མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མ་ལགས་ཐུཊ་རྗེ་ཆེ། བོད་ཁྱིམ་ལགས་བཀའ་དྲིན་ཆེ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡ ཉིན་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་བོད་ཁྱིམ་སློབ་ཟུར་རྣམས་ཐེངས་དང་པོར་ལྷན་འཛོམས་དང་མ་འོངས་པའི་ལས་དོན་བྱེད་ཕྱོགས་ཐད་གྲོས་བསྡུར་བྱས་ཡོད།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་ངྷ་སྟེང་དང་ངྷ་ཤོད། སུ་ཇཱ། གྷོ་པལ་པུར། ཅོང་ཏ་ར། ལ་དྭགས། སྦེལ་ཀོབ་སོགས་བོད་ཁྱིམ་སློབ་གྲྭ་ཁག་ནས་སློབ་མཐར་ཕྱིན་པའི་བོད་ཁྱིམ་སློབ་ཟུར་རྣམས་ཐེངས་དང་པོར་ལྷན་འཛོམས་ཚོགས་འདུ་ཚོགས་ཡོད་ལ། ལྷན་འཛོམས་ཚོགས་འདུའི་སྟེང་ད་ལྟ་བཞུགས་སྒར་ཁུལ་དང་ལྷོ་གཞིས་ཁག བལ་ཡུལ། ཡུ་རོབ་ཁུལ་དང་ཨ་རི་སོགས་སུ་གནས་སྡོད་བྱེད་ཀྱིན་པའི་བོད་ཁྱིམ་གྱི་སློབ་ཟུར་ལྔ་བརྒྱ་ ༥༠༠ ལྷག་འཛོམས་ཡོད།

ཉིན་དེའི་སྔ་དྲོར་ངྷ་སྟེང་བོད་ཁྱིམ་སློབ་ཟུར་ཚོགས་པས་གོ་སྒྲིག་འོག ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་བོད་ཁྱིམ་ལགས་ཐུགས་རྗེ་ཆེ་ཞེས་པའི་ངྷ་ས་ཉེ་ཁུལ་གྱི་བོད་ཁྱིམ་སློབ་ཟུར་ཁག་གི་བུ་དང་བུ་མོའི་ལག་རྩེད་སྤོ་ལོའི་རྩེད་འགྲན་ལས། མཇུག་མཐའི་རྟིང་རྩོད་ཀྱི་འགྲན་བསྡུར་བྱས་ཡོད་ལ། བུ་མོའི་རྩེད་འགྲན་དེ་སུ་ཇཱ་བོད་ཁྱིམ་སློབ་ཟུར་དང་མེག་གྷན་བོད་ཁྱིམ་སློབ་ཟུར་གཉིས་ཀྱིས་འགྲན་བསྡུར་བྱས་ཏེ། མཇུག་མཐར་སུ་ཇཱ་སློབ་ཟུར་གྱི་སྐར་གྲངས་ ༡༩  དང་མེག་གྷན་སློབ་ཟུར་གྱི་སྐར་གྲངས་ ༡༧ བཅས་བླངས་ཏེ་སུ་ཇཱ་སློབ་ཟུར་ལ་ཨང་དང་པོ་ཐོབ་པ་དང་། བུའི་རྩེད་འགྲན་སྐབས་གྷོ་པལ་པུར་སློབ་ཟུར་དང་མེག་གྷན་སློབ་ཟུར་གཉིས་བར་རྩེད་འགྲན་བྱས་ཏེ། གྷོ་པལ་པུར་གྱིས་སྐར་གྲངས་ ༣༢ དང་མེག་གྷན་གྱིས་སྐར་གྲངས་ ༢༧ བཅས་བླངས་ཏེ་གྷོ་པལ་པུར་ལ་ཨང་དང་པོ་ཐོབ་ཡོད།  

