དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་སྐུ་སྒེར་ངོས་ནས་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་སྐོར་ལ་གསལ་བཤད་ཅིག་གནང་འདུག་ལ། དེར་ཁོང་ཐེངས་འདིར་བཀའ་བློན་ཁྲི་པ་དང་མདོ་སྨད་སྤྱི་འཐུས་གཉིས་ཀའི་འོས་གཞིར་བསླེབས་ཡོད་ཀྱང་། དབུས་འོས་བསྡུ་ལྷན་ཁང་གིས་གདམ་ག་སྤྲད་པ་ལྟར། ཁོང་གིས་བཀའ་བློན་ཁྲི་པའི་འོས་ཁོངས་ནས་དགོངས་པ་ཞུས་ཏེ། མུ་མཐུད་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་རྒྱུའི་ཐུགས་ཐག་བཅད་སྐོར་དང་། ཐེངས་འདིར་ཁོ་རང་ལ་བཀའ་ཁྲིའི་འོས་གྲངས་ ༡༥༩༠ ཙམ་ཐོབ་ཡོད་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བཀའ་ཁྲིའི་འོས་ཁོངས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་སྐོར་ལ། རབ་བྱུང་ན་བཀའ་བློན་ཁྲི་པའི་འོས་གཞི་གསུམ་ལས་མ་མང་བ་གསལ་བསྒྲགས་གནང་རྒྱུ་གལ་ཆེན་ཡིན་སྐོར་བཀོད་འདུག
གསལ་བཤད་ནང་བཀོད་དོན། ཉེ་ཆར་འོས་བསྡུ་ལས་ཁང་ནས་སྐབས་ ༡༥ པའི་སྤྱི་འཐུས་དང་། སྐབས་ ༡༤ པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་ནི། རང་ཅག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་ཀྱི་གཟི་བརྗིད་ལྡན་པའི་ལེ་ཚན་ཞིག་ཡིན་ལ། ང་ཚོས་གཡུར་དུ་ཟ་བའི་འབྲས་བཟང་འདི་ལོངས་སུ་སྤྱོད་བཞིན་པའི་དུས་སྐབས་འདིར། འདས་པའི་བཙན་བྱོལ་གྱི་ལོ་ངོ་ ༥༠ རིང་མང་གཙོ་སྐུལ་སྤེལ་དང་སྣེ་ཁྲིད་མཛད་མཁན་༸གོང་ས་ཆེན་པོ་མཆོག་གི་བཀའ་དྲིན་སྙིང་བཅངས་དང་། མང་གཙོའི་འཕེལ་རིམ་ནང་མཉམ་ཞུགས་གནང་མཁན་གྱི་མང་ཚོགས་ཚོའི་ལྷག་བསམ་དང་འགན་ཁུར་ལ་ཡི་རང་བསྔགས་བརྗོད་ཞུ་འོས་པའི་གསལ་འདེབས་དང་འབྲེལ། ཐེངས་འདིར་བཀའ་སྤྱིའི་འོས་གཞིའི་ནང་སླེབས་མཁན་རྣམས་ལ་ངས་ཞེ་ཐག་པ་ནས་གུས་བརྩི་དང་འཚམས་འདྲི་ཞུ་བཞིན་ཡོད།
ང་རང་སྐབས་འདིའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་གཞི་གཉིས་ཀའི་ནང་སླེབས་འདུག་ཀྱང་། འོས་བསྡུ་ལས་ཁང་ནས་ ༢༠༡༠ ཟླ་ ༡༡ ཚེས་ ༨ ཞེས་བཀོད་ཡོད་པའི་ཡིག་ཆུང་བཏང་འབྱོར་བྱུང་བའི་ནང་། མདོ་སྨད་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་ཁོངས་གང་གི་འོས་གཞིར་ཞུགས་འདོད་ཡོད་མེད་དུས་བཅད་ནང་གདམ་ག་བྱེད་དགོས་གནས་ཕེབས་འདུག་པས། བཀའ་ཁྲིའི་འོས་ཁོངས་ནས་དགོངས་ཞུས་བྱས་པ་ཡིན། དེའི་རྒྱུ་མཚན་ནི།
ཚོགས་གཙོ་ལགས་དང་ཚུལ་ཁྲོམས་བསྟན་འཛིན་སོགས་འགའ་ཞིག་མེད་ན་ད་ལྟའི་བོད་གཞུང་གི་ལས་མིས་ལོ་གཅིག་གི་སྔོན་རྩིས་འགྱོན་གྱི་མ་རེད་ཟེར་ནས་གོ་ཐོས་བྱུང་བ་འདི་བདེན་པ་ཡིན་ནམ།
ད་ངས་དེའི་སྐོར་བཤད་མཚམས་འཇོག་གི་ཡིན། བཤད་དྲགས་ན་གང་ཟག་སྒེར་ལ་དམིགས་པ་འདྲ་པོ་ཆགས་ཀྱི་འདུག ངས་བསམ་དོན་ནི་སྤེན་ཚེའི་གནང་སྟངས་དེ་བཟང་སྤྱོད་རེད་ཅེས་གསུངས་པ་དང༌། དེ་ཡང་མི་མང་པོ་ཞིག་གིས་བཟང་སྤྱོད་ཡིན་སྐོར་གྱི་མཆན་མང་པོ་ཞིག་བཏབ་ན། མོའོ་ཡིས་བཤད་པ་བཞིན་རྫུན་པ་ཐེངས་བརྒྱ་བཤད་ན་བདེན་པར་གྱུར་པའི་ལྟ་ཚུལ་བཟུང་ནས་དཔུང་སྒྲིག་གིས་ང་དང་ང་འདྲ་བ་རྣམས་རྨོངས་པར་བརྩིས་བྱུང་སྙམ་ནས་མ་དགའ་བ་ཙམ་ཡིན། སྤེན་ཚེས་གནང་སྟངས་དེ་ཁྲིམས་དང་མ་འགལ་ཕྱིན་མི་སུས་ཀྱང་གནང་སྲིད་པ་ཞིག་ཡིན་པས་དམིགས་བསལ་སྐྱོན་བརྗོད་བྱེད་དགོས་མ་འཆིས་ཀྱང༌། དེ་ཡ་རབས་དང་བཟང་སྤྱོད་ཡིན་པའི་འགྲེལ་བཤད་ག་ཚོད་བརྒྱབ་ཀྱང་ངའི་བློར་དེ་བཟང་སྤྱོད་རེད་འདུག་སྙམ་པ་ཞིག་ཡོང་བ་མི་འདུག་པས་ད་ནས་མཚམས་བཞག་པ་ཡིན། སྤེན་ཚེ་ལ་སྤྱི་འཐུས་ནང་རྒྱལ་ཁ་ཐོབ་པར་ཤོག
རིགས་པ་སྨྲ་བ་ལགས། ངར་ནས་ཡོང་ཡ་ཅི་ཡང་མེད་པས། ལན་གསལ་བོ་རྒྱོབ་ཤོག དེ་ལས་ལྡོག་ན་སྤེན་ཚེ་ཡི་རྒྱབ་དཔུང་ཡོང་གི་མ་རེད་ལ། ལུང་ཚན་རིང་ལུགས་པའི་འཆལ་ལྟ་ཁུར་མཁན་རང་ལས་འདའ་མེད་པའང་གསལ་བོ་རེད།
༡ གལ་སྲིད་སྤེན་པ་ཚེ་རིང་གིས་བཀའ་སྤྱི་གཉིས་ཀྱི་ཆ་ཤས་བླངས་པ་ཁྲིམས་མཐུན་ཡིན་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གང་དུ་དེ་ལྟར་བྱེད་ཆོག་པའི་གཏན་འཁེལ་བྱས་འདུག་གམ།
༢ ཁྱེད་རང་གིས་ང་ལ་ལན་བཏབ་པ་དང་ཁྲ་གླག་སྤྱང་གསུམ་ལ་ལན་བཏབ་པའི་ཁྲོད་ཀྱི་རྒྱ་རི་སྒྲོལ་མར་བཤད་སྟངས་གཉིས་འཛིན་དོན་གང་ཡིན་ནམ།
༣ དབུས་འོས་བསྡུ་ལྷན་ཁང་གིས་མ་བསྒྲགས་པའི་སྤེན་པ་ཚེ་རིང་གི་བཀའ་ཁྲིའི་འོས་ཤོག་གི་གྲངས་འབོར་ཅིའི་ཕྱིར་སྤེན་ཚེ་སྒེར་ནས་བསྒྲགས་པ་ཡིན་ནམ།
ལན་ག་ལེར་རྒྱོབ་ཤོག
གནས་ཚང་ལགས། སྤེན་པ་ཚེ་རིང་གིས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཆ་ཤས་དུས་མཉམ་དུ་བླངས་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་དང་མཐུན་པའི་སྐོར་གསལ་བཤད་མང་བོ་བྱས་པ་དག་ཁས་ལེན་མི་བྱེད་པར་དེ་ལ་མུ་མཐུད་དུ་ཁྱད་གསོད་བྱས་ཏེ་ལོག་པའི་ལམ་ལ་ཞུགས་པ་ནི་ཕྱི་རོལ་མུ་སྟེགས་པའི་རང་བཞིན་ཡིན་པར་མ་ཟད། ཕྱོགས་ཞེན་གྱི་མེ་ལྕེ་འབར་པའི་འདྲེ་ཚང་ཞིག་དང་མགོ་གཉིས་མའི་ཟློས་གར་འཁྲབ་ནས་བཙན་བྱོལ་དུ་གནས་ཚང་གཡར་ནས་བསྡད་མཁན་ཞིག་དང་རྒྱ་རི་སྒྲོལ་མའི་རྐུབ་ལ་རྒྱུག་མཁན་ཞིག་ཡིན་པར་ངེས། ཧ་་་ཧ་་་ཧ།
ཁྲ་འབྲུག་སྤྱང་གསུམ་ལགས།
བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་ནི་དམངས་གཙོའི་ལམ་དུ་ཕྱིན་ཡོད་ནའང་ད་དུང་མང་ཚོགས་ཀྱི་ངོ་བོའི་སྒོ་ནས་སྲིད་དབང་འཛིན་སྐྱོང་གི་ལམ་ལུགས་སྲ་བརྟན་དུ་ཕྱིན་མེད་པ་དང་ ༸གོང་ས་མཆོག་ཀྱང་དགུང་ལོ་བགྲེས་པོར་བསླེབས་པའི་འགག་རྩའི་དུས་སྐབས་སུ་ད་ལོར་སྔོན་མ་དང་མི་འདྲ་བར་བོད་གཞུང་དམངས་གཉིས་ཀྱིས་སོ་སོའི་ཕྲག་ཏུ་བབ་པའི་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་ནས་བཀའ་སྤྱི་གཉིས་ཀྱི་འོས་མིར་ཞུགས་པ་དང་འོས་འཕེན་པ་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱི་ངང་ནས་སེམས་ཁུར་དང་དུ་བླངས་ཏེ་མ་འོངས་པའི་སྲིད་འཛིན་ལམ་ལུགས་ལ་བློ་ཁ་ཕྱོགས་པ་དང་ཧུར་བརྩོན་གནང་སྟེ་དམངས་གཙོའི་ལམ་ལུགས་ལྡན་པའི་བཅའ་ཁྲིམས་ཀྱིས་སྲིད་དབང་དབང་བསྒྱུར་བྱེད་པའི་ལམ་བུ་བཏོད་པ་ལ་རྗེས་སུ་ཡི་རང་མི་ཞུ་མཁན་སུ་ཞིག་ཡོད། ལྷག་པར་དུ། བཀའ་སྤྱི་གཉིས་ཀྱི་འོས་མིར་ཞུགས་མཁན་རྣམས་ཀྱི་ཡ་རབས་ལྡན་པའི་བཟང་སྤྱོད་ནི་རླབས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་ཡིན་པར་མ་ཟད། དེ་དག་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་འོས་པ་ཞིག་ཀྱང་ཡིན། དེའི་ཕྱིར། ང་ཚོའི་ནང་དུ་ཤེས་ཡོན་ཅན་དང་སྲིད་དོན་པ་དང་ཁྲིམས་ལུགས་པ་བཅས་ཡོད་ན་འབུར་དུ་ཐོན་དགོས་པ་དང་དེ་དག་གིས་སོ་སོའི་ནུས་པ་འདོན་དགོས་པའི་དུས་ལ་བབ་ཡོད། སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ རྒྱ་རི་སྒྲོལ་མ། བཀྲས་མཐོང་བསྟན་རྣམ་ལ་སོགས་ཀྱི་ཤེས་ཡོན་དང་འཇོན་ཐང་དང་ཉམས་མྱོང་དང་ལྷག་བསམ་བཅས་ལ་ང་ཚོས་དུས་རྟག་ཏུ་གུས་བཀུར་དང་རྒྱབ་སྐྱོར་བྱེད་ངེས་རེད། ཡིན་ཡང་། མི་སུམ་ཅུ་བསམ་པ་སུམ་ཅུ་དང་མཛོ་དྲུག་ཅུ་རྭ་ཁ་དྲུག་ཅུ་ཟེར་བའི་དཔེ་ལྟར་མི་རེ་རེར་བསམ་ཚུལ་དང་བཤད་ཚུལ་རེ་ཡོད་པས་དེ་ལ་རང་ཉིད་སྒེར་གྱི་བློ་ངོར་མི་འཐད་པའི་རྒྱུ་མཚན་དུ་བྱས་ནས་དགག་པ་རྒྱག་པ་ནི་གཏན་ནས་མི་འོས་བ་ཞིག་རེད། དེ་ནི་འཛམ་གླིང་མི་བུའི་ཐོབ་ཐང་གིས་གཏན་ལ་ཕབ་པའི་བསམ་སྤྱོད་ཀྱི་རང་དབང་དང་འདྲ་མཉམ་ཀྱི་བདེ་སྐྱིད་རེད། དེ་ཡང་ཡིན་ཏེ་རྒྱལ་ཁབ་ཅིག་དང་ཚོགས་པ་ཞིག་དང་ཁྱིམ་ཚངཞིག་ཡིན་ནའང་སྤྱི་མཐུན་གྱི་བཅའ་ཁྲིམས་ཤིག་དང་སྒྲིག་གཞི་ཞིག་ཡོད་ངེས་པས་དེ་དག་གི་འོག་ཏུ་འཚོ་གནས་དང་འགུལ་སྐྱོད་བྱེད་པ་ལས་རང་སྐྱ་འཕེར་བའི་རང་དབང་བ་ཞིག་མེད་པ་ནི་གསལ་བོ་ཡིན། དེར་བརྟེན། བཙན་བྱོལ་བོད་མིའི་གཞུང་དང་སྤྱི་ཚོགས་ལ་མཚོན་ནའང་ཁྲིམས་དང་སྒྲིག་གཞི་ཞིག་གི་འོག་ཏུ་གནས་ཡོད་པ་དང་ང་ཚོ་ཡང་དེ་དག་དང་མི་འགལ་བར་བརྩི་སྲུང་བྱས་ཏེ་འཚོ་གནས་བྱེད་དགོས་པ་རེད། ད་ལོ་སྤེན་པ་ཚེ་རིང་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་གཞིར་ཞུགས་པའང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ནང་དོན་དང་མཐུན་པར་བྱས་ཡོད་པས་དེ་ཡང་ཡ་རབས་ཀྱི་སྤྱོད་བཟང་ཞིག་ཡིན་པར་མ་ཟད། བསྔགས་བརྗོད་བྱེད་འོས་པ་ཞིག་ཀྱང་ཡིན་པས་དྲང་བདེན་ལ་དགའ་བའི་མི་རྣམས་ཀྱིས་དང་དུ་ལེན་རིགས་སོ། །
རིགས་པ་སྨྲ་བ་ལགས། གལ་སྲིད་ཁྱོད་རང་ལུང་ཚན་རིང་ལུགས་པ་ཞིག་དང་རིགས་པ་སྨྲ་མི་ཤེས་པ་ཞིག་ཡིན་པ་མ་གཏོགས་དགེ་རྒན་ལ་མི་སུ་ཡང་ཡོང་ཆོག་གི་རེད། ཡིན་ནའང་། ཁྱོད་ལ་དགེ་རྒན་གྱི་ཁྱད་ཆོས་ཕར་ཞོག་རྟག་བརྟན་གྱི་འཆལ་ལྟ་འཁུར་མཁན་ཡིག་ནོར་བ་ཞིག་ཀྱང་ཡིན་པས། དེ་ནི་ཕྱི་རོལ་བ་རེད་ལ་བོད་པའི་ཁྲོད་ཀྱི་མི་སྣའམ། ཚོགས་པ་གསར་བ་ཞིག་རེད།
༡ གལ་སྲིད་སྤེན་པ་ཚེ་རིང་གིས་བཀའ་སྤྱི་གཉིས་ཀྱི་ཆ་ཤས་དུས་མཉམ་དུ་བླངས་པ་ནི་ཁྲིམས་མཐུན་ལུགས་མཐུན་ཞིག་ཡིན་ན། དེང་ཕྱིན་བཀའ་སྤྱི་ཞེས་མིང་གཉིས་བཏགས་ནས་གདམ་ག་བྱེད་མི་དགོས་པར་མཉམ་བསྲེས་ཀྱིས་འོས་འཕེན་པ་དང་མཐོ་ཤོས་བཀའ་ཁྲིར་བཞག་མ་ཆོག་པ་ཞིག་འདུག་གམ།
༢ ༼༽ཐེངས་འདིར་སྤེན་པ་ཚེ་རིང་གིས་བཀའ་སྤྱི་གཉིས་ཀྱི་ཆ་ཤས་དུས་མཉམ་བླངས་པ་ནི་མགོ་གཉིས་མའི་བྱེད་ཐབས་ཤིག་ཡིན་པར་མ་ཟད། ཉུང་མཐར་རྒྱ་མགོ་ཐོན་ན་རྒྱ་དང་བོད་མགོ་ཐོན་ན་བོད་བྱེད་མཁན་གྱི་གྲས་ཡིན་པས། མི་འདི་རིགས་ཉེན་ཁ་མཐའ་དག་གི་འབྱུང་ཁུངས་ཉག་གཅིག་ཏུ་གྱུར་ཡོད་པས། ཚང་མས་གཟབ་གཟབ་བྱེད་དགོས་པའི་དུས་ལ་སླེབས་ཡོད་པ་མིན་ནམ།
༣ ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས༼སྤྱིར་ང་རང་ལངས་ཚད་ཅུང་འཕྱི་དྲགས་ཡོད། ཐོག་མར་ང་མུ་མཐུད་སྤྱི་འཐུས་ནང་བསྡད་དེ། ཡང་བསྐྱར་ཚོགས་གཙོ་ཐོབ་རྒྱུར་རེ་བ་ཡོད་ན། སྤྱི་འཐུས་ཚོགས་གཙོ་དེ་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཆགས་ཡོད་སྟབས། ཚོགས་གཙོའི་ལས་འགན་འཁུར་བསྡད་ན་བཟང་གི་རེད་བསམ་སོང་། འོན་ཀྱང་ངས་ཉེ་ཆར་བཤད་པ་ལྟར། ང་རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་པ་ཡིན་ན་ང་རང་མི་ལངས་བསམ་ཡོད། འོན་ཀྱང་ང་རང་གིས་རེ་བ་རྒྱག་སའི་མི་དེ་དག་ལངས་མ་སོང་། གཉིས་པ་ད་ཆར་བཀའ་བློན་ཁྲི་པའི་འོས་གཞི་མང་པོ་ཞིག་སླེབས་ཀྱིན་ཡོད་པའི་ནང་ལ་བལྟས་ཡོང་ན། སྤྱིར་ཁོང་རྣམ་པར་ངས་གུས་བརྩི་བྱེད་ཀྱི་ཡོད་ཀྱང་། ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུག༽ཅེས་གསལ་ཐག་ཆོད་ཅིག་ཡོད་ཀྱང་རིགས་པ་སྨྲ་བའི་མིང་འཁུར་ཅན་གྱིས་སྤེན་ཚེ་ཡིས་སྤྱི་འཐུས་དོར་ནས་བཀའ་ཁྲིའི་འོས་གཞི་གདམ་ག་བྱས་མེད་ཅེས་ཡང་དང་བསྐྱར་དུ་ཡིག་ནོར་ཆལ་ཆོལ་མང་བོ་ཞིག་བྲིས་ཡོད་པས། མི་འདི་སྤེན་པ་ཚེ་རིང་གིས་གླས་པའི་དྲ་མཁན་མདོ་མེད་ཅིག་ཡིན་པའང་གསལ་བོ་རེད་ལ། མི་འདི་རིགས་དངུལ་ལོའི་མདུན་ནས་ཡོད་ཚད་བློས་གཏོང་ཕོད་མཁན་གྱི་གྲས་མ་རེད་ཅེས་སུས་ཀྱང་བརྗོད་མི་ཐུབ་པར་སོ་སོས་སོ་སོ་བཟོས་ཟིན་པ་མ་ཡིན་ནམ།
ད་རེས་དེ་ཙམ་བྱ། ངས་ཁྱེད་ལ་དངུལ་བཟོ་རོགས་བྱེད་ཀྱིན་པས། ཐུགས་རྗེ་ཆེ་ཞུ་རྒྱུ་མ་བརྗེས་རོགས།
གནས་ཚང་ལགས། ང་ནི་ཁྱེད་ཀྱི་དགེ་རྒན་ཆེན་མོ་མ་རེད། རྩ་བའི་དམ་བཅའ་ལ་ལན་བརྒྱག་མི་ཐུབ་པར་འབྲེལ་མེད་དོན་གཞན་གྱི་དྲི་བ་མང་བོས་ཕན་ཐོགས་མི་འབྱུང་ངོ། །ངས་ཁྱེད་ལ་སྔོན་མ་ནས་བཤད་པ་བཞིན་ཚིག་གི་དག་ཆ་དང་ཐོབ་ཐང་ཙམ་ཡང་མི་ཤེས་ན་འཛིན་གྲྭ་དང་པོར་ཕྱིན་ནས་སློབ་སྦྱོང་བྱོས་ཞེས་བསླབ་བྱ་གནང་ཡོད། ད་ལྟ་ཁྱེད་ཀྱིས་རང་གི་དགེ་རྒན་ཆེན་མོའི་བཀའ་དང་དུ་བླངས་ནས་སློབ་སྦྱོང་ལ་འབད་པར་བྱའོ། །
ང་རང་སྤེན་ཚེ་དང་བློ་སེང་གཉིས་ཀ་ལ་དགའ་པོ་ཡོད། ཤེས་ཡོན་ཡོད་པ། བྱེད་སེམས་ཡོད་པ། དགུང་ལོ་རན་པ། མི་བབ་འདྲ་ཆགས་པོ། དེར་བརྟེན་ཁོང་ལ་སྐྱོན་རྗོད་བྱེད་འདོད་མེད་ལ། ཐོབ་ཐང་གཉིས་ལེན་པ་ཟེར་བ་དེ་ནི་ཁྲིམས་དང་སྒྲིག་གཞི་གང་དང་འགལ་མེད་པས་དེ་བས་་སྐྱོན་བརྗོད་བྱེད་ས་གཏན་ནས་མེད།
རྒྱ་སྒྲོལ་གྱིས་གནང་སྟངས་དེ་ཡང་ང་རང་ཧ་ཅང་གི་བློ་ལ་བབས་པོ་བྱུང༌ལ། བཀྲས་མཐོང་ཡང་གུ་ཡངས་ཅན་དང་མཐོ་དམན་མེད་པར་གཟིགས་སྟངས་གཅིག་མཚུངས་འདྲ་པོ་མི་བཟང་པོ་ཞིག་མཐོང་སོང༌། གང་ལྟར་ང་རང་ལ་ཁོང་གསུམ་ཀྱི་ནང་ནས་གཅིག་མ་གཏོགས་གདམ་མི་ཆོག་པས་གཞན་གཉིས་ཡ་བར་མ་དོར་ཐབས་མེད་བྱུང་བ་ཡིན་གྱི། རང་གིས་བདམས་པའི་མི་དེ་མ་གཏོགས་གཞན་པ་ཚང་མ་དགྲ་བོ་ལྟ་བུ་འཛིན་པ་དང༌། དགྲ་དང་རང་ཕྱོགས་བར་གྱི་ལྟ་སྟངས་དེ་འདྲ་ང་རང་ལ་གཏན་ནས་མེད། ཐོག་མར་གསལ་བཤད་དེ་ཞུས་ན་འདོད།
འོན་ཀྱང་མི་ཁ་ཤས་ཀྱིས་སྤེན་ཚེས་གནང་སྟངས་དེ་ཡར་རབས་དང་བཟང་སྤྱོད་རེད་ཅེས་བསྟོད་པ་བརྒྱབ་ནས་མི་གཞན་གྱིས་གང་ཡང་མགོ་འཚོས་ཀྱི་མ་རེད་སྙམ་པ་དེ་ནོར་བ་རེད། མ་མཐའ་ལ་ཡང་མི་རེ་ལ་ལྟ་སྟངས་རེ་ཡོད། དེར་བརྟེན་སྤེན་ཚེའི་སྐོར་ཏོག་ཙམ་བཤད་དགོས་བྱུང་བས་དགོངས་འགལ་མེད་པར་ཞུ། ཝ་མ་ཟུག་ཀ་མེད་འདྲེ་ཡིས་འགྲམ་ཅག་རང་ཡིན།
སྤེན་ཚེ་བཀའ་ཁྲིར་ཡར་ལངས་སྐབས་དང་མར་ཕེབས་སྐབས་སྐད་ཅ་གཉིས་གསུང་ཡོད་པ་ནི། ཡར་ཕེབས་སྐབས་ད་ལྟའི་བཀའ་ཁྲིའི་འོས་གཞི་དེ་ཚོའི་ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུག་ཅེས་དང༌། མར་ཕེབས་སྐབས་ང་རང་འོས་ཤོག་དེ་ཚོ་ཁྱབ་བསྒྲགས་མ་བྱས་པར་ཐོབ་པ་རེད་ཅེས་ད་ལྟའི་བཀའ་ཁྲིའི་འོས་མི་དེ་ཚོ་ལ་རྡོག་ཐོ་མེ་འདྲ་བ་རེ་བཞུས་འདུག དེ་ཚོ་ཡང་ཡར་རབས་དང་བཟང་སྤྱོད་ཀྱི་གནང་སྟངས་ཡིན་ནམ།
སྤེན་ཚེའི་གསལ་བཤད་ནང་རྒྱུ་མཚན་གསུམ་གསུངས་པའི་ནང་ནས་དང་པོ། དངོས་གཞིའི་འོས་གཞི་མང་དྲགས་ཚེ། འོས་ཤོག་འཐོར་གྱར་དུ་སོང་སྟེ། མང་མོས་བརྒྱ་ཆ་ཉུང་ངུ་ལས་མ་ཐོབ་པའི་བཀའ་ཁྲི་ཞིག་འདེམས་ཐོན་བྱུང་ན། རྒྱ་ཆེ་ས་ནས་ཆབ་སྲིད་ཀྱི་གནས་སྟངས་དང༌། བཀའ་ཁྲིའི་ཆེ་མཐོང་སོགས་གནོད་རྐྱེན་འབྱུང་ཉེན་ཆེ་ཞེས་གསུངས་འདུག
འོ་ན་སྔོན་འགྲོ་ལ་ཡང་དེ་མཚུངས་མ་ཡིན་ནམ། སྔོན་འགྲོའི་སྐབས་འོས་འཐོར་དྲགས་ཚེ། དངོས་གཞི་ནང་འགྲོ་ཐུབ་པའི་བརྒྱ་ཆ་ལོན་མཁན་མེད་པའི་སེམས་ཁྲལ་བྱུང་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ལ་བཟོ་བཅོས་གནང་བ་མ་རེད་དམ། སྔོན་འགྲོ་སྐབས་འཐོར་དྲགས་ནས་དངོས་གཞི་ནང་མང་པོ་མ་སླེབས་པའམ་ཡང་ན་གཅིག་ལས་མ་སླེབས་ན། དེས་དངོས་གཞི་འོས་བསྡུ་མི་དགོས་པ་ཆགས་པ་མ་རེད་དམ། དེ་ལྟར་བྱུང་ཚེ་ཆབ་སྲིད་སོགས་ཉིད་ཀྱིས་གསུང་པ་དེ་ཚོར་གནོད་སྐྱོན་མི་ཕོག་པ་ག་རེ་ཡིན་ནམ།
གཉིས་པ། ང་རང་ལ་བཀའ་ཁྲིའི་འོས་ཐོབ་གྲངས་༡༥༩༠ ཙམ་ཡོད་པ་དེ་དག་འོས་བསྡུའི་སྐུལ་སློང་དྲིལ་བསྒྲགས་ཧ་ལམ་མ་བྱས་པ་ལྟ་བུའི་གནས་སྟངས་འོག་ཐོབ་པ་ཡིན་ཞེས་དང་། སྐབས་འདིར་འོས་ཐོབ་ཀྱི་རེ་བ་མེད་པའི་གནས་སྟངས་ངོས་ལེན་ཞུ་རྒྱུ་དེའང་མང་གཙོའི་ལམ་ལུགས་ཁྲོད་སྒེར་གྱི་བཟང་སྤྱོད་འགངས་ཆེན་ཞིག་ཡིན་པ་དང་། མང་ཚོགས་ཀྱི་གདམ་ག་ལ་བརྩི་བཀུར་ཞུ་བཞིན་ཡོད་ཅེས་གསུང་འདུག
དེ་བཟང་སྤྱོད་དུ་བརྩི་བ་དེས་ང་རང་ཁོང་དང་རྦད་དེ་འཇིག་རྟེན་ཐ་དད་དང་རིག་གཞུང་ཐ་དད་ཡིན་པའི་ཚོར་སྣང་བྱུང༌། དེ་ག་འདྲ་བྱས་ནས་བཟང་སྤྱོད་ཆགས་ཀྱི་ཡོད་དམ། དེ་ལས་ཁྲིམས་ལུགས་ཀྱི་དགག་ཆ་མེད་སྟབས་དེ་ལྟར་གནང་བ་ཡིན་གསུངས་ན་བདེན་པ་དང་དྲང་པོ་རེད། རྒྱབ་སྐྱོར་ཡོད།
འོས་བསྡུའི་དྲིལ་བསྒྲགས་སྐོར་མ་བཤད་ན་དགའ་ཡི་རེད། སྤེན་ཚེ་བཀའ་ཁྲིར་བཞེངས་པའི་གསལ་བསྒྲགས་ཟེར་བ་སོགས་གསར་ལམ་ཁག་ནང་མང་པོ་ཐོན་པ་དང༌། སྐུ་ངོ་མས་ཏོག་ཙམ་ཕྱིས་པ་མ་གཏོགས་བཞེངས་པ་ཡིན་ཞེས་དངོས་སུ་གསུངས་འདུག ད་དུང་བགྲོ་གླེང་མང་པོའི་ནང་བཀྲས་བློ་གཉིས་དང་གཅིག་མཚུངས་སུ་འཛུལ་ཞུགས་གནང་ཡོད་རེད།
ཡང་ཅིག་བཤད་ན། དྲིལ་བསྒྲགས་མ་བྱས་ནས་ཐོབ་པ་ཡིན་གསུངས་པ་དེས། བློ་སེང་ནི་དྲིལ་བསྒྲགས་བྱས་ནས་ཐོབ་པ་ཤུགས་ཀྱིས་གོ་ཐབས་བྱས་པ་རེད། ཡིན་ན་ཡང་དེ་བདེན་པ་མ་རེད། ད་ལོ་རྒྱ་གར་ལྷོ་ཕྱོགས་སུ་དམངས་གཙོའི་དུས་དྲན་དང་བརྟན་ཞུགས་བསྟར་འབུལ། ༸གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སོགས་བཙན་བྱོལ་བོད་མི་འདུས་ཆེ་བའི་སྐབས་དང་བསྟུན་ནས་སྤེན་ཚེ་སྐུ་ངོ་མས་གསལ་བཤད་དང་ཁྱབ་བསྒྲགས་གནང་འདུག
གཞིས་ཆགས་ཁག་ནང་བློ་སེང་མང་བ་ཕེབས་ཡོད་པ་བདེན་པ་རེད། འོན་ཀྱང་དེ་ཚོ་ཚང་མའི་ནང་ང་བཀའ་ཁྲིའི་འོས་བླུག་རོགས་ཟེར་ཕེབས་ཡོད་པ་མ་རེད། བོད་ཀྱི་རྩ་དོན་དང་དེ་འདྲའི་ཐོག་ལེགས་སྦྱར་བཤད་གནང་བ་རེད། དེ་དང་གཅིག་མཚུངས་སྤེན་ཚེ་ཡང་ཟམ་གདོང་རིན་པོ་ཆེའི་མཉམ་དང་སྐུ་སྒེར་བཅས་ཡོ་རོབ་དང་ཨ་རི་ཁེ་ན་སྒྲ་སོགས་སུ་ཐེངས་མང་པོ་མང་པོར་ཕེབས་ནང་གསུང་བཤད་གནང་ཡོད་རེད། གལ་ཏེ་བློ་སེང་གི་ཀུན་སློང་དྲིལ་བསྒྲགས་རེད་གསུངས་པ་ཡིན་ན། སྤེན་ཚེའི་ཀུན་སློང་ལ་སུས་དཔང་རྟགས་བྱེད་ཀྱི་རེད།
གསུམ་པ། མདོ་སྨད་ཆོལ་ཁའི་འོས་འཕེན་པས་ང་རང་མུ་མཐུད་སྤྱི་འཐུས་སུ་བསྡད་ན་དགེ་མཚན་ཆེ་བའི་མངོན་རྟགས་གསལ་པོ་ཐོན་ཡོད་པས་དེ་ལའང་བརྩི་བཀུར་ཞུ་དགོས་ངེས་མཐོང་ཞེས་གསུངས་འདུག
གསུངས་སྟངས་ལ་འདི་ལ་རྒྱུ་མཚན་ཏོག་ཙམ་འདུག ཇི་ལྟར་ཞེ་ན། ཁོང་བཀའ་ཁྲི་ལ་འོས་གྲངས་༡༥༩༠ ལས་མེད་པ་དང༌། སྤྱི་འཐུས་ནང་༡༧༢༣ ཡོད་པ་དེས་མདོ་སྨད་པ་ཡོངས་རྫོགས་ཀྱིས་ཁོང་བཀའ་ཁྲིར་འོས་བླུགས་མེད་པ་དེ་གསལ་པོ་གྱུར་ཡོད། འོན་ཀྱང་མདོ་སྨད་མི་མང་གིས་ག་རེ་གསུངས་ན་མ་གཏོགས་དེ་མིན་ཆོལ་ཁ་གཉིས་ཀྱི་མི་མང་ནས་བཀའ་ཁྲིར་འོས་བླུགས་ཀྱང་མི་བཞུགས་པ་དེ་འདྲ་ནི་གནང་རོགས། ཧཧཧ
རིགས་པ་སྨྲ་བ་ལགས། ད་ཆ་ཡང་ཚིག་རྩུབ་འོག་ལྷུང་འདུག་ལ། ལན་གཅིག་ཀྱང་ཕོག་མི་འདུག སྤེན་པ་ཚེ་རིང་གིས་བཀའ་སྤྱིའི་ཆ་ཤས་དུས་མཉམ་དུ་བླངས་པ་ཕར་ཞོག ད་དུང་བཀའ་ཁྲིའི་འོས་གཞིར་ལངས་པ་སེམས་འཚབ་ཡོད་ཚུལ་སྨྲས་པ་དང་། སྤྱི་འཐུས་ཚོགས་གཙོ་མུ་མཐུད་རེག་སྲིད་ཀྱང་བཀའ་ཁྲིའི་འོས་གཞི་གདམ་ག་བྱས་པ་ཡིན་ཞེས་པ་དང་། དབུས་འོས་བསྡུ་ལྷན་ཁང་གིས་ཁྲིམས་ལྟར་མ་བསྒྲགས་པའི་དོན་དག་ཁྲིམས་འགལ་གྱིས་བསྒྲགས་པའང་ངོས་ལེན་བྱེད་འདུན་མེད་ན། རིགས་པ་འཆལ་ཟིན་པ་རེད་མ་གཏོགས་རིགས་ལམ་ཡོད་མཁན་ཞིག་མིན་པའང་གསལ་བོ་རེད། གལ་སྲིད་མུ་མཐུད་དུ་བགྲོ་གླེང་བྱེད་འདུན་ཡོད་ན། དེ་དག་ལ་ལན་གསལ་བོ་ཐོབ་ཤོག
གནས་ཚང་ལགས།
ར་བ་དང་རི་བོང་གི་རྭ་གཉིས་ཀྱི་ཁྱད་པར་ཙམ་ཡང་མི་ཤེས་པའི་མི་ཞིག་གིས་རྩ་བའི་དམ་བཅའ་ཤོར་ཡོད་མེད་ཅིག་ག་ལ་ཤེས། ངའི་རྩ་བའི་དམ་བཅའ་གང་རེད། ཁྱེད་རང་གིས་ཁ་ནས་བཤད་པ་རྣམས་ངས་བཤད་པ་རེད་ཟེར་བ་ལ་བལྟས་ན་ཡར་བསྐྱར་སྨྱོན་པ་ཆགས་འདུག ཁྱེད་རང་ཚོགས་གཙོ་སྤེན་པ་ཚེ་རིང་ལ་མི་དགའ་བའི་ཕྱོགས་ཞེན་རིང་ལུགས་རྒྱུ་མཚན་དུ་བྱས་ནས་སྤེན་པ་ཚེ་རིང་གིས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་ཆ་ཤས་དུས་མཉམ་དུ་བླངས་པ་དེ་འགྲིག་གི་མ་རེད་ཟེར་བ་ནི་ཁྱེད་ཀྱི་རྩ་བའི་དམ་བཅའ་རེད། ཁྱེད་ཀྱིས་སོ་སོས་བཤད་པ་ངོས་ལེན་མི་བྱེད་ན་རྩ་བའི་དམ་བཅའ་ཤོར་ཚར་བ་གསལ་བོ་རེད། སྤེན་པ་ཚེ་རིང་གིས་བཅའ་ཁྲིམས་ཀྱི་ནང་དོན་ལྟར་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་ཆ་ཤས་བླངས་པ་དེ་མི་འགྲིག་ན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལྟར་མི་འགྲིག་པ་གསལ་བཤད་བྱེད་དགོས་པ་མ་གཏོགས་ཁ་ནས་མི་དགའ་བའི་ཚིག་བཤད་ནས་བཅའ་ཁྲིམས་ལ་ཁྱད་གསོད་བྱེད་པ་ནི་གཏན་ནས་མི་འོས།
སྤེན་པ་ཚེ་རིང་དང་རྒྱ་རི་སྒྲོལ་མ་གཉིས་ཀྱི་དངོས་ཡོད་གནས་ཚུལ་གྱི་སྒོ་ནས་དཔའ་བོ་དང་ཞབས་འདྲེན་གྱི་མཚན་ཉིད་གསལ་བཤད་བྱས་ཡོད་པས་དེ་ལ་ཞིབ་ཏུ་གཟིགས་ན་གོ་དོན་རྟོགས་པར་ཡོང་གི་རེད།
གཞན་རྣམས་ནི་ཁྱེད་རང་གིས་རྩ་བ་བོར་བའི་ཞར་བྱུང་དག་རེད། འོན་ཏེ། དྲི་བར་ལན་བརྒྱག་གི་ཡིན།
༡ སྤེན་པ་ཚེ་རིང་ལགས་ཀྱིས་ཐོག་མར་འོས་གཞིར་བཞེངས་པའི་སྐབས་རང་གི་ཐུགས་ཡིད་ཆེས་པ་སུ་ཡང་བཀའ་ཁྲིའི་འོས་མི་ཁོངས་སུ་མེད་སྟབས་སེམས་འཚབ་ཆེན་པོ་བྱུང་ནས་བཀའ་ཁྲིར་བཞེངས་པ་ཡིན་གསུངས་སོང༌། འོ་ན་ད་ཆར་མུ་མཐུད་འབད་བརྩོན་མི་གནང་བ་ག་རེ་ཡིན་ནམ། སེམས་འཚབ་དེ་ཇི་ལྟར་མེད་པར་གྱུར་ཏམ། ཡང་ན། ཐུགས་ཡིད་ཆེས་པའི་བཀའ་ཁྲིའི་འོས་མི་གསར་པ་ཞིག་བྱུང་བ་ཡིན་ནམ།
ལན། ཁྱེད་ཀྱིས་བཤད་པའི་གོང་གི་ཚིག་འདི་ཡང་བཟོ་བཅོས་རེད། རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་པ་ཡིན་ན་ང་རང་མི་ལངས་བསམ་ཡོད་ཅེས་པ་དང་རང་གི་ཐུགས་ཡིད་ཆེས་པ་སུ་ཡང་བཀའ་ཁྲིའི་འོས་མི་ཁོངས་སུ་མེད་སྟབས་ཞེས་པ་གཉིས་ཀྱི་ནང་དོན་ལ་ཁྱད་པར་ཆེན་པོ་ཡོད། ཕྱོགས་ཞེན་རིང་ལུགས་ཀྱིས་ཚིག་ལ་བཟོ་བཅོས་བརྒྱབ་ཡོད་པ་ནི་ཁྱེད་ཀྱིས་བྲིས་པའི་ཚིག་སྔ་ཕྱི་ལ་ནང་འགལ་ཡོད་པ་ལ་ལྟོས་དང་། ཡང་ན་མ་འོངས་པའི་བཀའ་ཁྲིའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་ཀྱི་རྗེས་སུ་རྒྱ་རི་སྒྲོལ་མས་གཞན་ལ་ཁས་ལེན་མ་བྱས་པར་བཀའ་ཁྲིའི་དངོས་གཞི་ལ་ལོ་བརྒྱར་འགྲན་རྩོད་བྱས་ནས་བཞུགས་རྒྱུ་ཡིན་ནམ།
༢ ༼ཁྱེད་ཀྱིས་ངའི་དྲི་བ་ལ་ལན་བརྒྱབ་མི་འདུག གཏོར་མ་ཤར་དང་གླུད་ནུབ་ཟེར་པའི་དཔེ་རེད། དེ་ནི་བཀའ་ཁྲིའི་འོས་གཞིར་ལངས་ནས་སྤྱི་འཐུས་དོར་བ་ཡིན་ཞེས་པའི་ཚིག་དེ་ཁྱེད་རང་སྤེན་པ་ཚེ་རིང་ལ་མ་དགའ་བའི་བཟོ་བཅོས་ཀྱི་ཚིག་རེད། སྤྱི་འཐུས་དོར་བ་ཡིན་ཞེས་པའི་ཚིག་དེ་གང་དུ་འདུག ༽ འོ་ན། ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས༼སྤྱིར་ང་རང་ལངས་ཚད་ཅུང་འཕྱི་དྲགས་ཡོད། ཐོག་མར་ང་མུ་མཐུད་སྤྱི་འཐུས་ནང་བསྡད་དེ། ཡང་བསྐྱར་ཚོགས་གཙོ་ཐོབ་རྒྱུར་རེ་བ་ཡོད་ན། སྤྱི་འཐུས་ཚོགས་གཙོ་དེ་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཆགས་ཡོད་སྟབས། ཚོགས་གཙོའི་ལས་འགན་འཁུར་བསྡད་ན་བཟང་གི་རེད་བསམ་སོང་། འོན་ཀྱང་ངས་ཉེ་ཆར་བཤད་པ་ལྟར། ང་རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་པ་ཡིན་ན་ང་རང་མི་ལངས་བསམ་ཡོད། འོན་ཀྱང་ང་རང་གིས་རེ་བ་རྒྱག་སའི་མི་དེ་དག་ལངས་མ་སོང་། གཉིས་པ་ད་ཆར་བཀའ་བློན་ཁྲི་པའི་འོས་གཞི་མང་པོ་ཞིག་སླེབས་ཀྱིན་ཡོད་པའི་ནང་ལ་བལྟས་ཡོང་ན། སྤྱིར་ཁོང་རྣམ་པར་ངས་གུས་བརྩི་བྱེད་ཀྱི་ཡོད་ཀྱང་། ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུག༽ཅེས་བཀའ་ཁྲི་དང་སྤྱི་འཐུས་གཉིས་ལས་བཀའ་ཁྲིའི་འོས་གཞི་གདམ་ག་བྱས་པ་མིན་ན་ཅི་ཞིག་རེད་དམ།
ལན། དཔེར་ན། ཁྱོད་ཀྱིས་ཞོགས་པར་ཇ་འཐུང་བཞིན་པའི་སྐབས་སུ་ངས་པ་ལེ་ཟ་རྒྱུ་ཡིན་ལབ་ན་ཇ་མི་འཐུང་བ་གོ་ཡི་མེད་པ་བཞིན་རེད། ཁྱེད་ཀྱིས་ཇ་མཉམ་དུ་པ་ལེ་ཟ་རྒྱུ་ཡིན་ཞེས་པའི་དོན་ཡིན། སྤྱིར་འདི་ལ་རྩོད་པ་མི་དགོས་པ་ཡིན། གལ་སྲིད་སྤེན་པ་ཚེ་རིང་གིས་དངོས་སུ་སྤྱི་འཐུས་ལ་བཞེངས་རྒྱུ་མིན་གསུངས་ཡོད་ནའང་བཅའ་ཁྲིམས་ཀྱིས་དགག་བྱ་མེད་པས་བཀའ་ཁྲི་གཉིས་ཀྱི་སྔོན་འགྲོའི་འོས་གཞིའི་གྲུབ་འབྲས་ལ་གཞིགས་ནས་ཡང་བསྐྱར་གདམ་ག་བྱེད་ཆོག་པའི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ཐོབ་ཐང་ཡོད། དངོས་གཞིའི་སྐབས་སུ་དེ་འདྲའི་ཐོབ་ཐང་མེད།
༣ ༼སྤེན་པ་ཚེ་རིང་གིས་ཁྲིམས་བཟོ་ལྷན་ཚོགས་ལ་འགོ་ཁྲིད་བྱེད་བཞིན་པ་ཡིན་པས་ཁྲིམས་མ་ཤེས་པར་གསལ་བསྒྲགས་བྱེད་སྲིད་ཀྱི་མ་རེད། ཡིན་ན་ཡང། ཁྲིམས་བཟོ་ལྷན་ཁང་ལའང་བཅའ་ཁྲིམས་ལས་གཏན་ལ་ཕབ་པའི་དམིགས་བསལ་གྱི་དབང་ཆ་ཞིག་ཡོད་ངེས་རེད། གལ་སྲིད་གསལ་བསྒྲགས་དེ་བཅའ་ཁྲིམས་དང་འགལ་ཡོད་ན་ཁྲིམས་ཞིབ་ཁང་དུ་ཐག་བཅོད་ཡོད་པས་ང་ཚོ་ལ་ཇུས་གཏོགས་མེད། ཇུས་གཏོགས་ཡོད་མཁན་གྱིས་ཇུས་གཏོགས་བྱས་ན་ཡག་པོ་འདུག བཀའ་ཤག་དང་སྤྱི་འཐུས་དང་ཁྲིམས་ཞིབ་ཁང་སོ་སོར་དབྱེ་བ་ཕྱེ་བའི་འགན་དབང་ཞིག་ཡོད་པ་རེད།༽ འདིའི་རིགས་དབང་ཆ་གཅིག་སྡུད་ལམ་ལུགས་འོག་ཏུའང་ཁྲིམས་བཟོ་མཁན་ཁྲིམས་ལ་འགལ་ན་ཉེས་པ་ཉིས་བརྩེགས་ཡོད་པས། མང་གཙོའི་སྤྱི་ཚོགས་ནང་དུ་ཁྲིམས་འགལ་བྱ་སྤྱོད་ལ་ཐེར་འདོན་བྱེད་མ་ཆོག་པ་ཞིག་ཡོད་དམ།
ལན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་ལས་མི་གཅིག་ལ་ཉེས་པ་ཉིས་བརྩེགས་ཡོད་པ་ནི་དམངས་གཙོ་ལ་མི་དགའ་བའི་སྒེར་གཅོད་རིང་ལུགས་པ་ཁྱེད་རང་གི་ལྟ་བ་རེད།
ཁྱེད་དང་ཁྱེད་རང་གི་འཁོར་སུ་ཡིན་ན་རྩ་བའི་དམ་བཅའ་ལ་ལན་བརྒྱག་པར་ཞུ།
རིགས་པ་སྨྲ་བ་སླར་ཡང་ཐེངས་གཉི་ལ་ཕེབས་འདུག ཚིག་བཙོག་རེ་འགའ་ལས་མེད་པས་སྔོན་མར་བལྟས་ན་ཡར་ཐོན་གྱི་ཕྱོགས་སུ་གོམ་པ་སྤོས་འདུག དེ་ནི་བསྔགས་འོས་པའི་གནས་སུ་བརྗོད་ཆོག
དེ་མིན་རྩོད་གཞི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཀའ་སྤྱི་གཉིས་ཀྱི་ཆ་ཤས་དུས་མཉམ་དུ་བླངས་པའི་སྐོར་ལ་མཚོན་ན། ད་དུང་ལན་གསལ་བོ་ཞིག་ཐེབས་མེད་པར་མ་ཟད། རྩ་བའི་དམ་བཅའང་ཤོར་འདུག དཔེར་ན། རྒྱ་རི་སྒྲོལ་མས་བཀའ་ཁྲིའི་འོས་གཞིར་མུ་མཐུད་དུ་ཤུགས་རྒྱག་རྒྱུ་ལས་སྤྱི་འཐུས་ཀྱི་ཆ་ཤས་མ་བླངས་པ་དེ་ཞབས་འདྲེན་ཡིན་པར་བརྗོད་པ་དང་། གཞན་དག་དཔའ་བོར་བསྔགས་པ་ནི་ལུང་ཚན་རིང་ལུགས་པ་ཞིག་གིས་འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས་སྤེན་ཚེ་འུར་བསྟོད་ཙམ་ལས་བརྒལ་མེད་པས། དྲ་མཁན་གཞན་ཞིག་གིས་ཕུལ་བའི་དྲི་བ་བསྐྱར་འདྲེན་བྱེད་རྒྱུ་ཡིན།
༡ སྤེན་པ་ཚེ་རིང་ལགས་ཀྱིས་ཐོག་མར་འོས་གཞིར་བཞེངས་པའི་སྐབས་རང་གི་ཐུགས་ཡིད་ཆེས་པ་སུ་ཡང་བཀའ་ཁྲིའི་འོས་མི་ཁོངས་སུ་མེད་སྟབས་སེམས་འཚབ་ཆེན་པོ་བྱུང་ནས་བཀའ་ཁྲིར་བཞེངས་པ་ཡིན་གསུངས་སོང༌། འོ་ན་ད་ཆར་མུ་མཐུད་འབད་བརྩོན་མི་གནང་བ་ག་རེ་ཡིན་ནམ། སེམས་འཚབ་དེ་ཇི་ལྟར་མེད་པར་གྱུར་ཏམ། ཡང་ན། ཐུགས་ཡིད་ཆེས་པའི་བཀའ་ཁྲིའི་འོས་མི་གསར་པ་ཞིག་བྱུང་བ་ཡིན་ནམ།
༢ ༼ཁྱེད་ཀྱིས་ངའི་དྲི་བ་ལ་ལན་བརྒྱབ་མི་འདུག གཏོར་མ་ཤར་དང་གླུད་ནུབ་ཟེར་པའི་དཔེ་རེད། དེ་ནི་བཀའ་ཁྲིའི་འོས་གཞིར་ལངས་ནས་སྤྱི་འཐུས་དོར་བ་ཡིན་ཞེས་པའི་ཚིག་དེ་ཁྱེད་རང་སྤེན་པ་ཚེ་རིང་ལ་མ་དགའ་བའི་བཟོ་བཅོས་ཀྱི་ཚིག་རེད། སྤྱི་འཐུས་དོར་བ་ཡིན་ཞེས་པའི་ཚིག་དེ་གང་དུ་འདུག ༽ འོ་ན། ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས༼སྤྱིར་ང་རང་ལངས་ཚད་ཅུང་འཕྱི་དྲགས་ཡོད། ཐོག་མར་ང་མུ་མཐུད་སྤྱི་འཐུས་ནང་བསྡད་དེ། ཡང་བསྐྱར་ཚོགས་གཙོ་ཐོབ་རྒྱུར་རེ་བ་ཡོད་ན། སྤྱི་འཐུས་ཚོགས་གཙོ་དེ་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཆགས་ཡོད་སྟབས། ཚོགས་གཙོའི་ལས་འགན་འཁུར་བསྡད་ན་བཟང་གི་རེད་བསམ་སོང་། འོན་ཀྱང་ངས་ཉེ་ཆར་བཤད་པ་ལྟར། ང་རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་པ་ཡིན་ན་ང་རང་མི་ལངས་བསམ་ཡོད། འོན་ཀྱང་ང་རང་གིས་རེ་བ་རྒྱག་སའི་མི་དེ་དག་ལངས་མ་སོང་། གཉིས་པ་ད་ཆར་བཀའ་བློན་ཁྲི་པའི་འོས་གཞི་མང་པོ་ཞིག་སླེབས་ཀྱིན་ཡོད་པའི་ནང་ལ་བལྟས་ཡོང་ན། སྤྱིར་ཁོང་རྣམ་པར་ངས་གུས་བརྩི་བྱེད་ཀྱི་ཡོད་ཀྱང་། ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུག༽ཅེས་བཀའ་ཁྲི་དང་སྤྱི་འཐུས་གཉིས་ལས་བཀའ་ཁྲིའི་འོས་གཞི་གདམ་ག་བྱས་པ་མིན་ན་ཅི་ཞིག་རེད་དམ།
༣ ༼སྤེན་པ་ཚེ་རིང་གིས་ཁྲིམས་བཟོ་ལྷན་ཚོགས་ལ་འགོ་ཁྲིད་བྱེད་བཞིན་པ་ཡིན་པས་ཁྲིམས་མ་ཤེས་པར་གསལ་བསྒྲགས་བྱེད་སྲིད་ཀྱི་མ་རེད། ཡིན་ན་ཡང། ཁྲིམས་བཟོ་ལྷན་ཁང་ལའང་བཅའ་ཁྲིམས་ལས་གཏན་ལ་ཕབ་པའི་དམིགས་བསལ་གྱི་དབང་ཆ་ཞིག་ཡོད་ངེས་རེད། གལ་སྲིད་གསལ་བསྒྲགས་དེ་བཅའ་ཁྲིམས་དང་འགལ་ཡོད་ན་ཁྲིམས་ཞིབ་ཁང་དུ་ཐག་བཅོད་ཡོད་པས་ང་ཚོ་ལ་ཇུས་གཏོགས་མེད། ཇུས་གཏོགས་ཡོད་མཁན་གྱིས་ཇུས་གཏོགས་བྱས་ན་ཡག་པོ་འདུག བཀའ་ཤག་དང་སྤྱི་འཐུས་དང་ཁྲིམས་ཞིབ་ཁང་སོ་སོར་དབྱེ་བ་ཕྱེ་བའི་འགན་དབང་ཞིག་ཡོད་པ་རེད།༽ འདིའི་རིགས་དབང་ཆ་གཅིག་སྡུད་ལམ་ལུགས་འོག་ཏུའང་ཁྲིམས་བཟོ་མཁན་ཁྲིམས་ལ་འགལ་ན་ཉེས་པ་ཉིས་བརྩེགས་ཡོད་པས། མང་གཙོའི་སྤྱི་ཚོགས་ནང་དུ་ཁྲིམས་འགལ་བྱ་སྤྱོད་ལ་ཐེར་འདོན་བྱེད་མ་ཆོག་པ་ཞིག་ཡོད་དམ།
ད་རེས་དེ་ཙམ་བྱ། མུ་མཐུད་དུ་བགྲོ་གླེང་བྱེད་ཆོག
གནས་ཚང་ལགས། ཁྱེད་ཀྱི་དྲི་བར་ལན་བརྒྱབ་ཡོད། ཡག་པོ་གཟིགས་ན་མ་གཏོགས་གོ་ནོར་ཐེབས་ཡོང་།
༡ གལ་སྲིད༼རྒྱ་རི་སྒྲོལ་མ་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིར་མ་ཞུགས་པ་ནི་སྤྱི་འཐུས་ཀྱི་ནང་དུ་ཞུགས་ནས་བོད་སྤྱི་བའི་ལས་དོན་བསྒྲུབ་འདོད་མེད་པ་རེད། དེ་ནི་ཞབས་འདྲེན་རེད། སྤེན་པ་ཚེ་རིང་གིས་བཀའ་ཁྲི་ཡོང་ན་བཀའ་ཁྲི་དང་བཀའ་ཁྲི་མ་ཡོང་ན་སྤྱི་འཐུས་བདམས་པ་ནི་བོད་སྤྱི་བའི་ལས་དོན་བསྒྲུབ་འདོད་ཡོད་པའི་སྙིང་སྟོབས་རེད། དེ་ནི་དཔའ་བོ་རེད།༽ འདི་འདྲ་ཞིག་ཡིན་ན། བཀའ་ཁྲིའི་འོས་མི་གཞན་ཚོས་ཀྱང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིའི་ཆ་ཤས་མ་བླངས་པ་དེའང་ཞབས་འདྲེན་དུ་གྱུར་ཡོད་དམ།
ལན། བོད་སྤྱི་བའི་ལས་དོན་ལ་ཧུར་བརྩོན་བྱེད་མཁན་ནི་དཔའ་བོའི་མཚན་ཉིད་རེད། རྒྱ་རི་སྒྲོལ་མས་རང་ཉིད་ལ་བཀའ་ཁྲིའི་ཐོབ་ཐང་རེག་གི་མེད་པ་གསལ་བོ་ཤེས་པ་དང་བློ་བཟང་སེང་གེ་དང་བཀྲས་མཐོང་གཉིས་ལ་འགྲན་རྩོད་བྱེད་པའི་འོས་ཤོག་གི་གྲངས་འབོར་ཐོབ་མེད་པ་ཤེས་བཞིན་དུ་སྤྱི་འཐུས་ཀྱི་འོས་གཞི་མ་བདམས་པར་ཨུ་ཚུགས་ཀྱིས་དེ་གཉིས་ལ་འགྲན་རྩོད་བྱས་ཏེ་བཀའ་ཁྲིའི་ཐོབ་ཐང་ལས་མར་ཟགས་ནས་བསམ་བཞིན་དུ་ལས་མེད་དུ་བཟོ་བ་ནི་བོད་སྤྱི་བའི་ལས་དོན་ལ་ཧུར་བརྩོན་བྱེད་འདོད་མེད་པའི་རྟགས་རེད། རྒྱ་རི་སྒྲོལ་མ་གཅིག་བུ་མ་གཏོགས་བཀའ་ཁྲིའི་འོས་མི་གཞན་རྣམས་ལ་སྔོན་མའི་སྤྱི་བའི་འོས་འགན་དེ་ཡོད་བཞིན་པ་རེད། བོད་སྤྱི་བའི་ལས་དོན་སྒྲུབ་མཁན་རྣམས་ནི་ཞབས་འདྲེན་པ་མིན་པར་དཔའ་བོ་རེད།
༢ གལ་སྲིད་ཐེངས་འདིར་སྤེན་པ་ཚེ་རིང་ལས་དཔའ་བོ་གཅིག་ཀྱང་མ་བྱུང་བ་ཡིན་པ་བདེན་ན། ཅིའི་ཕྱིར་བཀའ་ཁྲིའི་འོས་གཞིའི་སྒང་ནས་མུ་མཐུད་རྒྱུན་སྐྱོང་བྱེད་མ་ཐུབ་པ་རེད་དམ།
ལན། དྲི་བ་འདི་ལན་དང་པོ་ལ་བརྟེན་ན་གོ་ནུས་པས་ཐོལ་བ་རེད། ཡིན་ནའང་། ལན་ཞིག་བརྒྱག་ངེས་ཡིན། ད་ལྟ་མི་ཚང་མས་རྒྱ་རི་སྒྲོལ་མའི་ཀླད་པ་གྱོང་དྲགས་པས་ཕམ་ཁ་དེ་བྱུང་བ་རེད་ཟེར་བ་དང་། སྤེན་པ་ཚེ་རིང་གིས་བཀའ་ཁྲིའི་འོས་གཞི་ལས་དགོངས་པ་ཞུས་པར་མི་ཚང་མས་བསྔགས་བརྗོད་བྱེད་པ་ལ་ལྟོས་དང་། ཧ་གོ་ཡི་རེད།
༣ ཚོགས་གཙོ་སྤེན་པ་ཚེ་རིང་གི་གསལ་བསྒྲགས་དེ་དབུས་འོས་བསྡུ་ལས་ཁུངས་ལ་འགྲན་བསླངས་པའི་གསལ་བསྒྲགས་ཤིག་ཀྱང་ཆགས་ཡོད་དེ། དཔེར་ན། འོས་བསྡུ་ལྷན་ཁང་གིས་སྒྲིག་གཞི་ལྟར་ཁོ་རང་གི་སྤྱི་འཐུས་འོས་ཤོག་ལས་བསྒྲགས་མེད་ཀྱང་ཁོ་རང་གིས་གསལ་བསྒྲགས་དང་བསྟུན་ནས་བཀའ་ཁྲིའི་འོས་ཤོག་ཀྱང་བསྒྲགས་ཟིན་པས། ཁྲིམས་བཟོ་ལྷན་ཚོགས་ལ་འགོ་ཁྲིད་བྱེད་ཀྱིན་པ་ཞིག་གིས་ཤེས་བཞིན་དུ་འདི་ལྟར་གནང་ན། འོས་བསྡུའི་སྒྲིག་གཞིར་གཏོར་སྐྱོན་བཏང་བར་མ་ཟད། འོས་བསྡུའི་འགན་འཛིན་ལྷན་ཚོགས་ལ་མཐོང་ཆུང་དང་དབང་ཤེད་ངོམས་པ་མ་ཡིན་ནམ།
ལན། སྤེན་པ་ཚེ་རིང་གིས་ཁྲིམས་བཟོ་ལྷན་ཚོགས་ལ་འགོ་ཁྲིད་བྱེད་བཞིན་པ་ཡིན་པས་ཁྲིམས་མ་ཤེས་པར་གསལ་བསྒྲགས་བྱེད་སྲིད་ཀྱི་མ་རེད། ཡིན་ན་ཡང། ཁྲིམས་བཟོ་ལྷན་ཁང་ལའང་བཅའ་ཁྲིམས་ལས་གཏན་ལ་ཕབ་པའི་དམིགས་བསལ་གྱི་དབང་ཆ་ཞིག་ཡོད་ངེས་རེད། གལ་སྲིད་གསལ་བསྒྲགས་དེ་བཅའ་ཁྲིམས་དང་འགལ་ཡོད་ན་ཁྲིམས་ཞིབ་ཁང་དུ་ཐག་བཅོད་ཡོད་པས་ང་ཚོ་ལ་ཇུས་གཏོགས་མེད། ཇུས་གཏོགས་ཡོད་མཁན་གྱིས་ཇུས་གཏོགས་བྱས་ན་ཡག་པོ་འདུག བཀའ་ཤག་དང་སྤྱི་འཐུས་དང་ཁྲིམས་ཞིབ་ཁང་སོ་སོར་དབྱེ་བ་ཕྱེ་བའི་འགན་དབང་ཞིག་ཡོད་པ་རེད།
གནས་ཚང་དང་རིགས་པ་སྨྲ་བ་གཉིས་ཀྱི་རྩོད་པ་ལ་ཡུན་རིང་བལྟས་པ་ཡིན། རིགས་པ་སྨྲ་བ་ལ་རིགས་ལམ་གྱི་འགྲོས་མི་འདུག་ལ། གནས་ཚང་ལ་ཡང་རྒྱུ་དག་མི་འདུག གནས་ཚང་གིས་སྤེན་ཚེས་ཐོབ་ཐང་གཉིས་བླངས་པ་སོགས་བཤད་པ་ནི་རང་ཉིད་མི་དགའ་ཙམ་དུ་ཟད་པ་ལས། རྩ་ཁྲིམས་ཀྱིས་དགག་ཆ་མེད་ཕྱིན་དེ་ལྟར་སུས་ཀྱང་བྱེད་སྲིད་པས་དེར་ངེས་པར་དུ་བསམ་ཤེས་བྱེད་དགོས། སྤེན་ཚེ་གཅིག་པུ་མ་རེད། གངས་ལྷ་མོ་དང་གཞོན་ནུའི་ཚོགས་ཟུར་དེ་ཚོ་ཡང་སྤྱི་འཐུས་ནང་འཛུལ་ཚེ་གཅིག་མཚུངས་ཡིན།
རིགས་པ་སྨྲ་བ་ལ་ཡང་ཞེན་གོག་ཅིག་པུ་ལས་རིགས་ལམ་གྱི་འགྲོས་མི་འདུག བཀའ་ཁྲི་དང་སྤྱི་འཐུས་དུས་མཉམ་དུ་འོས་བླུགས་པ་དང༌། དེ་དུས་ང་རང་བཀའ་ཁྲིར་སྡོད་ཀྱི་ཡིན་གསུངས་པ་དེས་ང་རང་སྤྱི་འཐུས་སྡོད་ཀྱི་མིན་ཟེར་བ་མིན་ན་ཅི་རེད། ལྷན་སྦྱིན་ཚོན་པོས་ཉིན་པར་ཟས་མི་ཟ་ཞེས་བརྗོད་སྐབས་མཚན་མོ་ཟས་ཟ་བ་ཤུགས་ལ་འཕངས་པ་མ་ཡིན་ནམ། དུས་གཅིག་ཏུ་འོས་བླུག་སྐབས་གཅིག་བདམས་པ་དེས་གཅིག་བློས་གཏོང་བ་མིན་ན། དངོས་གཞིའི་འོས་བསྡུའི་སྐབས་ཀྱང་དེ་ལྟར་བྱས་ནས་མཐའ་མ་ཕྱོགས་གང་ཞིག་ཐོབ་པ་དེ་གདམ་མི་ཆོག་པ་ཅི་ཡིན་ནམ།
ང་རང་སྤེན་ཚེ་ལ་དམིགས་བསལ་བསམ་ཚུལ་དེ་ཙམ་མེད་པར་བསམ་ཤེས་ཐུབ་ཀྱི་འདུག་མོད། ཁ་ཤས་ཀྱིས་ལྡོག་ཕྱོགས་ཀྱི་བསྟོད་པ་བརྒྱབ་ནས་བོད་མི་མང་དེ་ལྐུག་པའི་གྲལ་ལ་བཞག་པར་དགའ་མ་བྱུང༌། སྤེན་ཚེས་དེ་ལྟར་བྱེད་པ་དེ་རླབས་ཆེན་དང་གཟི་བརྗིད་དང་ཡ་རབས་དང་བཟང་སྤྱོད་སྙིང་སྟོབས་དང་ལྷག་བསམ་རེད་ཟེར། འོ་ན་རྒྱ་རི་སྒྲོལ་མ་ལྟ་བུ་དང་པོ་བཀའ་ཁྲི་’འོས་མི་ནང་བཞུགས་ནས་ད་དུང་འགྱུར་བ་མེད་པར་གནས་པ་དེ་གཟི་བརྗིད་དང་བཟང་སྤྱོད་སོགས་མ་རེད་དམ། ངས་བལྟས་ན་རྒྱ་རི་སྒྲོལ་མས་གནང་སྟངས་དེ་ཁྱོིད་ཚོས་བཤད་པའི་གཟི་བརྗིད་དང་བཟང་སྤྱོད་དང་སྙིང་སྟོབས་དང་རྒྱུན་འཁྱོངས་ཟེར་བ་དེ་རེད་འདོད་ལ། སྤེན་ཚེས་གནང་སྟངས་དེ་བློ་རྕེ་གཉིས་ཟེར་བ་དེ་ཡིན་ལ་བློ་རྩེ་གཉིས་ཀྱིས་དོན་ཆེན་མི་འགྲུབ། ཁབ་རྩེ་གཉིས་ཀྱིས་ཚེམ་པོ་མི་ཡོང་ཞེས་གནའ་གཏམ་དུ་གྲགས་ཡོད།
སྤེན་ཚེ་ལ་བཀའ་འདྲི་ཞུ་རྒྱུར། ཐོག་མར་འོས་གཞིར་བཞེངས་པའི་སྐབས་རང་གི་ཐུགས་ཡིད་ཆེས་པ་སུ་ཡང་བཀའ་ཁྲིའི་འོས་མི་ཁོངས་སུ་མེད་སྟབས་སེམས་འཚབ་ཆེན་པོ་བྱུང་ནས་བཀའ་ཁྲིར་བཞེངས་པ་ཡིན་གསུངས་སོང༌། འོ་ན་ད་ཆར་མུ་མཐུད་འབད་བརྩོན་མི་གནང་བ་ག་རེ་ཡིན་ནམ། སེམས་འཚམ་དེ་ཇི་ལྟར་མེད་པར་གྱུར་ཏམ། ཉིད་ཀྱི་ཐུགས་ཡིད་ཆེས་པའི་བཀའ་ཁྲིའི་འོས་མི་གསར་པ་ཞིག་བྱུང་བ་ཡིན་ནམ།