མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༡༢ ལོའི་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་བདུན་པའི་རྒྱུན་ལས་ཚོགས་འདུ་ཐེངས་ལྔ་བ་དེ་ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༡༨ བར་སྐོང་ཚོགས་བྱས་པ་དང་འབྲེལ་ཏེ། རྒྱལ་སྤྱིའི་ཐོག་ཚོད་དཔག་སྣ་ཚོགས་ཤིག་ཡོང་བཞིན་ཡོད་ལ། ཚོགས་ཐོག་དེར་རྒྱ་ནག་གི་འབྱུང་འགྱུར་༼ ལོ་ལྔ་ཚན་བཅུ་གཉིས་པའི་འཆར་གཞི། ༽ ཞེས་པའི་དཔལ་འབྱོར་འཕེལ་ཕྱོགས་འཆར་འགོད་དང་། དམར་ཤོག་ཚོགས་པའི་མ་འོངས་པའི་མགོ་ཁྲིད་འདེམ་སྟངས། དེ་བཞིན། ཚན་རིག་དང་མཐུན་པའི་དཔལ་འབྱོར་འཛུགས་སྐྲུན་ལས་གཞི་སོགས་ཀྱི་སྲིད་བྱུས་གཏན་འབེབས་བྱས་ཡོད། གཞན། ཐེངས་འདིའི་ཚོགས་ཐོག་ཏུ་ད་ལྟའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞཱི་ཅིན་ཕིན་རྒྱ་ནག་དམར་ཤོག་གི་དམག་སྤྱི་གཞོན་པར་བསྐོ་བཞག་བྱས་ཡོད་ཅིང་། དེ་ནི་རྒྱ་ནག་གི་མ་འོངས་པའི་སྲིད་འཛིན་དུ་ལམ་ཁ་བཟོས་པ་ཤིག་ཡིན་འདུག སྲིད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིའི་རྒྱ་ནག་གི་ཚོགས་ཆེན་དང་འབྲེལ་ཏེ་དཔྱད་ཞིབ་བྱས་པ་ལྟར་ན། ༢༠༡༣ ལོར་ཞཱི་ཆིན་ཕིན་རྒྱ་ནག་གི་སྲིད་འཛིན་དང་ལི་ཁེ་ཆིང་སྲིད་བློན་དུ་བསླེབ་རྒྱུ་ཡིན་པ་ཁ་ཚོན་བཅད་དེ་རྗོད་ཀྱི་ཡོད།

 

འདི་གའི་གསར་འགོད་པའི་གོང་གི་གནད་དོན་དེ་དག་ཐད། བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རེའི་ནང་ཚོགས་ཆེན་ཐེངས་རེར་སྐོང་འཚོགས་གནང་གི་ཡོད་པ་ལྟར། འདི་ལོའི་ཚོགས་ཆེན་དེ་རྒྱ་ནག་གི་འཐུས་མི་ལྷན་འཛོམས་ཀྱི་ཚོགས་ཆེན་ཐེངས་ལྔ་པ་དེ་ཆགས་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་སྟེང་། དང་པོ། རྒྱ་ནག་གི་ལོ་ལྔ་ཚན་བཅུ་གཅིག་པའི་འཆར་གཞི་མཇུག་སྒྲིལ་ལ་ཉེ་སྟབས། འཆར་གཞི་བཅུ་གཉིས་པའི་ནང་རྒྱ་ནག་སྤྱི་ཡོངས་ཀྱི་དཔལ་འབྱོར་འཕེལ་ཕྱོགས་གང་འདྲ་ཞིག་བརྒྱུད་དགོས་མིན་གྱི་འཆར་འགོད་དང་། གཉིས་པ། རྒྱ་ནག་གི་མ་འོངས་པའི་མགོ་ཁྲིད་གདམ་སྟངས་ཀྱི་སོགས་རེད། གནད་དོན་གཙོ་བོ་ཞིག་ལ་ཐེངས་འདིའི་ཚོགས་ཐོག་ནས་ད་ལྟའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞཱི་ཅིན་ཕིན་རྒྱ་ནག་གི་དམག་དོན་སྤྱི་ཁྱབ་པ་གཞོན་པར་བདམས་པ་རེད། ཅེས་དང་།

 

ཁོས་མུ་མཐུད་དོན། རྒྱ་ནག་གི་མགོ་ཁྲིད་རིམ་པའི་བརྗེ་སྤོར་ལྟར། ཐེངས་འདིའི་ཚོགས་ཐོག་ནས་ཞཱི་ཅིན་ཕིན་ ༢༠༡༢ ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་ཡིན་པ་གསལ་བོར་ཆགས་ཡོད་པ་རེད། ཡིན་ནའང་། སྔོན་མ་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པའི་ཐོག་ཧུའུ་ཅིན་ཐའོ་ལ་དམར་ཤོག་ཚོགས་པའི་དམག་དོན་སྤྱི་ཁྱབ་པ་གཞོན་པར་བསྐོ་བཞག་བྱས་ཡོད། ཕྱི་ཕྱོགས་ཀྱི་གནས་ཚུལ་དཔྱད་བརྗོད་པ་ཚོས། སྔར་ལོའི་ཚོགས་ཆེན་སྟེང་ཞཱི་ཅིན་ཕེན་དམར་ཤོག་ཚོགས་པའི་དམག་སྤྱི་གཞོན་པ་ཆགས་མ་ཐུབ་པ་དེ། རྒྱ་ནག་གི་མགོ་ཁྲིད་ནང་ཁུལ་གྱི་དབང་ཆ་འཕྲོག་རྩོད་ཁྲོད་ཞཱི་ཆེན་ཕིན་ཧུའུ་ཅིན་ཐའོ་ཡིས་དགའ་མོས་བྱེད་སའི་དཔོན་རིགས་ཤིག་མིན་པ་མ་ཟད། ཅཱང་ཙེ་མིན་ཕྱོགས་གཏོགས་ཀྱི་མི་ཆགས་ཡོད་སྟབས་སྐབས་དེར་ཁོང་དམག་སྤྱི་གཞོན་པའི་གོ་གནས་མ་སྤྲད་པ་ཡིན་ཚུལ་བརྗོད་ཀྱི་ཡོད། གང་ལྟར། ཚོགས་ཆེན་འདི་ལས་ང་ཚོས་རྒྱ་ནག་ནང་ཤོག་ཁག་དང་དབང་ཆ་འཕྲོག་རྩོད་ཀྱི་འགལ་ཟླ་མང་པོ་ཞིག་ཡོད་ཀྱང་། དམར་ཤོག་ཚོགས་པའི་ཁེ་ཕན་གྱི་ཐོག་ནས་གཅིག་གིས་གཅིག་ལ་བརྒྱུད་སྤྲོད་ཐུབ་པ་དེ་གལ་ཆེན་དུ་བརྩི་གྱིན་ཡོད་པ་དང་། གལ་སྲིད། དེ་ལྟར་བརྒྱུད་སྤྲོད་མ་ཐུབ་པར་འགྱུར་བ་ཆེན་པོ་ཞིག་བཏང་བ་ཡིན་ན། ཁེ་ཕན་ལ་བསམ་བློ་གཏོང་མཁན་གྱི་ཚོགས་སྡེ་ཁག་གི་ཁེ་ཕན་བརླག་པའི་ཉེན་ཁ་ཡོད་པའི་དབང་གིས་སྲིད་དབང་གཅིག་གྱུར་ཡོང་གི་ཡོད་པ་གསལ་བོ་རེད། ཅེས་དང་།

 