ཉིན་རྒྱབ་སློབ་ཟུར་རྣམས་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ལྷན་འཛོམས་ཐོག ཨ་མ་རྗེ་བཙུན་པདྨ་མཆོག་ཕེབས་ཏེ་བཀའ་སློབ་གསུང་བཤད་གནང་ཡོད་ལ། སྐབས་དེར་ཨ་མ་མཆོག་གིས་སློབ་ཟུར་རྣམས་ལ་སློབ་ཟུར་ཚོགས་པ་འདི་ལྟ་བུ་ཞིག་དགོས་ཀྱི་འདུག་ཅེས་སྔོན་མ་ནས་ཞུས་བསྡད་ཡོད་ནའང་། སློབ་ཟུར་ཚོགས་པ་རེད་ཟེར་བ་ཙམ་གཙོ་བོ་མིན་པར་གཙོ་བོ་བོད་སྤྱིའི་དོན་དུ་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད་ལ། ཚོགས་པ་འདིའི་ནུས་པ་ཆེ་ཤོས་བོད་སྤྱི་བའི་རྩ་དོན་ཐོག་སྤུངས་ཐུབ་དགོས་ཞེས་དང་། ཡང་ཁོང་གིས་སྤྱིར་མི་སུ་ཡིན་རུང་སོ་སོ་རང་གི་ཁེ་ཕན་དེ་ཨང་དང་པོར་བརྩི་བ་རེད་མོད། རྒྱ་ཆེ་ས་ནས་རང་གི་སྤྱི་ཚོགས་ལ་བསམ་བློ་བཏང་སྟེ། སྤྱི་ཚོགས་ཀྱི་ལས་དོན་ཚགས་ཚུད་པོ་ཡོང་བར་འབད་རྒྱུ་དང་། སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་ཐུབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

 

ཁོང་གིས་ད་དུང་། དེང་སྐབས་བོད་ཁྱིམ་གྱི་སློབ་ཟུར་ཁག་ཅིག་སྤྱི་ཚོགས་ནང་བསླེབས་རྗེས་ཆང་རག་དང་ཐ་མག  མྱོས་རྫས་སོགས་སྤྱོད་པ་དང་། མི་གཞན་གྱི་ཅ་ལག་སོགས་རྐུ་འཁྱེར་བྱེད་ཀྱིན་པའི་གནས་ཚུལ་ཡང་ཡོང་གི་ཡོད་སྟབས། བོད་ཁྱིམ་སློབ་ཟུར་རྣམས་ཀྱིས་དེའི་རིགས་ལ་རོགས་རམ་དང་སློབ་གསོ་བརྒྱབ་སྟེ། ཁོང་ཚོས་མ་འོངས་པར་དེ་ལྟ་བུའི་བྱ་སྤྱོད་རིགས་སྤང་ཐུབ་པ་དང་སྤྱི་ཚོགས་ལ་གནོད་གཞིའི་ལས་ཀའི་རིགས་མཚམས་འཇོག་བྱ་ཐུབ་པ་ཞིག་བྱ་རྒྱུར་ཤུགས་རྒྱག་དགོས་ཞེས་དང་། མཇུག་མཐར། བོད་ཁྱིམ་གྱིས་སློབ་ཟུར་སུ་ཡིན་རུང་ཉིན་རེའི་རང་གི་ལས་དོན་ལ་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད་ལ། ལས་དོན་གང་བྱས་ཀྱང་༸གོང་ས་མཆོག་གི་བཀའ་སློབ་ཕེབས་བསྡད་པ་རྣམས་སེམས་ལ་འཇགས་པ་དང་། ཁོང་གི་གསུང་བཤད་ཁག་དང་ཕྱག་རྩོམ་ཁག་བཀླགས་ཏེ། ངེས་ཤེས་རྙེད་པ་ཞིག་བྱ་རྒྱུ་དེ་བས་ཀྱང་གལ་ཆེན་པོ་རེད་ཅེས་གསུངས་ཡོད།

ལྷན་འཛོམས་དེའི་ཐོག་བརྒྱད་ཅུ་གྱ་གྲངས་ནང་གི་སློབ་ཟུར་ཁག་ཅིག་གིས་ཨ་མ་ལགས་སུ་ད་ལྟའི་བར་བོད་ཕྲུག་ཁྱིམ་སྡེའི་སློབ་མ་རྣམས་རང་གི་བུ་བཞིན་བྱམས་བརྩེས་བསྐྱངས་དང་སྐྱོང་བཞིན་པར། བཀའ་དྲན་རྗེས་དྲན་གྱི་ཚུལ་དུ་དམིགས་བསལ་གཟེངས་རྟགས་ཤིག་ཕུལ་ཡོད་ལ། ཡང་སློབ་ཟུར་ཡོངས་ཀྱིས་ཨ་མ་ལགས་སུ་མ་འོངས་པར་ཁོང་གི་འཁྲུངས་སྐར་གྱི་ཉིན་མོ་སྲུང་གཙི་ཞུ་རྒྱུ་ཡིན་སྐོར་ཞུས་ཀྱང་། ཨ་མ་ལགས་ཀྱིས་དེ་ལ་རྩ་བ་ནས་ངོས་བཞེས་མེད་པ་མ་ཟད། ད་དུང་ཁོང་གིས། ངའི་འཁྲུངས་སྐར་གྱི་ཉིན་མོ་སྲུང་གཙི་བྱེད་ཀྱིན་ཡོད་ཟེར་ནས་ཐུགས་སྤྲོ་བཏང་སྟེ། འགྲོ་སོང་མང་བོ་ཞིག་གཏོང་བ་དང་སྤྲོ་སྐྱིད་ལ་རོལ་བ་ལས། ཚེས་བཟང་དུས་བཟང་དེ་འདྲར་ས་གནས་གང་སར་ཡོད་པའི་རྒན་གསོ་ཁང་གི་རྒས་འཁོགས་རྣམས་ལ་ཞལ་ལག་འབུལ་བ་དང་ཞབས་ཞུ་བསྒྲུབ་རྒྱུ་གལ་ཆེན་པོ་རེད་ཅེས་ལམ་སྟོན་གནང་སོང་།

 

ལྷན་འཛོམས་དེའི་རྗེས་སློབ་ཟུར་རྣམས་ཀྱིས་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་སྐབས། སློབ་ཟུར་ཁག་ཅིག་གིས་ཨ་མ་ལགས་བོད་ཁྱིམ་གྱི་སློབ་ཟུར་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་སྟབས། མ་འོངས་པར་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ངེས་པར་དུ། ལས་དོན་ཞིག་བསྒྲུབ་དགོས་ཀྱི་འདུག ཅེས་བསམ་ཚུལ་ཤུགས་ཆེར་བསླེབས་པ་ལྟར། མཐའ་མར་ཚོགས་ཐོག་དེར་ཞུགས་པའི་སློབ་ཟུར་རྣམས་ཀྱིས་ཧིན་སྒོར་ ༡༧༡༤༧ དང་བལ་སྒོར་ ༥༠༠། ཨ་སྒོར་ ༡༠ དང་ཡུ་རོབ་ ༥ བཅས་བསྡུ་རུབ་བྱས་ཏེ། ཨ་མ་ལགས་ཀྱི་དགེ་རྩ་ཚོགས་པ་འཛུགས་གཏན་འཁེལ་ཡོད།

ངྷ་ས་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་མི་བསོད་ནམས་དབང་འདུས་ལགས་ཀྱིས། ཨ་མ་ལགས་ཀྱི་ཐེབས་རྩ་འཛུགས་རྒྱུ་དེ་དམིགས་ཡུལ་གཙོ་བོ་མིན་པར། སྐྱོབ་གསོའི་མ་དངུལ་བསྡུ་རྒྱུ་དེ་རེད་ལ། ཨ་མ་ལགས་ཀྱིས་ཁོང་གི་འཁྲུངས་སྐར་སྲུང་གཙི་ལས་རྒས་འཁོགས་དང་ཉམས་ཐག་ལ་རོགས་སྐྱོར་བྱ་དགོས་པ་རེད་གསུངས་པ་ལྟར། སྐྱོབ་གསོའི་མ་དངུལ་འདིས་མ་འོངས་པར་བོད་ཁྱིམ་ཙམ་མིན་པར། བོད་མིའི་སྤྱི་ཚོགས་ནང་གང་ཞིག་ཏུ་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་བྱ་དགོས་ན། དེ་རུ་འགྲོ་གྲོན་གཏོང་རྒྱུའི་དམིགས་འདུན་ཡོད་ཅེས་འདི་གའི་གསར་འགོད་པར་བརྗོེད་བྱུང་།

གསར་འགོད་པ། ཨ་རིག་འགྱུར་མེད།  

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 13

  1. འཇིག་རྟེན་ says:
    ལོ་ 15 སྔོན།

    ྲྲྲྲངའི་མི་ཚེའི་དགའ་སྐྱོ་འདྲེ་མ་ལ་་ཆེས་ཐུགས་ཁུར་གནང་བའི་དྲིན་ཆེན་ཨ་མ་ལས་ལྷག་བའི་བྱམས་བརྩེ་དང་སྙིང་ཉེ་བའི་བྱམས་ལྡན་ལེགས་ཁྱེད་ལ་ཚེ་རིང་ནད་མེད་ཡོངས་བར་སྨོན་།་

    Reply
  2. གངས་ལྗོངས། says:
    ལོ་ 15 སྔོན།

    ཉེ་དུས་ངོས་ནས་བོད་ཁྱིམ་སློབ་ཕྲུག་རྙིང་པ་ཁག་ཅིག་སྐད་ཆ་བཤད་པའི་བརྙན་འཕྲིན་ཞིག་མཐོང་བྱུང་བ།་ཁོང་ཚོའི་བོད་སྐད་ནི་བོད་མདོ་དབུས་ཁམས་གསུམ་གང་ལ་མ་ཚུད་པའི་སྐད་ཆ་ཤོད་སྟངས་ཧ་ཅང་གི་སྐྱོ་པོ་འདུག་་་ཁོ་ཚོ་མི་རྒན་ཆགས་ཟིན་ཏེ་སྤྱི་ཚོགས་མི་འདྲ་བའི་ནང་ལས་འགན་ཡོད་པ་ཤ་སྟག་ཡིན་གྱི་རེད།
    ཁོང་ཚོ་སོ་སོའི་སྐད་ཆ་ཤོད་སྟངས་ཐབས་སྡུག་དེ་འདྲ་ཞིག་ཤོད་ཀྱི་ཡོད་ན།་རང་ཉིད་ཀྱི་ཕྲུ་གུ་ལ་བོད་སྐད་ག་འདྲ་སློབ་ཀྱི་ཡོད་དམ་བསམ་པའི་བློ་ཕམ་དང་སྐྱོ་གདུང་དྲག་པོ་བྱུང།་བཙན་བྱོལ་ནང་འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་ཚོའི་བོད་སྐད་རྒྱབ་སྟངས་ལ་ཁྱེད་རྣམ་པས་དོ་་སྣང་བྱུང་ཡོད་ཀྱི་རེད།་བསམ་ཚུལ་ཡོད་ན་འདོན་པར་ཞུ།་

    Reply
  3. སྒོ་བུ་གྲགས་པ། says:
    ལོ་ 15 སྔོན།

    ཨ་མ་ལགས། བོད་གངས་ཅན་རྣམས་ཀྱི་ཆེད་དུ་སྐུ་ཚེ་བརྟན་པར་ཤོག ཁྱེད་ཀྱི་ལོ་ཟླ་རེ་རེའི་ནང་གི་མཛད་འཕྲིན་ལ་ངེད་བོད་གངས་ཅན་རྣམས་ཀྱི་རྗེས་སུ་ཡི་རང་བྱེད་བཞིན་ཡོད། མ་འོངས་པར་ཡང་ཁྱེད་ཀྱི་མཛད་འཕྲིན་གྱི་ཉི་མའི་འོད་ཟེར་ཕྱོགས་བཅུར་རྒྱས་ངེས་ཡིན་ལ། ཁྱེད་ཀྱི་བཀའ་དྲིན་ཡང་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བརྗེད་མི་སྲིད་པ་ཞིག་རེད། ད་དུང་ཁྱེད་ཀྱིས་ང་ཚོའི་རེ་བ་ལྟར་སྐུ་ཚེ་ཡུན་དུ་བརྟན་དགོས། ང་ཚོས་ཀྱང་ཁྱེད་ཀྱི་ཆེད་དུ་སྨོན་ལམ་དང་ཁྱེད་ཀྱིས་ལམ་སྟོན་ཐོག་ལ་འབད་བརྩོན་བྱེད་ངེས།

    Reply
  4. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    ཨ་མ་ལགས་ཐུགས་རྗེ་ཆེ། བོད་ཕྲུག་ཁྱིམ་སྡེ་ལགས་ཧུར་བརྩོན་གྱིས།

    Reply
  5. ཚེ་རིང། says:
    ལོ་ 15 སྔོན།

    ཨ་མ་རྗེ་བཙུན་པད་མར་ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་ཡིན་མོད། བོད་ཀྱི་གོམས་གཤིས་དང་། སྐད་ཡིག་ལ་མཐོང་མེད་པ་དེ་སེམས་སྐྱོ་དགོས་པ་ཞིག་རེད། བོད་ནང་སློབ་ཚན་ཚང་མ་བོད་ཡིག་ཐོག་སྦྱང་རྒྱུའི་གོ་སྐབས་མ་རག་པར། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་བོད་ནང་ནས་སློབ་མ་མང་པོ་ཞིག་རྒྱ་གར་དུ་ཡོང་བ་དང་། ཚང་མ་བོད་ཁྱིམ་སློབ་གྲྭར་གཏོང་གི་ཡོད་པ་རེད་མོད། བོད་ཀྱི་སྐད་ཡིག་ལ་དོ་སྣང་མ་བྱས་པར། བོད་གཞུང་གི་ཤེས་ཡོན་སྲིད་ཇུས་ལག་བསྟར་མི་བྱེད་པ་འདི་ཐབས་སྐྱོ་པོ་རེད།
    ད་ཐེངས་བོད་ཁྱིམ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་དང། བོད་ཡིག་བོད་སྐད་ཀྱི་བརྒྱ་ཆ་༥༠ བརྗེད་པའི་དུས་དྲན་ལྟ་བུ་ཞིག་རེད།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    སློབ་ཕྲུག་ཁོ་རང་ཚོའི་ངོས་ནས་བྱས་པ་ཤེས་ཤིང་དྲིན་དུ་གཟོ་ཤེས་ན་ཡག་པོ་རེད། ཡིན་ན་ཡང་བོད་ཁྱིམ་འདི་ལ་ཡར་རྒྱས་མང་པོ་ཞིག་གཏོང་དགོས་པ་དངོས་ཡོད་རེད། བསམ་བློ་གཏོང་སྟངས་ཤིག་གིས་མཚམས་མཚམས་རེར་བོད་ཀྱི་རིག་གཞུང་གཏོར་བཤིག་གཏོང་མཁན་ཡོད་ན་མེད་ན་དེ་རེད་སྙམ་པའི་ལོག་ལྟ་རེ་ཡང་སྐྱེས་ཡོང་གིན་འདུག གང་ལྟར་ཡང་བོད་ཁྱིམ་འདི་ལོ་རྒྱུས་ཀྱི་སྟེང་གི་ནག་ཉེས་འཁུར་མི་དགོས་མཁན་ཞིག་ཏུ་འགྱུར་བའི་རེ་བ་ཡོད།

    Reply
  7. ལྷ་ལུང་ says:
    ལོ་ 15 སྔོན།

    བོད་ཁྱིམ་སློབ་གྲ་ཐོན་ནས་བཀའ་བློན་ཁྲི་པ་བྱེད་ཐུབ་མཁན་སུ་ཡོད་དམ་།
    ཡོད་ན་ངོ་སྤྲོད་ཞིག་གནང་དང

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    བོད་ཁྱིམ་སློབ་ཟུར་བ་རྣམས་ལྷན་འཛོམས་ཀྱིས་ཨ་མ་རྗེ་བཙུན་པད་མ་ལགས་སུ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བ་དངོས་གནས་ཡག་པོ་རེད། ཨ་མ་ལགས་ཀྱིས་མི་ཚེ་གང་པོ་བོད་ཕྲུག་སྤྱི་དང་། ལྷག་པར་བོད་ཁྱིམ་གྱི་སློབ་ཕྲུག་རྣམས་ཀྱི་ཆེད་དུ་སྐུ་ལས་བསྐྱོན་ཏེ་གྲུབ་འབྲས་མི་དམན་པ་ཞིག་བྱུང་བ་མཐོང་ཆོས་རེད། བོད་ཕྲུག་མང་དག་ཅིག་ལ་སློབ་སྦྱོང་གི་མཐུན་རྐྱེན་གནང་བ་མ་ཟད། བོད་མི་མང་པོ་ཞིག་ཚོགས་པ་དེའི་ནང་ཕྱག་ལས་གནང་བཞིན་ཡོད།

    Reply
  9. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    རྐང་གཉིས་འདི་དག་རང་རིགས་ཀྱི་སྲོག་རྩ་གཅོད་བྱེད་ཀྱི་ཀོར་མོ་དག་ལགས་སོ

    Reply
  10. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    སྤྱིར་ཨ་མ་ལགས་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་སྨོས་མེད་རེད།
    ཡིན་ན་ཡང་ཁྱེད་ཚོས་ལས་སྟངས་ལ་ལྟོས་དང་། བོད་ནང་གི་སློབ་མ་དང་སློབ་ཟུར་ཚོས་ཉེན་ཁ་ཡོད་པ་ཤེས་བཞིན་དུ་ཁ་སང་དེ་རིང་བོད་ཀྱི་སྐད་ཡིག་གི་ཆེད་དུ་རང་གི་ཡོད་ཚད་བློས་བཏང་ནས་ལས་འགུལ་སྤེལ་བཞིན་པའི་སྐབས་འདིར་ཁྱེད་ཚོས་སྤྲོ་སྐྱིད་ཀྱི་ཚུལ་དུ་རང་གི་བུ་མོ་འཁྲིད་དེ་ལག་རྩེད་སྦོལ་ལོ་རྩིས་པ་དེ་དངོས་གནས་བོད་ནང་གི་སློབ་མ་ཚོས་གོ་སེམས་ལ་ཚོར་ག་འདྲ་ཞིག་སྐྱེས་པ་ཁྱེད་ཚོས་ཚོད་དཔག་བྱས་ཡོད་དམ།
    ངས་བསམ་ན་ཨ་ལགས་ཆེད་དུ་ཡིན་ན་ད་ལྟའི་བོད་ནང་གི་སློབ་མའི་ལས་འགུལ་ལ་རྒྱབ་སྐྱོར་གང་བྱས་དགའ་འམ་ཞེས་ཚོགས་འདུ་འཚོགས་ནས་འཆར་གཞི་བཀོད་པ་སོགས་བྱས་ན་དུས་དང་མཐུན་པར་སྙམ།

    Reply
  11. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    དེ་ནི་བོད་ཁྱིམ་སློབ་ཟུར་རྣམས་ཀྱིས་བྱེད་འོས་པ་ཞིག་རེད། ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་ཀྱང་གལ་ཆེ་བའི་གསུང་བཤད་གནང་འདུག དགེ་སློབ་ཚང་མར་ཐུགས་རྗེ་ཆེ། བཀའ་དྲིན་རྗེས་དྲན་བྱ་རྒྱུ་ནི་མིའི་རིགས་ཀྱི་རྩ་བའི་བཟང་སྤྱོད་གལ་ཆེན་ཞིག་རེད། དེའི་སྟབས་ཀྱིས་ཨ་མ་ལགས་དང་སློབ་གྲྭའི་བཀའ་དྲིན་དྲན་པ་ལ་བསྔགས་བརྗོད་ཡོད།

    Reply
  12. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    འདི་ཚོ་སློབ་ཟུར་ཡིན་ན་བོད་རང་གི་རིག་གཞུང་ཉམས་ཆགས་སུ་འགྲོ་བ་ལ་ཧང་སངས་དོན་མི་འདུག འདི་ནང་ན་རང་གི་རིགས་གནས་ཀྱི་རྨང་གཞི་ཡོད་ས་གཅིག་ཀྱང་མི་འདུག

    Reply
  13. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ད་ཐེངས་པདྨས་མི་ལས་བྱས་འདུག ཅོལ་ཆུང་སློབ་ཟུར་དག་གིས་བསམ་པ་ལྟར་མ་བྱས་པ་དེ་རེད། གང་སར་ཡོད་པའི་རྒན་གསོ་ཁང་གི་རྒས་འཁོགས་རྣམས་ལ་ཞལ་ལག་འབུལ་བ་དང་ཞབས་ཞུ་བསྒྲུབ་རྒྱུ་གལ་ཆེན་པོ་རེདཅེས་ལམ་སྟོན་གནང་བ་སྤྱིར་ཡག་པོ་རེད་དེ། དེ་དུས་བཟང་སྐར་བཟང་ཡིན་དགོས་པ་ཅི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese