དོ་ནུབ་ཟླ་བ་ནུབ་ན་ནུབ་དུ་བཅུགས།།
དོ་ནུབ་ང་རང་ཤི་ན་ཤི་རུ་བཅུགས།།
དོ་ནུབ་གོ་ལ་རལ་ན་རལ་དུ་བཅུགས།།
དོན་དམ་ཁྱེད་རང་བདེ་ན་དེ་བས་འགྲིག།
སྐར་ཚོགས་ངུས་པའི་གཏམ་རྒྱུད་མང་བོ་ཡོད།།
མེ་ཏོག་སད་པའི་དུས་རབས་མང་བོ་བྱུང་།།
ཆུ་བོ་སྐམ་པའི་གཏམ་ངན་མང་བོ་གྲུབ།།
གང་ལྟར་ཁྱེད་ཉིད་བདེ་ན་དེ་བས་འགྲིག།
རི་མོ་གྲགས་ཅན་འཛམ་གླིང་ཏོག་དུ་གྱུར།།
གླུ་དབྱངས་སྙན་མོས་མི་སེམས་མང་བོ་བསླུས།།
མཛེས་མ་ཞིག་གིས་རང་སྲོག་བཅད་རབས་གོ།
མཐའ་མཇུག་ཁྱེད་ཉིད་བདེ་ན་དེ་བས་འགྲིག།
དཔོན་ཆེན་མང་བོ་ཡར་འགྲོ་མར་འགྲོ་རེད།།
སྲིད་དོན་སྒྲུབ་མཁན་གཡོ་སྒྱུ་ཇེ་མང་རེད།།
རྐུན་ཇག་འཕྲོག་གསུམ་གར་ས་གར་ནས་བྱུང་།།
སྙིང་དོན་ཁྱེད་ཉིད་བདེ་ན་དེ་བས་འགྲིག།
ད་ནི་ལོ་ཇེ་རུ་སོང་ན། རྣམ་རིག་གསལ་དུ་འགྲོ་རྒྱུ་ཡོད་ནི་མ་རེད། དེ་ལས་སེམས་པ་ལྷོད་ཙམ་བྱོས་ཟེར་ན་དེ་ཕལ་ཆེར་ཡོང་ཐུབ་ངེས་ཡིན། ཧཧཧ ཀུ་རེ་ཡིན། གང་ལྟར་ཉིད་ཀྱི་སྐད་ཆ་དེ་དག་སེམས་ལ་བཟུང་ཡོད།
འདྲེ་མེ་འབུད་ལགས། ཉིད་རང་ཕེབས་ནས་བསྟོད་བསྔགས་ཤིག་གནང་འདུག་པ་དེར་གུས་འདུད་ཞུ།
བསྟན་འཛིན་ཚེ་འཚོ་ལགས། ཡུན་རིང་གི་རྗེས་སུ་ངེད་ཀྱི་ཟིན་བྲིས་སུ་ཞབས་རྗེས་བཅགས་པ་དགའ་ནས་ཡོད།
ངོ་མ་སྙན་ངག་སྙན་མོ། བརྗོད་བྱ་བཙན་པོ། རྗོད་བྱེད་འགྲིག་པོ། བཤད་སྟངས་གསོན་པོ། ཨ་་་་་ཨ་་་་་་བོད། ཤ་ཁྲག་རུས་གསུམ། ཁྱོད།
ཨ་རོགས། ལེགས་པོ་བྲིས་འདུག་པས། རྗེས་སུ་མུ་མཐུད་དུ་རེ་བ་ཡོད།
བོད་ནང་ནས་འཁུར་ཡོང་བའི་སྐད་ཆ་དེ་རྣོན་པོ་ཞིག་ཡིན་ས་རེད། གནས་སྐབས་རིང་ཁྱོད་ཀྱི་འཇིག་རྟེན་གྱི་བྱ་དངོས་ཚང་མ་འགག་གི་བཅུག་ཚར་འདུག སང་ཉིན་ཞོགས་ཇ་འཐུང་ཚར་བའི་རྗེས་ལ་རྣམ་རིག་ཇེ་དྭངས་ཡིན་པའི་ཡིད་ཆེས་ཡོད།