ཡིན་ནའང་ཚོགས་ཆེན་འདིའི་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཕྱིན་ཡོད་པ་ནི། འདས་པའིི་ལོ་སུམ་བཅུའི་ཡར་སྔོན་གྱི་རྒྱ་ནག་གི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དེས་ཁོར་ཡུག་གཏོར་བཤིག་དང་། ཐོན་ཁུངས་འཕྲོ་བརླག་ཏུ་བཏང་བའི་དཔལ་འབྱོར་འཛུགས་སྐྲུན་ཞིག་ཆགས་ཡོད་པ་དང་། སྣང་ཚུལ་དེ་དག་གིས་རྒྱ་ནག་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཡོད་སྟབས། མ་འོངས་པར་དཔལ་འབྱོར་འཛུགས་སྐྲུན་དང་མཉམ་དུ་ཁོག་ཡུག་འཛུགས་སྐྲུན་བྱ་དགོས་པ་མ་ཟད། རྒྱལ་ཁབ་སྟོབས་ཆེན་ཆགས་པ་དང་བསྟུན་ཏེ་མི་མང་གི་འཚོ་བ་ཡང་ཕྱུག་འགྱུར་གྱི་ལམ་དུ་འཇུག་དགོས་པའི་སྲིད་བྱུས་གཏན་འབེབས་བཟོས་ཡོད་པ་རེད། ཐེངས་འདིའི་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་གྱི་སྒྲོམ་གཞི་དེར་འཛམ་གླིང་ཕྱིའི་རྒྱལ་ཁབ་ཁག་གིས་ཀྱང་འགྱུར་བ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད་པ་རེད། འོན་ཀྱང་། ཆབ་སྲིད་ཕྱོགས་ནས་ད་ལྟའི་ཆབ་སྲིད་ཀྱི་ལམ་ལུགས་སྲ་བརྟན་བྱེད་པའི་ཐོག་ནས་བསྒྱུར་བཅོས་གཏོང་རྒྱུ་ཡིན་ཞེས་བསྐྱར་ཟློས་ལྟ་བུ་བྱས་ཡོད་སྟབས། ཕྱི་ཕྱོགས་ཀྱི་མི་མང་པོ་ཞིག་གིས་ཆབ་སྲིད་ཀྱི་ཐད་ནས་ཐེངས་འདིའི་ཚོགས་ཆེན་སྟེང་དོན་འབྲས་གང་ཡང་སོན་མེད་པར་ངོས་འཛིན་བྱེད་བཞིན་འདུག དེར་བརྟེན། ང་ཚོ་བོད་པ་ཚོས་ངོས་ནས་ཀྱང་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་བལྟ་རྒྱུ་མ་ཡིན་པར། ཆབ་སྲིད་དང་ཕྱོགས་གཞན་པ་མང་པོ་ཞིག་ཏུ་ཉེན་ཁ་ཆེན་པོ་ཡོད་པ་ཤེས་དགོས་པ་རེད། ཅེས་བརྗོད་བྱུང།

 

ཡང་ཁོང་གིས་ཞཱི་ཅིན་ཕིན་གྱི་ཁྱིམ་རྒྱུད་དང་འབྲེལ་མ་འོངས་པར་ཞཱི་ཅིན་ཕིན་སྲིད་འཛིན་ཆགས་ཚེ་བོད་ཀྱི་གནད་དོན་ཐོག་སྲིད་བྱུས་གང་འདྲ་འཛིན་མིན་ཐད་བརྗོད་དོན། ཞཱི་ཅིན་ཕིན་གྱི་ཨ་ཕ་ཞཱི་ཀྲོང་ཞོན་ནི། རྒྱ་ནག་དམར་ཤོག་གི་མགོ་ཁྲིད་བྱས་རྗེས་ཅན་ཞིག་ཡིན་ལ། ཁོང་པཎ་ཆེན་རིན་པོ་ཆེ་དང་སྒེར་གྱི་འབྲེལ་བ་ཡོད་མཁན་ཞིག་རེད། འོན་ཀྱང་ ༡༩༦༢ ལོར་ཆབ་སྲིད་འཐབ་རྩོད་ཀྱི་ལས་འགུལ་ཁྲོད་དམར་ཤོག་ཚོགས་པ་ལས་ཕྱིར་ཕུད་བཏང་སྟེ། ལོ་ ༡༦ རིང་བཙོན་ཁང་དུ་འདུག་དགོས་བྱུང་ཡོད། ༡༩༧༨ ལོར་བཙོན་གྲོལ་ཐོབ་རྗེས་ཀོང་ཏུང་མངའ་སྡེ་རུ་ལས་ཀ་བྱས་ཏེ། ཕྱི་ཕྱོགས་སུ་བཅོས་བསྒྱུར་སྒོ་འབྱེད་དང་ཕྱི་ཕྱོགས་སུ་ཁ་ཕྱོགས་མཁན་གྱི་མི་སྣ་དང་པོ་དེ་ཆགས་ཡོད་པར་མ་ཟད། དཔལ་འབྱོར་འཛུགས་སྐྲུན་ས་ཁུལ་གསར་འཛུགས་སོགས་ཀྱི་ལས་ཀ་ཤུགས་ཆེར་བྱས་འདུག ཞཱི་ཀྲོང་ཞོན་དང་ཧུའུ་ཡོ་པང་ཚོགས་སོགས་ཀྱིས་དམར་ཤོག་ཚོགས་པའི་ནང་བསམ་བློ་གུ་ཡངས་ཅན་དང་། བོད་དང་འབྲེལ་བའི་ཆབ་སྲིད་ཀྱི་ཐད་ལ་གུ་ཡངས་བྱེད་ཐུབ་མཁན་གྱི་མི་མང་པོ་དང་འབྲེལ་བ་ཡོད་པར་མ་ཟད། བོད་ཀྱི་བླ་མ་དང་ཆབ་སྲིད་ཀྱི་མགོ་ཁྲིད་སོགས་ལ་དམིགས་བསལ་འབྲེལ་བ་ཡོད། དེ་འདྲའི་ཕ་རྒན་ཞིག་གི་ཁྱིམ་ཚང་ནས་འཚར་ལོངས་བྱུང་མཁན་ཞིག་ཡིན་པའི་ཆ་ནས་ཁོང་ལ་བག་ཆགས་ཤིག་ཡོད་རྒྱུ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། ཕྱི་ཕྱོགས་ཀྱི་དཔྱད་བརྗོད་པ་ཚོས། ཞཱི་ཅིན་ཕིན་དམར་ཤོག་རང་གི་ཁྱིམ་དུ་འཚར་ལོངས་བྱུང་བ་དང་། ལྷག་པར་དུ་ཁོང་གི་ལས་ཀ་དང་པོ་དམག་ཁོངས་མགོ་བཙུགས་པ་ཡིན་སྟབས། ཁོང་སྲིད་འཛིན་ཆགས་ཚེ་རྒྱ་ནག་གི་སྲིད་བྱུས་ནང་དམག་མིའི་དབང་ཤུགས་ཆེན་པོ་ཆགས་རྒྱུ་ཡིན་ཚུལ་དང་། གལ་ཏེ། དེ་ལྟར་ཆགས་པ་ཡིན་ན་རྒྱ་ནག་གི་དམག་དོན་ཐད་ནས་ཕྱི་ཕྱོགས་ལ་དྲག་པོ་དང་མཁྲེགས་འཛིན་ཇེ་ཆེར་ཕྱིན་ཏེ། ཆབ་སྲིད་གུ་ཡངས་ཅན་དང་དམངས་གཙོ་ཅན་དུ་འགྱུར་བར་དཀའ་ངལ་འཕྲད་ངེས་ཡིན་སྐོར་རྗོད་མཁན་ཡང་ཡོད། འོན་ཀྱང་ང་རང་གིས་བསམ་ན། ཁོང་གི་ཨ་ཕ་དང་༸པཎ་ཆེན་རིན་པོ་ཆེ་སོགས་ཀྱི་འབྲེལ་བ་དང་། ཁྱིམ་ཚང་གི་ཤུགས་རྐྱེན་སོགས་ཀྱིས་དབང་གིས་བོད་ཀྱི་ཐོག་གནད་དོན་ཐོག ཧུའུ་ལས་ཅུང་དྲག་གི་རེད་བསམ་གྱི་ཡོད། ཅེས་བརྗོད་བྱུང་།

 

ཐེངས་འདིའི་རྒྱ་ནག་གི་ཚོགས་ཆེན་དེའི་ཐད། རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་དག་གིས། རྒྱ་ནག་གིས་མ་འོངས་པར་རྒྱ་ནག་ནང་ཁུལ་གྱི་དབུལ་ཕྱུག་ཆ་སྙོམས་དང་མཚོ་ངོགས་གཉིས་ཀྱི་རྒྱ་རིགས་འཆམ་མཐུན་མཉམ་གནས་ཡོང་ཐབས་བཅས་ཀྱི་ཐད་སྲིད་བྱུས་གཏན་གནང་བར་མ་ཟད། ཐེངས་འདིར་ཞཱི་ཅིན་ཕིན་དབུས་དམག་དོན་སྤྱི་ཁྱབ་པ་གཞོན་པར་བསྐོ་བཞག་བྱས་ཏེ། ༢༠༡༢ ལོར་ཞཱི་ཅིན་ཕིན་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་དབུ་ཁྲིད་དང་། སྲིད་བློན་གཞོན་པར་ལི་ཁི་ཆཱང་བསླེབ་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད་ལ། གལ་སྲིད། ༢༠༡༢ ལོར་ཞཱི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་མ་བྱུང་ཚེ་རྒྱ་ནག་ནང་ཁུལ་གྱི་མཐོ་རིམ་དཔོན་རིགས་བར་ལ་འགལ་བ་འབྱུང་སྲིད་པའི་ཉེན་ཁ་ཡོད་ཚུལ་སོགས་རྗོད་ཀྱི་ཡོད།

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 10

  1. ནོར་འཛིན་དོན་འགྲུབ། says:
    ལོ་ 15 སྔོན།

    ཧ་ཧ་་ཧ་སྲིང་འཛིན་དམར་པོ་ཞིག་ཡང་སླེབས་པ་འདྲ་་་་་་་་་་་་་་་་་དང་ཐོག་བུ་ཆུང་ང་སེམས་པ་ཕམ་སོང་ལ་ཁོང་ཁྲོ་ཀྱང་ལོང་སོང་རེད་དེ་ང་ཚོས་མཁས་དབང་སེང་གེ་དྲན་པ་རེ་བ་དང་སེམས་ཤུགས་དེ་ལས་ཆེ་

    Reply
  2. ནོར་འཛིན་དོན་འགྲུབ། says:
    ལོ་ 15 སྔོན།

    ཁོང་ཁོས་ན་ཡག་པོ་འདུག་་ཁོང་ནི་བོད་དང་འབྲེལ་ཡོད་པའི་མི་ལེགས་པོ་རེད་བསམ་གྱིས་ཡོད་།

    Reply
  3. གུ་རུ། says:
    ལོ་ 15 སྔོན།

    མི་དེ་ཚོས་མ་འོང་པར་ག་རེ་བྱེད་ཡོང་གང་ཤེས།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གསར་འགོད་པས་བཅར་འདྲི་བྱེད་ས་ནོར་མི་འདུག སྐུ་ངོ་མཆོག་གིས་གསོལ་ཇ་ཡང་མ་བཞེས་པར་གསུང་ལན་བཀྱོན་འདུག

    Reply
  5. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    རེ་བ་མེད་ན། ཐོབ་པ་དང་ཤོར་འགྲོ་རྒྱུ་ཅི་ཞིག་ཡོད།
    འཇིག་རྟེན་བལྟོས་གྲུབ་ལ་མཚོན་ནའང་རེ་བ་ཡོད་དགོས་ཕྱིར་བོད་མི་རྣམས་ཀྱིས་རེ་བ་རྒྱག་ཆོག་ངེས་ཡིན།
    འདས་ཟིན་པའི་བྱ་བ་གཅིག་ཉེས་སོང་དུས།
    ཡོད་ཚད་དེ་ལ་ཁག་ངན་འགེལ་ན་
    གནས་ལུགས་ལྡན་པ་ཞིག་ཨེ་ཡིན་སོམ་ཤིག
    གང་ལྟར་བོད་མི་རྣམས་ཀྱི་རེ་བ་ཡག་ཉེས་ཚང་མ་བདག་སྐྱོང་དགོས་ལ།
    དེའི་ཞོར་དུ་རང་རང་ལ་འགན་འཁྲི་གང་ཡོད་པ་དེ་རྩ་བ་ནས་བརླག་མི་རུང་།
    འདི་གལ་ཆེ་འོའ།།།

    Reply
  6. མགར་ནེ་ཙོ། says:
    ལོ་ 15 སྔོན།

    ཧ་ཧ། དངོས་གནས་དགོད་བྲོ་བ་ཞིག་ལ་རེ་བ་ནི་རེ་བ་རང་རེད། ཞཱི་ཆིན་ཕིན་གྱི་ཕ་རྒན་པཎ་ཆེན་རིན་པོ་ཆེ་ཡི་གྲོགས་པོ་ཡིན་ཡང་། བུ་དང་ཕ་རྒན་ནི་གང་ཟག་སོ་ཡིན། བུ་ཡིས་ཕ་རྒན་གྱི་ཚབ་བྱེད་མི་ཐུབ་ལ། ཕ་ཡིས་བུ་ཡི་ཚབ་བྱེད་མི་ཐུབ་པ་ནི་དམར་ཕྱོགས་ཚོགས་པའི་རྩ་བའི་རང་ལུགས་རེད།

    Reply
  7. གཡག་རྒོད། says:
    ལོ་ 15 སྔོན།

    བུ་གླེན་པས་ཕ་ཡི་ཀླད་པ་བརྟོལ། ཞེས་འཇིག་རྟེན་རྒན་པོའི་ཁ་དཔེ་ལྟར། བོད་པ་ཚོ་ཅི་འདྲའི་གླེན་རྟགས་ཚ་བ་ལ། བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས་པ་དངོས་གནས་རེད། སྔ་མར་ཧའུ་ཅིང་ཐའུ་བོད་རང་སྐྱོང་ལྗོངས་གི་ཀྲུ་ཞི་བྱེད་མྱོང་བའི་རྒྱུ་མཚན་གྱིས་བོད་ལ་རེ་བ་ཡོད་རབས་བརྗོད་མཁན་མང་པོ་བྱུང་ཡོད། འོན་ཀྱང་འགྱུར་བ་ག་རེ་ཐེབས་སོང༌། ད་དུང་ཁོང་གིས་ནུབ་ཕྱོགས་པ་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ནུབ་ཕྱོགས་པའི་ལམ་སྲོལ་ཅན་གྱི་མང་གཙོ་ཆགས་རྒྱུ་ནམ་ཡང་རེ་བ་མ་བྱེད་ཅེས་ཁ་རྡུང་དྲག་པོ་བཏང་ཡོད་པར་ང་ཚོས་ཐེངས་གཅིག་དྲན་གསོ་གཏོང་དགོས་གི། ཞི་ཅིང་ཕིན་ཡང་དེ་འདྲ་ལས་མ་འདས། ཞི་ཅིང་ཕིན་གྱི་དམར་ཕྱོགས་ཀྱི་ལྟ་བ་དང༌། རྒྱ་མི་རིགས་ཀྱི་ཞེན་འགོག བོད་པར་སྡང་པོ་བྱེད་རྒྱུ་བཅས་ནི་ཧའུ་ཅིང་ཐའུ་ལས་སྡུག་པ་ལས་ཡག་ག་ཅིག་གཏན་ནས་མེད། ཞི་ཅིང་ཕིན་ལ་བྱང་སེམས་ལ་ཇི་ལྟར་ཆེ་ཡང་བོད་འདི་ཁོས་ནམ་ཡང་གློད་མི་སྲིད། དེ་ལས་རང་རང་སོ་སོའི་ངོ་ནས་རྒྱ་རྒན་འདི་ཚོས་བོད་དོན་ལ་ལག་པ་མ་འཆང་རང་འཆང་བྱེད་དགོས་པ་ཞིག་བཟོ་ཨེ་ཐུབ་བལྟ་དགོས། འདི་ལས་གལ་ཆེ་བ་ཞིག་མེད་སྙམ།

    Reply
  8. གྲྭ་རྒོད says:
    ལོ་ 15 སྔོན།

    ཁ བཤད་ཇི་འདྲ་ཞིག་བྱས་ཀྱང་ཕན་ཐོག་མེད།དོན་ངེས་ཐོག་རང་རེས་བོད་པ་ཚང་གི་ལག་ལེན་ལ་རེག་ལས་ཡོད།དེ་ཡང་རང་གི་སྐད་དང་ཡི་གེ་གོམ་གཤེས་སོགས་ཡར་རྒྱས་གཏོང་དགོས་རེད།གསར་བཟོ་འཛུག་བསྐྲུན་སོགས་མེད་པར་གཞན་གྱི་འགྱུར་བ་ཁོ་ནས་ང་ཚོ་ལ་དེ་ཙམ་ཕན་དཀའ།

    Reply
  9. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    རྒྱ་ནག་དམར་ཤོག་ཚོགས་པར་གཞི་རིམ་གྱི་འགྱུར་བ་ཐེབས་མིན་བཤད་པ་ཡིན་ན། དེ་ནི་རགས་པའི་ཚོད་དཔག་ཅིག་རེད། འོན་ཏེ། ཞི་ཅིན་ཕིན་གྱི་ལས་དོན་བྱེད་ཕྱོགས་ལ་ཕ་རྒན་གྱི་ཤུགས་རྐྱེན་ཡོད་མ་ཆོག་པ་གང་ཡང་མ་རེད། གཞི་རྩའི་གནད་དོན་ལྟེ་བ་ནི། དམར་ཤོག་ཚོགས་པ་རང་ལ་འགྱུར་བ་ཐེབས་མིན་དེར་ཐུག་ཡོད་པ་ལས། མི་གཅིག་གི་ཤུགས་རྐྱེན་ལ་དེ་ཙམ་གྱི་འབྲེལ་བ་ཞིག་ཆགས་ཀྱི་མེད། དེ་ནི་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་ལས་མཐོང་ཐུབ་པ་ཞིག་རེད་སྙམ་དུ་འདོད།

    དམར་ཤོག་ཚོགས་པའི་གྲུབ་ཆར་བལྟས་པ་ཡིན་ན། ཞིང་པ། ཤེས་ཡོན་ཅན། རྒས་ཡོལ་མི་སྣ། བཟོ་བ་བཅས་ནི་གྲུབ་ཆ་ཆེ་ཤོས་དག་རེད། དམར་ཚོགས་ལ་ཁྱོན་བསྡོམསཚོགས་མི་ཁྲི་ ༧༣༣༦ ཡས་མས་ཡོད་ཁོངས་སུ། ཤེས་ཡོན་ཅན་གྱི་ཚོགས་མིའི་གྲངས་འབོར་དེ་ཁྲི་ ༢༡༣༤ ཡས་མས་ཀྱི་སྐད་ཆ་རེད། དེ་ཚོའི་བསམ་སྤྱོད་གཉིས་ཀར་འགྱུར་བ་ཞིག་ཐེབས་པ་ཡིན་ན། དེ་ནས་དམར་ཤོག་ཚོགས་པར་གཞི་རྩའི་འགྱུར་བ་ཐེབས་ཀྱི་རེད། དེ་མཚམས་ནས་བོད་དོན་ཙམ་མ་ཡིན་པར། རྒྱ་ནག་མི་་དུང་ཕྱུར་བཅུ་གྲངས་ཆ་ཚང་ལ་བདེ་སྐྱིད་ཀྱི་ནམ་ཟླ་ཞིག་ཤར་རྒྱུའི་རེ་བ་བྱས་ཆོག་པ་ལས། དེ་མིན་མི་གཅིག་ལག་གཅིག་གིས་དམར་ཤོག་གི་གནས་སྟངས་ལ་འགྱུར་བ་ཐེབས་དཀའ་ཚོད།

    ད་ཆར་ཤུགས་ཆེའི་གླེང་སློང་གི་གནད་དོན་གཅིག་ནི། སྲིད་བློན་ཝུན་ཅ་པོས་རྒྱ་ནག་མི་དམངས་ཀྱི་སེམས་ཕུགས་ཀྱི་དམངས་གཙོ་ནི་འགོག་ཐབས་ཡོད་པ་མ་རེད་ཅེས་སོགས་ཀྱི་གཏམ་བཤད་དག་རེད། དམངས་གཙོའི་འགྱུར་བ་ཞིག་གི་ལམ་ནས། གཟོད་་བོད་ཀྱི་གནད་དོན་ལའང་རེ་བ་ཞིག་འཆར་བའི་ཚོད་དཔག་བྱས་ཆོག་གི་རེད་སྙམ་དུ་འདོད་ལགས་སོ།།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    བོད་མི་འདི་ཚོ་ཅི་འདྲའི་གླེན་རྟགས་ཆེ་བ་ལ། སྔར་ཡང་རེ་བ་བརྒྱབས་པ་རེད། ད་དུང་ཡང་རེ་བ་ཆེན་པོ་ཞིག་རྒྱགས་བཞིན་འདུག དེ་ཡང་ཉིས་སྟོང་བཅུ་གཉིས་ལ་རེད། དེ་ལས་གནས་བབ་ཀྱི་སྐད་ཆ་དང་རྒྱུ་མཚན་གྱི་བརྡར་བྱ་གཅོད་ཐུབ་པ་ཡིན་ན་ཅི་མ་ཧུད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese