོ་དབྱེ་གསེས་ཀྱིས་བཀའ་ཤག་ཁྱབ་ཁྱོངས་ལས་ཁུངས་ཁག་དང་བཅས་པར་འབྲེལ་ཆགས་ཆབ་སྲིད་དང་འབྲེལ་བའི་སྐོར་དོན་ཚན་ ༡༢ དང༌། མང་གཙོ་འཕེལ་རྒྱས་སྐོར་དོན་ཚན་ ༣ ཆོས་དང་རིག་གཞུང་སྐོར་དོན་ཚན་ ༩ ། གཞིས་ཆགས་སྲ་བརྟན་སྐོར་དོན་ཚན་ ༢༥ ། དཔལ་འབྱོར་སྐོར་དོན་ཚན་ ༡༢ ། ཤེས་ཡོན་སྐོར་དོན་ཚན་ ༢༥ ། བོད་དོན་དྲིལ་བསྒྲགས་སྐོར་དོན་ཚན་ ༡༡ ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཁ་འཐོར་བོད་མིའི་སྐོར་དོན་ཚན་ ༥ ། འཕྲོད་བསྟེན་སྐོར་དོན་ཚན་ ༡༣ བཅས་ད་ལམ་ཟླ་ ༡༠ ཚེས་ ༡ ཉིན་བཀའ་དྲུང་ཡིག་ཚང་དུ་ཕུལ་ཟིན་པ་དང༌། དེ་བཞིན་འོས་བསྡུ་ལས་ཁང་དང་འབྲེལ་ཆགས་དོན་ཚན་བཞི་གོང་ཚེས་ཉིན་འོས་བསྡུ་ལས་ཁང་ལ་འབུལ་ལམ་ཞུས་ཟིན།

 

སྤྱི་འཐུས་ལྷན་ཚོགས་དང་འབྲེལ་ཆགས་ཆབ་སྲིད་སྐོར་དོན་ཚན་གཉིས་དང༌མང་གཙོའི་སྐོར་དོན་ཚན་ ༢༠ ། བཀའ་སྤྱི་ཐུན་མོང་ལ་འབྲེལ་བ་ཆགས་པའི་དོན་ཚན་ ༥༣ བཅས་ཡོད་པ་རྣམས་ཁུངས་སོ་སོར་ཟུར་འདོན་འབུལ་ལམ་ཞུས་ཡོད་ཅིང༌། གོང་གསལ་གནད་དོན་ཁག་གི་སྐོར་ཁུངས་སོ་སོ་ནས་ཐག་གཅོད་ལག་བསྟར་ཅི་བྱས་ཁ་གསལ་བྱུང་མཚམས་གསལ་བསྒྲགས་གནང་རྒྱུ་དང་། ཚོགས་ཆེན་གྱི་མཚན་ཐོག་ནས་ཐད་ཀར་གནང་དགོས་རིགས་ཕྱག་བསྟར་ཟིན་པ་ཁག་ནི། ཆབ་སྲིད་དང་འབྲེལ་བའི་དོན་ཚན་དང་པོ། ྋགོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་ཡིན་པའི་སྐོར་བཀའ་སློབ་གནང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན། དེ་འདྲའི་དགོངས་བཞེས་ནམ་ཡང་མི་མཛད་པའི་སྙན་ཞུ་ཚོགས་ཆེན་འདི་བརྒྱུད་འབུལ་རྒྱུར་སྤྱི་མོས་བྱུང་སྐོར་མཇུག་བསྡོམས་མཛད་སྒོར་ ྋགོང་ས་མཆོག་ལ་སྙན་སྒྲོན་ཞུས་སྐབས། ྋགོང་ས་མཆོག་གིས་ཟབ་གསལ་བཀའ་སློབ་ལམ་སྟོན་སྤྱི་སྩོལ་མཛད་ཟིན་པ་བརྒྱུད་ལམ་ཁག་ནང་ཐོན་པ་ཡོངས་གྲགས་ལ་བརྟེན། ཟུར་དུ་གསོལ་འདེབས་ྋསྙན་ཞུ་འབུལ་ལམ་ཞུ་མ་དགོས་པ་གནང་ཡོད།

 

མང་གཙོ་འཕེལ་རྒྱས་སྐོར་གྱི་དོན་ཚན་དང་པོའི་འབྲུ་དོན་བཞིན། སྤྱི་འཐུས་ལྷན་ཚོགས་ནས་ྋགོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དང༌། མ་འོངས་པར་ཡང་མང་གཙོ་འཕེལ་རྒྱས་གཏོང་རྒྱུའི་ཐོག་མུ་མཐུད་བཀའ་སློབ་དུས་ནས་དུས་སུ་སྩོལ་གནང་ཡོང་བའི་གསོལ་འདེབས་ཀྱི་མཚན་འཁོད་ྋསྙན་ཞུ་ཞིག་ཀྱང་འབུལ་ལམ་ཞུས་ཡོད། ཆབ་སྲིད་དང་འབྲེལ་བའི་དོན་ཚན་ ༡༩ པ་དང༌། བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་དོན་ཚན་ ༤ པ་ལྟ་བུ་མང་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཐུགས་སྣང་གཞེན་སྐུལ་གྱི་དོན་ཚན་རྣམས་འབྲེལ་ཆགས་སོ་སོས་ཐུགས་སྣང་དང་ཉམས་ལེན་གནང་རྒྱུར་འདི་ནས་བསྐྱར་དུ་སྐུལ་མ་ཞུ་བཞིན་ཡོད། ཞེས་བཀོད་འདུག

 

བསྡུ་སྒྲིག་བྱེད་མཁན། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༢ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༢ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༤ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༤ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese