དེ་རིང་རྒྱ་ནག་རྒྱལ་ཡོངས་སུ་མི་གྲངས་རྩེས་བཤེར་གྱི་ལས་དོན་གཞི་རྒྱ་ཆེན་པོ་ཞིག་སྤེལ་གྱིན་ཡོད་ཅིང་། དེ་ནི་རྒྱ་ནག་དབུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་དང་། སྲིད་བློན་གཞོན་པ་ལི་ཁེ་ཆང་གི་བཀོལ་འདོམ་འོག ལས་བྱེད་ས་ཡ་དྲུག་ལྷག་གཞི་རིམ་དུ་བསྐྱོད་དེ། དེ་རིང་ཕྱི་ཚེས་ ༡ ནས་ ༡༠ བར་གྱི་ཉིན་གྲངས་བཅུའི་རིང་རྒྱ་ནག་རྒྱལ་ཡོངས་ཀྱི་མི་གྲངས་རྩིས་བཤེར་བྱ་བ་ཡོངས་སུ་མཇུག་བསྒྲིལ་འཆར་ཡོད་འདུག
རྒྱ་ནག་གིས་ལོ་བཅུ་རེའི་མཚམས་སུ་མི་གྲངས་རྩིས་བཤེར་བྱེད་ཀྱིན་ཡོད་ཅིང་། ཕྱི་ལོ་ ༡༩༦༠ ལོར་རྩིས་བཤེར་ཐེངས་དང་པོ་བྱས་ཡོད་ཅིང་། ད་ལོ་ནི་ཐེངས་དྲུག་པ་དེ་ཆགས་ཡོད་འདུག ཐེངས་འདིའི་མི་གྲངས་རྩིས་བཤེར་གྱི་མཇུག་འབྲས་ལོ་རྗེས་མའི་ཕྱི་ཟླ་ ༤ ཙམ་ལ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། ཐེངས་འདིར་རྒྱ་ནག་གི་དུད་ཁྱིམ་ས་ཡ་ ༤༠༠ ལྷག་ལ་ཞིབ་བཤེར་གཞི་རྩར་བཟུང་སྟེ། རྒྱ་ནག་ཏུ་སྡོད་པའི་ཧོང་ཀོང་དང་ཐེ་ཝན་སོགས་རྒྱལ་ཁབ་གཞན་གྱི་མི་རིགས་དག་ལའང་ལོགས་སུ་རྩིས་བཤེར་བྱ་འཆར་ཡོད་འདུག
མི་འབོར་གྲངས་བཤེར་ཇི་ལྟར་བྱེད་ཀྱི་ཡོད་དམ། ཁོ་ཚོས་ཕྱི་ཕྱོགས་སུ་ཡོད་པའི་སྐྱབས་བཅོལ་པ་རྣམས་ཀྱི་ཐེམ་ཐོ་སུབ་འཆར་ཡོད་དམ།
འདིས་ནི་ད་ལྟའི་རྒྱ་ནག་གི་མི་སེར་སྤེལ་ཡུལ་ཆེ་རུ་གཏོང་བའི་ངན་བྱུས་དེ་ལྷུང་ལ་འབུད་ཐབས་བྱེད་ཀྱོན་ཡོད་པ་རེད།