མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་སྒེར་གྱི་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་སྐུ་སྒེར་ངོས་ནས་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་སྐོར་ལ་གསལ་བཤད་ཅིག་གནང་འདུག་ལ། དེར་ཁོང་ཐེངས་འདིར་བཀའ་བློན་ཁྲི་པ་དང་མདོ་སྨད་སྤྱི་འཐུས་གཉིས་ཀའི་འོས་གཞིར་བསླེབས་ཡོད་ཀྱང་། དབུས་འོས་བསྡུ་ལྷན་ཁང་གིས་གདམ་ག་སྤྲད་པ་ལྟར། ཁོང་གིས་བཀའ་བློན་ཁྲི་པའི་འོས་ཁོངས་ནས་དགོངས་པ་ཞུས་ཏེ། མུ་མཐུད་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་རྒྱུའི་ཐུགས་ཐག་བཅད་སྐོར་དང་། ཐེངས་འདིར་ཁོ་རང་ལ་བཀའ་ཁྲིའི་འོས་གྲངས་ ༡༥༩༠ ཙམ་ཐོབ་ཡོད་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བཀའ་ཁྲིའི་འོས་ཁོངས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་སྐོར་ལ། རབ་བྱུང་ན་བཀའ་བློན་ཁྲི་པའི་འོས་གཞི་གསུམ་ལས་མ་མང་བ་གསལ་བསྒྲགས་གནང་རྒྱུ་གལ་ཆེན་ཡིན་སྐོར་བཀོད་འདུག  

 

གསལ་བཤད་ནང་བཀོད་དོན། ཉེ་ཆར་འོས་བསྡུ་ལས་ཁང་ནས་སྐབས་ ༡༥ པའི་སྤྱི་འཐུས་དང་། སྐབས་ ༡༤ པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་ནི། རང་ཅག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་ཀྱི་གཟི་བརྗིད་ལྡན་པའི་ལེ་ཚན་ཞིག་ཡིན་ལ། ང་ཚོས་གཡུར་དུ་ཟ་བའི་འབྲས་བཟང་འདི་ལོངས་སུ་སྤྱོད་བཞིན་པའི་དུས་སྐབས་འདིར། འདས་པའི་བཙན་བྱོལ་གྱི་ལོ་ངོ་ ༥༠ རིང་མང་གཙོ་སྐུལ་སྤེལ་དང་སྣེ་ཁྲིད་མཛད་མཁན་༸གོང་ས་ཆེན་པོ་མཆོག་གི་བཀའ་དྲིན་སྙིང་བཅངས་དང་། མང་གཙོའི་འཕེལ་རིམ་ནང་མཉམ་ཞུགས་གནང་མཁན་གྱི་མང་ཚོགས་ཚོའི་ལྷག་བསམ་དང་འགན་ཁུར་ལ་ཡི་རང་བསྔགས་བརྗོད་ཞུ་འོས་པའི་གསལ་འདེབས་དང་འབྲེལ། ཐེངས་འདིར་བཀའ་སྤྱིའི་འོས་གཞིའི་ནང་སླེབས་མཁན་རྣམས་ལ་ངས་ཞེ་ཐག་པ་ནས་གུས་བརྩི་དང་འཚམས་འདྲི་ཞུ་བཞིན་ཡོད།

ང་རང་སྐབས་འདིའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་གཞི་གཉིས་ཀའི་ནང་སླེབས་འདུག་ཀྱང་། འོས་བསྡུ་ལས་ཁང་ནས་ ༢༠༡༠ ཟླ་ ༡༡ ཚེས་ ༨ ཞེས་བཀོད་ཡོད་པའི་ཡིག་ཆུང་བཏང་འབྱོར་བྱུང་བའི་ནང་། མདོ་སྨད་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་ཁོངས་གང་གི་འོས་གཞིར་ཞུགས་འདོད་ཡོད་མེད་དུས་བཅད་ནང་གདམ་ག་བྱེད་དགོས་གནས་ཕེབས་འདུག་པས། བཀའ་ཁྲིའི་འོས་ཁོངས་ནས་དགོངས་ཞུས་བྱས་པ་ཡིན། དེའི་རྒྱུ་མཚན་ནི།

 ༡། ལྷ་རབ་བྱུང་ན་བཀའ་བློན་ཁྲི་བའི་དངོས་གཞིའི་འོས་གཞི་གཉིས་དང་། དེ་མིན་མང་མཐའ་ཡང་གསུམ་ལས་མ་མང་བ་བྱུང་ན་གང་ལེགས་ཡོང་གི་རེད་སྙམ་པ་དེ་ངའི་བསམ་ཚུལ་ཡིན། དངོས་གཞིའི་འོས་གཞི་མང་དྲགས་ཚེ། འོས་ཤོག་འཐོར་གྱར་དུ་སོང་སྟེ། མང་མོས་བརྒྱ་ཆ་ཉུང་ངུ་ལས་མ་ཐོབ་པའི་བཀའ་ཁྲི་ཞིག་འདེམས་ཐོན་བྱུང་ན།  རྒྱ་ཆེ་ས་ནས་ཆབ་སྲིད་ཀྱི་གནས་སྟངས་ཐོག་ཞན་སྐྱོན་མང་དག་ཅིག་རང་བཞིན་གྱིས་འབྱུང་བ་དང་། བཙན་བྱོལ་སྤྱི་ཚོགས་སུ་བཀའ་ཁྲིའི་ཆེ་མཐོང་དང་། འདེམས་ཐོན་བཀའ་ཁྲི་སྐུ་སྒེར་གྱི་བློ་སྤོབས་སོགས་ཕྱོགས་མང་པོར་གནོད་རྐྱེན་འབྱུང་ཉེན་ཆེ་བ།

 ༢། ང་རང་ལ་བཀའ་ཁྲིའི་འོས་ཐོབ་གྲངས་ ༡༥༩༠ ཙམ་ཡོད་པ་དེ་དག་འོས་བསྡུའི་སྐུལ་སློང་དྲིལ་བསྒྲགས་ཧ་ལམ་མ་བྱས་པ་ལྟ་བུའི་གནས་སྟངས་འོག་ཐོབ་པ་ཡིན་པས། དགའ་སྤྲོ་འཕེལ་གཞི་ཞིག་ཡིན་ཡང་། དེ་དག་དང་འོས་གཞི་རྩེ་བཏོག་དབར་གྲངས་འབོར་བར་ཁྱད་ཆེ་བས། སྐབས་འདིར་འོས་ཐོབ་ཀྱི་རེ་བ་མེད་པའི་གནས་སྟངས་ངོས་ལེན་ཞུ་རྒྱུ་དེའང་མང་གཙོའི་ལམ་ལུགས་ཁྲོད་སྒེར་གྱི་བཟང་སྤྱོད་འགངས་ཆེན་ཞིག་ཡིན་པ་དང་། མང་ཚོགས་ཀྱི་གདམ་ག་ལ་བརྩི་བཀུར་ཞུ་བཞིན་ཡོད།

 ༣། མདོ་སྨད་ཆོལ་ཁའི་འོས་འཕེན་པས་ང་རང་མུ་མཐུད་སྤྱི་འཐུས་སུ་བསྡད་ན་དགེ་མཚན་ཆེ་བའི་མངོན་རྟགས་གསལ་པོ་ཐོན་ཡོད་པས། དེ་ལའང་བརྩི་བཀུར་ཞུ་དགོས་ངེས་མཐོང་།

 དེར་བརྟེན། ང་རང་བཀའ་ཁྲིའི་འོས་གཞིར་འོས་འདེམས་གནང་མཁན་ཚོར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་བ་དང་སྦྲགས། སྤྱི་ཚོགས་ནང་དགོས་མེད་ཀྱི་མུ་ཅོར་འདྲ་མིན་ཡོང་བཞིན་པ་དེ་རིགས་སྣང་མེད་དུ་བསྐྱུར་རོགས་ཞེས་ཞུ་རྒྱུ་དང་། ང་རང་གི་ངོས་ནས་སྐབས་དུས་སོ་སོར་གནས་སྟངས་དང་བསྟུན་ཏེ་སྤྱི་ཚོགས་ཀྱི་ཞབས་ཞུ་གང་འགབ་མི་མཐུད་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད། གནད་ཀྱི་དོན་པོ་རང་ཅག་ཁ་བ་རི་བའི་སྤྱི་དོན་ཕྲག་ཏུ་ལེན་རྒྱུའི་སྙིང་སྟོབས་བསྐྱེད་དེ། སྐབས་སུ་བབས་པ་ལོ་རྗེས་མའི་ཕྱི་ཟླ་༣ ནང་དངོས་གཞི་འོས་བསྡུའི་བྱེད་སྒོར་བཙན་བྱོལ་བོད་མི་ཡོངས་ནས་འགན་ཁུར་མ་ལྷོད་པར་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 63

  1. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    གནས་ཚང་ལགས། ཁྱེད་ནི་ངའི་རྩོད་པའི་ཡུལ་དུ་གྱུར་མེད། ཡིན་ནའང་། ངའི་རིགས་པས་ཁྱེད་ཀྱི་ནང་མཚང་ཞིག་ངོམ་དུ་འཇུག་གི་ཡིན།

    ༡ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཁས་ལེན་མི་བྱེད་པར་ཁྱད་གསོད་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།
    ལན། དྲི་བ་འདི་སྤེན་པ་ཚེ་རིང་ལ་བབས་ཡོད་པས། ང་ཚོས་འདིའི་ཐད་བགྲོ་གླེང་རིམ་པས་བྱས་པར་མ་ཟད། ཁྱེད་ཀྱིས་དེ་ནི་ཚོགས་གཙོ་ལགས་ཀྱིས་རྒྱ་ནག་དམར་ཤོག་ལ་ངོ་རྒོལ་མཚོན་བྱེད་རེད་ཅེས་ལན་རྒྱབ་ཡོད་པ་མ་ཡིན་ནམ།

    ལན་ལ་ལན་རྒྱག་པ། ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ནང་དུ་ཞུགས་པ་ནི་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ལ་བརྩི་བཀུར་ཞུས་ཏེ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་རྒྱ་ནག་དམར་ཕྱོགས་ཚོགས་པའི་བཙན་དབང་རིང་ལུགས་ཀྱི་མདུན་དུ་བཙན་བྱོལ་བོད་མིའི་དམངས་གཙོའི་གཟི་བརྗིད་ངོམས་ཡོད་པས་ཚང་མས་ཁོང་ལ་དགའ་བསུ་ཞུ་དགོས་པ་ཡིན་ཞེས་བྲིས་ཡོད་པའི་ནང་དོན་མ་གོ་བ་རེད་ཡང་ན་མིག་ལུང་བར་གྱུར་ཡོད་དམ།

    ༢ ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཅའ་ཁྲིམས་ལྟར་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཐོབ་ཐང་ལ་མི་དགའ་བའི་རྒྱུ་མཚན་ཅི་ཡིན།
    ལན། འདི་ན་དགའ་མི་དགའ་ཞིག་ལྷག་མེད་པར་མ་ཟད། སྤེན་པ་ཚེ་རིང་ལས་འོས་མི་གཞན་དག་གིས་བཀའ་སྤྱི་གཉིས་ཀྱི་ཆ་ཤས་མི་ལེན་དོན་ལ་ཐུག་ཡོད་ཅིང་། དེ་ནི་ཁོང་ཚོས་ཐོབ་ཐང་ལེན་མ་ཤེས་པ་རེད་དམ། ཡང་ན། སྤེན་པ་ཚེ་རིང་ལ་དམིགས་བསལ་དབང་ཆ་ཞིག་རེག་ཡོད་པ་རེད།

    ལན་ལ་ལན་རྒྱག་པ། སྤེན་པ་ཚེ་རིང་གཙོ་བའི་འོས་མི་གཞན་དག་གིས་བཀའ་སྤྱི་གཉིས་ཀྱི་ཆ་ཤས་ལེན་མི་ལེན་སོ་སོའི་རང་དབང་རེད། རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་བརྒྱུག་མི་དགོས། དམངས་གཙོའི་རང་དབང་ཡོད། རྒྱ་རི་སྒྲོལ་མས་རི་བོང་ཅལ་འདྲོགས་བྱས་ནས་ད་ལྟ་ཁོང་ལ་བཀའ་ཁྲིའི་ཐོབ་ཐང་མེད་ལ་སྤྱི་འཐུས་ཀྱི་ཐོབ་ཐང་ཡང་མེད་པ་གསལ་བོ་ཡིན། ང་ཚོ་ཚང་མ་སེམས་སྐྱོ་བ་ཞིག་རེད། ཁོང་ནི་མིག་དཔེ་ལྡན་པའི་བུད་མེད་ཅིག་ཡིན་པས་བོད་གཞུང་གི་ནང་དུ་ངེས་པར་དུ་ལས་ཀ་བྱེད་དགོས།

    ༣ རྒྱ་རི་སྒྲོལ་མ་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཐོབ་ཐང་ལེན་མི་ཆོག་པར་སུས་བཀག་འགོག་བྱས་སོང་།
    ལན། སྐད་ཆ་འདི་ཁྱེད་རང་གིས་གསར་དུ་བཟོས་པ་ཞིག་ཡིན་པས། སོ་སོས་བཟོས་པའི་སྐད་ཆར་སོ་སོས་འགན་འཁུར་དགོས་ཀྱི་རེད་མ་གཏོགས་གཞན་གྱིས་ཚབ་བྱེད་ཐུབ་ཀྱི་མ་རེད།

    ལན་ལ་ལན་རྒྱག་པ། ཁྱེད་ཀྱིས་དེ་ལ་ལན་བརྒྱག་མི་ཐུབ་ན། ངས་ཁྱོད་ལ་གསལ་བཤད་བྱེད་དགོས། དེ་ནི་རྒྱ་རི་སྒྲོལ་མའི་རང་དབང་གི་འདམ་ག་ཡིན་པ་བཞིན་དུ་སྤེན་པ་ཚེ་རིང་ལའང་རང་དབང་གི་འདམ་ག་ཡོད་པ་རེད། ཁོང་གཉིས་ལ་བཀག་འགོག་བྱེད་མཁན་མེད། དམངས་གཙོའི་རང་དབང་ནང་དུ་སོ་སོའི་རང་དབང་ལ་བཀག་འགོག་བྱེད་མཁན་ཡོད་ན་དེ་སུ་ཡིན་པ་བཤད་དགོེས་ངེས་རེད། དེ་མེད་ན། ང་ཚོས་ཁོང་ཚོའི་རང་དབང་གི་འདམ་ག་ལ་མི་དགའ་བ་བྱེད་དགོས་པའི་རྒྱུ་མཚན་མེད།

    ༤ གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོའི་རང་དབང་ལ་མཐོང་ཆུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།
    ལན། དེ་ག་རང་རེད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཁ་ནས་གོང་ས་མཆོག་གིས་མང་གཙོ་གསོལ་རས་གནང་བ་རེད་ཅེས་མ་ཎི་བགྲང་བགྲང་དང་ཕྱོགས་གཞན་ཞིག་ནས་མངོན་སུམ་འཛེམས་མེད་ཀྱིས་བཀའ་སྤྱི་གཉིས་ཀྱི་ཆ་ཤས་དུས་མཉམ་དུ་བླངས་ཡོད་པས། དེ་ནི་སྤེན་པ་ཚེ་རིང་དང་ཁོའི་འབ་ཕྲུག་ཚོས་མཐོང་ཆུང་བྱེད་ཀྱིན་པའི་རྟགས་གཙོ་བོ་ཞིག་ཏུ་གྱུར་ཡོད།

    ལན་ལ་ལན་རྒྱག་པ། སྤེན་པ་ཚེ་རིང་གིས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་ཆ་ཤས་དུས་མཉམ་དུ་བླངས་པ་ནི་གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོའི་ཐོབ་ཐང་དང་བཅའ་ཁྲིམས་ཀྱི་ཐོབ་ཐང་དང་མཐུན་པ་རེད། གོང་ས་མཆོག་གི་བཀའ་བརྩི་སྲུང་བྱེད་མཁན་ཞིག་ན་བཅའ་ཁྲིམས་དང་མཐུན་པར་བྱེད་དགོས། སྤེན་པ་ཚེ་རིང་གིས་དེ་དང་མི་མཐུན་པར་བྱས་ཡོད་ན་ཚིག་ལུང་འདྲེན་བྱས་ནས་ཁྲིམས་ཞིབ་ཁང་ལ་གཏུག་བཤེར་ཡོང་བར་ཞུ། དེ་མིན་ན། སྤེན་པ་ཚེ་རིང་ལ་མ་དགའ་བའི་རྒྱུ་མཚན་ཡིན་ན་གླེན་རྟགས་རེད།

    ༥ བཅའ་ཁྲིམས་རྟག་བརྟན་ཡིན་པར་སུས་ལབ་ཀྱི་འདུག
    ལན། ༼རིགས་པ་སྨྲ་བ། ༢༠༡༠/༡༡/༡༤ ཉིན་འདོན་སྤེལ་བྱས། བོད་མི་དམངས་ཀྱི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ཀྱིས་དམངས་གཙོའི་ལམ་ནས་གཏན་ལ་ཕབ་ཅིང་༸གོང་ས་མཆོག་གིས་མཚན་རྟགས་བཀོད་ཟིན་པའི་བཅའ་ཁྲིམས་ལ་འཐུས་ཚང་མ་ཡིན་པར་བཤད་དེ་ཁྱད་གསོད་དང་དམའ་འབེབས། མཐོང་ཆུང་བྱས་པ་འདི་ནི་ཁྱོད་བླུན་རྨོངས་མཐར་ཐུག་པ་ཞིག་གི་སྐད་ཆ་ཡིན་པ་ལས་འཛམ་གླིང་འདིར་བླུན་རྟགས་དེ་འདྲ་སུས་སྟོན་ནུས་སམ། ༽ འདི་རྟག་བརྟན་རེད་ཅེས་བཤད་པ་མིན་ན་ཅི་ཞིག་ཡིན།

    ལན་ལ་ལན་རྒྱག་པ། གོང་གི་ཚིག་གི་ནང་དོན་མི་གོ་ན་གཞན་ལ་སྐད་ཆ་དྲིས། འདིའི་ནང་དོན་ནི་ཁྱེད་རང་གིས་ ༸གོང་ས་མཆོག་གིས་མཚན་རྟགས་བཀོད་ཟིན་པའི་བཅའ་ཁྲིམས་ལ་འཐུས་ཚང་མ་ཡིན་པར་བཤད་དེ་ཁྱད་གསོད་བྱས་པ་འགྲིག་མ་སོང་ཞེས་པའི་དོན་རེད་མ་གཏོགས། ངས་དེ་རྟག་བརྟན་ཡིན་པར་བཤད་པའི་ཚིག་ཅིག་གང་དུ་འདུག ཁྱེད་ཀྱིས་ངའི་ཚིག་གི་དོན་དག་གོ་ཡི་མི་འདུག་ཅེས་ངས་ཁྱོད་ལ་སྔོན་མ་ནས་བཤད་ཡོད། དེར་བརྟེན། ཁྱེད་རང་ངའི་རྩོད་པའི་ཡུལ་མ་རེད་ཅེས་བཤད་དགོས་བྱུང་།

    ༦ རི་བོང་གི་རྭ་ཡོད་མེད་སུས་རྩོད་ཀྱི་འདུག
    ལན། ༼རིགས་པ་སྨྲ་བ། ༢༠༡༠/༡༡/༡༤ ཉིན་འདོན་སྤེལ་བྱས། … … མི་ཤེས་ན་འཛིན་གྲྭ་དང་པོར་ཕྱིན་ནས་སློབ་སྦྱོང་བྱོས་དང་དེར་ཤེས་རྟོགས་བྱུང་གི་རེད། དེ་ནས་རིགས་པ་སྨྲ་བའི་རྩོད་པའི་ར་བར་ཕེབས་ཤོག །༽ འདི་རི་བོང་ལ་རྭ་ཡོད་མེད་རྩོད་འདུན་ཡོད་པ་མིན་ན་གང་ཡིན།

    ལན་ལ་ལན་རྒྱག་པ། རིགས་པ་སྨྲ་བའི་རྩོད་པའི་ར་བ་ཞེས་པ་ནི་རི་བོང་གི་རྭ་ཞེས་པའི་དོན་དག་མ་རེད། རྒྱུ་མཚན་བཤད་ནས་རྩོད་པ་བྱེད་སའི་དུས་བབ་ཀྱི་ར་བ་ཞེས་པའི་དོན་དག་རེད།
    ངས་ཁྱོད་ལ་ཚིག་གི་འགྲེལ་བཤད་བྱེད་དགོས་ན་ཤིན་ཏུ་ཉོབ་ཀྱི་འདུག

    ༧ ངས་བཤད་ཟིན་པ་ཁས་ལེན་མི་བྱེད་པའི་ཚིག་གང་རེད།
    ལན། ཁྱེད་རང་ལ་གོང་གསལ་གཙོས་ལན་བཏབ་ཟིན་པ་ཆ་ཚང་ལ་ངོས་ལེན་བྱེད་འདུན་མེད་པ་འདི་ནི་ནང་ཁུལ་སྲིད་དོན་པའམ་ལུང་ཚན་རིང་ལུགས་པ་ཞིག་གི་རྟགས་མཚན་གཙོ་བོ་རེད་ལ། རིགས་ལམ་ཉི་ཚེ་བ་ཞིག་གི་སྐུད་སྣེར་འཇུས་ཡོད་པས་ཀྱང་རེད།

    ལན་ལ་ལན་རྒྱག་པ། ཁྱེད་ཀྱིས་ངའི་མིང་ཚིག་གི་ནང་དོན་ཡང་གོ་ཡི་མེད་པའི་གོང་གི་སྐད་ཆ་རྣམས་ངས་ཁས་ལེན་བྱེད་དགོས་ན་ང་ཡང་ཁྱེད་རང་ནང་བཞིན་བླུན་རྨོངས་པ་ཞིག་ཆགས་ས་རེད།

    ༩ གོང་ས་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་གནང་གི་མེད་ཅེས་པའི་ཚིག་ཐོལ་བ་དེ་གང་ནས་སྙེད་སོང་།
    ལན། སྔར་ཐའེ་ཝན་ལ་ཕེབས་དུས་གསུངས་ཡོད་པ་རེད་ལ། རྒྱ་ནག་པ་ཚོར་མང་པོ་གསུངས་ཚར་བ་རེད། ཧ་གོ་མེད་ན་མི་ལ་སྐད་ཆ་ཕྲིས། དེབ་ཀློག

    ལན་ལ་ལན་རྒྱག་པ། སྤྱིར་གོང་གི་ཚིག་དེ་ཁྱེད་ཀྱིས་བཤད་པ་རེད་མ་གཏོགས་ང་ལ་འབྲེལ་བ་མེད། ཡིན་ནའང་། ཁྱེད་རང་གིས་བཤད་པ་ནང་བཞིན་༸གོང་ས་མཆོག་གི་ཚིག་ཡོད་ན་ཕྲིས་ཤིག དེ་མིན་ན། མི་ལ་སྐད་ཆ་འདྲི་དགོས་ན། འཛམ་གླིང་དུ་ཁྱེད་རང་ནང་བཞིན་སྐྱག་རྫུན་བཤད་མཁན་མང་བོ་ཡོད་པ་རེད།

    ༡༠ རྒྱ་རི་སྒྲོལ་མས་བཀའ་ཁྲིའི་འོས་མིར་ལངས་པ་ནས་སྤྱི་འཐུས་འོས་གཞི་དོར་བ་ནི་བཟང་སྤྱོད་ཡིན་ན་སྤེན་པ་ཚེ་རིང་གིས་བཅའ་ཁྲིམས་ཀྱི་དགོངས་གཞི་ལྟར་སྤྱི་འཐུས་འོས་གཞིར་ལངས་ནས་བཀའ་ཁྲིའི་འོས་གཞི་དོར་བ་ནི་བཟང་སྤྱོད་མ་ཡིན་པའི་རྒྱུ་མཚན་ཅི་རེད།
    ལན། གནད་འགག་གཙོ་བོ་བཀའ་ཁྲིའི་འོས་གཞིར་ལངས་ནས་སྤྱི་འཐུས་དོར་བ་ཡིན་ཞེས་བསྒྲགས་པ་དེ་བཞིན་ཁ་དན་ཚིག་ལ་མ་གནས་པར་སྔོན་འགྲོའི་འོས་འདེམས་ཁྲོད་བཀའ་སྤྱི་གཉིས་ཀའི་ཆ་ཤས་བླངས་པ་དང་། འོས་ཐོབ་ལ་རེ་འབྲས་མེད་པར་བརྟེན་ནས་སྤྱི་འཐུས་གདམ་པ་ཡིན་པས། འདིར་བོད་ཀྱི་གཏམ་དཔེར་བློ་སྔོན་ལ་དྲན་ན་མཁས་པ་དང་ཇུས་རྗེས་ནས་འཐེན་ན་བླུན་པོ་རེད་ཅེས་པ་ལས་མ་འདས།

    ལན་ལ་ལན་རྒྱག་པ། ཁྱེད་ཀྱིས་ངའི་དྲི་བ་ལ་ལན་བརྒྱབ་མི་འདུག གཏོར་མ་ཤར་དང་གླུད་ནུབ་ཟེར་པའི་དཔེ་རེད། དེ་ནི་བཀའ་ཁྲིའི་འོས་གཞིར་ལངས་ནས་སྤྱི་འཐུས་དོར་བ་ཡིན་ཞེས་པའི་ཚིག་དེ་ཁྱེད་རང་སྤེན་པ་ཚེ་རིང་ལ་མ་དགའ་བའི་བཟོ་བཅོས་ཀྱི་ཚིག་རེད། སྤྱི་འཐུས་དོར་བ་ཡིན་ཞེས་པའི་ཚིག་དེ་གང་དུ་འདུག དེར་མ་དགའ་ན་བཟོ་བཅོས་བྱེད་དགོས་པའི་རྒྱུ་མཚན་ཅི་ཡོད།
    བློ་སྔོན་ལ་དྲན་ན་མཁས་པ་དང་ཇུས་རྗེས་ནས་འཐེན་ན་བླུན་པོ་རེད་ཅེས་པའི་དཔེ་དེ་རྒྱ་རི་སྒྲོལ་མ་དང་ཁྱེད་རང་ལ་འོས་པ་རེད། རྒྱ་རི་སྒྲོལ་མས་བློ་སྔོན་ལ་བཏང་ནས་མཁས་པ་ཆགས་འདུག་གམ་བླུན་པོ་ཆགས་འདུག བཀའ་བློན་ཁྲི་བ་ཡང་མེད་པ་དང་སྤྱི་འཐུས་ཀྱང་མེད་པ་ལ་ལྟོས་དང་། དེ་ང་ལའང་བློ་ཕམ་བྱུང་གི་འདུག ང་རང་བོད་སྤྱི་བའི་ལས་དོན་སྒྲུབ་མཁན་ལ་ཧ་ཅང་དགའ་བོ་ཡོད།

    Reply
  2. གནས་ཚང་། says:
    ལོ་ 14 སྔོན།

    རིགས་པ་སྨྲ་བ་ལགས།

    ༡ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཁས་ལེན་མི་བྱེད་པར་ཁྱད་གསོད་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།

    ལན། དྲི་བ་འདི་སྤེན་པ་ཚེ་རིང་ལ་བབས་ཡོད་པས། ང་ཚོས་འདིའི་ཐད་བགྲོ་གླེང་རིམ་པས་བྱས་པར་མ་ཟད། ཁྱེད་ཀྱིས་དེ་ནི་ཚོགས་གཙོ་ལགས་ཀྱིས་རྒྱ་ནག་དམར་ཤོག་ལ་ངོ་རྒོལ་མཚོན་བྱེད་རེད་ཅེས་ལན་རྒྱབ་ཡོད་པ་མ་ཡིན་ནམ།

    ༢ ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཅའ་ཁྲིམས་ལྟར་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཐོབ་ཐང་ལ་མི་དགའ་བའི་རྒྱུ་མཚན་ཅི་ཡིན།

    ལན། འདི་ན་དགའ་མི་དགའ་ཞིག་ལྷག་མེད་པར་མ་ཟད། སྤེན་པ་ཚེ་རིང་ལས་འོས་མི་གཞན་དག་གིས་བཀའ་སྤྱི་གཉིས་ཀྱི་ཆ་ཤས་མི་ལེན་དོན་ལ་ཐུག་ཡོད་ཅིང་། དེ་ནི་ཁོང་ཚོས་ཐོབ་ཐང་ལེན་མ་ཤེས་པ་རེད་དམ། ཡང་ན། སྤེན་པ་ཚེ་རིང་ལ་དམིགས་བསལ་དབང་ཆ་ཞིག་རེག་ཡོད་པ་རེད།

    ༣ རྒྱ་རི་སྒྲོལ་མ་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཐོབ་ཐང་ལེན་མི་ཆོག་པར་སུས་བཀག་འགོག་བྱས་སོང་།

    ལན། སྐད་ཆ་འདི་ཁྱེད་རང་གིས་གསར་དུ་བཟོས་པ་ཞིག་ཡིན་པས། སོ་སོས་བཟོས་པའི་སྐད་ཆར་སོ་སོས་འགན་འཁུར་དགོས་ཀྱི་རེད་མ་གཏོགས་གཞན་གྱིས་ཚབ་བྱེད་ཐུབ་ཀྱི་མ་རེད།

    ༤ གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོའི་རང་དབང་ལ་མཐོང་ཆུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།

    ལན། དེ་ག་རང་རེད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཁ་ནས་གོང་ས་མཆོག་གིས་མང་གཙོ་གསོལ་རས་གནང་བ་རེད་ཅེས་མ་ཎི་བགྲང་བགྲང་དང་ཕྱོགས་གཞན་ཞིག་ནས་མངོན་སུམ་འཛེམས་མེད་ཀྱིས་བཀའ་སྤྱི་གཉིས་ཀྱི་ཆ་ཤས་དུས་མཉམ་དུ་བླངས་ཡོད་པས། དེ་ནི་སྤེན་པ་ཚེ་རིང་དང་ཁོའི་འབ་ཕྲུག་ཚོས་མཐོང་ཆུང་བྱེད་ཀྱིན་པའི་རྟགས་གཙོ་བོ་ཞིག་ཏུ་གྱུར་ཡོད།

    ༥ བཅའ་ཁྲིམས་རྟག་བརྟན་ཡིན་པར་སུས་ལབ་ཀྱི་འདུག
    ལན། ༼རིགས་པ་སྨྲ་བ། ༢༠༡༠/༡༡/༡༤ ཉིན་འདོན་སྤེལ་བྱས། བོད་མི་དམངས་ཀྱི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ཀྱིས་དམངས་གཙོའི་ལམ་ནས་གཏན་ལ་ཕབ་ཅིང་༸གོང་ས་མཆོག་གིས་མཚན་རྟགས་བཀོད་ཟིན་པའི་བཅའ་ཁྲིམས་ལ་འཐུས་ཚང་མ་ཡིན་པར་བཤད་དེ་ཁྱད་གསོད་དང་དམའ་འབེབས། མཐོང་ཆུང་བྱས་པ་འདི་ནི་ཁྱོད་བླུན་རྨོངས་མཐར་ཐུག་པ་ཞིག་གི་སྐད་ཆ་ཡིན་པ་ལས་འཛམ་གླིང་འདིར་བླུན་རྟགས་དེ་འདྲ་སུས་སྟོན་ནུས་སམ། ༽ འདི་རྟག་བརྟན་རེད་ཅེས་བཤད་པ་མིན་ན་ཅི་ཞིག་ཡིན།

    ༦ རི་བོང་གི་རྭ་ཡོད་མེད་སུས་རྩོད་ཀྱི་འདུག

    ལན། ༼རིགས་པ་སྨྲ་བ། ༢༠༡༠/༡༡/༡༤ ཉིན་འདོན་སྤེལ་བྱས། … … མི་ཤེས་ན་འཛིན་གྲྭ་དང་པོར་ཕྱིན་ནས་སློབ་སྦྱོང་བྱོས་དང་དེར་ཤེས་རྟོགས་བྱུང་གི་རེད། དེ་ནས་རིགས་པ་སྨྲ་བའི་རྩོད་པའི་ར་བར་ཕེབས་ཤོག །༽ འདི་རི་བོང་ལ་རྭ་ཡོད་མེད་རྩོད་འདུན་ཡོད་པ་མིན་ན་གང་ཡིན།

    ༧ ངས་བཤད་ཟིན་པ་ཁས་ལེན་མི་བྱེད་པའི་ཚིག་གང་རེད།

    ལན། ཁྱེད་རང་ལ་གོང་གསལ་གཙོས་ལན་བཏབ་ཟིན་པ་ཆ་ཚང་ལ་ངོས་ལེན་བྱེད་འདུན་མེད་པ་འདི་ནི་ནང་ཁུལ་སྲིད་དོན་པའམ་ལུང་ཚན་རིང་ལུགས་པ་ཞིག་གི་རྟགས་མཚན་གཙོ་བོ་རེད་ལ། རིགས་ལམ་ཉི་ཚེ་བ་ཞིག་གི་སྐུད་སྣེར་འཇུས་ཡོད་པས་ཀྱང་རེད།

    ༩ གོང་ས་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་གནང་གི་མེད་ཅེས་པའི་ཚིག་ཐོལ་བ་དེ་གང་ནས་སྙེད་སོང་།

    ལན། སྔར་ཐའེ་ཝན་ལ་ཕེབས་དུས་གསུངས་ཡོད་པ་རེད་ལ། རྒྱ་ནག་པ་ཚོར་མང་པོ་གསུངས་ཚར་བ་རེད། ཧ་གོ་མེད་ན་མི་ལ་སྐད་ཆ་ཕྲིས། དེབ་ཀློག

    ༡༠ རྒྱ་རི་སྒྲོལ་མས་བཀའ་ཁྲིའི་འོས་མིར་ལངས་པ་ནས་སྤྱི་འཐུས་འོས་གཞི་དོར་བ་ནི་བཟང་སྤྱོད་ཡིན་ན་སྤེན་པ་ཚེ་རིང་གིས་བཅའ་ཁྲིམས་ཀྱི་དགོངས་གཞི་ལྟར་སྤྱི་འཐུས་འོས་གཞིར་ལངས་ནས་བཀའ་ཁྲིའི་འོས་གཞི་དོར་བ་ནི་བཟང་སྤྱོད་མ་ཡིན་པའི་རྒྱུ་མཚན་ཅི་རེད།

    ལན། གནད་འགག་གཙོ་བོ་བཀའ་ཁྲིའི་འོས་གཞིར་ལངས་ནས་སྤྱི་འཐུས་དོར་བ་ཡིན་ཞེས་བསྒྲགས་པ་དེ་བཞིན་ཁ་དན་ཚིག་ལ་མ་གནས་པར་སྔོན་འགྲོའི་འོས་འདེམས་ཁྲོད་བཀའ་སྤྱི་གཉིས་ཀའི་ཆ་ཤས་བླངས་པ་དང་། འོས་ཐོབ་ལ་རེ་འབྲས་མེད་པར་བརྟེན་ནས་སྤྱི་འཐུས་གདམ་པ་ཡིན་པས། འདིར་བོད་ཀྱི་གཏམ་དཔེར་བློ་སྔོན་ལ་དྲན་ན་མཁས་པ་དང་ཇུས་རྗེས་ནས་འཐེན་ན་བླུན་པོ་རེད་ཅེས་པ་ལས་མ་འདས།

    དེ་ནི་རིགས་པ་སྨྲ་བར་ཕུལ་བའི་མཇུག་མཐུད་དྲི་བ།

    ༡ གལ་སྲིད༼རྒྱ་རི་སྒྲོལ་མ་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིར་མ་ཞུགས་པ་ནི་སྤྱི་འཐུས་ཀྱི་ནང་དུ་ཞུགས་ནས་བོད་སྤྱི་བའི་ལས་དོན་བསྒྲུབ་འདོད་མེད་པ་རེད། དེ་ནི་ཞབས་འདྲེན་རེད། སྤེན་པ་ཚེ་རིང་གིས་བཀའ་ཁྲི་ཡོང་ན་བཀའ་ཁྲི་དང་བཀའ་ཁྲི་མ་ཡོང་ན་སྤྱི་འཐུས་བདམས་པ་ནི་བོད་སྤྱི་བའི་ལས་དོན་བསྒྲུབ་འདོད་ཡོད་པའི་སྙིང་སྟོབས་རེད། དེ་ནི་དཔའ་བོ་རེད།༽ འདི་འདྲ་ཞིག་ཡིན་ན། བཀའ་ཁྲིའི་འོས་མི་གཞན་ཚོས་ཀྱང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིའི་ཆ་ཤས་མ་བླངས་པ་དེའང་ཞབས་འདྲེན་དུ་གྱུར་ཡོད་དམ།

    ༢ གལ་སྲིད་ཐེངས་འདིར་སྤེན་པ་ཚེ་རིང་ལས་དཔའ་བོ་གཅིག་ཀྱང་མ་བྱུང་བ་ཡིན་པ་བདེན་ན། ཅིའི་ཕྱིར་བཀའ་ཁྲིའི་འོས་གཞིའི་སྒང་ནས་མུ་མཐུད་རྒྱུན་སྐྱོང་བྱེད་མ་ཐུབ་པ་རེད་དམ།

    ༣ ཚོགས་གཙོ་སྤེན་པ་ཚེ་རིང་གི་གསལ་བསྒྲགས་དེ་དབུས་འོས་བསྡུ་ལས་ཁུངས་ལ་འགྲན་བསླངས་པའི་གསལ་བསྒྲགས་ཤིག་ཀྱང་ཆགས་ཡོད་དེ། དཔེར་ན། འོས་བསྡུ་ལྷན་ཁང་གིས་སྒྲིག་གཞི་ལྟར་ཁོ་རང་གི་སྤྱི་འཐུས་འོས་ཤོག་ལས་བསྒྲགས་མེད་ཀྱང་ཁོ་རང་གིས་གསལ་བསྒྲགས་དང་བསྟུན་ནས་བཀའ་ཁྲིའི་འོས་ཤོག་ཀྱང་བསྒྲགས་ཟིན་པས། ཁྲིམས་བཟོ་ལྷན་ཚོགས་ལ་འགོ་ཁྲིད་བྱེད་ཀྱིན་པ་ཞིག་གིས་ཤེས་བཞིན་དུ་འདི་ལྟར་གནང་ན། འོས་བསྡུའི་སྒྲིག་གཞིར་གཏོར་སྐྱོན་བཏང་བར་མ་ཟད། འོས་བསྡུའི་འགན་འཛིན་ལྷན་ཚོགས་ལ་མཐོང་ཆུང་དང་དབང་ཤེད་ངོམས་པ་མ་ཡིན་ནམ།

    Reply
  3. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    གནས་ཚང་ལགས། གོ་བ་མེད་པའི་གླང་རྒན་ལྟར། དྲི་བ་རིང་དྲགས་པས་ནང་དོན་མི་གོ་ན། གཤམ་གྱི་ངའི་དྲི་བ་ཐུང་ཐུང་ལ་ལན་རྒྱོབས།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཁས་ལེན་མི་བྱེད་པར་ཁྱད་གསོད་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན། ལན་རྒྱོབས།
    ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཅའ་ཁྲིམས་ལྟར་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཐོབ་ཐང་ལ་མི་དགའ་བའི་རྒྱུ་མཚན་ཅི་ཡིན། ལན་རྒྱོབས།
    རྒྱ་རི་སྒྲོལ་མ་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཐོབ་ཐང་ལེན་མི་ཆོག་པར་སུས་བཀག་འགོག་བྱས་སོང་། ལན་རྒྱོབས།
    གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོའི་རང་དབང་ལ་མཐོང་ཆུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན། ལན་རྒྱོབས།
    བཅའ་ཁྲིམས་རྟག་བརྟན་ཡིན་པར་སུས་ལབ་ཀྱི་འདུག ལན་རྒྱོབས།
    རི་བོང་གི་རྭ་ཡོད་མེད་སུས་རྩོད་ཀྱི་འདུག ལན་རྒྱོབས།
    ངས་བཤད་ཟིན་པ་ཁས་ལེན་མི་བྱེད་པའི་ཚིག་གང་རེད། ལན་རྒྱོབས།
    ངའི་དྲི་བ་ལ་ལན་བརྒྱག་པར་ལྐུགས་པར་སྡོད་དགོས་པའི་རྒྱ་མཚན་ཅི་རེད། ལན་རྒྱོབས།
    གོང་ས་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་གནང་གི་མེད་ཅེས་པའི་ཚིག་ཐོལ་བ་དེ་གང་ནས་སྙེད་སོང་། ལན་རྒྱོབས།
    རྒྱ་རི་སྒྲོལ་མས་བཀའ་ཁྲིའི་འོས་མིར་ལངས་པ་ནས་སྤྱི་འཐུས་འོས་གཞི་དོར་བ་ནི་བཟང་སྤྱོད་ཡིན་ན་སྤེན་པ་ཚེ་རིང་གིས་བཅའ་ཁྲིམས་ཀྱི་དགོངས་གཞི་ལྟར་སྤྱི་འཐུས་འོས་གཞིར་ལངས་ནས་བཀའ་ཁྲིའི་འོས་གཞི་དོར་བ་ནི་བཟང་སྤྱོད་མ་ཡིན་པའི་རྒྱུ་མཚན་ཅི་རེད། ལན་རྒྱོབས།
    རྒྱ་རི་སྒྲོལ་མ་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིར་མ་ཞུགས་པ་ནི་སྤྱི་འཐུས་ཀྱི་ནང་དུ་ཞུགས་ནས་བོད་སྤྱི་བའི་ལས་དོན་བསྒྲུབ་འདོད་མེད་པ་རེད། དེ་ནི་ཞབས་འདྲེན་རེད།
    སྤེན་པ་ཚེ་རིང་གིས་བཀའ་ཁྲི་ཡོང་ན་བཀའ་ཁྲི་དང་བཀའ་ཁྲི་མ་ཡོང་ན་སྤྱི་འཐུས་བདམས་པ་ནི་བོད་སྤྱི་བའི་ལས་དོན་བསྒྲུབ་འདོད་ཡོད་པའི་སྙིང་སྟོབས་རེད། དེ་ནི་དཔའ་བོ་རེད།

    Reply
  4. གནས་ཚང་། says:
    ལོ་ 14 སྔོན།

    རིགས་པ་སྨྲ་བ་ལགས། ཐུགས་ཁྲོས་ཤག ཡག་པོ་ཞེ་དྲག་རེད། ག་རེ་རེད། སོ་སོས་གསུངས་ཟིན་པ་ངོས་ལེན་བྱེད་འདུན་མེད་པ་ཡིན་ནམ། ཚོགས་གཙོས་བཀའ་སྤྱི་གཉིས་ཀྱི་ཆ་ཤས་དུས་མཉམ་དུ་བླངས་པ་ནི་རྒྱ་ནག་དམར་ཕྱོགས་ཚོགས་པར་ངོ་རྒོལ་ཡིན་ཞེས་སོ་སོས་གསུངས་ཟིན་པས། དེ་དང་གོང་ས་མཆོག་གིས་ནམ་རྒྱུན་རྒྱ་ནག་དམར་ཕྱོགས་ཚོགས་པར་ངོ་རྒོལ་གནང་གི་མེད་ཅེས་གསུངས་ཀྱིན་པའི་བར་དུ་ཅི་ཞིག་བྱུང་འདུག ལན་རྒྱོབ།

    ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཁ་དོན་ལག་ལེན་ལ་འཁེལ་མཁན་ཞིག་ཡིན་པས། བཀའ་ཁྲིའི་འོས་མིར་ལངས་པ་ནས་སྤྱི་འཐུས་འོས་གཞི་བཟང་སྤྱོད་ཀྱི་ལམ་ནས་དོར་ཡོད་པས། དོན་དག་འདིའི་སྒང་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ལ་བཟང་སྤྱོད་དེ་མི་ལྡན་ཞིང་། བཀའ་ཁྲི་ཡོང་ན་བཀའ་ཁྲི་དང་བཀའ་ཁྲི་མ་ཡོང་ན་སྤྱི་འཐུས་གཉིས་ཆར་འཇུས་འདུག་པར་མ་ཟད། གོང་ས་མཆོག་གིས་རྒྱ་ནག་དང་གྲོས་མོལ་གྱི་ལམ་ཁ་བསྐྲུན་བཞིན་པའི་སྐབས་འདིར་ཁྱེད་རང་གིས་གསུངས་པ་བཞིན་གཞུང་འབྲེལ་ཚོགས་གཙོ་ཞིག་གིས་རྒྱ་ནག་ལ་ངོ་རྒོལ་སླད་བཀའ་སྤྱི་གཉིས་ཀྱི་འོས་གཞིའི་ཆ་ཤས་བླངས་ཡོད་ཚུལ་སྒྲོག་ཀྱིན་པས། ནམ་ཞིག་མི་འདི་རིགས་ཀྱིས་བོད་མགོ་ཐོན་ན་བོད་དང་རྒྱ་མགོ་ཐོན་ན་རྒྱ་མི་བྱེད་པའི་ངེས་པ་འདུག་གམ། མདོ་སྨད་ཀྱི་སྐད་ལྟར་བཤད་ན། དྲིན་ཆེན་པོ། བསམ་བློ་ཡག་པོ་ཐོངས།

    Reply
  5. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    གནས་ཚང་ལགས། ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཐོབ་ཐང་བླངས་ནས་གོང་ས་༸མཆོག་གིས་གསོལ་རས་གནང་བའི་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་དེ་བོད་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་ལ་ཁྱེད་རང་གིས་མི་དགའ་བར་བྱེད་པའི་རྒྱབ་ལྗོངས་ག་རེ་ཡིན་ནམ། བཀའ་སྤྱི་གཉིས་ཀྱི་འོས་མི་ཚང་མས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་འོས་བསྡུའི་ཐོབ་ཐང་ལ་ཞུགས་པར་ང་ཚོས་བསྔགས་བརྗོད་བྱེད་དགོས་པ་ཡིན། དེ་ནི་བོད་སྤྱི་བའི་ལས་དོན་ཡིན་པས་དེ་ལ་དགག་པ་བརྒྱག་མི་འོས་པ་ཡིན།
    ངས་ཁྱོད་ཀྱི་དྲི་བ་ཚང་མར་ལན་བརྒྱབ་ཡོད་པ་དག་ལ་མི་གཟིགས་པར་ཡང་བསྐྱར་དྲི་བ་བཏང་ནས་ཕན་ཐོགས་མི་འབྱུང་། རྒྱ་རི་སྒྲོལ་མ་ལགས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ལ་ལངས་མི་ཆོག་པར་བཅའ་ཁྲིམས་དང་མི་དམངས་ཀྱིས་བཀག་སྡོམ་བྱས་པའི་ཚིག་ཞིག་ཁྱེད་ལ་འབྲི་རྒྱུ་ཡོད་ན་ཕྲིས་ཤོག་ཅེས་ཐེངས་གང་མང་བཤད་ཡོད། ཚིག་དེ་འདྲ་ཡོད་ན་ངས་གུས་པ་ཆེན་པོས་ཁས་ལེན་བྱེད་ངེས་ཡིན། བོད་ཀྱི་དམངས་གཙོའི་ཐོབ་ཐང་ནང་དུ་གདམ་ཀ་བྱེད་མི་ཆོག་ན་དམངས་གཙོའི་མཚན་ཉིད་མེད་པ་རེད། སྤྱིར་ངས་ལན་བརྒྱབ་པའི་དོན་དག་ཚང་མ་ཁྱོད་ཀྱིས་ཧ་གོ་ཡི་མེད་པར་མ་ཟད། བོད་ཀྱི་བརྡ་སྤྲོད་ཀྱང་ཤེས་ཀྱི་མེད་པ་གསལ་བོ་ཡིན། དེ་མིན་ན་ངའི་ལན་དག་ལ་མ་བལྟས་པར་ཡང་བསྐྱར་དོན་མེད་ཀྱི་དྲི་བས་ཅི་ལ་ཕན། ངས་བོད་སྤྱི་བའི་ལས་དོན་ལ་སུས་ཕན་ཐོགས་ན་དེ་ལ་དགའ་བོ་བྱེད་ཀྱི་ཡོད།

    Reply
  6. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    གནས་ཚང་ལགས། རི་བོང་གི་རྭ་ཡོད་མེད་སུས་རྩོད་ཀྱི་འདུག ད་ལྟ་ཁྱེད་ཀྱི་མིག་ལོང་བར་གྱུར་ཡོད་དམ། ངའི་དྲི་བ་ལ་ལན་བརྒྱག་མ་ཐུབ་པར་སྡོད་པ་ནི་ལྐུགས་པའི་རང་བཞིན་ཡིན། ཁྱེད་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་དམངས་གཙོའི་ལམ་སྲོལ་དང་སྔོན་འགྲོའི་འོས་བསྡུའི་ཐོབ་ཐང་བཅས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་ཏེ་མགོ་གཉིས་མའི་ཟློས་གར་འཁྲབ་ནས་བཙན་བྱོལ་དུ་གནས་ཚང་གཡར་ནས་བསྡད་ན་ཞབས་འདྲེན་པའི་བྱ་སྤྱོད་ཡིན། གོང་ས་༸་སྐྱབས་མགོན་མཆོག་གིས་གསོལ་རས་གནང་བའི་དམངས་གཙོ་དང་འོས་བསྡུའི་ཐོབ་ཐང་ལ་དགའ་འོས་བྱེད་དགོས་པ་ཞིག་ཡིན་པ་ལས་དེ་ལ་སྡང་སེམས་བཅིངས་དགོས་པའི་རྒྱུ་མཚན་ཅི་ཡོད།

    Reply
  7. གནས་ཚང་། says:
    ལོ་ 14 སྔོན།

    རིགས་པར་སྨྲ་བར་ཕུལ་བའི་ཁ་སྣོན་དྲི་བ་གཅིག

    ཚོགས་གཙོ་སྤེན་པ་ཚེ་རིང་གི་གསལ་བསྒྲགས་དེ་དབུས་འོས་བསྡུ་ལས་ཁུངས་ལ་འགྲན་བསླངས་པའི་གསལ་བསྒྲགས་ཤིག་ཀྱང་ཆགས་ཡོད་དེ། དཔེར་ན། འོས་བསྡུ་ལྷན་ཁང་གིས་སྒྲིག་གཞི་ལྟར་ཁོ་རང་གི་སྤྱི་འཐུས་འོས་ཤོག་ལས་བསྒྲགས་མེད་ཀྱང་ཁོ་རང་གིས་གསལ་བསྒྲགས་དང་བསྟུན་ནས་བཀའ་ཁྲིའི་འོས་ཤོག་ཀྱང་བསྒྲགས་ཟིན་པས། ཁྲིམས་བཟོ་ལྷན་ཚོགས་ལ་འགོ་ཁྲིད་བྱེད་ཀྱིན་པ་ཞིག་གིས་ཤེས་བཞིན་དུ་འདི་ལྟར་གནང་ན། འོས་བསྡུའི་སྒྲིག་གཞིར་གཏོར་སྐྱོན་བཏང་བར་མ་ཟད། འོས་བསྡུའི་འགན་འཛིན་ལྷན་ཚོགས་ལ་མཐོང་ཆུང་དང་དབང་ཤེད་ངོམས་པ་མ་ཡིན་ན།

    Reply
  8. གནས་ཚང་། says:
    ལོ་ 14 སྔོན།

    རིགས་པ་སྨྲ་བ་ལགས། ངས་ཁྱེད་ལ་སྔོན་མ་ནས་བཤད་ཟིན། འདིར་རི་བོང་ལ་ར་ཡོད་མེད་རྩོད་ཀྱི་མེད་པར་མ་ཟད། འདིར་ཡིན་པ་མིན་པར་སྒྲུབ་པའམ་མིན་པ་ཡིན་པ་ལའང་སྒྲུབ་ཀྱི་མེད་སྟབས། དངོས་ཡོད་ཀྱི་གནས་ཚུལ་ཞིག་ནང་ཁུལ་སྲིད་དོན་པའི་བྱེད་ཐབས་ཉི་ཚེ་བ་ཞིག་གིས་ལན་ཡོང་ཐབས་མེད་པའང་གསལ་བོ་ཡིན།

    སྤེན་པ་ཚེ་རིང་ལགས་ཀྱིས་རང་ཉིད་མུ་མཐུད་དུ་སྤྱི་འཐུས་གནང་ན་ཚོགས་གཙོ་རེག་སྲིད་ནའང་། བཀའ་ཁྲིའི་འོས་གཞིར་ལངས་པ་ཡིན་ཞེས་སྤྱི་འཐུས་དོར་ནས་བཀའ་ཁྲིའི་འོས་གཞི་གདམ་ག་བྱས་ཟིན་པའང་ངོས་ལེན་བྱེད་མི་ཕོད་ན། བླུན་པོའི་རྟགས་གཞན་ཞིག་སྟེ་ཨུ་ཚུགས་ལས་མཚོན་གྱི་མེད་པས། རིགས་པ་སྨྲ་བ་ཞེས་པའི་ཐ་སྙད་དེར་ཁྱད་གསོད་བྱས་མེད་དམ།

    དེ་ནས་དྲིས་ལན་གྱི་རིམ་པ་སྟེ།

    ༡ དྲིས་ལན་དང་པོའི་མཇུག་མཐུད་དྲི་བ། གལ་སྲིད་སྤེན་པ་ཚེ་རིང་བཀའ་སྤྱི་གཉིས་ཀྱི་འོས་ཤོག་རེག་ཆོག་གི་ཡོད་ན། གཞན་དག་གིས་བཀའ་སྤྱི་གཉིས་ཀྱི་ཆ་ཤས་མ་བླངས་པ་དེ་བཟང་སྤྱོད་ཀྱི་ལམ་ནས་མ་བླངས་པ་རེད་དམ། ཡང་ན། སྤེན་ཚེ་ནང་བཞིན་སྤྱང་པོ་འཁྲབ་མ་ཤེས་པ་རེད།

    ༢ དྲིས་ལན་གཉིས་པའི་མཇུག་མཐུད་དྲི་བ། གལ་སྲིད་སྤེན་པ་ཚེ་རིང་ལགས་ཀྱིས་དུས་མཉམ་དུ་བཀའ་སྤྱི་གཉིས་ཀྱི་འོས་མིའི་ཆ་ཤས་བླངས་པ་དེ་རྒྱ་ནག་དམར་ཤོག་དབང་ཆ་གཅིག་སྡུད་ལ་རྒོལ་བའི་བྱ་སྤྱོད་ཅིག་ཡིན་ན། བཀའ་ཁྲིའི་འོས་མི་གཞན་དག་གི་བྱ་སྤྱོད་དེར་ངོས་འཛིན་ཇི་ལྟར་བྱེད་དམ། རྒྱ་ནག་དམར་ཕྱོགས་ཚོགས་པར་ངོ་རྒོལ་ནམ་ཡང་བྱེད་ཀྱི་མེད་ཅེས་གོང་ས་མཆོག་གིས་ཡང་དང་བསྐྱར་དུ་གསུངས་ཡོད་པས། རྒྱལ་བའི་བཀའ་ལ་ཕོག་ཐུག་བཏང་ཟིན་པ་མ་ཡིན་ནམ།

    ༣ དྲི་བ་གསུམ་པའི་མཇུག་མཐུད་དྲི་བ། བཅའ་ཁྲིམས་བརྩིས་མེད་གཏོང་མཁན་བཀའ་སྤྱི་གཉིས་ཀྱི་ཆ་ཤས་དུས་མཉམ་དུ་ལེན་མཁན་དེ་རེད་མ་གཏོགས་མང་ཚོགས་དཀྱུས་མ་ཞིག་ཡིན་མི་སྲིད་པས། དྲི་བ་འདི་ཐོག་མར་ཚོགས་གཙོ་སྤེན་པ་ཚེ་རིང་ལ་འདྲི་རོགས།

    མཐར་ཉིན་འགའི་རིང་ཁྱེད་ཀྱིས་བཙན་བྱོལ་བཅའ་ཁྲིམས་ནི་རྟག་བརྟན་འགྱུར་མེད་ཅིག་ཡིན་ཚུལ་བརྗོད་པར་བརྟེན་ནས་ངས་ཁྱེད་རང་འཆལ་ལྟ་འཁུར་མཁན་ཞིག་ཏུ་བཤད་ཡོད་ཀྱང་ཐེངས་འདིར་འགྱུར་བ་གཏོང་བཞིན་པར་གོ་བ་ལོན་ཟིན་པས། གོང་འཕེལ་ཨའོ་ཙམ་འདུག བཀྲ་ཤིས་བདེ་ལེགས་ཡོད།

    Reply
  9. རང་དབང་ཕོ་ཉ། says:
    ལོ་ 14 སྔོན།

    ཚོགས་གཙོ་སྤེན་ཚེ་དགོངས་ཞུ་བྱས་པ་དེ་བཟང་གི། ཡིན་ནའང་དབུས་འོས་བསྡུ་ལས་ཁང་ལ་དངོས་གཞིའི་བཀའ་ཁྲི་འོས་མི་གྲངས་ཚད་སྐོར་གནོད་ཤུགས་བསྤྲད་པ་དེ་མི་བཟང་གི། གལ་སྲིད་ཁྱེད་ལ་དེ་ལྟར་དགོངས་ཚུལ་ཡོད་ན། དེའི་སྐོར་ཐད་ཀར་འོས་བསྡུ་ལས་ཁང་ལ་བཤད་ན་མ་འགྲིག་པ་མེད་ཁི། ཡོངས་ཁྱབས་གསལ་བསྒྲགས་དེ་ལྟ་བུ་བྱས་པ་དེ་ཁོ་རང་གྲོས་ཚོགས་ཀྱི་ཚོགས་གཙོ་ཞིག་གི་བཟང་སྤྱོད་དང་འགལ་བའི་གནད་དོན་ཞིག་ཆགས་ཡོད་པ་རེད། བཀའ་ཁྲི་དངོས་གཞི་འོས་མི་མི་གྲངས་ག་ཚོད་གསལ་བསྒྲགས་བྱེད་ན་འོས་བསྡུ་འགན་འཛིན་རྣམ་པས་འོས་བསྡུ་སྒྲིག་གཞི་དང་མ་འགལ་བྱེད་རྒྱུ་དེ་གལ་ཆེན་རེད་མ་གཏོགས་ཚོགས་གཙོ་སྤེན་ཚེ་ཁོ་རང་ལ་ཉན་དགོས་དོན་ཡོད་པ་མ་མཐོང༌།

    Reply
  10. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    གནས་ཚང་ལགས། ཁྱེད་ཀྱི་མིང་ལ་གནས་ཚང་གི་གོ་དོན་ལྡན་པ་ནི་ངས་གསལ་བཤད་བྱས་པ་ནང་བཞིན་ཡིན། ངའི་རིགས་པའི་དྲི་བ་དག་ལ་ཁྱེད་ཀྱིས་ལན་བརྒྱག་མ་ཐུབ་པ་ལ་ད་དུང་ངས་བསྒུགས་ནས་བསྡད་ཡོད། ངས་ཁྱེད་ལ་རེ་བ་བཏོན་པ་ལྟར་ཐོག་མར་ཁས་བླངས་པའི་དམ་བཅའ་མི་འདོར་བར་ཞུ་ཞེས་བཤད་ཡོད། ཁྱེད་ཀྱིས་ངའི་དྲི་བ་ལ་ལན་མི་བརྒྱག་པར་ཕྱོགས་ཞེན་དང་གནས་ལུགས་མེད་པའི་ངན་ཚིག་སྨྲས་པས་ཅི་ལ་ཕན།
    གཤམ་གྱི་ངའི་དྲི་བ་ལ་ལན་བརྒྱག་པར་ཞུ། ཁྱེད་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ལ་ཁས་ལེན་བྱེད་ཀྱི་ཡིན་ནམ་མིན། གལ་སྲིད་ཁས་ལེན་མི་བྱེད་ན་རྩ་བ་བོར་ནས་ཡལ་ག་འཛིན་པའི་དཔེ་ལྟར་དུ་རྩོད་པའི་གཞི་མེད་པ་དང་བཅའ་ཁྲིམས་ཁས་ལེན་མི་བྱེད་པའི་ཞབས་འདྲེན་པའི་རང་བཞིན་བསྟན་ཡོད། ཁས་ལེན་བྱེད་ན་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ལ་མཐོང་ཆུང་དང་དམའ་འབེབས་དང་ཁྱད་གསོད་བྱས་པའི་ཕྱོགས་ཞེན་གྱི་རང་མཚང་བསྟན་ཡོད། ལན་ཇི་ལྟར་གདབ།
    ཁྱེད་ཀྱི་དྲི་བ་དག་ལ་ངས་ལན་མང་པོ་བརྒྱབ་ཡོད་པའི་དོན་དག་མི་གོ་ན་ཡང་བསྐྱར་ལན་བརྒྱག་ངེས་ཡིན། ཁྱེད་ཀྱི་དྲི་བ་དང་པོ་ནི། ༡ ཅིའི་ཕྱིར་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ལ་བཀའ་ཁྲིའི་འོས་གཞིར་ལངས་མཁན་གཞན་དང་མ་འདྲ་བར་བཀའ་སྤྱི་གཉིས་ཀྱི་འོས་ཤོག་ཐོབ་ཆོག་གི་ཡོད་དམ།
    ལན་ནི། སྤྱིར་ཁྱེད་རང་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ཁས་མི་ལེན་པའི་བླུན་རྒན་ཞིག་ལ་རྒྱུ་མཚན་དང་གནས་ལུགས་ཀྱིས་ཕན་ཐོགས་མི་འབྱུང་། ཡིན་ཡང་ངས་ཐོག་མར་ཁྱོད་ལ་བཤད་པ་བཞིན་བསྐྱར་དུ་གླེང་ན་བོད་མིའི་བཅའ་ཁྲིམས་ཀྱིས་སྤྲད་པའི་དམངས་གཙོའི་ཐོང་ཐང་ཞིག་ཡིན་པར་བཤད་དེ་འོས་བསྡུའི་སྒྲིག་གཞིའི་ཚིག་དོན་ཡང་ལུང་འདྲེན་བྱས་ཡོད་པ་ལ་ཁྱོད་ཀྱིས་ཁས་ལེན་བྱས་མེད་པར་མ་ཟད་བཅའ་ཁྲིམས་ལ་ཁྱད་གསོད་བྱས་པར་བརྟེན། ངས་ཁྱེད་ནི་ཅི་ཡང་མི་ཤེས་པ་ཞིག་ཡིན་པར་འཕྱ་སྨོད་བྱས་ཡོད། དེར་མ་ཟད། རྒྱ་རི་སྒྲོལ་མ་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ལ་ལངས་མི་ཆོག་པར་བཅའ་ཁྲིམས་དང་མི་དམངས་ཀྱིས་བཀག་སྡོམ་བྱས་པའི་ཚིག་ཞིག་ཁྱོད་ཀྱིས་འདྲེན་དགོས་པར་བཤད་ཡོད། ཡིན་ནའང་ཁྱོད་ཀྱིས་དེ་ལ་ལན་བརྒྱག་ཐུབ་མེད། བཅའ་ཁྲིམས་ཀྱི་ཚིག་ཡོད་ན་ངས་གུས་པ་ཆེན་པོས་ཁས་ལེན་བྱེད་ངེས་ཡིན།
    ཁྱེད་ཀྱི་དྲི་བ་གཉིས་པ་ནི། ༢ གལ་སྲིད་སྤེན་པ་ཚེ་རིང་ནང་བཞིན་བོད་མི་བྱིངས་འདི་ལྟར་བློ་རྩེ་གཉིས་འགལ་གྱི་ལམ་ཁར་ཞུགས་པ་ཡིན་ན་མཐའ་འབྲས་ཅི་ཞིག་ཡོང་གི་རེད་དམ།
    ལན་ནི། ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ནང་དུ་ཞུགས་པ་ནི་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ལ་བརྩི་བཀུར་ཞུས་ཏེ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་རྒྱ་ནག་དམར་ཕྱོགས་ཚོགས་པའི་བཙན་དབང་རིང་ལུགས་ཀྱི་མདུན་དུ་བཙན་བྱོལ་བོད་མིའི་དམངས་གཙོའི་གཟི་བརྗིད་ངོམས་ཡོད་པས་ཚང་མས་ཁོང་ལ་དགའ་བསུ་ཞུ་དགོས་པ་ཡིན། ང་ཚོས་དམངས་གཙོའི་རིང་ལུགས་ལ་དགའ་བསུ་ཞུ་དགོས་པ་ལས་ཁྱེད་ཀྱི་འདོད་པའི་ཕྱོགས་ཞེན་རིང་ལུགས་ཀྱིས་བོད་ཀྱི་ལས་དོན་བསྒྲུབ་མི་ཐུབ་བོ།
    ཁྱེད་ཀྱི་དྲི་བ་གསུམ་པ་ནི། ༣ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ལོ་རེ་བཞིན་འགྱུར་བ་གཏོང་བཞིན་པ་མ་དགའ་བའི་རྟགས་མཚན་ཞིག་ཡིན་ན་ཁྲིམས་བཟོ་ལྷན་ཚོགས་དེ་བཞིན་གཏོར་སྐྱོན་གཏོང་མཁན་ཆགས་ཡོད་པ་མ་ཡིན་ནམ།
    ལན་ནི། ཁྱེད་ཀྱིས་བོད་མིའི་བཅའ་ཁྲིམས་ལ་ཁྱད་གསོད་བྱེད་པའི་དགོས་པ་ནི་བོད་མིའི་བཅའ་ཁྲིམས་ལ་ལོ་རེ་བཞིན་འགྱུར་བ་གཏོང་བཞིན་པའི་རྒྱུ་མཚན་གྱིས་ཡིན་ན་དེ་གླེན་རྟགས་རེད། བཅའ་ཁྲིམས་ཀྱི་དགོངས་པ་ལྟར་བཅོས་བསྒྱུར་གཏོང་དགོས་ཀྱི་རེད་མ་གཏོགས་བཅའ་ཁྲིམས་བརྩི་མེད་བཏང་ནས་བཅའ་ཁྲིམས་བཅོས་བསྒྱུར་གཏོང་དགོས་ཟེར་ན་དེ་བས་ཀྱང་བླུན་རྟགས་རེད། ཁྲིམས་བཟོ་ལྷན་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བཅོས་བསྒྱུར་བྱེད་པ་ལས་བཅའ་ཁྲིམས་བརྩི་མེད་གཏོང་བའི་དབང་ཚད་སུ་ལའང་མེད་པར་མ་ཟད་སྤྱི་འཐུས་ཡོངས་ལའང་དབང་ཚད་དེ་མེད་པ་རེད།
    སྤྱིར་ངས་ཁྱོད་ལ་བཅའ་ཁྲིམས་ཀྱི་གསལ་བཤད་བྱེད་འདོད་མེད། རྒྱུ་མཚན་ནི་དང་པོར་ངས་རིགས་པ་ཡང་དག་གིས་གསལ་བཤད་བྱས་པ་ལ་ཁྱེད་ཀྱིས་ལན་མི་བརྒྱག་པར་མ་ཟད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཁྱད་གསོད་བྱེད་པ་དང་དགོས་མེད་ཀྱི་སྐད་ཆ་བཤད་པས་ཁྱེད་ཀྱི་རང་གཤིས་གསལ་པོར་རྟོགས་ཡོད།

    Reply
  11. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    གྲོགས་པོ་རྨོག་རུ་བསྟན་པ་ལགས །
    ཐུགས་རྗེ་ཆེ ། ང་རང་གིས་ནི་དམར་ཁ་ཚས་བཀའ་བཙན་པོ་
    བཏང་བ་གང་ཡང་མཐོང་མ་སོང་། བསམ་ཚུལ་ཞིག་བཤད་འདུག་
    དེ་རྒྱུན་ལྡན་རེད ། མ་རྩ་ང་རང་ཆུང་ཆུང་ཆེ་ཆེ་དང་། འཇག་མ་མདུང་ཤིང་
    ལ་རྒྱུར་རྒྱུ་དེ་འདྲ་དགའ་བོ་མེད ། ཡིན་ན་ཡང་རང་གི་གྲོགས་པོ་ལ་ཚིག་ཟུར་
    གཅིག་བཤད་མ་བཤད་ཀྱི་རྒྱབ་རྩ་བྱེད་པ་འདི་གྲོགས་པོ་ན་གྲོགས་པོ་ཧ་ཧ་ཧ་

    Reply
  12. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    ཚ་དམར་ཁ་ལགས། ཉིད་ནས་བགྲོ་གླེང་གི་ཐོབ་ཐང་དང་བསམ་ཚུལ་གསུང་བར་དགའ་སྤྲོ་ཆེ།
    ཚོགས་གཙོ་ལགས་སུ་རྔ་མ་གཡུག་དགོས་དོན་མེད་ལ། ང་རང་གི་གཤིས་ཀ་ལ་རྔ་མ་མེད་པའི་མི་ཞིག་ཡིན་མ་གཏོགས། ད་སྔར་རྔ་མ་སྐྱེས་མ་མྱོང་ལ་མ་འོངས་པར་་ཡང་རྔ་མ་མི་སྐྱེས་པའི་འབད་བརྩོན་བྱེད་རྒྱུ་ཡིན། གོང་དུ་ངོས་ནས་བཤད་པ་ཡང་རང་གི་བསམ་ཚུལ་ཡིན་མ་གཏོགས་རྔ་མ་གཡུག་པའི་དོན་ཞིག་རྩ་ནས་མིན།

    སྒྱུ་རྩལ་པ་ཟླ་བྷེ་ལ་བཀའ་བཏང་བ་ཅུང་ཙམ་བཙན་དྲགས་འདུག

    Reply
  13. དམར་ཁ་ཚ། says:
    ལོ་ 14 སྔོན།

    ཟླ་བྷེ། འུར་རྒྱག་རྒྱུ་ཅུང་ཟད་སྔ་དྲགས་ཀྱི་འདུག བོད་ཀྱི་དུས་བབ་ཀྱི་ཟིན་བྲིས་འདི་བསམ་ཚུལ་གསུང་སའི་སྟེགས་བུར་བསྐྲུན་པ་རེད། མི་གཞི་ལ་སྐྱོན་བརྗོད་དང་དགོས་མེད་ཀྱི་མཚང་འབྱིན་བྱས་ན་ཡག་པོ་མི་འདུག་ཀྱང་། མཐོ་རིམ་གྱི་གནས་སྟངས་ལ་བགྲོ་གླེང་སུས་ཀྱང་བྱས་ཆོག་གི་རེད། མང་གཙོའི་ས་ཆ་རེད།
    རྨོག་རུ་དང་ཁྱེད་ཚོ་ཁག་ཅིག་གི་རྔ་མ་སྤེན་པ་ལགས་ཀྱི་མཆན་འོག་ལ་བཅུག་འདུག་ཀྱང་། དོན་དངོས་བཤད་ན་འཚེར་སྣང་དང་སྐྲག་སྣང་བྱེད་དགོས་པའི་རྒྱུ་མཚན་མ་མཐོང་།
    ཚོགས་པའི་གཏམ་བཤད་ནང་བཀའ་ཁྲིར་ལངས་དགོས་པ་དེ་ང་རང་གི་རེ་བ་ཡོད་སའི་མི་དེ་སླེབས་མ་སོང་བའི་རྒྱུ་མཚན་བགྲང་བ་རེད། རྒྱུ་མཚན་དེའི་ཆེད་དུ་རང་ཚུགས་བརྟན་བཟུང་མི་བྱེད་པར་ཕྱིར་བྲོས་རྒྱབ་པ་དེ་སྡར་མའི་འཁྲབ་སྟོན་རེད་དམ་མ་རེད།
    ང་ཚོ་བོད་ཀྱི་བུ་རྒོད་ཞིག་ཡིན་ན་ཝ་རྔ་མ་ཤ་ལེ་འབྲོ་བ་ལས། སྟག་འཛུམ་དྲུག་ཉིད་ལེ་ཤི་ན་དགའ་ཞེས་པའི་མེས་པོ་ཚོའི་ཞལ་གདམ་ལ་བརྩི་སྲུང་བྱེད་དགོས་པ་རེད།
    གང་ལྟར་སྤེན་པ་ཚེ་རིང་ལ་ནང་འགལ་མང་པོ་བྱུང་ཚར་བ་རེད།

    བཀའ་བློན་ཁྲི་པ་རྨི་ལམ་དུ་བཏང་མྱོང་མེད་པའི་ཟློས་གར་གྱི་གཏམ་བཤད།
    དངོས་སུ་བཀའ་ཁྲིའི་འོས་མིར་ལངས་བའི་བསྒྲགས་གཏམ།
    དེང་ཡང་འོས་གཞི་ཁ་འཐོར་དུ་འགྲོ་བའི་སེམས་ཁྲལ་གློ་བུར་བའི་བསམ་ཤེས།
    དུས་ཚོད་ལ་བསྟུན་ཤེས་པའི་མི་འདི་ཚོ་གང་དུ་གང་དུ་སླེབས་ས་ཡག་ན་དེར་རྒྱུག་གིན་རེད།

    Reply
  14. གནས་ཚང་། says:
    ལོ་ 14 སྔོན།

    རིགས་པ་སྨྲ་བ་ལགས། བཀའ་བཀྱོན་མ་གནང་རོགས། དྲི་བར་ལན་རྒྱོབ། དྲིས་ལན་གྱིས་གནད་དོན་སེལ་ཐུབ་པ་ལས་སྡིག་དམོད་ཀྱིས་ཁྱེད་རང་གི་ཤེས་ཚད། མི་གཤིས། ཐ་ན་ཅི་ཡང་མི་ཤེས་པ་ཕྱི་ལ་གསེད་ཡོད་པས། མིང་རྫིག་པོ་དེ་འདྲ་ཞིག་འདོགས་ཡ་ལ་ཅུང་འཚེར་སྣང་ཡོད་འོས་པ་ཞིག་རེད་ལ། ༼འདྲེ་ཚང༽ཞེས་ང་ལ་དམོད་ཆོག་གི་རེད་དེ། སྐབས་འདིར་ཁྱེད་རང་གིས་ཕམ་ཁ་ངོས་ལེན་གནང་ཟིན་པ་དེའི་ཞོར་འཕྲོས་རེད།

    ཡང་ཅིག་བཤད་ན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཀྱང༼སྤྱི་ཚོགས་ནང་དགོས་མེད་ཀྱི་མུ་ཅོར་འདྲ་མིན་ཡོང་བཞིན་པ་དེ་རིགས་སྣང་མེད་དུ་བསྐྱུར་རོགས་ཞེས༽གསལ་བསྒྲགས་སྤེལ་ཡོད་པར་ཟུར་ལྟ་བྱས་ཡོད་ཀྱང་སྲིད་མོད། དོན་ལ་འདིའང༼མི་སྐྱོན་ཅན་གསལ་བཤད་ལ་དགའ༽ཞེས་པའི་དཔེ་ལས་མེད་པས། གསལ་བཤད་འདིས་ཁོ་རང་ལ་སྐྱོན་ཆ་ལྷག་ཟིན་པ་ངོས་ལེན་བྱས་པ་དང་གཉིས་སུ་མེད་ཅིང་། ལྷག་འཕྲོས་མང་ཚོགས་ཁྲོད་གང་དགའ་ཇི་དྲག་གིས་དབྱེ་ཞིབ་དང་གདམ་ག་བྱེད་རྒྱུ་ལས་ཅི་ཡང་ལྷག་མེད།

    གལ་སྲིད་ཁྱེད་རང་ལ་དངོས་གནས་བགྲོ་གླེང་བྱེད་འདུན་ཡོད་ན། དྲི་བ་གསུམ་ཡོད།

    ༡ ཅིའི་ཕྱིར་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ལ་བཀའ་ཁྲིའི་འོས་གཞིར་ལངས་མཁན་གཞན་དང་མ་འདྲ་བར་བཀའ་སྤྱི་གཉིས་ཀྱི་འོས་ཤོག་ཐོབ་ཆོག་གི་ཡོད་དམ།

    ༢ གལ་སྲིད་སྤེན་པ་ཚེ་རིང་ནང་བཞིན་བོད་མི་བྱིངས་འདི་ལྟར་བློ་རྩེ་གཉིས་འགལ་གྱི་ལམ་ཁར་ཞུགས་པ་ཡིན་ན་མཐའ་འབྲས་ཅི་ཞིག་ཡོང་གི་རེད་དམ།

    ༣ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ལོ་རེ་བཞིན་འགྱུར་བ་གཏོང་བཞིན་པ་མ་དགའ་བའི་རྟགས་མཚན་ཞིག་ཡིན་ན་ཁྲིམས་བཟོ་ལྷན་ཚོགས་དེ་བཞིན་གཏོར་སྐྱོན་གཏོང་མཁན་ཆགས་ཡོད་པ་མ་ཡིན་ནམ།

    Reply
  15. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    གནས་ཚང་ལགས། ཁྱེད་ཀྱིས་ཁ་གཅིག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་སྐྱོན་བརྗོད་བྱེད་པ་དང་། ཁ་གཅིག་ནས་དམངས་གཙོའི་ལམ་སྲོལ་གཟི་བརྗིད་ལྡན་པར་བཤད་པ། ཁ་གཅིག་ནས་མི་གཅིག་གིས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཐོབ་ཐང་ལེན་མི་ཆོག་པར་བཤད་པ་བཅས་ནི་ཁྱེད་ཀྱིས་བཅའ་ཁྲིམས་དང་དམངས་གཙོ་དང་སྔོན་འགྲོའི་འོས་བསྡུ་བཅས་ཀྱི་འགྲོ་ལུགས་ཅི་ཡང་མི་ཤེས་པར་ཕྱོགས་ཞེན་གྱི་མེ་ལྕེ་འབར་བའི་འདྲེ་ཚང་ཞིག་ཡིན་པར་གསལ་བར་མངོན་པ་དང་ཁྱེད་རང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་དམངས་གཙོའི་ལམ་སྲོལ་དང་སྔོན་འགྲོའི་འོས་བསྡུའི་ཐོབ་ཐང་བཅས་ལ་མི་དགའ་བཞིན་དུ་མགོ་གཉིས་མའི་ཟློས་གར་འཁྲབ་སྟེ་བཙན་བྱོལ་དུ་གནས་ཚང་གཡར་ནས་བསྡད་ན་ཞབས་འདྲེན་པའི་བྱ་སྤྱོད་མིན་ནམ། ང་ཚོ་ལ་བཅའ་ཁྲིམས་དང་དམངས་གཙོ་དང་འོས་བསྡུའི་ཐོབ་ཐང་ཡོད་པས་དགའ་འོས་པ་ཞིག་ཡིན་པ་ལས་དེ་ལ་སྡང་སེམས་བཅིངས་དགོས་པའི་རྒྱུ་མཚན་ཅི་ཡོད།

    Reply
  16. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་བཀའ་ཁྲི་དང་སྤྱི་འཐུས་གཉིས་ཀའི་འོས་བསྡུའི་ཁྲོད་དུ་རྒྱལ་ཁ་ཐོབ་ཡོད་ནའང་ཁོང་གིས་རང་རེའི་བཅའ་ཁྲིམས་དང་དམངས་གཙོའི་ལམ་སྲོལ་ལ་གུས་བཀུར་ཞུ་བའི་སྒོ་ནས་བཀའ་ཁྲིའི་འོས་གཞི་ལས་དགོངས་པ་ཞུས་ཏེ་སྤྱི་འཐུས་སུ་ཞུགས་པ་ནི་དྲང་བདེན་གྱི་ལམ་
    ནས་བོད་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་བརྟན་པོ་ཞིག་
    དང་བཀའ་ཁྲིའི་འོས་གཞི་གཞན་རྣམས་ལ་ལྷག་བསམ་རྣམ་དག་གིས་གུས་
    འདུད་དང་རྒྱབ་སྐྱོར་ཞུ་བ་ཞིག་མཚོན་ཡོད་པར་མ་ཟད། རང་རེའི་དམངས་གཙོའི་ཀ་བ་གསུམ་གྱི་ལས་དོན་ལ་རྒྱ་ཆེའི་མང་ཚོགས་
    གཙོ་བྱས་པའི་དཔོན་རིགས་དྲག་ཞན་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ཧུར་བརྩོན་གནང་དགོས་པའི་འབོད་སྐུལ་ཞིག་ཀྱང་ཡིན་པས་ཁོང་གི་དགོངས་
    ཚུལ་ལ་ཚང་མས་བསྔགས་བརྗོད་བྱེད་འོས་པ་ཡིན། མཆན་འདི་ཚིག་ཉུང་དོན་འདུས་གནད་ལ་གནས་པ་ཞིག་ཡོད་པར་མ་ཟད་
    ཁོ་བོའི་འདོད་ཚུལ་ལའང་ཡོངས་སུ་མཐུན་པས་འདིར་བསྐྱར་དྲངས་བྱས་པ་
    ཡིན།དྲྭ་གྲོགས་མཆན་བདག་ལགས་སུ་དགོངས་དག་ཞུ །
    ཞར་ཞུ ། ཡིད་ཆེས་འབུམ་གྱིས་ཕྱུག་ཅིང་། རེ་བ་སྟོང་གིས་བརྟས་པའི་
    དུས་བབ་དྲྭ་ངོས་འདི་ཅུང་རྫོབ་ཀྱིན་འདུག

    Reply
  17. གནས་ཚང་། says:
    ལོ་ 14 སྔོན།

    ཁ་དམར་ཚ་ལགས། ཐུགས་རྗེ་ཆེ། མ་གཞི་ཨ་མདོ་ནི་སྐྱིད་སྡུག་སྣ་ཚོགས་མེད་པའི་ཆོལ་ཁ་ཞིག་ཡིན་པར་མ་ཟད། ཤེས་ཡོན་པ་མང་བོ་ཡོད་པའི་ཆོལ་ཁ་ཞིག་ཡིན་པར་མི་སུས་ཀྱང་བསྙོན་འབྱིན་བྱེད་ཐུབ་ཀྱི་མ་རེད་ལ། མིག་དཔེ་མ་རེད་ཅེས་ཀྱང་བརྗོད་ཐུབ་ཀྱི་མ་རེད། ཡིན་ནའི། ཚོགས་གཙོ་སྤེན་པ་ཚེ་རིང་ནས་བཞི་ཁ་འཐོར་སྣ་འཐོར་དུ་གཏོང་བཞིན་པ་འདི་ཨ་མདོ་ཚོས་ཤེས་དགོས་པ་ཞིག་རེད་ལ། ཤེས་བཞིན་ཡོད་པ་འདིའང་དགའ་འོས་པའི་བྱ་བ་ཞིག་རེད།

    རིགས་པ་སྨྲ་བ་ལགས། ཁྱེད་རང་གིས་རིགས་པ་སྨྲ་མི་ཤེས་པ་ནང་བཞིན་ངས་ཀྱང་མང་གཙོའི་འགྲོ་སྲོལ་ཆ་ཚང་ཞིག་ཤེས་ཀྱི་མེད་སྲིད་མོད། བཙན་བྱོལ་མང་གཙོ་ནི་ཁ་གཏད་ཚོགས་པ་མེད་མཁན་ཞིག་ཡིན་པས། སོ་སོའི་ངོས་ནས་བཀའ་ཁྲིའི་འོས་གཞིར་ལངས་ཀྱིན་པ་མིན་ནམ། བཀའ་ཁྲིའི་འོས་གཞིར་ལངས་རྗེས་སྤྱི་འཐུས་འོས་གཞི་རང་བཞིན་གྱིས་བློས་གཏོང་བཞིན་པ་ནི་བཀའ་ཁྲིའི་འོས་གཞི་གཞན་དག་ལས་གསལ་བོ་མཐོང་མི་ཡོང་ངམ། དེ་ལྟ་མིན་ན། བཀའ་ཁྲིའི་འོས་གཞི་གཞན་དག་ལའང་ཐེངས་འདིའི་བཀའ་ཁྲིའི་འོས་ཤོག་དང་གཅིག་མཚུངས་ཀྱི་སྤྱི་འཐུས་འོས་གཞིར་ཡང་སླེབས་ཐུབ་ཀྱི་ཡོད་པས། སྤེན་པ་ཚེ་རིང་མ་གཏོགས་སུས་ཀྱང་བཀའ་སྤྱི་གཉིས་ཀྱི་འོས་མིའི་ཆ་ཤས་མི་ལེན་དོན་ཅི་ཡིན་ནམ། མ་མཐར་འདི་ནི་ལངས་ཕྱོགས་བརྟན་པོ་མེད་པར་མ་ཟད། གང་དུ་ཁེ་བཟང་རེག་གི་བསམ་ན་དེ་རུ་འཇུ་བཞིན་པའི་བྱ་སྤྱོད་ཅིག་མ་ཡིན་ནམ། མི་འདི་རིགས་ལ་སྤྱི་བའི་མཚན་ཉིད་ཚང་གི་འདུག་གམ། ད་ཐེངས་དེ་ཙམ་ཡིན། མུ་མཐུད་དུ་བགྲོ་གླེང་བྱེད་ཆོག

    Reply
  18. ཨ་མྱེ་རྫ་རྒྱ་ says:
    ལོ་ 14 སྔོན།

    སྐུ་ངོ་ལགས།
    བོད་སྤྱི་བའི་དོན་ལ་སེམས་ཤུགས་ཡོད་པ་ཧ་གོ་འདུག་མུ་མཐུད་དུ་གཞུང་དོན་ལ་སྔར་ལས་ལྷག་པ་ཞིག་ཤུགས་རྒྱག་རོགས།

    Reply
  19. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    དྲྭ་གྲོགས་གནས་ཚང་ལགས། ཁྱེད་ཀྱིས་རང་རེའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་གང་ཡང་མི་ཤེས་པའི་ཉེར་ལེན་གྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་སྐྱོན་བརྗོད་དང་ཁས་ལེན་མི་བྱེད་བཞིན་དུ་དམངས་གཙོའི་འཕེལ་རིམ་གཟི་བརྗིད་ལྡན་པར་བཤད་པ་དང་འཛམ་གླིང་རྒྱལ་ཁབ་ཁག་ཏུ་བཀའ་སྤྱི་གཉིས་ཀྱི་འོས་མིའི་ཆ་ཤས་ལེན་མི་ཆོག་པར་བཤད་པ་ནི་བཞད་གད་སློང་བའི་རྒྱུ་མ་ཡིན་ནམ།
    དཔེར་ན། ཁྱེད་ཀྱིས་འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་བཀའ་སྤྱིའི་འགྲོ་ལུགས་ཤེས་པ་ཕར་ཟད་སོ་སོ་སྡོད་སའི་རྒྱ་གར་གཞུང་གི་བཀའ་སྤྱི་གཉིས་ཀྱི་འོས་མི་གཅིག་ཡིན་པ་ཡང་ཤེས་ཀྱི་མེད་པ་ལ་བལྟས་ན་ཁྱོད་ཀྱི་བཤད་པ་ཚང་མ་འཆལ་གཏམ་ཞིག་མ་ཡིན་ནམ།

    Reply
  20. དམར་ཁ་ཚ། says:
    ལོ་ 14 སྔོན།

    ངར་ལྕགས་ལགས། མིག་མཐོང་ལག་ཟིན་ལ་སྐུར་བ་མ་བཏབ་ན་འགྲིག སྤེན་པ་ཚེ་རིང་ལ་ངན་ཕྱོགས་ན་མིའི་སྣང་བར་མི་འགྲོ་བའི་གཤིས་ཀ་ཡོད་ངེས་ཀྱང་། ད་ལྟ་བར་བོད་སྤྱི་བར་དཀའ་ལས་བརྒྱབ་པ་དང་གྲུབ་འབྲས་ཀྱང་མི་དམན་པ་ཐོན་པ་དེ་ཁས་ལེན་བྱེད་དགོས་པ་རེད། ཨ་མདོ་ཚོ་ཞེས་སྐད་ཆའི་ཟུར་དེ་ཀྱོག་ཀྱོག་བཟོས་ཡོང་བ་ཡག་པོ་མ་རེད། སྐུ་མཁྱེན། སྐད་ཆ་འདི་རིགས་བཤད་མ་ཡོང་།
    གནས་ཚང་གི་སྐད་ཆ་གཅིག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཚོགས་གཙོ་སྤེན་པ་ལགས་ཀྱིས་ཨ་མདོའི་སྤྱི་འཐུས་འོས་མི་སྐོར་ཞིག་ཡག་པོ་མེད་པར་བརྒྱུད་བསྒྲགས་བྱས་ཡོད་པ་མ་ཟད། སྨན་པ་མཁྱེན་རབ་སོགས་མི་ཁག་ཅིག་མིང་བཟུང་བྱས་ཏེ་ཁོ་ཚོ་སླེབས་ཐུབ་ན་ཡག་པོ་རེད་ཅེས་ཨ་མདོའི་ནང་ཁུལ་ནས་ཀྱང་དཔུང་ཁག་ཅིག་ཡར་འཐེན་བྱེད་ཀྱིན་འདུག་ཟེར། འདི་ལྟར་བྱས་ན་སྤྱི་མི་ཚད་ལྡན་དང་ཚོགས་གཙོ་ཡི་བཟང་སྤྱོད་ཚང་གི་མི་འདུག སྐྱོན་བརྗོད་མིན། གསལ་བཤད་རང་ཡིན། ཁུངས་གང་ནས་བསྐྱེལ་དགོས་ཀྱང་ར་སྤྲོད་བྱེད་ཐུབ།

    Reply
  21. ངར་ལྕགས། says:
    ལོ་ 14 སྔོན།

    སྤེན་པ་ཚང་འདི་བས་བོད་རྩ་དོན་ལ་མཁོ་བའི་སྐད་ཆ་ཞིག་བཤད་ཀྱི་ཡོད་པ་གོ་མ་མྱོང་། ཨ་མདོ་ཚོས་ཅི་བྱེད་དེ་ཁོ་འདྲ་གལ་ཆེ་བརྩིས་པ་རེད།

    Reply
  22. གནས་ཚང་། says:
    ལོ་ 14 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་གི་གསལ་བསྒྲགས་ཀློག་སྐབས། དོན་དག་ལྔ་བཤད་འདུག ༡ མང་གཙོ་འཕེལ་རིམ་གཟི་བརྗིད་ལྡན་པའི་ཕྱོགས་སུ་བསྐྱོད་ཀྱིན་པ། ༢ བཀའ་ཁྲིའི་འོས་གཞི་གཉིས་ནས་གསུམ་ལས་མ་མང་བ་ཞིག་འཇོག་འོས་ཚུལ། ༣ ཁོ་རང་ལ་བཀའ་ཁྲིའི་འོས་ཤོག ༡༥༩༠ ཙམ་ཡོད་པ།
    ༤ མདོ་སྨད་འོས་འཕེན་པས་འོས་ཤོག་ལ་བརྩི་བཀུར་ཞུ་འདུན་ཡོད་པ། ༥ ཐེངས་འདིར་བཀའ་སྤྱིའི་འོས་གཞིའི་ནང་སླེབས་མཁན་རྣམས་ལ་ངས་ཞེ་ཐག་པ་ནས་གུས་བརྩི་དང་འཚམས་འདྲི་ཞུ་བཞིན་ཡོད།

    ཡིན་ནའི། ཁོ་རང་གིས་མང་གཙོའི་འཕེལ་རིམ་གཟི་བརྗིད་ལྡན་པ་ཞིག་ལ་སླེབས་ཀྱིན་པ་ཤེས་བཞིན་དུ་གོང་ས་མཆོག་གི་བཀའ་དྲིན་དྲན་བཞིན་དུ་བཀའ་སྤྱི་གཉིས་ཀྱི་འོས་མིའི་ཆ་ཤས་བླངས་པ་འདི་མང་གཙོའི་རྒྱལ་ཁབ་སུ་དང་གང་ལའང་བྱུང་མ་མྱོང་བའི་བྱ་སྤྱོད་ཁྱད་མཚར་ཅན་ཞིག་ཡིན་པ་ལས་མི་ཁ་ཤས་ཀྱིས་བཤད་ཀྱིན་པའི༼གཟི་བརྗིད༽ཅེས་པའི་ཐ་སྙད་དེ་ཐོབ་ཀྱི་མེད་། དེ་ལས་ལྡོག་ནས་བཀའ་ཁྲིའམ་སྤྱི་འཐུས་གང་རུང་གི་ཆ་ཤས་བླངས་ཡོད་པ་ཡིན་ན། དེ་ནི་གཟི་བརྗིད་རེད་ལ་ཐོབ་དབང་ཡང་རེད།

    གཞན་སྤྱི་འཐུས་འོས་གཞིར་སླེབས་པ་དེ་མདོ་སྨད་འོས་འཕེན་པའི་མགོར་གཡུགས་ཅི་ཐུབ་བྱས་ཡོད་པས། འདིའང་མ་རུང་བ་ཞིག་དང་འོས་འཕེན་པ་དེ་དག་བླུན་པོར་བརྩིས་ནས་རང་སྐྱོན་འགོག་བྱེད་ཀྱི་ཕིབ་ཏུ་བསྒྱུར་ཡོད་པའང་ཚང་མ་ལོས་ཤེས་གལ་ཆེ་ཞིང་། ལྷོ་ཕྱོགས་གཞིས་སྒར་ཁག་ནས་བཤད་པ་ལྟར་ན། སྤེན་པ་ཚེ་རིང་གིས་འོས་འདེམས་སླེབས་ལ་ཉེ་སྐབས། མདོ་སྨད་ཀྱི་ན་གཞོན་ཤེས་ཡོན་ཅན་སྐོར་ཞིག་སྤྱི་འཐུས་སུ་འདེམས་ཡ་ཡོད་པ་མ་རེད་ཅེས་ཁྱབ་བསྒྲགས་དངོས་སུ་བསྐྱོད་ནས་ཤུགས་ཆེན་བྱས་ཡོད་པ་དང་། ཡང་བཀའ་ཁྲིའི་འོས་གཞིར་ལངས་སྐབས། ཁོ་རང་གི་བློར་འབབ་པའི་བཀའ་ཁྲིའི་འོས་གཞི་ཞིག་སླེབས་མེད་ཅེས་བསྒྲགས་གཏམ་སྤེལ་ཡོད་པས། ༼ཐེངས་འདིར་བཀའ་སྤྱིའི་འོས་གཞིའི་ནང་སླེབས་མཁན་རྣམས་ལ་ངས་ཞེ་ཐག་པ་ནས་གུས་བརྩི་དང་འཚམས་འདྲི་ཞུ་བཞིན་ཡོད༽ཅེས་པར་ལྟོས་དང་། འདིའང་སྐབས་འཚོལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་མ་རེད་དམ།

    མང་ཚོགས་ཀྱིས་ཤེས་དགོས་པ་ནི། ལངས་ཕྱོགས་བརྟན་པོ་མེད་པ་དང་། འགྱུར་བ་འགྲོ་ཆོག་ཆོག་ཡོད་པའི་གཤིས་ཀ་ཅན་གྱི་རིགས་འདི་དག་སུ་ཞིག་བཀའ་ཁྲིའམ་སྤྱི་འཐུས་སུ་གདམ་ག་བྱས་པ་ཡིན་ན། གང་ན་ཁེ་ཕན་ཡོད་ན་དེ་ལ་ནམ་ཞིག་མི་འགྱུར་བའི་ངེས་པ་གཏན་ནས་མེད་པ་དེ་ཤེས་གལ་ཤིན་ཏུ་ཆེ།

    Reply
  23. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    ཟིན་བྲིས་པ་རྙིང་པ་གཅན་བཟོད་རྒྱམ་གྱི་གསུང་པར་མཐའ་གཅིག་ཏུ་མངོན་པར་བསྟོད། མཆན་ལ་ཞིབ་གཤེེར་བྱས་རྗེས་བརྗོད་གཞི་དང་འཚམ་པའི་རིགས་》ཞེས་པ་ལ་འགན་ཆེན་པོ་ཡོད་ལ།
    ཚིག་འདིའི་འོག་གི་མཆན་བུ་དག་རྩོམ་སྒྲིག་པ་ལ་འགན་འཁུར་དང་། འབྲེལ་བ་མེད་ཅེས་བཤད་ས་མི་འགྲོ་བ་རེད།
    གནད་འགག་འདི་རྩོམ་སྒྲིག་པས་མཁྱེན་ན་རེད།
    ཡིན་ནའང་བགྲོ་གླེང་དང་འབྲེལ་བའི་རིགས་གལ་ཆེན་པོ་རེད།

    Reply
  24. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    བཀུར་འོས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཀའ་ཁྲིའི་འོས་མིར་བཞེངས་པ་ནི་ལོ་རྒྱུས་ཀྱི་རིན་ཐང་རེད་ལ། དུས་ཀྱི་དགོས་མཁོ་ཡང་ཡིན་པས་གནད་འགག་གང་ཡང་མ་མཐོང་།

    དངོས་སུ་བོད་མི་མང་ཁྲིམས་བཟོ་ལྷན་ཚོགས་ལས་གལ་ཆེན་ཞིག་མེད་པས་དགོས་དབང་གིས་བསྐྱར་དུ་བོད་མི་མང་སྤྱི་འཐུས་སུ་ཕེབས་པ་ནི་དགའ་འོས་པ་ཞིག་ཡིན་ལ།

    རླབས་ཆེན་གྱི་ཐུགས་འགན་དག་མུ་མཐུད་བཞེས་ཐུབ་པའི་སྨོན་འདུན་ཀྱང་ཞུ་རིན་ཡོད་པ་ཞིག་རེད།

    Reply
  25. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    འདིའི་སྐོར་ལ་ཁ་བརྡ་དྲ་རྒྱ་ནང་དུ་གཟུར་གནས་ཞེས་པའི་མིང་ཅན་ཞིག་གིས་གསལ་བཤད་འདི་ལྟར་སྤེལ་འདུག་ ཁོ་བོས་དེ་གསལ་བཤད་ལེགས་པོ་བྱས་འདུག་སྙམ་ནས་འདིར་བཀོད་པ་ཡིན་

    གོང་ལ་བསྟན་འཛིན་རྣམ་རྒྱལ་གྱིས་དངུལ་ལྐོག་ཟ་བྱས་པའི་དྭོགས་འདྲི་ཞིག་བཏོན་འདུག དེ་ངས་ཏོག་ཙམ་རྒྱུས་ཡོད། འདིའི་སྐོར་ལེགས་ཤོས་འཇམ་དབྱངས་ནོར་བུ་དང་། ལྷ་བཟང་ཚེ་རིང་། བཀྲིས་ཚེ་རིང་གསུམ་གྱི་ཤེས་ཀྱི་རེད། རྙོག་འདྲ་འདི་སློང་མཁན་ཁོང་ཚོ་གསུམ་རེད། བསྟན་འཛིན་རྣམ་རྒྱལ་བཀའ་བློན་ཁྲི་པ་ཡིན་པའི་སྐབས་ལ། དམངས་གཙོ་ཟེར་བའི་ཚགས་པར་ཞིག་འདོན་གྱི་ཡོད། དེ་༡༩༩༠ནང་རེད། ཐེངས་གཅིག་ཚགས་པར་འདིའི་ནང་ལ་གཞུང་དངུལ་འབུམ་ཉི་བརྒྱ་ལྷག་ཆད་པའི་རྩོམ་བཏོན་པ་རེད། བྱས་ཙང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་ཡིན་པ་དང་དངུལ་འདི་འདྲ་མང་པོ་ཞིག་ཚང་གི་མེད་ཙང་སྤྱི་ཚོགས་ནང་སྐད་ཆ་མང་པོ་བྱུང་ནས་ཁོང་བཀའ་ཁྲི་ནས་དགོངས་པ་ཞུ་དགོས་ཐུག་པ་རེད།

    དངུལ་མ་ཚང་བ་བདེན་པ་རེད། བསྟན་འཛིན་རྣམ་རྒྱལ་གྱིས་ལྐོག་ཟ་བྱས་པ་བདེན་པ་མ་རེད། རྒྱུ་མཚན་ནི་བསྟན་འཛིན་རྣམ་རྒྱལ་གྱི་སྔོན་ལ་གཞུང་དངུལ་རྩིས་ཞིབ་དང་སྔོན་རྩིས་བཟོ་བའི་ལམ་ལུགས་ལེགས་པོ་དེ་འདྲ་མེད། བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་སླེབས་རྗེས་ཁོང་གིས་གཞུང་གི་དངུལ་རྩིས་ཞིབ་བྱེད་སྟངས་འདི་ནུབ་ཕྱོགས་པའི་ལམ་ལུགས་ལ་འགྱུར་བཅོས་བཏང་བ་རེད། དེར་བརྟེན་རྩིས་ཞིབ་ལམ་ལུགས་གསར་པ་འདི་མགོ་བཙུགས་པའི་ལོ་དང་པོ་དེར་དངུལ་མང་པོ་ཞིག་ཆད་པ་རེད། རྒྱུ་མཚན་གཙོ་བོ་འདི་བསྟན་འཛིན་རྣམ་རྒྱལ་གྱིས་བཀའ་ཤག་རྩིས་ལེན་མ་བྱས་པའི་གོང་ལ་རྩིས་ཞིབ་ཡག་པོ་མེད་ཅིང་། དེའི་སྐབས་ལ་བྱུང་གི་ནང་ལ་སླེབས་པའི་དངུལ་མང་པོ་ཞིག་སོང་གི་ཐོ་མེད། དེའི་སྟེང་བསྟན་འཛིན་རྣམ་རྒྱལ་གྱིས་བཀའ་ཤག་གི་ལས་ཀ་གསར་པ་མང་པོ་ཞིག་སྤེལ་བ་དང་། དེ་དག་ལ་འགྲོ་སོང་སྔོན་ནས་བཀར་གསོག་བྱ་རྒྱུ་མ་བྱུང་སྟབས་འགྲོ་སོང་འཕར་མ་རྣམས་ཆད་ལྷག་ནང་བཅུག་པ་རེད། དབྱིན་ཇིའི་སྐད་ལ་DEFICITཟེར་བ་འདི་རེད།

    རྗེས་མ་འཇམ་དབྱངས་ནོར་བུས་ཀྱང་དེའི་སྐོར་ལ་གསལ་བཤད་བྱས་ནས་བསྟན་འཛིན་རྣམ་རྒྱལ་ལགས་སུ་མ་ཉེས་ཁ་གཡོག་བྱས་པར་ནོངས་པ་ཕུལ་འདུག ཞིབ་ཕྲ་འཇམ་དབྱངས་ནོར་བུའི་ཟིན་བྲིས་ཐོག་ཕེབས་ནས་བཀའ་ཁྲིའི་སྐོར་ལ་སྤེལ་བའི་རྩོམ་གཉིས་པ་དེ་ལ་གཟིགས་དང་།

    མདོར་ན་བསྟན་འཛིན་རྣམ་རྒྱལ་གྱི་བཀའ་འདྲིན་ལ་བརྟེན་ནས་བོད་གཞུང་ལ་རྩིས་ཕྲའི་ལམ་ལུགས་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཁག་དང་མཚུངས་པ་ཞིག་བཙུགས་ཐུབ་ཡོད་ཅིང་། དེ་ཁོང་གི་བྱས་རྗེས་མང་པོའི་ནང་ནས་གཅིག་རེད། ང་རང་སྒེར་གྱི་ངོས་ནས་བལྟས་ན། བཙན་བྱོལ་ནང་གི་ནང་ནས་རླབས་ཆེན་གྱི་སྐྱེ་བུ་གཅིག་ནི་བསྟན་འཛིན་རྣམ་རྒྱལ་རེད། རྒྱུ་མཚན་ནི།

    ༡༽ རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་ལ་གདན་འདྲེན་མཁན་དང་པོ་ཁོང་རེད།
    ༢༽ ཨ་རིའི་བོད་ཀྱི་ལས་འགུལ་ལས་ཁུངས་འཛུགས་མཁན་ཁོང་རེད།
    ༣༽ ཨ་རིའི་བོད་ཀྱི་དོན་གཅོད་ཁང་པ་ཉོ་མཁན་ཁོང་རེད། དེ་བོད་གཞུང་གིས་དོན་གཅོད་རང་བདག་བྱུང་བ་དེ་དང་པོ་རེད།
    ༤༽ རྒྱལ་བ་རིན་པོ་ཆེ་ལ་ཨ་རིའི་བགྲོས་ཚོགས་ཀྱི་གསུངས་བཤད་དང་པོ་དེ་གྲ་སྒྲིག་བྱེད་མཁན་ཁོང་རེད།
    ༥༽ ཤེས་བྱ་དུས་དེབ་དང་གཞོན་ལྷན་བཙུགས་མཁན་ནང་ཁོང་གལ་ཆེའི་མི་སྣ་རེད།
    ༦ ༽ ཨ་རི་ལ་བོད་མི་སྐྱབས་བཅོལ་བ་སྟོང་གཅིག་གི་བཀའ་ཁྲོལ་ཐོབ་མཁན་ཁོང་རེད། དེའི་བཀའ་དྲིན་ལ་བརྟེན་ནས་བོད་མི་ཚོར་ཕན་པ་ཆེན་པོ་བྱུང་ཡོད།

    ལྷག་པར་དུ། རྒྱལ་བ་རིན་པོ་ཆེ་ལ་ངོ་ལྐོག་མེད་པར་ཆབ་སྲིད་ཐོག་ནོར་འཁྲུལ་ཡོང་སྐབས་ལྷག་བསམ་གྱི་ཐོག་ནས་བསམ་འཆར་འབུལ་ཐུབ་མཁན་ཁོང་རེད། དཔེར་ན། བསྟན་འཛིན་རྣམ་རྒྱལ་གྱིས་རྒྱལ་བ་རིན་པོ་ཆེ་ལ་སི་ཀྲན་སི་སྦག་གི་གསུང་བཤད་དེ་ནོར་འཁྲུལ་ཆེན་པོ་ཡིན་པ་དང་དེ་གང་མགྱོགས་ཕྱིར་འཐེན་གནང་དགོས་པའི་རེ་བ་ཞུ་མཁན་ཡང་ཁོང་གཅིག་རེད། རྗེས་སུ་གོང་ས་མཆོག་གིས་སི་ཀྲན་སི་སྦག་གི་གསུང་བཤད་འདི་རྩིས་མེད་བཏང་བ་ཡིན་གསུངས།

    ཁོང་གི་བྱས་རྗེས་ངོ་མ་རླབས་ཆེན་རེད།

    Reply
  26. སེང་ཕྲུག says:
    ལོ་ 14 སྔོན།

    ཁང་སང་ཉེ་ཆར་ལ་ཡ། བཀའ་ཁྲི་ཟམ་གདོང་རིན་པོ་སྦེལ་ཀོབ་ཏུ་ཕེབས་དུས། བོད་མི་ཞིག་གིས་དྲི་བ་འདི་འདྲ་ཞིག་ཞུས་འདུག

    ཁྱེད་སྤྱི་མཐུས་ཚོགས་གཙོ་བྱས་སྐབས་དེར། བཙན་བྱོལ་གཞུག་གི་བཀའ་བློན་ཁྲི་བ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རེད། ཁོང་གིས་སྐབས་དེར། བོད་གཞུང་གི་དངུལ་དངོས་འབུམ་དགུ་ཟོས་པའི་གནས་ཚུལ་ལྷག་ཡོད་པ་རེད། དེ་གང་འདྲས་རེད་དམ དངོས་གནས་རེད་བས། ཞེས་དྲིས་པ་ན།

    ཁོང་གིས་ཐོག་མ་ལན་མ་བརྒྱབ་པ་བཞུགས་ཡོད་པ་དང་། ཏོག་ཙམ་རྗེས་ནས། བོད་མི་གཞན་ཞིག་གིས། དྲི་བ་དེ་ལ་ངེས་པར་དུ་ལན་ཞིག་དགོས་པའི་ཞུ་བ་དང་བསྒྲགས། ཡང་སྐྱར་དྲི་བ་དེ་རང་དྲིས་ཡོད་པ་རེད།

    མཐའ་མ་དེར་ཁོང་གིས། དེ་ནི་ངས་ཞུ་ཐུབ་པའི་དྲི་བ་ཞིག་མ་རེད། བོད་གཞུང་གི་རྩིས་ཞིབ་ལས་ཁུངས་ལ་འདྲི་དགོས་རེད་ཅེས་གསུངས་འདུག

    དངོས་གནས་བྱས་ན་དེའི་སྐབས་ཀྱི་གནས་ཚུལ་གསལ་པོ་མཁྱེན་མཁན་ཞིག་ལ་ཟམ་གདོང་རིན་པོ་ལས་ལྷག་ཞིག་མེད་ལབ་ནའང་འགྲིག་པ་རེད

    གྲོགས་པོ་ཚོས་ལབ་ན། བཀའ་ལན་འདི་ལ་གནད་འགག་ཞིག་འདུག་གམ།
    ངས་འདིར་དངུལ་ཟོས་པ་རེད་ལབ་ཀྱིན་མེད་པ། ཁོང་གི་བཀའ་མོལ་འདི་འདྲ་ཞིག་དང་། མང་ཚོགས་ཀྱིས་དྲི་བ་འདི་འདྲ་དྲིས་འདུག་ཅེས་པ་དེ་ཡིན།

    Reply
  27. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    བཀུར་འོས་པའི་དུས་བབ་རྩོམ་སྒྲིག་པ་དང་དོ་དམ་འགན་འཛིན་ལྷན་རྒྱས་ལ་ཞུ་རྒྱུར། ད་ལོའི་དབྱར་གཞུང་ཞིག་ནས་དུས་བབ་ཚང་གི་མདུན་ངོས་གསར་འགྱུར་དང་ཆེད་དོན་གླེང་མོལ་གྱི་མཆན་བུ་ལ་ཞིབ་བཤེར་བྱས་རྗེས་ད་བཟོད་དྲ་ངོས་སུ་ཤར་ཐུབ་པ་བཟོས་ནས་ཡུན་རིང་འགོར་སོང་། དེས་ན་མཆན་བུར་ཞིབ་བཤེར་བྱེད་པའི་དགོས་པ་དམིགས་ཡུལ་གང་ཡིན་ལ་ངོས་འཛིན་གྱིས་མཆན་བུར་དོ་དམ་སྟངས་འཛིན་ནན་མོ་བྱེད་དགོས་པའི་རེ་བ་སྙིང་ནས། དཔེར་ན་དྲ་གྲོགས་ངར་ལྕགས་ལགས་ཀྱི་མཆན་བུ་༼ ཁྲམ་པ་ཁྲམ་རྒྱུད་འདི་ཚོ་རང་རེའི་ཉམས་ཆུང་བའི་སྤྱི་ཚོགས་འདིར་ཁྲམས་རྒྱུ་དགའ་འདུག༽ཅེས་པ་ལྟ་བུ། ཚིག་དོན་གང་གི་ཆ་ནས་དྲ་ངོས་ཤར་དགོས་པ་རེད། ད་དུང་ཚོགས་གཙོའི་གསལ་བཤད་ཀྱི་སྐོར་འདིར་དྲ་གྲོགས་མིིང་རྫུས་ཡོད་པ་མང་པོས་བསམ་གཟས་ནས་མི་འོས་པའི་ཚིག་མང་དག་ཅིག་བཤད་དང་ཤོད་བཞིན་པས་སྤྱིར་མི་སྒེར་དང་དགོས་སུ་དྲ་གྲོགས་མང་པོར་ཕོག་ཐུག་འགྲོ་མུས་ལ་དམིགས་པ་ཡིན། ཡང་གཅིག་བཤད་ན་དེང་གི་དུས་སུ་དུས་བབ་དྲ་བའི་མཆན་འདེབས་མཁན་བརྒྱ་ཆའི་བརྒྱད་ཅུ་ནས་དགུ་ཅུས་དངོས་མིང་སྤྱད་མེད་པ་མ་ཟད། མིང་རྫུས་འོག་ནས་མི་སྒེར་བ་དང་དགོས་སུ་མཐོ་རིམ་མི་སྣར་ཚིག་རྩུབ་བཤད་པ་མང་དྲག་པའི་ཚོར་སྣང་བྱུང་། ད་དུང་ཁ་སང་ངོ་དེབ་ལས་དྲ་གྲོགས་ཤིག་གིས་གླེང་མོལ་སྐབས་སུ་༼དེང་སང་དུས་བབ་ཚང་ཅུང་ཉམས་བཞིན་འདུག་ག་༽ཞེས་པའི་དྲི་བ་འདྲ་བའི་བསམ་ཚུལ་བཤད་པ་འདིས་ང་ལ་བློ་མི་བདེ་བའམ་བློ་འཚབ་ཅིག་ཀྱང་སྐྱེས་སུ་བཅུག་སོང་། དེ་ནི་ང་རང་ཡང་དུས་བབ་དྲ་བའི་ཁུངས་མི་ཞིག་གམ་དུས་བབ་དྲ་བའི་ཟིན་བྲིས་པ་རྙིང་ཤོས་ཤིག་ཡིན་པའི་ཆ་ནས་ཡིན། དེ་བས་རང་གི་བསམ་ཚུལ་འདི་ཁ་གསང་པོས་བཤད་པ་ཡིན། ད་དུང་མི་མཐུད་ནས་འདི་ལྟར་སོང་ན་དུས་བབ་དྲ་ཚིག་འདིར་ཤུགས་རྐྱེན་ངན་པ་ཞིག་མི་འགྱང་མི་ཡོང་ངམ་སྙམ་པའི་སེམས་ཁྲེལ་དང་ཚོར་བ་ཧ་ཅང་ཆེ་ལགས། དྲ་གྲོགས་སུའང་ཕོག་ཐུགས་སུ་མི་འགྲོ་བའི་རེ་བ་ཆེ།

    Reply
  28. ཚང་མ། says:
    ལོ་ 14 སྔོན།

    བཀུར་འོས་པའི་ ཚོགས་གཙོ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབ་སྲིད་འཁྲབ་མཁས་བོ་འདུག་པས་སྤྱི་ཚོགས་སྟེང་ཁྱེད་ལྟ་བའི་ཉུང་སྐྱོན་ལས་མང་སྐྱོན
    ་མི་འདུག
    མི་མཐུད་ནས་བོད་གཞིས་བྱེས་ཡོངས་ཀྱི་རེ་འདོད་བསྒྲུབ་ཐུབ་པས་རེ་བ་ཞུ།

    Reply
  29. ངར་ལྕགས། says:
    ལོ་ 14 སྔོན།

    ཁྲམ་པ་ཁྲམ་རྒྱུད་འདི་ཚོ་རང་རེའི་ཉམས་ཆུང་བའི་སྤྱི་ཚོགས་འདིར་ཁྲམས་རྒྱུ་དགའ་འདུག

    Reply
  30. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    ཚོགས་གཙོ་ལགས་ཁྱེད་ཀྱིས་དགོངས་ཞུ་བྱས་ཀྱང་བོད་མི་མང་གི་སྦྱི་འཐུས་གནང་ནས་ཕྱག་ལས་གནང་འདོད་ཡོད་པ་ནི་གུས་པ་ཧ་ཅང་དགའ།གོང་ས་མཐོ་ཡང་བོད་སྤྱི་ལ་ཕན་པའི་ཕྱག་ལས་མ་གནང་ན་ཕན་ཐོག་གང་ཡང་མེད་པ་རེད།
    མ་འོངས་ཉིད་ཀྱི་ཚོགས་གཙོ་ཐུབ་རུང་མ་ཐུབ་རུང་བོད་སྤྱི་པའི་དོན་དུ་ཕྱག་ལས་གནང་རྒྱུ་དང་མ་འོངས་སྤྱི་འཐུས་ཀྱང་ན་གཞོན་མང་པོ་ཞིག་ཕེབས་རྒྱུ་ཡིན་པའི་ཁཽང་ཚོ་དང་མཉམ་དུ་དཔུང་པ་མཉམ་བཤམ་བྱ་དེ་བོད་གངས་ཅན་པ་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་ཐུབ་པའི་རེ་བ་ཆེ་ལགས།

    Reply
  31. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཚོགས་གཙོ་མཆོག་གིས་ཐེངས་འདིར་གསལ་བཤད་གནང་བའི་ནང་། སྔོན་འགྲོའི་འོས་བསྡུའི་སྐབས་ཁོང་ལ་བཀའ་བློན་ཁྲི་པའི་འོས་གྲངས་ ༡༥༩༠ ཙམ་ཐོབ་འདུག་ཅེས་བཀོད་ཡོད་ཀྱང་། དབུས་འོས་བསྡུ་ལྷན་ཁང་གི་མ་དེབ་ནང་། སྤེན་པ་ཚེ་རིང་ལ་འོས་གྲངས་ ༡༥༩༨ ཅེས་བཀོད་འདུག

    Reply
  32. གནས་ཚང་། says:
    ལོ་ 14 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་ནང་བཞིན་བཀའ་བློན་ཡོང་ན་བཀའ་བློན་དང་བཀའ་བློན་མ་ཡོང་ན་སྤྱི་འཐུས་འཇུ་སྟངས་འདིས་ལམ་ཁ་སྡུག་ཅག་ཅིག་གི་སྒོ་ཕྱེཟིན་པར་མ་ཟད། ཐེངས་འདིར་ཁྲིམས་ལུགས་འཐུས་སྒོ་མ་ཚང་བའི་སྐབས་གླགས་སུ་འཛུལ་བ་ཞིག་ཡིན་པས། ཐེངས་རྗེས་མར་ཁྲིམས་བཟོ་ལྷན་ཚོགས་ཀྱིས་འདིའི་ཐད་ཁ་གསབ་གཏོང་འོས་པ་ཐེངས་འདིའི་དོན་རྐྱེན་འདིས་ལམ་སྟོན་གནང་ཡོད།

    ད་ཐེངས་ཀྱི་བཀའ་ཁྲིའི་འོས་མིར་ལངས་མཁན་གཞན་དག་ལའང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་མཁན་མེད་པ་མ་རེད། ཁོང་ཚོས་དངས་གནས་དྲང་གནས་སྤྱི་དོན་འཁུར་ལེན་གྱིས་མང་ཚོགས་ལ་མིག་དཔེ་ཡག་པོ་ཞིག་འཇོག་སླད་མགོ་གཉིས་མ་འཁྲབ་ཡོད་པ་མ་རེད། ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ་སྤྱི་འཐུས་ཚོགས་གཙོ་ཞིག་གིས་སྐབས་འདིར་ཐུག་ན་མ་གཏོགས་གསལ་བཤད་བྱེད་མི་ཤེས་པ་དེ་མདོ་སྨད་པའི་མཐོང་གཅོག་ཡ་རང་རེད།

    Reply
  33. གཅན་ཚ་དཔལ་ལྡན། says:
    ལོ་ 14 སྔོན།

    ཚོགས་གཙོ་མཆོག་གི་ཁོད་ཡངས་པའི་བློ་རྒྱ་དེས་ངས་སེམས་པ་རྦད་དེ་འཕྲོག་སོང་། སྤྱི་ཚོགས་ཀྱི་མདུན་ནས་ལངས་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན། ཕྱག་ལས་གནང་ཕྱོགས་དེར་རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ།

    Reply
  34. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    ངོ་མ། ཁྱེད་ནི་གཞུང་རྒྱུད་དྲང་ཞིང་མཁྱེན་རྒྱ་ཡངས་ལ། ཉམས་མྱོང་ཟབ་ཅིང་ཤེས་ཡོན་ལྡན་པས།
    ཁྱོད་ཀྱི་འདོད་ཚུལ་གསར་བ་དང་ལྟ་བ་གསར་བ། ལྷག་བསམ་གསར་བས་ང་ཚོ་ལ་གཟི་བརྗིད་སྤྲད་བྱུང་།

    Reply
  35. གཟི་མིག་༣པ says:
    ལོ་ 14 སྔོན།

    ཝཱ་ཡེ་
    བོད་མི་ཚོ་་ང་ཚོའི་གྲོས་ཚོགས་ཚོགས་གཙོ་ལ་གཟིགས་དང་ཁོང་གི་བཀའ་མོལ་དུས་དང་འཚམས་པ་ལ་ཤེས་ཡོན་ཅན་ཟེར་བ་སྔ་ཕྱི་བར་གསུམ་སེམས་ཤེས་པ་འདི་འདྲ་བ་དགོས་།
    ཁྱེད་ཀྱི་ལྷག་བསམ་རྡོ་རྗེ་བྲག་ལྟར་གནས་ཚེ་བཀའ་ཁྲིའི་མཚན་གནས་ང་ཚོ་མི་དམངས་ནས་་ཁྱེད་ལ་འཕུལ་ངེས་ཡིན་།
    ད་དུང་
    དྲ་གྲོགས་ཡོངས་ལ་རེ་བསྐུལ་ནི་ང་ཚོས་དྲ་རྒྱའི་ནང་ཚིག་ངན་མ་བསླེངས་ན་ལེགས་
    དངོས་ཡོད་བསལ་བཤད་གནང་ཆོག་
    བོད་ནང་གི་ཤ་ཁྲག་ཅིག་པའི་ཕ་མ་སྤུན་མཆེད་ཚོའི་སྐུ་ངལ་ལ་སེམས་ནས་་ང་ཚོས་འདི་ནང་ལ་ཚིགས་ངན་འདི་འདྲ་བསླེང་ན་་ང་ཚོ་ཚང་མ་ངོ་ཚ་དགོས་པ་ལས་ཚོགས་གཙོ་ཅིག་པུ་ངོ་ཚ་དགོས་དོན་མེད་།

    Reply
  36. རྟུལ་ཕོད། says:
    ལོ་ 14 སྔོན།

    སྤྱི་འཐུས་ཚོགས་གཙོས་བཀའ་ཁྲིའི་འོས་མི་ལས་ཕྱིར་འཐེན་བྱས་པ་འདི་གཅིག་པུའི་ངོས་ཐད་ནས་བལྟས་ཀྱང་ཁོང་ལ་ཁྲིམས་ལུགས་ལ་འདུ་ཤེས་གཟབ་པ། བསམ་བློ་ལ་སྒམ་དཀྱེལ་ཡོད་པ། གནས་ལུགས་ལ་རྩི་བཀུར་བྱེད་མཁན་ཞིག་ཡིན་པ་རྟོགས་ཐུབ་པས་དགའ་བསུ་བྱ་འོས་པ་ཞིག་རེད། བློ་བཟང་སེང་གེས་ཁོང་བཀའ་ཁྲིའི་ལས་རོགས་ལ་གདམ་དགོས་པར་མ་ཟད་འདེམས་སྟངས་ཡང་མཆན་བུ་མཁན་ཞིག་གསུངས་པ་ལ་གནས་ལུགས་ཅུང་ཙམ་ཡོད་ཀྱང་ངས་བསམ་ན་ཁོང་ཕྱི་འབྲེལ་བཀའ་བློན་ལ་གདམ་དགོས་པ་སེམས་ཀྱིན་ཡོད་རྒྱུ་མཚན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་སོགས་ལ་ནུས་པ་ཐོན་ཡོད་པས་སོ།

    Reply
  37. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་བཀའ་ཁྲི་དང་སྤྱི་འཐུས་གཉིས་ཀའི་འོས་བསྡུའི་ཁྲོད་དུ་རྒྱལ་ཁ་ཐོབ་ཡོད་ནའང་ཁོང་གིས་རང་རེའི་བཅའ་ཁྲིམས་དང་དམངས་གཙོའི་ལམ་སྲོལ་ལ་གུས་བཀུར་ཞུ་བའི་སྒོ་ནས་བཀའ་ཁྲིའི་འོས་གཞི་ལས་དགོངས་པ་ཞུས་ཏེ་སྤྱི་འཐུས་སུ་ཞུགས་པ་ནི་དྲང་བདེན་གྱི་ལམ་ནས་བོད་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་བརྟན་པོ་ཞིག་དང་བཀའ་ཁྲིའི་འོས་གཞི་གཞན་རྣམས་ལ་ལྷག་བསམ་རྣམ་དག་གིས་གུས་འདུད་དང་རྒྱབ་སྐྱོར་ཞུ་བ་ཞིག་མཚོན་ཡོད་པར་མ་ཟད། རང་རེའི་དམངས་གཙོའི་ཀ་བ་གསུམ་གྱི་ལས་དོན་ལ་རྒྱ་ཆེའི་མང་ཚོགས་གཙོ་བྱས་པའི་དཔོན་རིགས་དྲག་ཞན་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ཧུར་བརྩོན་གནང་དགོས་པའི་འབོད་སྐུལ་ཞིག་ཀྱང་ཡིན་པས་ཁོང་གི་དགོངས་ཚུལ་ལ་ཚང་མས་བསྔགས་བརྗོད་བྱེད་འོས་པ་ཡིན།

    Reply
  38. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    ཁྱོད་ཀྱིས་ཀྱང་རང་ཉིད་ལ་ཚོད་བགམ་ཞིག་བྱས་སོང་། ཁྱོད་ཀྱིས་ཀྱང་དམངས་གཙོ་ཡི་ཐོབ་ཐང་ཞིག་སྤྱད་སོང་།
    ཁྱོད་ཀྱིས་ཀྱང་རང་དབང་གི་ལམ་ག་ཞིག་བདམས་སོང།
    ངས་ཁྱོད་ལ་འདི་ལྟར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།

    Reply
  39. འབྲོང་བུ་ཟླ་བ། says:
    ལོ་ 14 སྔོན།

    ངས་འདིའི་སྐོར་ལ་བསམ་བློ་བཏང་ནས་བསྡད་ཡོད། ང་ལ་དགོས་པའི་ལན་དེ་རེག་སོང། ཚོགས་གཙོ་མཆོག་ལ་རྟེན་འབྲེལ་ཞུ། དཀྱེལ་ཡངས་ཀྱི་བསམ་བློའི་འཁོར་རྒྱ་དེ་ནི་མང་གཙོའི་སྤྱི་ཚོགས་སུ་མེད་དུ་མི་རུང་བའི་ཆ་རྐྱེན་ཨང་དང་པོ་དེ་ཡིན་དགོས། ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་འདེབས།

    Reply
  40. འཇམ་དབྱངས། says:
    ལོ་ 14 སྔོན།

    ཚོགས་གཙོ་མཆོག་གིས་ཁྲིམས་ལུགས་ལ་བརྩི་བཀུར་གནང་སྟེ་མ་འོངས་བཀའ་ཁྲིའི་འོས་གཞི་ལས་དགོངས་པ་ཞུས་པར་དགའ་བསུ་ཞུ། བཀའ་བློན་ཁྲི་བའི་གོ་མིང་མེད་ན་ཡང་འགྲིག སྤྱི་འཐུས་ཚོགས་གཙོའི་གོ་མིང་མེད་ན་ཡང་འགྲིག གནད་འགག་ཆེ་ཤོས་ནི་༧གོང་ས་མཆོག་གི་དགོངས་དོན་གཞིར་བཞག་གིས་བོད་མི་རིགས་འགྱེལ་ས་ནས་ལངས་ཐུབ་པར་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། ཨ་མའི་བུ་སེམས་ཤུགས་ནམ་ཡང་ཆགས་མི་ཉན། གཞིས་ལུས་མདོ་སྨད་པ་རྣམས་ཀྱི་སེམས་ཤུགས་དང་ཟུངས་ཁྲག་གི་བཞུར་རྒྱུན་དེ་ནམ་ཡང་ང་ཚོར་འདྲེས་ནས་ཡོད་པ་ཐུགས་ལ་ཆོངས།

    Reply
  41. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    གླེན་པ་ལུག་འདྲ་བ་རེ་གཉིས་ཀྱིས་སྤེན་པ་ཚེ་རིང་ལགས་ཀྱི་རླབས་ཆེ་བའི་སྤྱོད་སྟངས་འདིའི་ཐད་ལབ་ལོབ་གང་འཚམས་བྱེད་ཀྱིན་པ་བྲག་སྲིབ་ཀྱི་མི་གྲོང་ཁྱེར་ལ་བཏོན་པ་དང་འདྲ།
    ཤེས་ཡོན་དང་ལག་ལེན་ཉམས་མྱོང་གང་ཐད་ནས་ཁོང་དང་བློ་བཟང་སེང་གེ་གཉིས་ལ་ལས་ཁོང་མཐོ་སེ་བ་མེད་ཀྱང་དམའ་བ་མིན་ཡང་། བོད་ཨ་གསར་ལ་དགའ་བའི་ངང་ཚུལ་ལྡོག་ཏུ་མེད་པས་ཁོང་ལ་ཕལ་ཆེར་བཀའ་ཁྲི་རེག་རེ་ཁག་པོ་ཡོད་པ་གསལ་བོ་རེད།
    གལ་ཏེ་ཐོབ་རེ་མེད་པའི་ལས་ཤེས་བཞིན་བྱས་པ་ཡིན་ན་སྤེན་པ་ཚེ་རིང་ལ་རེ་བ་རྒྱག་མཁན་རྣམས་ཀྱང་ཡིད་གཏིང་ནས་ཆད་ངེས་ཡིན་པས་སྤེན་པ་ལགས་ཀྱི་བྱེད་སྟངས་འདིས་ཁོང་ལ་འོས་འཕེན་མཁན་རྣམས་ལ་སྔར་ལས་སྤོབས་པ་དང་། ཡིད་ཆེས་བསྐྲུན་གནང་ཡོད་པ་ངེས་འཛིན་ཞུ་གི་ཡིན།

    Reply
  42. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ཚོགས་གཙོས་བཀའ་ཁྲིའི་འོས་གཞི་ལས་དགོངས་ཞུ་གནང་བ་འགྲིག་འདུག འདི་ཡང་དཀྱེལ་ཡངས་ཀྱི་བློ་མིག་ཡོད་པས་གནང་སྟངས་ཞིག་རེད་སྙམ། ང་ཚོར་དགོས་པའི་བཀའ་ཁྲི་མི་གཅིག་ལས་མེད་པས་འོས་གཞིར་བཞེངས་མཁན་གྱི་འོས་མི་གཞན་རྣམས་ཀྱང་སྔ་ཕྱི་མ་གཏོགས་རང་སོར་གནས་དགོས་པ་ལོས་ཡིན། མི་དམངས་ཀྱི་ཁ་སངས་རྒྱས་ཀྱིས་ཀྱང་མི་ཆོད་ཟེར་བའི་དཔེ་བཞིན་མང་མང་གིས་ཅི་བཤད་ཐུགས་ལ་མི་བདོག་པར་ཞུ། མུ་མཐུད་ནས་རང་ནུས་ཅི་ལྕོགས་ཀྱིས་བོད་མི་རིགས་ཀྱི་ལས་དོན་ལ་འབད་འབུངས་གནང་ན་ང་ཚོའི་རེ་བ་འགྲུབ་སོང་བ་ཡིན། དེ་ལྟ་བུའི་དགོངས་དཀྱེལ་ཡངས་པོ་གནང་བར་དངོས་གནས་དགའ་ཡོད་ལགས། ཕྱོགས་གཅིག་ནས་མིག་དཔེ་ཞིག་བསྟན་པ་ཡང་མ་ཡིན་ནམ།

    Reply
  43. རྟུལ་ཕོད། says:
    ལོ་ 14 སྔོན།

    འདྲེ་རིག་ལྡན་གྱི་བཤད་པ་དེ་དེ་བཞིན་ནོ།ངས་ཀྱང་དེ་འདྲ་ཞིག་བཤད་བསམ་ཡང་ཁོ་སྔོན་ལ་ཤོར་སོང་།གཞན་སྨྱོ་བཤད་རྒྱག་མཁན་ཚོ་གུ་དོགས་གྱོ་མི་དྲགས་འདུག་ད།

    Reply
  44. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྤེན་པ་ཚེ་རིང་གིས་བཟང་སྤྱོད་ཀྱི་ཐོག་ནད་དགོངས་པ་ཞུས་པ་ལ་དགའ་བསུ་དང་རྒྱབ་སྐྱོར་ཡོད་ འོས་ཐོབ་རྒྱུར་རེ་བ་གཏན་ནས་མེད་པ་ཤེས་བཞིན་དུ་ད་དུང་འཚང་ནས་ཅི་ཕན་ རེད་ཡ་ཁོ་བོས་ཁྱོད་ཀྱི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་ཡུན་རིང་ཕྱག་ལས་གང་ལེགས་གནང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ བཀའ་ཁྲིའིའ་འོས་ཐོབ་རུང་མ་ཐོབ་རུང་གཙོ་ཆེ་ཤོས་བོད་སྤྱི་པའི་ཕྱག་ལས་གནང་རྒྱུ་དེ་རེད་བསམ་

    Reply
  45. འདྲེ་རིག་ལྡན། says:
    ལོ་ 14 སྔོན།

    ངོ་མ་ཁྲིམས་ལུགས་ཀྱི་འདུ་ཤེས་དང་སྤྱི་ཚོགས་སློབ་གསོས་བསྐྱངས་ནས་འཚར་པའི་མི་འདི་རིགས་འདྲ་ས་མི་འདུག བློ་སྤོབས་ཆེ་གི བསམ་བློའི་དཀྱེལ་ཡངས་ཀི ཨ་མའི་བུ་ཟེར་ན་འདི་འདྲ་ཞིག་དགོས་པ་རེད།

    ང་ཚོའི་སྤྱི་འཐུས་གླང་སྙིང་ཅན་དེ་དག་ལ་ཡང་འདི་ལྟའི་བསམ་བློ་ཞིག་དང་སློབ་སྦྱོང་ཞིག་ཡོད་རྒྱུ་ན། རྫོགས་རྒྱུ་མེད་པའི་ནང་འཁྲུགས་དེ་དག་ཡོང་རྒྱུ་མ་རེད། མི་འགྲིག་པ་རེ་ཡོད་ན་ཡང་དེ་དག་ཆོལ་ཁ་དང་ཆོས་ལུགས་ཀྱི་གནད་དོན་དུ་འགྱུར་སྲིད་ནི་མ་རེད།

    གང་ལྟར། ཚོགས་གཙོ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  46. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    བཀུར་འོས་བའི་ཚོགས་གཙོ་མཆོག་གསལ་བསྒྲགས་བྱས་བ་ཧ་ཅང་དགའ་བོ་བྱུང་།
    དེ་མིན་འོས་བསྡུ་ལྷན་ཁང་ནས་ཁྱེད་རང་གསལ་ཁ་མ་བྱས་པར་བརྟེན་མི་མང་པོ་ཞིག་ལ་དོགས་པའི་ངང་གནས་དགོས་བའི་ངང་ཚུལ་བྱུང་། ཁྱེད་ཀྱི་སྙིང་སྟོབས་དང་ལྷག་བསམ་སོགས་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
    མུ་མཐུད་དུ་བོད་སྤྱི་བོའི་དོན་ལ་དམ་བཅའ་དམ་པོ་བཅིངས་ཡོད་པ་དེ་ཧ་ཅང་དགའ་འོས་བ་ཞིག་རེད།
    མ་འོངས་འབྱུང་འགྱུར་གྱི་བཀའ་ཁྲི་ཐོབ་པར་ངེས་པའི་བློ་སེང་དང་ཁྱེད་གཉིས་ཀྱི་དཔུང་བ་མཉམ་གཤུབ་ངང་སྤྱི་བོའི་དོན་ལ་ལས་དོན་མཐའ་ཆོད་པ་ཞིག་བྱེད་པར་འོང་བ་ལ་ཚང་མ་ཡིད་ཆེས་དང་རེ་བ་ཧ་ཅང་ཧ་ཅང་གི་ཡོད།

    Reply
  47. སེང་ཕྲུག says:
    ལོ་ 14 སྔོན།

    ད་ངོ་ཚ་དགོས་པ་ཞིག་བྱས་བྱུང་སྤེན་པ་ཚེ་རིང་ལགས་ཀྱིས། དངོས་གནས་ཡིན། བྱེད་སྟངས་འདི་མི་མང་དང་ཁྱད་གསོད་དང་། མགོ་སྐོར་གཏོང་བ་རང་རེད།
    དང་པོ་གཅིག་བྱེད་རྒྱུ་ཡོད་འདོག་བྱས་ནས་མི་མང་ལ་འོས་བླུགས་བཅུག། མི་མང་གིས་ནུས་པ་བཏོན་ཟིན་རྗེས། ད་ང་མིན་ལབ་པ་དང་། ད་རུང་རྗེས་མའི་བཀའ་ཁྲིའི་འོས་ཤོག་ཚད་དམའ་བོ་ཆགས་ཀྱི་རེད་འདུག དེ་ཡིན་ན། སྔོན་འགྲོའི་འོས་ལའང་དེ་ག་རང་ཡོང་གི་ཡོད་པ་ལོས་ཤེས།

    ད་རེས་མདོ་སྨད་མང་ཚོགས་ཀྱི་འོས་གཞི་དེ་ཁོང་གིས་འཕྲོ་བརླག་བཏང་བ་དང་། ད་འུ་ཐུག་ནས། སྤྱི་མཐུས་ལ་ལངས་པ་རེད། བྱེད་སྟངས་འདིས་མིག་ལྟོས་ངན་པ་དང་། ལམ་ཁ སྡུག་ཆགས་ཞིག་བཟོས་ཡོད་པ་ནི། རྒྱ་རི་སྒྲོལ་མ་ལ་ལྟོས་དང་། གང་འགྱོགས་གསལ་གཏན་ཁེལ་རེད།

    Reply
  48. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    བོད་མི་མང་སྤྱི་འཐུས་ཚོགས་གཙོའི་བཀའ་ཁྲི་དགོངས་པ་ཞུ་བ་ང་རང་བློ་ཕམ་ཏོ་ཙམ་བྱུང་། གང་ཡིན་ཞེ་ན་ང་རང་གི་མ་འོང་བཀའ་ཁྲི་དེ་ཤེས་འཇོན་ལྷག་བསམ་གཉིས་ལྡན་གྱི་མཁས་དབང་བློ་བཟང་སེང་གེ་ཁོང་གཉིས་གང་རུང་སླེབས་ཡ་ལ་རེ་བ་བྱེད་ཀྱི་ཡོད་།
    ཡིན་ན་ཡང་མ་འོང་བཀའ་ཁྲི་དེ་ཕལ་ཆེར་བློ་སེང་ཐབས་པ་རེད་བསམ་གྱི་ཡོད་། གལ་དེ་བློ་སེང་ཐབས་ན་ཤེས་འཇོན་ལྷག་བསམ་སྙིང་སྟོབས་ལྡན་པའི་ཚོགས་གཙོ་སླན་འབར་ཚེ་རེང་མཆོག་བཀའ་གློན་ཞིག་ངེས་པར་དུ་འདབས་གལ་ཆེ་བ་མཐོང་།

    Reply
  49. དམར་ཁ་ཚ། says:
    ལོ་ 14 སྔོན།

    ཚོགས་གཙོ་གློ་བུར་དུ་བསམ་ཤེས་ཤིག་ཆགས་འདུག
    ཡིན་ཡང་། སྟོང་བསམ་ནོར་སོང་བ་དེ་ངོས་ལེན་བྱས་ན་འགྲིག

    Reply
  50. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ད་ཞབས་འདྲེན་སྤེན་པ་ཚེ་རིང་ངོ་མ་ཚ་ཡང་ངེད་མི་མང་ཚོགས་ངོ་ཚ་ས་རེད། བཀའ་ཁྲིའི་འོས་དམིགས་སུ་བཞུགས་པར་གདེང་སྤོབས་དགོས་པ་རེད། ངོ་མ་ད་གདོང་ཁེབས་ཡག་པོ་ཞིག་ངེས་པར་དུ་བཟོ་དགོས་འདུག་

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese