མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔོན་འགྲོའི་འོས་བསྡུ་མདོར་གླེང་། ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

 

(བློ་རྒྱ་ཆེ་བའི་དཔྱད་ཞིབ་དང་བསམ་རྒྱ་ཡངས་པའི་འཆར་སྣང་མེད་ན། རང་དབང་ཆེ་བའི་དམངས་གཙོ་མེད།)

ཚང་མས་ཟབ་ཉན་བྱེད་ཀྱིན་པའི་སྔོན་འགྲོའི་འོས་བསྡུ་དེ་ཚར། འོན་ཀྱང་དེའི་སྐོར་ལ་དཔྱད་ཞིབ་བྱེད་མཁན་མི་འདུག ངས་རྒྱ་གར་ནང་བཞུགས་པའི་ངོ་ཤེས་ཚོ་ལ་བསམ་ཚུལ་དྲིས། ཁོང་ཚོས་ཚང་མ་སྔོན་ནས་ཚོད་དཔག་ཐུབ་ཡོད་མདོག་མདོག་བྱེད། ངས་ཨ་རི་དང་ནུབ་ཁུལ་དུ་གྲོགས་པོ་ཁ་ཤས་དང་སྐད་ཆ་བཤད། ཚང་མས་ཧང་སངས་དགོས་པ་ཅི་གང་མི་འདུག་མདོག་མདོག་བྱེད། ཚང་མས་ཤེས་ཡོད་ནའང་ཐང་། ཀུན་གྱིས་དཔོག་ཡོད་ནའང་འགྲིག འདིར་ངས་བྲེལ་ཟིང་གི་ཁྲོད་ནས་དཔྱད་ཞིབ་ཅིག་བྱེད་འདོད་བྱུང་།

 

༡ ༽  གོ་རྟོགས།

ཐེངས་འདིའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུའི་ཐད། བལ་འབྲུག་གཉིས་ཀྱིས་འགལ་རྐྱེན་བརྩམས་ཡོད་ཀྱང་། དེ་ནི་རང་ཅག་གི་ལག་ཏུ་མེད་པས་བཞག རང་ཅག་གིས་འཐུས་ཤོར་བ་ནི། མང་ཚོགས་ཀྱི་ངོས་ནས་དེབ་སྐྱེལ་བྱས་ཀྱང་འོས་བསྡུའི་ཆ་ཤས་ནང་ཞུགས་མ་ཐུབ་པ་ད་དུང་ཁྲི་གསུམ་སྐོར་ཡོད་པ་དེ་རེད། མང་ཚོགས་དཀྱུས་མ་ཙམ་མ་ཟད། གཞུང་གི་གནད་ཡོད་ལས་བྱེད་དང་ཐ་ན་འོས་བསྡུའི་འགན་འཛིན་བཅས་པར་ཡང་ཞན་ཆ་མི་ཉུང་བ་ཞིག་སྔར་བཞིན་འདུག་པ་དཔེར་ན། འོས་བསྡུའི་འགན་འཛིན་རྣམ་པས་སྒྲིག་གཞི་དང་མཐུན་པའི་ལམ་སྟོན་གསལ་པོ་དང་ཡང་དག་པ་གནང་ཐུབ་མེད་པ་དང་གཅིག འབྲུག་ཡུལ་དུ་འོས་བསྡུའི་སྐོར་ལ་འབྲེལ་བ་བྱེད་སྐབས་ས་གནས་ཀྱི་ཆབ་སྲིད་གནས་སྟངས་ལ་དགོངས་བཞེས་མ་ཐུབ་པ་དང་གཉིས། འོས་བསྡུ་དང་འབྲེལ་བའི་ཁྲིམས་སྒྲིག་དང་ལམ་སྟོན་ཁག་བོད་དབྱིན་གཉིས་ནང་བྲིས་ཏེ་དྲྭ་ལམ་ཁག་ཏུ་འཇོག་མ་ཐུབ་པ་ཙམ་མ་ཟད། འཇོག་རྩིས་ཙམ་ཡང་མེད་པ་དང་གསུམ་ལྟ་བུ་ཡིན། ད་དུང་སྔོན་འགྲོའི་འོས་མིའི་ཐོ་གཞུང་གསལ་བསྒྲགས་བྱས་པ་དེའི་ནང་། མི་དང་ས་ཆའི་མིང་འབྲི་ནོར་ཤོར་བ་དང་ཡིག་ནོར་ཧ་ཅང་མང་བ་ནི། བོད་ནང་བོད་ཡིག་གི་ཆེད་དུ་སྲོག་བཏང་སྟེ་སྐད་འབོད་བྱེད་བཞིན་པའི་སྐབས་འདི་ལྟ་བུར་ལྷག་པར་དུ་མིག་ལ་མི་མཛའ་བའི་ལས་ཀ་རེད།

 

གཞུང་གི་གནད་ཡོད་ལས་བྱེད་ལ་མཚོན་ན། ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་ཀྱིས་ས་གནས་ཀྱི་འོས་གྲངས་སྐོར་གསར་ལམ་དུ་བསྒྲགས་པ་དང་། ཨ་རི་སྐུ་ཚབ་དོན་གཅོད་ཀྱིས་ས་གནས་འོས་བསྡུའི་མི་སྣར། འོས་དངོས་སུ་བསྡུ་བའི་སྐབས་སུ་གཞན་གྱིས་བཀྲམས་པའི་འོས་གཞིའི་ཐོ་གཞུང་བེད་སྤྱོད་ཆོག་པའི་ལམ་སྟོན་ལོག་པ་བྱས་པ། ས་གནས་འོས་བསྡུ་ཚོགས་ཆུང་ཁག་གིས་འོས་བསྡུའི་ཉིན་ལྟ་རྟོག་སྟངས་འཛིན་སྒྲིག་གཞི་དང་མ་མཐུན་པ་མང་དུ་བྱུང་བ་ལྟ་བུ་ཡིན། བདག་གིས་བལྟས་ན། སྐྱོན་ཆ་འདི་དག་གི་རྩ་བ་གཅིག་ནི། དབུས་འོས་བསྡུ་ལས་ཁང་ནས་བྱུང་བ་རེད། དབུས་འོས་བསྡུ་ལས་ཁང་ཞེས་པ་ཞིག་གཏན་འཛུགས་ཡོད་ཀྱང་། འོས་བསྡུའི་ལས་ཀ་མེད་པའི་སྐབས་སུ་གྲ་སྒྲིག་དང་ལས་ཀ་མེད་པར་སྡོད་ཅིང་། འོས་བསྡུའི་ལས་དོན་བྱུང་བ་དང་འོས་བསྡུའི་འགན་འཛིན་ངོ་མ་དང་ལས་འཕར་ཞེས་དེ་སྔོན་འོས་བསྡུའི་ཉམས་མྱོང་ཡོད་མེད་དང་། མང་ཚོགས་ལ་སྐད་བརྡ་འཕྲོད་མིན་སོགས་ལ་མ་བལྟས་པར་བསྐོས། དེ་ཚོས་ཉིན་ཤས་ནང་ཟང་ངེ་ཟིང་ངེ་བྱས་ཏེ་སྒྲིག་གཞིར་སློབ་སྦྱོང་བྱེད་ཁུལ་བྱེད་ཀྱང་དོན་གྱི་གོ་རྟོགས་གཏིང་རྩ་ཆོད་པ་མེད། འདི་ལྟར་སྔོན་གྱི་འོས་བསྡུ་རིམ་པའི་སྐབས་བྱུང་བའི་ཉམས་མྱོང་རྣམས། འོས་བསྡུའི་སྐབས་རྗེས་མར་བརྒྱུད་སྤྲོད་ཐུབ་པའི་ལམ་ལུགས་ཡག་པོ་ཆགས་མེད།

 

༢ ༽ མིང་ཤས།

ད་རེས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་དོན་ནང་། ཆེད་དུ་མིང་ཤས་བཟོ་བའི་གནས་ཚུལ་ཤུགས་ཆེན་པོ་བྱུང་ཡོད། དཔེར་ན། རྒྱ་རི་སྒྲོལ་མ་བཀའ་ཁྲིར་ལངས་པ་དེ་བཀྲས་མཐོང་ལ་རྒྱབ་སྐྱོར་དང་བློ་བཟང་སེང་གེར་གནོད་སྐྱེལ་རྩིས་རེད་ཟེར་བ་དང་། བཀྲས་མཐོང་བསྟན་རྣམ་གྱིས་གཞུང་དངུལ་ཕོན་ཆེ་སྒེར་ཟོས་བྱས་པ་རེད་ཟེར་བ། ཁྱིམ་ཚང་ཆེན་པོ་གསུམ་གྱིས་ད་བར་བཙན་བྱོལ་གྱི་དབང་ཆ་བཟུང་བ་རེད་ཟེར་བ་ལྟ་བུ་རེད། འོན་ཀྱང་བཀྲ་ཤིས་དབང་འདུད་དང་བློ་བཟང་སྦྱིན་པ་བཀའ་ཁྲིར་ལངས་པ་དེ་བཀྲས་མཐོང་ལ་གནོད་སྐྱེལ་ཆེད་ཡིན་མིན་ཐད་རྩོམ་ཡིག་སྤེལ་མཁན་སུ་ཡང་མེད། དེའི་ཐོག་ནས་ཆེད་དུ་མིང་ཤས་བཟོ་བའི་སྦྱོར་བ་ངན་པ་དེ་ཚོའི་འབྱུང་ཁུངས་གང་ཡིན་ཕྱོགས་ཙམ་མཚོན་ནུས་པ་ཡིན།

 

༣ ༽  ཉམས་མྱོང་རྒས་པོས་འཆུག་པ།

བཀའ་ཁྲིའི་འོས་གཞིའི་ནང་ནས་ནོར་འཁྲུལ་ཆེ་ཤོས་བྱེད་མཁན་ནི། ཤེས་ཡོན་དང་ཉམས་མྱོང་གིས་ཕྱུག་པའི་བཀའ་ཟུར་བཀྲ་ཤིས་དབང་འདུད་ལགས་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁའི་ཚོགས་པ་གཉིས་ཀས་བཀྲ་ཤིས་དབང་འདུད་ལ་བཀའ་ཁྲིའི་འོས་གཞིར་ལངས་རོགས་ཞུ་དུས། ཁོང་གིས་ཁས་ལེན་གནང་མེད། འོན་ཀྱང་འོས་ཤོག་དངོས་སུ་བསྡུ་ཁའི་ཉིན་ཤས་ཀྱི་སྔོན་དུ་ཁོང་གིས་བསམ་བཏང་དྲན་སྐྱེད་ལྟ་བུས་འོས་གཞིར་ལངས་པ་རེད། དེས་དེ་སྔོན་ཁོང་ལ་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་བྱེད་མཁན་མི་མང་པོར་ཁོང་ཁྲོ་བསླངས་ཤིང་མཇུག་འབྲས་ནི་ད་ལྟ་ཀུན་གྱིས་མཐོང་ཐུབ་པ་དེ་རེད། གལ་སྲིད་ཁོང་གིས་ཐོག་མ་ནས་འོས་གཞིར་ལངས་ཡོད་ཚེ། འོས་གྲངས་མཐོ་ཤོས་ཀྱི་གྲས་སུ་སླེབས་རྒྱུར་ཐེ་ཚོམ་མེད། ད་ཆ་ཁོང་གི་མདུན་དུ་ཐོབ་རེ་མེད་པའི་བཀའ་ཁྲིའི་གོ་གནས་དེའི་ཆེད་དུ་སྐུ་ཚབ་དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་དགོས་མིན་གྱི་དྲི་བ་སླེབས་ཡོད། ལན་ནི་ཧ་ཅང་གསལ་པོ་རེད། དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་གི་མ་རེད། བཞག་ན་དངོས་གནས། གཞོན་པའི་ཤེད་ལས་རྒད་པོའི་ཇུས་ཆ་བཟང་།། ཞེས་པའི་ལེགས་བཤད་དེར་སྒྱུར་བཅོས་བྱེད་དགོས།

 

༤ ༽  བར་ཁྱད།

བཀྲ་ཤིས་དབང་འདུད་ལ་སླེབས་པའི་དྲི་བ་དེ་སྤྱི་འཐུས་སྤེན་པ་ཚེ་རིང་དང་། ཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གཉིས་ལའང་སླེབས་ཡོད། སྤེན་པ་ཚེ་རིང་གིས་བློ་ཐག་ཆོད་པོས་སྤྱི་འཐུས་སུ་འགྲོ་རྒྱུ་བདམས་ཟིན་པ་རེད་ལ། འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལ་མཚོན་ནའང་། བཀའ་བློན་ཁྲི་པའི་རྒྱལ་ཁ་ཐོབ་པའི་རེ་བ་མེད་པས་བཀའ་ཁྲིའི་འོས་གཞི་ནས་འཐེན་ཏེ་མུ་མཐུད་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་གནང་ངེས་རེད། ད་ང་ཚོའི་མདུན་ལ་ཡོད་པ་ནི། བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་རྣམ། རྒྱ་རི་སྒྲོལ་མ། བློ་བཟང་སྦྱིན་པ་བཅས་རེད།

འོས་གྲངས་ཀྱི་ཐད་ནས་བཤད་ན་བློ་བཟང་སེང་གེ་དང་བཀྲས་མཐོང་གི་བར་དུ་འོས་ཤོག་༡༠༡༧༠ ཡི་བར་ཁྱད་ཤོར་ཡོད། རྒྱ་རི་སྒྲོལ་མའི་འོས་ཤོག་ ༢༧༣༣ དང་བཀྲ་ཤིས་དབང་འདུད་ཀྱི་འོས་ཤོག་ ༢༡༠༡ བློ་བཟང་སྦྱིན་པའི་ ༡༥༤༥ འཁོར་ལ་ཚང་བསོད་སྟོབས་ཀྱི་ ༦༠༥ བཅས་ཡོངས་རྫོགས་དངོས་གཞིའི་འོས་བསྡུའི་སྐབས་བཀྲས་མཐོང་བསྟན་རྣམ་ལ་ཐོབ་པའི་དབང་དུ་བཏང་རུང་འོས་ཤོག་ ༦༩༨༤ ལས་ལོངས་ཀྱིན་མེད་པས། མཐའ་མའི་འོས་བསྡུའི་སྔོན་དུ་བཀྲས་མཐོང་གིས་ད་ལྟ་བཞིན་གྲགས་འགུལ་ཅི་ཡང་མེད་པར་བསྡད་ཚེ། རྒྱལ་ཁ་ཐོབ་པའི་རེ་བ་མེད་པ་གསལ་པོ་རེད། འོན་ཀྱང་བཀྲས་མཐོང་བསྟན་རྣམ་ལ་ད་ལྟ་ཐོབ་པའི་འོས་ཤོག་གྲངས་ ༡༢༣༡༩ དེ་དྲིལ་བསྒྲགས་དང་དཀའ་ལས་ཧ་ལམ་མ་བརྒྱབ་པར་རག་པ་ཞིག་ཡིན་པས། བློ་བཟང་སེང་གེ་ལྟར་དཀའ་ལས་བརྒྱབ་ན་རེ་བ་མེད་པ་དེ་འདྲ་མ་རེད།

རྒྱ་རི་སྒྲོལ་མ་དང་བློ་བཟང་སྦྱིན་པ་གཉིས་ལ་བཀའ་ཁྲི་ཐོབ་པའི་རེ་བ་ཕྲ། རྒྱ་རི་སྒྲོལ་མའི་གཤིས་ཀ་གྱོང་བའི་ཆ་ནས་བློ་བཟང་སེང་གེ་དང་བཀྲས་མཐོང་གཉིས་ཀས་དགོས་པ་དམིགས་བསལ་མ་བྱུང་ན་བཀའ་བློན་དུའང་བསྐོ་དཀའ་བ་རེད། འོན་ཀྱང་རྒྱ་རི་སྒྲོལ་མའི་ལུས་ཐོག་ནས་ང་ཚོས་བོད་ཀྱི་བུད་མེད་གཞན་ལ་མེད་པའི་བློ་སྟོབས་མཐོང་ཐུབ་ཅིང་། དེས་ཁོང་སུས་ཀྱང་སྣང་ཆུང་དུ་འཇོག་མི་ཐུབ་པ་ཞིག་བཟོས་ཡོད། དེ་ནི་གྲུབ་འབྲས་རེད།

 

༥ ༽  ཆོས་ཆོལ་འཕོ་འགྱུར།

སྤྱི་འཐུས་ཀྱི་འོས་བསྡུའི་ཐད་ནས་བཤད་ན། མངོན་གསལ་ཆེ་བའི་འགྱུར་བ་ཆེ་ཤོས་ནི་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོ་རེད། ད་ལྟའི་འོས་བསྡུའི་གནས་སྟངས་ལ་བལྟས་ན། དགེ་ལུགས་སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་དང་བེ་རི་འཇིགས་མེད་དབང་རྒྱལ། ས་སྐྱའི་པདྨ་འབྱུང་གནས་དང་ཚེ་རིང་པོ། བོན་གྱི་་གཡུང་དྲུང་རྒྱལ་མཚན། བཀའ་རྒྱུད་ཀྱི་བསོད་ནམས་དགྲ་འདུལ་དང་ཀརྨ་ཤེས་རབ་མཐར་ཕྱིན་བཅས་ཚང་མ་ཆོས་རྒྱུད་ཀྱི་སྤྱི་འཐུས་སུ་སླེབས་ཐུབ་ཀྱི་མེད། དེས་ཆོས་རྒྱུད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༧༠ ཟིན་ཡོད། འགྱུར་བ་གཏན་ནས་མེད་པ་ནི་རྙིང་མའི་སྤྱི་འཐུས་གཉིས་རེད།

དེ་དག་གི་ཁོངས་ནས་ས་སྐྱའི་སྤྱི་འཐུས་པདྨ་འབྱུང་གནས་དབུས་གཙང་གི་སྤྱི་འཐུས་སུ་འོས་གྲངས་མཐོ་ཤོས་ཨང་གཉིས་པར་སླེབས་ཡོད་ཅིང་། གཡུང་དྲུང་རྒྱལ་མཚན་མདོ་སྟོད་སྤྱི་འཐུས་ཀྱི་ཨང་དྲུག་པར་སླེབས་ཡོད། ཡང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀརྨ་ཆོས་འཕེལ་བཀའ་རྒྱུད་སྤྱི་འཐུས་འོས་ཁོངས་ཨང་གཉིས་པར་སླེབས་ཡོད།

དགེ་ལུགས་སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ནི་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཞེས་པའི་གསུང་བཤད་ཀྱི་ཇུས་འགོད་པ་དང་གྲོས་ཚོགས་མཇུག་སྐྱོང་མ་ཐུབ་པའི་གནས་ཚུལ་ནང་ཐེ་ཇུས་ཡོད་པའི་མིང་ཤས་གཉིས་ཀྱི་འོག་ནས་ད་རེས་ཕམ་ཉེས་བྱུང་ཡོད། བེ་རི་འཇིགས་མེད་དབང་རྒྱལ་ཡང་། དགེ་ལུགས་པའི་སྤྱི་འཐུས་ཀྱི་ལམ་ཕྱོགས་སུ་མ་བསྡད་པར་སྔོན་གྱི་ལོ་རྒྱུས་རྙིང་པ་བེ་རི་རྒྱལ་པོ་སོག་པོས་བཅོམ་པའི་ནད་རྙིང་ཞེ་ལ་བཞག་སྟེ། དགེ་ལུགས་པའི་སྦྱིན་བདག་ཆེན་པོ་ཆེན་པོ་ཧོར་ཡུལ་གྱི་གྲྭ་རྒྱུན་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་། གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པའི་གནས་ཚུལ་དང་འབྲེལ་བ་ཡོད་པ། ཡིག་ནོར་དང་དོན་ནོར་མང་བའི་ཆོས་འབྱུང་ཆ་ལེ་ཆོ་ལེ་ཞིག་བྲིས་པ་སོགས་ཀྱི་ཆ་ནས་ད་རེས་འོས་ཤོག་ཕམ་ཉེས་འབྱུང་བཞིན་ཡོད་པ་རེད། ཕམ་ཉེས་བྱུང་བའི་ཆོས་རྒྱུད་ཀྱི་སྤྱི་འཐུས་གཞན་མང་ཆེ་བ་ཡང་གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པའི་བྱས་ཉེས་དང་འབྲེལ་ནས་བུད་འགྲོ་བཞིན་ཡོད།

ས་སྐྱའི་པདྨ་འབྱུང་གནས་དང་བོན་གྱི་གཡུང་དྲུང་རྒྱལ་མཚན་གཉིས་ནི། ཆོས་རྒྱུད་ཀྱི་སྤྱི་འཐུས་ཐོབ་རེ་མེད་པའི་དབང་གིས་ཆོལ་ཁའི་ཁོངས་སུ་ལངས་པ་ཡིན་དང་། ཆོལ་ཁའི་རེ་སྐུལ་ལྟར་ཆོས་རྒྱུད་ཀྱི་སྤྱི་འཐུས་བསྐྱུར་བ་ཡིན་གསལ་པོ་མེད། འོན་ཀྱང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཆོལ་ཁའི་སྤྱི་འཐུས་ཆགས་ཡོང་བ་འདི་སྲིད་དོན་འཁྲབ་ཀྱི་ཡོད་པའི་རྟགས་རེད་མ་གཏོགས་ཡག་རྟགས་ཅང་མ་རེད།

 

༦ ༽ བཀའ་རྒྱུད་ཀྱི་ཀརྨ།

དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ནི། ཆོལ་ཁས་བསྐྱུར་བའི་སྡུག་ནད་མ་ཐེག་པར་ཆོས་རྒྱུད་ཀྱི་སྤྱི་འཐུས་སུ་སླེབས་པ་རེད། སྡུག་ནད་མ་ཐེག་མཁན་དེ་ཀརྨ་ཆོས་འཕེལ་ཙམ་མ་ཡིན་པར། ད་དུང་ཁོང་གི་རྒྱབ་ལོགས་སུ་ཤོག་ཁ་ཆེན་པོ་ཞིག་ཡོད་པ་གསལ་པོ་རེད། ཀརྨ་ཆོས་འཕེལ་ལ་ཆ་བཞག་ན། ཤེས་ཡོན་དང་ཉམས་མྱོང་གཉིས་ཀ་ཡོད་རེད། འོན་ཀྱང་རང་ཚུགས་བརྟན་པོ་མ་རེད། དེ་སྔོན་བོད་གཞུང་སློབ་གྲྭ་དང་བཀའ་འགྱུར་རིན་པོ་ཆེའི་སྒེར་སློབ། གཞོན་ནུ་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། སྤྱི་འཐུས། སྤྱི་འཐུས་ཚོགས་གཙོ་བཅས་ལས་གནས་གང་འདྲ་ཞིག་ཏུ་འགན་ཅི་འདྲ་ཞིག་འཁྱེར་ནའང་རྙོག་དྲ་མ་བཟོས་པ་ཞིག་རྩ་བ་ནས་བྱུང་མེད། དཔལ་འབྱོར་གྱི་རྙོག་དྲ་མིན་ན། ཆབ་སྲིད་ཀྱི་རྙོག་དྲ་བཟོ་བ་དང་། དེ་མིན་ན། ཆང་རག་བཏུང་སྟེ་ལས་དོན་འཐུས་ཤོར་བཏང་བའི་རྙོག་དྲ་བཟོ་གི་ཡོད།

ང་རང་ཆབ་སྲིད་པ་ཚོས་སྲིད་དོན་འཁྲབ་བཞིན་པ་དེར་ཧ་ལས་མ་བྱུང་། ཧ་ལས་ཧང་སངས་བྱུང་ས་ནི། དགེ་ལུགས་པ་དང་བཀའ་རྒྱུད་ཀྱི་དགེ་འདུན་པ་ཚོས་ཀརྨ་ཆོས་འཕེལ་རང་རང་གི་ཆོས་རྒྱུད་སྤྱི་འཐུས་འོས་གཞིར་བདམས་པ་དེ་རེད། (གོ་ཐོས་ལ་དགེ་ལུགས་ཀྱི་སྤྱི་འཐུས་འོས་གཞིའི་ནང་དང་པོ་ཟམ་གདོང་རིན་པོ་ཆེ་དང་། གཉིས་པ། རོང་བོ་བློ་བཟང་སྙན་གྲགས་དང་ཨ་ཀྲུག་ཚེ་བརྟན། གསུམ་པ་བེ་རི་འཇིགས་མེད། བཞི་པར་ཀརྨ་ཆོས་འཕེལ་སླེབས་ཡོད་སྐད་) དེ་ལ་རྒྱབ་ལོགས་ནས་བརྒྱུད་སྐུལ་བྱེད་མཁན་ཡོད་པ་དེ་ཡང་གསལ་པོ་རེད། འོན་ཀྱང་བཀའ་རྒྱུད་དང་དགེ་ལུགས་ཀྱི་ཆོས་བྱེད་མི་སྣ་ཚོས་དེ་འདྲའི་མགོ་སླ་པོ་བྱས་པ་དེ་ནི་ཧོན་འཐོར་དགོས་པ་ཞིག་རེད། ཀརྨ་ཆོས་འཕེལ་གྱིས་ད་ཆ་དགེ་ལུགས་སྤྱི་འཐུས་འོས་ཁོངས་ནས་དགོངས་པ་ཞུས་ཏེ་བཀའ་རྒྱུད་ཀྱི་སྤྱི་འཐུས་སུ་ལངས་བཞིན་ཡོད།

ལོ་རྒྱུས་ཐོག་དགའ་ལྡན་ཕོ་བྲང་དང་བཀའ་རྒྱུད་པའི་བར་དུ་འབྲེལ་བ་ཡག་པོ་རང་བྱུང་མེད། འོན་ཀྱང་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་སྐབས་སུ་ཀརྨ་པ་སྐུ་གོང་མ་དང་འབྲེལ་ལམ་ཧ་ཅང་ཡག་པོ་བྱུང་བར་མ་ཟད། ད་ལྟའི་ཀརྨ་པ་མཆོག་དང་དམིགས་བསལ་གྱིས་འབྲེལ་བ་ཡག་པོ་ཆགས་ཡོད། གནས་བབས་དེའི་ཐོག་ནས་བལྟས་ན། ད་ལྟའི་རྒྱལ་བ་ཀརྨ་པ་འདིས་མ་འོངས་པའི་ལོ་ ༥༠ ནང་ཆོས་སྲིད་གཉིས་ཐད་ནས་བོད་མི་དམངས་ལ་ལེགས་སྐྱེས་ཆེན་པོ་ཞིག་སྩོལ་ཐུབ་པའི་རྨང་གཞི་ཚང་མ་རེད་ཡོད་ལ། དེས་རྒྱ་ནག་གཞུང་ལའང་སེམས་ངལ་བཟོ་བཞིན་ཡོད། འོན་ཀྱང་ད་ལྟ་བཀའ་རྒྱུད་པའི་ཆོས་བྱེད་མི་སྣ་ཚོས། རྒྱབ་ལྗོངས་ཀྱི་གནས་ཚུལ་ཁྱད་མཚར་ཞིག་ལ་བརྟེན་ཏེ། གཞན་གྱིས་སེམས་གཏིང་ནས་གཡུག་ཟིན་པའི་ཅ་ལག་ཅིག་ལ་བདག་པོ་རྒྱག་བཞིན་ཡོད། དོན་དམ་དུ་མིང་ལ་ཀརྨ་ཐོགས་པ་ཙམ་གྱིས་བཀའ་རྒྱུད་པ་ཡིན་པའི་ངེས་པ་མེད་ལ། གཡུལ་སར་ལྷུང་བའི་རལ་གྲི་སོ་གཉིས་མ་ཞིག་ཡར་སྒྲུག་པ་དེས། ཆོལ་ཁ་དང་ཆོལ་ཁའི་བར་དང་། ཆོལ་ཁ་དང་ཆོས་ལུགས་བར། ཆོས་ལུགས་དང་གཞུང་གི་བར་དུ་སེལ་ཞུགས་པའི་རྐྱེན་ཆགས་སྲིད་ལ། ལྷག་པར་དུ་༸རྒྱལ་བ་ཀརྨ་པ་མཆོག་གི་མཛད་འཕྲིན་གྱི་ཞབས་འདེགས་སུ་མ་སོང་བར་ཞབས་འདྲེན་དུ་གྱུར་སྲིད་པ་ཡིན།

 

༧ ༽  དབུས་གཙང་མངའ་རིས་ཀྱི་ཆབ་འབངས།

ཆོལ་ཁའི་ཁྱབ་ཚད་ནས་བཤད་ན། མངའ་རིས་དབུས་གཙང་གི་ཆ་ཤས་རེད། དེ་ལ་མངའ་རིས་སྤྱི་མཐུན་ཚོགས་པས་ཀྱང་མོས་མཐུན་བྱེད་ཀྱིན་ཡོད། འོན་ཀྱང་དེང་སྐབས་དབུས་གཙང་དེ་མངའ་རིས་ཀྱི་ཆ་ཤས་ལྟ་བུར་གྱུར་ཡོད་དེ། སྤྱི་འཐུས་ལ་ཆ་མཚོན་ནས་བཤད་ན། ད་རེས་ཆོལ་ཁ་དང་ཆོས་ལུགས་ཀུན་གྱི་ནང་ནས་སྤྱི་འཐུས་འོས་མང་ཤོས་དེ་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལ་ཐོབ་ཡོད། སྐབས་སྔོན་མ་དག་ཏུ་ཡེ་ཤེས་ཕུན་ཚོགས་ལ་འོས་ཤོག་མང་ཤོས་ཐོབ་རྒྱུ་ལྟ་ཅི་རྩེ་ཕུད་ ༡༠ ནང་ཚུད་ལ་མ་ཚུད་ཀྱི་མི་ཞིག་རེད། ཕྱི་ནང་གི་ཤེས་ཡོན་དང་འཇོན་ཐང་། ལྟ་བ། བྱས་རྗེས་སོགས་གང་གི་ཐད་ནས་བལྟས་ནའང་མེད་པ་ལས་དྲག་ཙམ་ཞིག་རེད། འོན་ཀྱང་དེ་རིང་སྤྱི་འཐུས་ཀུན་གྱི་གོང་ན་སླེབས་པ་འདི་ཅི་རེད། གཞན་གང་ཡང་མ་རེད། ཁོང་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོར་བཞུགས་ཏེ། འོས་གཞིའི་དང་པོར་རང་ཉིད་ཀྱི་མིང་བཀོད་དེ་བཀྲམ་པ་དེས་རེད། སྤྱིར་བཏང་བོད་དབུས་གཙང་མཐིལ་གྱི་མི་རྣམས་ལ་ཆོལ་ཁ་དང་ལུང་ཚན་གྱི་ཞེན་དེ་ཧ་ཅང་ཆུང་ཆུང་རེད། འོན་ཀྱང་སྟོད་མངའ་རིས་ཀྱི་མི་རྣམས་ནི་ས་མཐའ་ལུང་ཁུག་གི་མི་ཀུན་དང་འདྲ་བར་ཡུལ་ཞེན་ཆེན་པོ་ཡིན་ལ་མི་འབོར་ཡང་མང་པོ་རེད། དེའི་དབང་གིས་དེང་སྐབས་དབུས་གཙང་མངའ་རིས་ཀྱི་མངའ་ཁོངས་ཆགས་བཞིན་ཡོད།

མདོ་སྟོད་སྨད་ཀྱི་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ནང་བོད་ནས་གསར་དུ་སླེབས་པ་མང་པོ་སླེབས་བཞིན་ཡོད་ཀྱང་། དབུས་གཙང་གི་སྤྱི་འཐུས་ནང་བོད་ནས་གསར་དུ་འབྱོར་བ་ཞིག་འོས་འདེམས་ཡོང་གི་མེད། དེའི་རྒྱུ་མཚན་ཡང་མཐར་གཏུགས་ན་མངའ་རིས་ལ་ཐུག་ཡོད།

 

༨ ༽ ཟམ་གདོང་རིན་པོ་ཆེའི་མ་འོངས་པ།

གོ་ཐོས་སུ་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དགེ་ལུགས་དང་མདོ་སྟོད་ཀྱི་སྤྱི་འཐུས་གཉིས་ཀའི་འོས་མིར་སླེབས་ཡོད་ཀྱང་། འོས་བསྡུ་ལས་ཁུངས་ཀྱིས་དེ་གཉིས་ནང་ནས་གཅིག་མ་གཏོགས་བདམས་ན་འགྲིག་གི་མ་རེད། ཅི་འདེམས་ཀ་ཞེས་དྲིས་པར་བརྟེན། ཟམ་གདོང་རིན་པོ་ཆེས་གཉིས་ཀ་བདམས་མེད་པ་འདྲ། རིན་པོ་ཆེའི་ཐག་གཅོད་དེས་སྲིད་དོན་གྱི་ཁོག་རྩིས་རྒྱག་མཁན་མང་པོ་ཧང་སངས་བཅུག་ཡོད།

འོན་ཀྱང་སྤྱི་འཐུས་ཀྱི་ཚོགས་གཙོར་ད་ལྟའི་ཤེས་རིག་གི་བཀའ་བློན་ཐུབ་བསྟན་ལུང་རིག་སླེབས་རྒྱུ་ངེས་པ་འདྲ་འདྲ་ཞིག་དང་། བཀའ་བློན་ཁྲི་བར་སུ་འཁོད་རུང་བདེ་སྲུང་གི་བཀའ་བློན་དུ་ད་ལྟའི་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་བསྐོ་ངེས་ངེས་ཤིག་ཡིན་ཚུལ་ལ་བལྟས་ན། ལོ་གཅིག་གི་རྗེས་ཀྱི་དེ་རིང་ཟམ་གདོང་རིན་པོ་ཆེས་འགོ་བཙུགས་ཟིན་པའི་ལས་ཀ་དེ་ཚོ་ཤུལ་མེད་རྗེས་མེད་དུ་འགྲོ་རྒྱུ་མིན་པའི་རྣམ་པ་ཞིག་ཀྱང་ཡོད་པ་རེད།

རྗེས་སུ་ཟམ་གདོང་རིན་པོ་ཆེས་ག་རེ་གནང་གི་རེད། གོ་ཐོས་སུ་ཁོང་གིས་དྷ་སའི་ཉེ་འགྲམ་དུ་བཞུགས་གནས་ཤིག་བསྐྲུན་ཡོད་སྐད་ལ་བརྟེན། དྷ་རམ་ས་ལའི་ཁུལ་དུ་མུ་མཐུད་བཞུགས་ངེས་རེད། བར་ལམ་གྱི་ཁོང་གི་གསུང་བཤད་ཁག་ལ་བལྟས་ན། རྣམ་པ་གསར་པ་ཞིག་ཡོད་པ་ནི། བཀའ་འགྱུར་བསྟན་འགྱུར་གྱི་དཔེ་མི་འདྲ་བ་ཇི་ཙམ་ཡོད་པ་དང་། དེ་དག་གི་ཆོས་ཚན་རྣམ་གྲངས། བཀའ་བསྟན་ནང་མ་ཚུད་པ་ཇི་ཙམ་ཡོད་པ་སོགས་ཀྱི་སྐོར་དེ་ཐེངས་ཁ་ཤས་ཤུགས་ཆེན་པོས་གསུངས་འདུག ཐ་ན་པེ་ཅིང་ནས་བསྒྲིགས་པའི་བཀའ་བསྟན་དཔེ་བསྡུར་མའི་སྐོར་ཡང་གསུང་གི་འདུག གཅིག་བྱས་ན། ཤེས་ཡོན་སྲིད་བྱུས་དང་བཀའ་བསྟན་གཉིས་ཀྱི་ཐད་མུ་མཐུད་མཁས་པའི་ཕྱག་རྗེས་ཤིག་འཇོག་སྲིད་པ་རེད། ད་དུང་དམངས་གཙོའི་ཀ་བ་གསུམ་ལས། ཁྲིམས་ཞིབ་ཁང་དུ་ཁོང་གིས་མཛད་འགན་བཞེས་རྒྱུ་ལྷག་ཡོད།

ཆོལ་ཁའི་སྤྱི་འཐུས་ཚོའི་སྐོར་ལ་གླེང་དགོས་པ་མང་ཙམ་འདུག་ཀྱང་དུས་ཚོད་མེད་ཅིང་ཡིག་ཚོགས་ལ་སྐྲག་པས་འདི་ཙམ་གྱིས་ཆོག་ཤེས་པར་བྱས་སོ།། །།

 

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༡༠ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 87

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཧུ་ཧུ་དྲ་གྲོགས་རིག་རྒོད་ལགས་འཁྲི་ནད་ཅན་གྱི་ནད་པ་ཁྱེད་ཚོས་བཀྲས་མཐོང་ལ་སྤྱི་ཚོགས་སྟེང་གི་ལབ་གླེང་ཁོ་ན་སྐྱོན་མ་གཏོགས་མི་མཐོང་ཙང་ཁོ་བོའི་བློ་བཟང་སེང་གེ་ལ་ཡང་སྤྱི་ཚོགས་ཀྱི་སྟེང་ལ་ལབ་གླེང་གི་སྐྱོན་འདི་འདྲ་འདུག་ཅེས་བྲིས་པ་ལས་བཀྲས་མཐོང་ལ་རྒྱབ་རྩ་བྱས་ཏེ་བྲིས་པ་ཞིག་མིན།
    ཁྱོད་ཀྱི་སྨྱོན་གཏམ་༼ལན་འདེབས་ཁུངས་མ་འཁྱོལ་བ་ཞིག་བྱས་འདུག༽བྲིས་འདུག
    ངའི་ངོས་བཀྲས་མཐོང་དཀར་མཐོང་གི་ཆེད་དུ་བྲིས་པ་མིན་དཔྱད་གཞིའི་ཆེད་དུ་སྤྱི་ཚོགས་སྟེང་གི་བསམ་ཚུལ་འགའ་ཞིག་བརྗོད་པ་ཡིན།
    ཡིན་ནའང་ཁྱོད་ཀྱི་དབང་ཤེས་ལ་གངས་རི་སྔོན་པོར་སྣང་ན་བྱ་ཐབས་བྲལ་སོང།
    ཧི་ཧི་ཧི་།

    Reply
  2. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    བདྲ་གྲོགས་ལྷ་སྲས་ལགས་སུ།
    གལ་སྲིད་ཁྱེད་རང་ཕྱོགས་ཞེན་སྡང་སེམས་ཀྱིས་མྱོས་པའི་བསམ་མེད་ཞིག་མེད་ན་མཆན་ཡིིག་འདི་ཞིབ་བལྟན་བྱས་ནས་ལན་ཞིག་ཡོད་པ་བྱ་དགོས།་ཁྱོད་ཀྱིས་འཆན་ཡིག་ལ་གཞིགས་ན་
    བཀྼས་བཐིང་བསྐབས་བོར་སོང་བའི་སྒོར་འབུམ་10་ལྷག་ཡོད་པ་དང་སྐབས་དེར་ཨ་རིར་གནས་སྤོས་བྱས་མཁན་ལ་གཡར་དངུལ་མང་པོ་ཞིག་ད་དུང་མ་རགས་པ་རྣམས་ཁྱོད་ཀྱིས་སྤྲོད་ཐུབ་འདྲ།ཡིན་ན་རྗེས་སུ་ཡི་རང་ཡོད་གྲོགས་པོ་ལགས།
    ཁང་གསར་ལགས་སུ།
    སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར་ཅེས་གསུངས་པ་ལྟར་ཁྱོད་ཀྱིས་དཔྱད་པ་དང་བརྗོད་པ་ལ་བརྟེན་ནས་ཀུན་སློང་གང་ཡོད་དང་དམིགས་ཡུལ་གང་གི་ཕྱིར་དཔྱད་རྕོམ་འདི་སྤེལ་བ་ཡིན་མིན་རྟོགས་སླ་བས་གསལ་བཤད་ཞུ་དགོས་པའི་དགོས་པ་མ་མཐོང་།
    ལྷག་པར་དང་ནི་ཆད་པ་དང་ཅེས་པ་ལྟར་ཁྱོད་ཀྱིས་དྭོགས་འཆར་སྤེལ་རྒྱུ་དང་རྐྱོན་
    ་འཚོལ་རྒྱུའི་མི་སྣ་མང་པོ་ཞིག་ཆད་འདུག་ན་གཤམ་དུ་འཁོད་པའི་
    ་མི་སྣ་དེ་དག་གི་ལོ་རྒྱུས་ལ་གཞིགས་ནས་དྭོགས་འཆར་དང་རྐྱོན་བརྗོད་དཔྱད་རྩོམ་ཞིག་་བྲིས་ན་དྲ་གྲོགས་དག་གིས་ཁྱོད་ལ་ཡིད་ཆེས་ཡོང་ངེས་རེད།
    བཀྲེས་མཐོང་བཀའ་ཁྲི་ལས་ཐོག་སྐབས་རྙོག་གླེང་ཞིག་
    ་བྱུང་ཡོད།་ངས་ངོས་ནས་ལྐོག་ཟས་བྱས་པའི་ཡིད་ཆེས་མེད་མོད་ཀྱང་།
    སྐབས་དེར་སྒོར་འབུམ་50་དང་འབུམ་70་འབུམ་45་བཅས་ཀྱི་རྩིས་
    ་ཕྲ་ཇི་བཞིན་མ་བྱུང་བ་དང་སྐབས་དེའི་གྲོས་
    ་ཚོགས་སུ་བཀའ་ཁྲི་ནས་བཀའ་ལན་ཁ་གསལ་བྱུང་མེད་པ་རྣམས་
    བདེན་པ་ཡིན་པ་མ་ཟད་འབུམ་10་ལྷག་ད་དུང་རགས་མེད་པ་རེད་ཅེས་བཀྲེས་མཐོང་ནས་
    གསལ་བཤད་བྱས་འདུག་ན།
    སྐབས་དེའི་རྙོག་གླེང་དེ་བཀྲེས་མཐོང་གི་འཇོན་ཐང་དང་ལྷག་བསམ་དྲང་བདེན་དང་
    བྲེལ་བ་ཡོད་མེད་སྐོར་ཁྱོད་ཀྱིད་དྲང་བདེན་དང་དཀོན་ཅོག་དཔང་ཏུ་བཞག་ནས་དཔྱད་རྩོམ་ཞིག་སྤེལ་ཐུབ་བམ་།
    དབུས་་གཙང་གི་སྤྱི་འཐུས་ནང་ནས་གཙོ་གྲལ་ཟླ་བ་ཚེ་རིང་དང་བོད་གཞུང་བར་ཡོང་གླིང་སློ་གྲྭའི་རྙོག་གླྼེང་ཆེན་པོ་ཞིག་ཡོད་པ་དང་ལོ་སྔོན་མའི་གྲོས་ཚོགས་སྐབས་ཤིག་ལ་འཁྲུག་རྩོད་ཞིག་བྱུང་བའི་སྐབས་ཟླ་བ་ཚེ་རིང་ནས་ཀྱང་གྲོས་ཚོགས་དང་མེི་དམངས་ལ་བཀུར་རྩི་མེད་པར་
    དཔའ་ངར་དང་འཇིག་སྐུལ་སྟག་སྨྻོན་པའི་སྤྱོད་པ་ལྟར་བྱས་ནས་རང་མདངས་གསལ་པོ་སྟོན་
    ཡོད་ན་ཡང་དབུས་་གཙང་མི་དམངས་ནས་སྔོན་འགྲོའི་འོས་མི་ནང་གལ་ཆེ་བཞིན་དུ་འདེམས་
    འདུག་པས།་ལོ་རྒྱུས་དེ་དག་ཟླ་བའི་ལྷག་བསམ་དང་སྤྱོད་པ་ཤེས་ཡོན་བཅས་ལ་འབྲེལ་ཡོད་མེད་སྐོར་དཔྱད་རྩོམ་འདྲ་སྤེལ་ཐུབ་བམ།
    བཀྲེས་མཐོང་ལ་འོས་གྲངས་10000་ལྷག་བྱུང་བ་དེ་བཀའ་ཁྲིའི་གསལ་བསྒྲགས་མ་བྱས་པར་བྱུང་ཡོད་ཚུལ་དང་མ་འོང་རེ་བ་ཡོད་ཚུལ་བརྗོད་པ་ནི་བདེན་པ་ཞིག་ཡིན་ནམ་། བཀྲས་མཐོང་ནས་བཀའ་ཁྲི་གསལ་བསྒྲགས་ཆེད་དུ་བཀའ་ཁྲིའི་་བགྲོ་གླེང་ཡོད་
    ཚད་ལ་ཕྱིན་ཡོད་པ་ཞིག་རེད་ཞེས་བརྗོད་ན་མི་འགྲིག་པ་མེད་ཐེང་བདུན་ལ་མཉམ་་ཞུགས་
    བྱས་ཡོད་པ་ནི་ཁྱོད་ཀྱིས་ཤེས་བཞིན་དུ་དྲང་བདེན་ལས་རྒལ་བའི་གཏམ་འཆལ་སྤེལ་བ་ལ་རྒྱུ་མཚན་གང་ཡོད།

    Reply
  3. མདོ་སྨད་པ་རིག་རྒོད། says:
    ལོ་ 15 སྔོན།

    ཧ་ཧ་ངས་པོའི་ལྷ་སྲས་ལགས།
    ཁྱེད་ཀྱིས་ང་ལ་ལན་འདེབས་བྱེད་ཐུབ་མི་འདུག།
    ངོ་མ་་་་ངོ་ཚ། དང་པོ་ང་ཡི་མཆན་ལ་་་བཀྲས་མཐོང་གི་སྐུ་ཚབ་བ་ྱེད་ནས་
    ང་ཡི་མིག་མཁྲིས་ནད་ཀྱིས་བསྒྲིབ་འདུག་ཅེས། གསལ་བཤད་དང།
    ལན་འདེབས་ཁུངས་མ་འཁྱོལ་བ་ཞིག་བྱས་འདུག།

    ད་ངས་ཡང་སྐྱར་དྲི་བ་བཀོད་དུས་་་བཀྲས་མཐོང་ལ་དྲིས་ཤོག་ཟེར་བ་ནི་།
    ཁྱེད་ཀྱིས་ཁུངས་མ་འཁྱོལ་བའི་སྐད་ཆ་བཤད་ཀྱི་ཡོད་པ་རང་ཉིད་རང་གིས་ར་སྤྲོད་བྱས་པ་རེད།

    མདོར་ན་བཀྲས་མཐོང་དཀར་པོ་བྱེད་འདོད་ན་ངས་བཀོད་པའི་དྲི་བ་དེ་ལ་
    ལན་གསལ་པོ་ཞིག་དགོས་ཀྱི་ཡོད།
    ལན་འདེབས་བྱེད་ཐུབ་ཀྱི་མེད་ཚེ་དེ་རིང་ནས་བཟུང་རང་ཁ་རང་གིས་བདག་པོ་བརྒྱག་རོགས། སུས་ཀྱང་རང་ལ་བཙན་ཤེད་བྱེད་ཡོད་རྒྱུ་མ་རེད།
    གོ་ཨུ་ཐལ། བུ་བུ་བུ།

    Reply
  4. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཁོ་རས་རིག་རྒོད་རྣ་བ་གཞན་ལ་མ་གཡེངས་བདག་ལ་ཉོན་ཞིག
    ༼དེང་སྐབས་བཙན་བྱོལ་གཞུང་ལ་ཐེབས་རྩའི་སྒོར་མ་གཅིག་ལ་ཡང་ཇུས་གཏོགས་བྱེད་རྒྱུའི་དབང་ཆ་ཡོད་དམ། ང་ལ་ལན་གསལ་པོ་དགོས་ཀྱི་ཡོད། ༽ ཞེས་བྲིས་འདུག
    ངོ་མ་ཁྱོད་ལ་ལན་གསལ་པོ་ཞིག་དགོས་ན་མཐོང་བཀྲས་རྡ་སར་ཕེབས་དུས་བྲིས་ན་ཆོག
    དེ་མིན་དྲ་རྒྱའི་ནང་ལ་ཀུ་ཅོ་སྒྲོག་ན་ཕན་ཐོག་ཡོད་ནི་མ་མེད།
    དེ་མིན་སྐད་ཆ་གཙང་མ་དགྱ་ནག་དབུས་གཞུང་ལ་མཁོ་བྱེད་རྐྱང་རྐྱང་བཤད་ན་ཕན་པ་ཨེ་ཡོད།
    དེ་མིན་ད་དུང་འཆལ་གཏམ་འཆད་རྒྱུ་དགའ་པོ་ཡོད་ན་འགྲིགས།
    རྟ་བོར་རྒྱུག་ཤེད་ཡོད་ན་བྱང་ཐང་སྟོང་བ་རེད་ཨེ་གོ་ཐལ།

    Reply
  5. ནད་པ says:
    ལོ་ 15 སྔོན།

    དྲ་གྲོགས་མང་པོས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་ལགས་ལ་སྐྱོན་བརྗོད་དང་བློ་བཟང་སེང་གེ་ལགས་ལ་བསྟོད་ར་གཏོང་ཞིན་ཡོད། ཡང་ལ་ལས་བློ་བཟང་སེང་གེར་སྨད་ར་དང་བཀྲས་མཐོང་ལ་བསྟོད་ར་གཏོང་བ་སོགས་མང་དག་གཅིག་བྱེད་བཞིན་པའི་སྒང་ཡིན།

    ངས་འདིར་རྒྱ་ནག་གི་མེས་པོ་མའོ་ཙེ་ཏུང་གིས་སྲིད་དབང་སྒེར་སྤྱོད་བྱེད་པའི་དུས་སྐབས་སུ་བློ་མཐུན་ཏིང་ཞའོ་ཕིང་གུང་ཁྲན་ཏང་ནང་ཏང་དང་རྒྱལ་ཁབ་ཀྱི་ལས་གནས་རིམ་པ་ཁག་དང་ཏང་སྲིད་ཀྱི་དབང་ཆའི་འཐབ་རྩོད་རྣོ་ངར་ཅན་གྱིས་དུས་སུ་ཏིང་ཞའོ་ཕིང་གིས་མི་ཚེའི་ནང་ཡར་ལངས་ཐེངས་གསུམ་དང་མར་ཕབ་ཐེངས་གསུམ་ཙམ་བྱུང་ཞིང་མཐར་མའོ་ཡི་དུས་སྐབས་སུ་ལོ་གསུམ་ཙམ་རིང་ཐ་ན་མི་སེར་དཀྱུས་མ་ལྟར་གཅིག་མཚུངས་སུ་ངལ་རྩོལ་བསྒྱུར་བཀོད་
    ཀྱང་བྱེད་དགོས་ཐུག་ཡོད།

    མའོ་ཡི་དུས་རབས་མཇུག་བསྒྲིལ་མ་ཐག་ཏུ་ཏིང་གིས་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ཏེ་མའོ་ལྟར་འདྲ་བར་རྒྱ་ནག་རྒྱལ་ཁབ་དང་མི་དམངས་ཁ་ལོར་བསྒྱུར་བ་རེད།

    དེའི་སྐབས་སུ་ཏིང་གིས་མའོ་གྲོངས་ཟིན་ནའང་མའོ་ཡི་སྐུ་ཚེ་ཧྲིལ་པོར་བསྡོམས་ཚིག་གཅིག་བརྒྱབ་ཏེ་འདི་ལྟར་བཤད་ཡོད་པ་སྟེ།

    བློ་མཐུན་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེའི་སྐབས་སུ་ནོར་འཁྲུལ་ཚབས་ཆེ་ཤོར་ནའང་ཁོང་གིས་སྐུ་ཚེ་ཧྲིལ་པོར་བལྟས་ན་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་ལ་ལེགས་སྐྱེས་ཕུལ་བ་གཉིས་བསྡུར་ན་བློ་མཐུན་མའོ་ཙེ་ཏུང་གི་བྱས་རྗེས་ནི་ཨང་དང་པོ་ཡིན་ལ་ཁོང་གི་ནོར་འཁྲུལ་ནི་ཨང་གཉིས་པ་ཡིན་ཞེས་མཇུག་བསྡོམས་གཅིག་བརྒྱབ་ཡོད།

    དེ་དང་འདྲ་བར་ང་ཚོས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་། བོད་མི་དམངས་བཅས་ལ་ཁོང་གི་སྐུ་ཚེའི་ནང་ད་བར་ཞབས་འདེགས་དང་ལེགས་སྐྱེས་ཇི་ཙམ་ཕུལ་ཡོད་མེད་དང་། ཁོང་གིས་མི་ལོ་ཧྲིལ་པོ་༤༠ དང་༥༠ ནང་ཕྱག་ལས་རབ་དང་རིམ་པ་གནང་བའི་འཕྲོད་དུ་ནོར་འཁྲུལ་ཇི་ཙམ་ཤོར་ཡོད་མེད་གཉིས་ལ་བལྟས་ཏེ་ང་ཚོས་ཀྱང་མཇུག་བསྡོམས་གཅིག་རྒྱག་ཐུབ་པ་བྱེད་དགོས།

    དེ་ལྟར་བསྡུར་ཚེ་བཀའ་ཟུར་བཀྲས་མཐོང་ལགས་ཀྱིས་བྱས་རྗེས་དེ་ཨང་པོར་མ་འཇོག་ཀ་མེད་ཡིན་ལ་ཁོང་གིས་ནོར་འཁྲུལ་དག་ཨང་རིམ་གཉིས་པར་མ་འཇོག་རང་འཇོག་ཏུ་གྱུར་པ་དེ་རེད།

    དེ་བཞིན་བློ་བཟང་སེང་གེར་མཚོན་ན་ཁོང་གིས་མི་ཚེའི་ནང་བཙན་བྱོལ་བོད་གཞུང་གི་ནང་སྲིད་ཞུའི་བྱས་རྗེས་ཆེ་བ་ཇི་ཙམ་འཇོག་ཐུབ་ཡོད་མེད་དང་ཁོང་གིས་བཟོས་པའི་ནོར་འཁྲུལ་ཡང་ཇི་ཙམ་ཡོད་མེད་སྟོན་རྒྱུ་མེད། འོན་བཏང་ཡང་དག་པའི་དམངས་གཙོའི་རིང་ལུགས་ལྟར་མི་རབས་གསར་པས་ཚོས་ཆེས་གཉན་འཕྲང་ཅན་གྱིས་བོད་རྒྱལ་ཁབ་དང་། བོད་མི་རིགས། བོད་ཀྱི་རྩ་ཆེའི་ནང་བསྟན་ཆོས་ལུགས་དང་། བོད་ཀྱི་རིག་གཞུང་། བོད་ཀྱི་སྐད་ཡིག ཕྱི་ནང་བོད་མིའི་སྤྱི་ཚོགས་བཅས་དུས་རབས་དང་མཐུན་པར་འགན་འཁུར་བླངས་ཏེ་སྣེ་འཁྲིད་ཡག་པོ་གཅིག་བྱེད་ཐུབ་ཚེ་ད་གཟོད་དགོས་རྒྱུ་སྤག་ལ་སྤག་ཁུ་དར་ར་ཟེར་བ་ལྟར་བྱུང་ཡོད།

    ཡིན་ནའང་ང་ཚོས་ལས་རྒྱུ་འབྲས་དང་མཐུན་པ། དྲང་བདེན་དང་མཐུན་པ། ཚན་རིག་དང་མཐུན་པ། དངོས་ཐོག་བདེན་འཚོལ་དང་མཐུན་པ་བཅས་ཀྱིས་སྒོ་ནས་ང་ཚོས་འབྱུང་ལ་ཉེ་བའི་བཀའ་ཁྲི་འོས་འདེམས་དེ་མ་ནོར་བ་ཞིག་གདམས་ཐུབ་པ་ཅིས་ཀྱང་བྱེད་དགོས།

    ཟླ་དྲུག་ཙམ་གྱིས་རྗེས་ནས་༸ གོང་ས་མཆོག་གིས་ཀྱང་སྐུ་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུའི་བཀའ་སློབ་གནང་ཟིན་ལ་ལར་ནས་མི་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཀྱང་སྤྱི་འཐུས་སུ་ཕེབས་མེད་སྟབས་སྟངས་འཛིན་བྱེད་དཀའ་བའི་བོད་ཀྱིས་རྩ་དོན་རྙོག་དྲ་ཅན་འདི་འདྲ་ཞིག་གིས་དུས་སུ་ང་ཚོས་བཀའ་ཁྲི་ཚད་ལྡན་གཅིག་ངེས་པར་དུ་དམས་ཐུབ་པ་བྱེད་རྒྱུ་དེ་ཆེས་གལ་འགངས་ཆེ་བའི་རང་བཞིན་གཅིག་ཡིན།

    རྒྱུ་མཚན་ནི་ང་ཚོས་ད་ལྟའི་དུས་སྐབས་ཀྱི་བཀའ་ཁྲིའི་འགན་འཁུར་ནི་ཆེས་གཉན་འཕྲང་ཅན་འགའ་ཡོད་ཡོད་པ་སྟེ། འཛམ་གླིང་རྒྱལ་སྤྱིའི་ཐོག་ནས་ཆེས་གཉན་འཕྲང་ཅན་ཞིག་དང་། སྐཡབས་བཅོལ་རྒྱ་གར་ལུང་པའི་ཐོག་ནས་ཆེས་གཉན་འཕྲང་ཅན། རྒྱ་ནག་གུང་ཁྲན་ཏང་སྲིད་ཀྱིས་ངོས་ནས་ཆེས་གཉན་འཕྲང་ཅན། རྒྱལ་བལ་འབྲུག་གསུམ་ཁུལ་ནས་ཆེས་གཉན་འཕྲང་ཅན། ཨ་རི་དང་ཁ་ནུབ་ཏུ་ཕྱོགས་པའི་དུས་ཟིང་གི་ཡོ་ལངས་ཆེས་གཉན་འཕྲང་ཅན། སྟངས་འཛིན་བྱེད་དཀའ་བའི་བཙན་བྱོལ་བོད་གཞུང་གི་ཆེས་གཉན་འཕྲང་ཅན། ༸ གོང་ས་སྐཡབས་མགོན་ཆེན་པོ་མཆོག་སྐུ་ན་མཐོ་ལ་ད་ཆ་རྒན་ཡོལ་ཆ་ཚང་དུ་ཕེབས་རྒྱུའི་དུས་བབ་གཉན་འཕྲན་ཅན། མིདབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡང་སྐུ་ན་མཐོ་བཙན་བྱོལ་བོད་གཞུང་གིས་སྲིད་ཞུའི་ལས་གནས་ནས་ཕྱིར་འཐེན་ཟིན་སྟབས་ཆེས་གཉན་འཕྲང་ཅན། ད་དུང་སྲིད་ཞུའི་འི་ཕྲོད་དུ་ཤེས་ཡོན་ལྷག་བསམ་སྤྱི་དང་ལྷག་ཏུ་ཉམས་མྱོང་གང་ཡང་མེད་པའི་ལས་བྱེད་གསར་བ་མང་ལ་ཉམས་མྱོང་ཅན་གྱིས་རྒན་རབས་རྫོགས་ཤིང་ཉུང་དུ་འགྲོ་བའི་ཆེས་གཉན་འཕྲན་ཅན། ད་དུང་མ་འོངས་པའི་ཆབ་སྲིད་དང་གནས་བབ་ཆེས་ཆེར་གཉན་འཕྲང་ཅན་ཞིག་ཏུ་འགྱུར་འགྲོ་བཞིན་པའི་གཉན་འཕྲང་ཅན་བཅས་ཆེས་ཧ་ཅང་གིས་བོད་རྒྱལ་ཁབ་དང་བོད་རིགས་འདི་གཉན་འཕྲང་ཅན་གྱིས་འགག་རྩའི་རང་བཞིན་དུ་གྱུར་པའི་དུས་བབ་གཅིག་ཡིན་སྟབས།

    བླ་སྤྱུལ་དང་། གྲྭ་བཙུན། སྐྱ་སེར། ཕོ་མོ། གཞི་བྱེས། རྒན་གཞོན། རྒྱ་བལ་འབྲུགགསུམ། ཨ་རི་དང་ཁ་ན་ཌ། ཡོ་རབ། མདོ་སྟོད། མདོ་སྨད། དབུས་གཙང་། ཆོས་ལུགས་སོགས་རིས་མེད་སྤྱི་ཡོངས་ཀྱིས་བོད་སྤྱིའི་རྩ་དོན་དང་། ལ་རྒྱལ། རྒྱལ་ཞེན། ལྷག་བསམ་བཅས་ཉེ་དགའ་ཕྱོགས་རིས་མེད་པར་ང་ཚོས་གདམས་རྒྱུའི་བཀའ་ཁྲི་དང་ང་ཚོས་གདམས་རྒྱུའི་སྤྱི་འཐུས་སོགས་ནི་བོད་སྤྱི་ལ་ཕན་ཐོག་མཁན་གྱི་མི་སྣ་ཅན་ཤ་སྟག་ངེས་པར་དུའང་འདེམས་ཐུབ་པ་བྱེད་དགོས།

    དེ་ལྟར་ཡག་པོ་གཅིག་མ་བྱུང་ཚེ་ང་ཚོས་འཛམ་གླིང་དང་། རྒྱ་བལ་འབྲུག་གསུམ། ད་དུང་རྒྱ་ནག་གུང་ཁྲན་ཏང་གིས་མདུན་དུ་ཞབས་འདྲེན་ཚད་མེད་གཅིག་བཞག་ཚེ་ད་གཟོད་དགྲ་དགའ་གཉེན་སྡུག་གི་ངོ་བོར་འགྱུར་ཉེན་ཆེའོ།

    Reply
  6. མདོ་སྨད་པ་རིག་རྒོད། says:
    ལོ་ 15 སྔོན།

    ངས་པོའི་ལྷ་སྲས་་་་ཞེས་པས་ཉན་ཞིག།

    ཁྱེད་ཀྱིས་འདྲེ་ཤར་ལ་བཞག་ནས་གཏོར་མ་ནུབ་ལ་མ་བཏང་ཞིག།
    ངས་བཀྲས་མཐོང་གི་རྩིས་ཆད་ཀྱི་སྐོར་བྲིས་མེད་པ་ལ་ཅིའི་ཕྱིར་ང་ལ་ལེན་
    འདེབས་བྱེད་ཀྱི་ཡོད་དམ། ལེན་འདེབས་བྱེད་རྒ་ྱུ་ཡོད་ན།

    ངས་འདི་ལྟར་བྲིས་ཡོད། ཨ་རིའི་བོད་ཀྱི་ཐེབས་རྩ་དེ་ཇི་ལྟར་བྱས་ནས་སྒེར་བདག་ཏུ་བཟུང་བ་རེད་དམ།
    དེའི་འགན་འཛིན་སུ་རེད། ཐེབས་རྩ་ཁང་དེ་སུས་གསར་འཛུགས་བྱས་པ་རེད། སུ་ཡི་དོན་དུ་བཙུགས་པ་རེད་དམ།

    དེང་སྐབས་བཙན་བྱོལ་གཞུང་ལ་ཐེབས་རྩའི་སྒོར་མ་གཅིག་ལ་ཡང་ཇུས་གཏོགས་བྱེད་རྒྱུའི་དབང་ཆ་ཡོད་དམ།

    ང་ལ་ལན་གསལ་པོ་དགོས་ཀྱི་ཡོད།

    བཀྲས་མཐོང་བ་ཀའ་བློན་སྐབས་་་་་་མག་པ་སྐལ་བཟང་རྒྱལ་མཚན་དང་མཉམ་དུ་
    ཐ་ཝན་དུ་སྐུ་ཚབ་བཏང་སྐབས་་་ཚོགས་གཙོ་་ཟམ་གདོང་བླ་མས་དབུ་ཁྱིད་པའི་གྲོས་ཚོགས་ཀྱིས་རྒྱུ་དངོས་དང་འབྲེལ་བ་སྤུ་ཙམ་ཙམ་ཡང་བྱེད་མི་ཆོག་ཅེས་ལམ་སྟོན་གསལ་པོ་ཡོད་བཞིན་དུ་རྩིས་མེད་བཏང་ནས་་ཨ་སྒོར་ལྔ་སྟོང་རེ་དང། གསེར་ཐག་རེ་ལྐོག་ལེན་བྱས་པ་མ་རེད་དམ།
    ང་ལ་ལེན་འདེབས་གསལ་པོ་དགོས།

    ཡང་ལ་དགས་སུ་རྒྱ་གར་དང་མཉམ་དུ་ར་སྤུ་ཡི་ཚོང་འབྲེལ་ཁྱིམས་འགལ་གྱི་སྒོ་ནས་བྱེད་ཡོད་མེད་།

    འདི་དག་ལྷ་སྲས་ཀྱིས་ལེན་འདེབས་ནུས་ན་ངས་་་་སྒོར་མོ་འབུམ་གསུམ་ལས་ལྷག་པ་སྤྲད་ཆོག།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    འཁྲི་ནད་ཅན་གྱི་དུང་དཀར་སེར་པོར་གནང་བ་ལྟར་དྲ་གྲོགས་མི་ཉག་བཙན་པོ་དང་། ལྷུན་གྲུབ། མདོ་སྨད་པ་རིག་རྒོད་བཅས་གསུམ་པོར་འཁྲི་ནད་ཞི་བྱེད་ཀྱི་སྨན་ཞིག་སྦྱིན་འདོད་བྱུང། སེམས་ཅན་དུད་འགྲོ་ཡིན་ནའང་སྐད་ཆ་བཤད་ནས་གོ་བ་ལེན་ཐུབ་ཀྱི་ཡོད་ཁྱེད་ཚོ་ད་གང་གྲགས།
    གལ་ཏེ་ཁྱེད་ཚོར་བཀྲས་མཐོང་གིས་དངུལ་བཟས་པའི་དཔང་རྟགས་སམ་ར་སྤྲོད་ཞིག་ཡོད་ན་བལ་ཡུལ་ལ་བཞུགས་པའི་ཐུབ་བསྟན་སངས་རྒྱས་ལགས་ཀྱི་ལག་ནས་སྒོར་མོ་འབུམ་གསུམ་ལེན་རོགས་གནང་། ཁོང་གིས་བཀྲས་མཐོང་གིས་དངུལ་བཟས་པ་སུ་ལ་ཡང་དཔང་རྟགས་སྟོན་རྒྱུ་ཡོད་ན་སྟོན་ཤོག་ངས་སྒོར་འབུམ་གསུམ་སྤྲད་ཀྱི་ཡིན་ཞེས་སྦྱར་ཡིག་གང་སར་སྦྱར་སོང།
    ཁྱེད་ཚོའི་འཁྲི་ནད་ཅན་གྱི་མིག་དེས་སྦྱར་ཡིག་མཐོང་མི་ཐུབ་ན་དེའི་སྐོར་མཁས་དབང་འཇམ་ནོར་ལགས་ཀྱིས་དྲ་རྒྱའི་ནང་ལ་འདུག་དེར་ལྟོས།
    སྒོར་མོ་འབུམ་གསུམ་པོ་དེ་ཁྱེད་ཚོའི་འཁྲི་ནད་བཤག་གཅོད་བྱེད་ཆེད་ཀྱི་སྨན་རིན་ཡིན།
    དཔང་རྟགས་ཡོད་ན་སྒོར་མོ་འབུམ་གསུམ་ལེན་དུ་བལ་ཡུལ་ལ་རྒྱུག
    དེ་མིན་དོན་མེད་ཀུ་ཅོ་སྒྲོག་པ་ལ་སོགས་པའི་འཆལ་གཏམ་རིགས་མི་སྤེལ་ན་མི་བཟང་ངམ།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཆད་ལྷག་དང་བཏགས་ནོར་ཤོར་ཡོད་ན་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དོན་ཚན་ཉེར་དགུ་པ། བཀའ་ཤག་གི་འཁན་ཁུར་དང་། འཕོ་འགྱུར།

    ༡ བཀའ་ཤག་གི་འགན་ཁུར་ནི་བཀའ་བློན་ཚང་མ་མཉམ་འདུས་ཀྱིས་འགན་ཁུར་ཡིན་པ་དང་། བཀའ་ཤག་གིས་རྒྱུན་དུ་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་དང་། དྲི་བ་ལན་འདེབས་བྱ་དགོས།

    ༢ བཀའ་བློན་སོ་སོར་འགན་དབང་དང་། ལས་ཁུངས་ཆ་བགོས་བྱེད་ཕྱོགས་བཀའ་བློན་ཁྲི་པའི་པས་འཆར་བཀོད་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོེར་༧སྙན་སེང་ཆོག་མཆན་ཞུས་བསྩལ་ལྟར་ལ་རྩ་འཛིན་བྱ་རྒྱུ།

    ༣ ཀ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་བཀའ་བྱེད་བྲག་པའང་། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གཏོང་འཐུས།

    ཁ། བཀའ་བློན་ཁྲི་པ་དུས་ཆོས་སུ་གྱུར་པ་དང་། འཕོ་འགྱུར་སོང་ཚེ་བཀའ་ཤག་བཀའ་ཤག་ཡོངས་རྫོགས་རང་བཞིན་གྱིས་འཕོ་འགྱུར་འགྲོ་རྒྱུ། བཀའ་བློན་ཁྲི་པ་དུས་ཚོས་སུ་གྱུར་ཚེ། བཅའ་ཁྲིམས་དོན་ཚན་ ༢༡ ནང་གསལ་ལྟར་འོས་འདེབས་མ་བྱུང་པར། བཅའ་ཁྲིམས་དོན་ཚན་ ༢༧ ནང་གསལ་བཞིན་གཞུང་འབྲེལ་གཏན་འབེབས་གཞིར་བཟུང་ལས་ཁུངས་གྲལ་རིམ་བཀའ་བློན་དེས་བཀའ་བློན་ཁྲི་པའི་ལས་ཚབ་གནང་རྒྱུ། ༡ ༢ ༣

    ༤ ཛ་དྲག་དགོས་གལ་བྱུང་ཚེ་༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་བློན་བྱེ་བྲག་པའང། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གནང་འཐུས།

    ༥ བཀའ་བློན་ཁྲི་པས་བཀའ་བློན་བྱེ་བྲག་པ་སུ་རུང་དགོངས་ཞུ་བྱ་དགོས་ཀྱི་བསམ་འཆར་བཏོན་ཚེ་བཀའ་བློན་དེས་ངེས་པ་ཏུ་དགོངས་པ་ཞུ་དགོས། བཀའ་བློན་ཁྲི་པས་དེ་འདྲའི་བཀའ་བློན་སུ་ཞིག་དགོངས་པ་ཞུ་དགོས་ཀྱི་བསམ་འཆར་བཏོན་དགོས་བྱུང་རྐྱེན་རྒྱུ་མཚན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་༧སྙན་གསེང་དང་འབྲེལ་གྲོས་ཚོགས་སུ་གྲོས་ཚོགས་འཚོགས་མུས་ཡིན་ན་དེ་རང་དང་། དེ་མིན་ཚོགས་དུས་རྗེས་མར་གསལ་བཤད་ཞུ་དགོས། ༡

    ༦ བཀའ་ཤག་འཕོ་འགྱུར་བྱུང་བ་ཡིན་ན། འོས་བསྡུ་ལས་གིས་གསལ་བསྒྲགས་བྱེད་ཉིན་ནས་ཉིན་གྲངས་ ༡༣༠ ནང་ཚུད་བཀའ་བློན་ཁྲི་པའི་འོས་བསྡུ་དང་འདེབས་ཐོན་བྱུང་བའི་གསལ་བསྒྲགས་བྱ་དགོས། བཀའ་བློན་བྱེ་བྲག་པ་འཕོ་འགྱུར་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་མུས་ཡིན་ན་ཚོགས་དུས་དེ་གའི་ནང་དང་། དེ་མིན་ཚོགས་དུས་རྗེས་མའི་ནང་བཀའ་བློན་ཁྲི་པས་ཚབ་གསར་བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ་བཞིན་མིང་འདོན་བྱེད་དགོས། ༢ ༣

    ༧ བཀའ་ཤག་ཡུན་ཚད་རྫོགས་མཚམས་བཀའ་བློན་ཁྲི་པ་གསར་པའི་དམ་འབུལ་མ་ཟིན་བར་རྙིང་པས་ལས་ཁུར་རྒྱུན་སྐྱོང་བྱ་དགོས། དོན་ཚན་འདིའི་ནང་གསེས་ ༣། ༤། ༥། བཅས་ཀྱི་འོག་བཀའ་བློན་བྱེ་བྲག་པ་ཞིག་འཕོ་འགྱུར་བྱུང་ཚེ་དེས་འཕྲལ་དུ་ལས་ཁུར་མཚམས་འཇོག་བྱ་དགོས། བཀའ་ཤག་ཆ་ཚང་འཕོ་འགྱུར་བྱུང་ཚེ་བཀའ་བློན་ཁྲི་པ་གསར་པས་དམ་འབུལ་མ་ཟིན་བར་ལས་ཁུར་རྒྱུན་སྐྱོང་བྱ་དགོས། འོན་ཀྱང་དེའི་རིང་འཆར་ཅན་བྱེད་སྒོ་ཙམ་ལས་སྲིད་བྱུང་དང་འབྲེལ་བའི་ཐག་གཅོད་གསར་པའི་རིགས་བྱ་མི་ཆོག

    ཁང་གསར་ལགས་ཀྱི་རེ་བ་བཞིན་འདིར་བཀོད་པ་ཡིན།

    Reply
  10. འཇིགས་མེད་བཀྲ ་ཤིས། says:
    ལོ་ 15 སྔོན།

    ཁང་གསར་པ་ལགས།
    འོས་བསྡུ་ལས་ཁང་གི་འཐུས་ཤོར་དེ་ཚོ་བདེན་པ་རེད་སྙམ།
    བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མི་དེ་ཚོའི་ཐོབ་རྐྱེན་ཤོར་རྐྱེན་གྱི་རྒྱབ་ལྗོངས་སྐོར་ལ་དཔྱད་རྒྱུ་མ་བྱུང་བས་འདིར་བརྗོད་རྒྱུ་ཅང་མེད། ཟམ་གདོང་རིན་པོ་ཆེའི་སྐོར་ཉེ་ཆར་ངས་༼ཟམ་གདོང་རིན་པོ་ཆེ་སྡེ་སྲིད་ཁྲི་པར་ཕེབས་ཀྱི་རེད་༽ཅེས་པའི་རྩོམ་ཡིག་ཅིག་ཁ་བརྡ་དྲ་རྒྱའི་ཐོག་སྤེལ་ཡོད། དེའི་སྐོར་ཁྱེད་ལ་དགོངས་ཚུལ་ག་རེ་ཡོད་དམ།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱི་དཔྱད་པ་འདི་དག་ནི་པར་པ་ཞིག་ཡིན་པའི་དབང་དུ་བཏང་ན་ཟུར་འཁྱེར་སྟངས་ངོ་མ་སྙིང་རྗེ་བོ་རེད།

    ང་ལ་མཚོན་ན་ཁོང་གི་རྩོམ་ཡིག་དེར་དོན་ཚན་བརྒྱད་དབྱེ་ཡོད་པའི་ནང་ནས་ཁོང་གིས་དོན་ཚན་གྱི་ནང་ནས་ཨང་གཉིས་པ་དང་། བརྗོད་ཚིག་གི་ཆ་ནས་ཆེས་ཐུང་ཤོས་སུ་བྲིས་པའི་དོན་ཚན་གཉིས་པ་སྟེ། མིང་ཤས་ཞེས་པ་དེ་རེད།

    ཆབ་སྲིད་ཀྱི་འཐབ་རྩོད་ཁྲོད་ནས་འདི་ལ་དོ་སྣང་དགོས་པ་རེད་འདོད། འོས་མི་སུ་ཡིན་རུང་མ་མཐར་ཡང་རྩ་ཁྲིམས་ཀྱི་ནང་གི་གཞི་རྩའི་འོས་ཆོས་དེ་དག་ཚང་གི་རེད་འདོད་ལ། དེ་མི་ཚང་མཁན་ཞིག་ཐོག་མ་ནས་འོས་གཞིར་ལངས་གིའང་མ་རེད་འདོད།

    བོད་པ་ཚོར་མཚོན་ན། ཡུལ་ལུང་དང་ཆོས་ལུགས། དབང་སྒྱུར་བཅས་ཕྱོགས་གང་ཐད་ནས་རང་རང་གི་བསམ་ཐོག་འདོད་ཐོག་ཅིག་ལ་འབབ་ས་མི་རྙེད་པ་དང་། འབབ་མི་ཐུབ་པའི་དཀའ་ངལ་ཡོད་པ་རེད། དེ་བས་དེང་སྐབས་སྤྱིར་བཏང་མང་ཚོགས་ནང་དུ་མིང་ཤས་དང་འབྲེལ་བའི་གླེང་གཞི་ཡོད་ན་སྔ་མོ་སེལ་དགོས་པ་གལ་ཆེན་པོ་རེད། དབུས་འོས་བསྡུ་ལས་ཁུངས་ཀྱིས་འདིའི་ཐད་གསལ་བཤད་བྱེད་རྒྱུའི་དབང་ཚད་ཡོད་མེད་གང་ལྟར་རུང་། མ་གཞི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ལ་དངོས་གནས་འགལ་བསྡད་པའི་མི་ཞིག་ཡིན་ན་དེ་ཚོད་ཀྱི་བཀག་འགོག་བྱ་ངེས་ལ། དེ་མེད་པ་ཡིན་ན་དེ་ཚོད་ཀྱི་གོ་སྐབས་འདྲ་མཉམ་སྤྲོད་ངེས་ཡིན་སྟབས་འདི་ལ་ངེས་པར་དོ་སྣང་མ་ཆུང་བ་གནང་རྒྱུ་གལ་ཆེན་པོ་རེད་འདོད། བདམ་བྱ་བདམ་བྱེད་ཀྱི་ཐོབ་ཐང་ནི་བོད་པ་ཚོས་ཀྱང་བོད་མི་རིགས་ཤིག་ཡིན་པའི་ཁེ་དབང་གལ་ཆེ་ཤོས་ཤིག་ལ་རྩིས་ཡོད་པ་རེད།

    དོན་ཚན་གཞན་པ་མང་ཆེ་བ་བློ་སྐྱེད་དང་། བསམ་གཞིགས་ཀྱི་རྒྱུ་ཆ་རྐྱང་རེད།

    འོན་ཀྱང་་་་་་་།

    དོན་ཚན་བརྒྱད་པ་དེ་གནས་སྐབས་རིང་གཡུག་ཞོག གང་ཡིན་ཅེ་ན། གཅིག་ནས་ཁོས་རང་གི་ཁ་བྱང་ནང་བསྟན་པའི་སྔོན་འགྲོའི་འོས་གཞི་ལ་འབྲེལ་བ་མི་འདུག གཉིས་ནས། བཅའ་ཁྲིམས་ཀྱི་དགོངས་དོན་ལ་ཡང་འགལ་བསྡད་འདུག གསུམ་ནས། སྔོན་ཆད་ཁོ་རང་གི་ཚོད་དཔག་ལ་མ་སླེབས་པ་དང་། རྗེས་མ་ཡང་ང་ཚོ་ཚང་མས་ཚོད་དཔག་རང་ལ་འཇོག་རྒྱུ་མ་གཏོགས་མེད་པ་ཞིག་བཤད་འདུག

    Reply
  12. ལྷུན་འགྲུབ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེའི་སྐྱོན་བརྗོད་ཀྱི་བསམ་ཚུལ་མང་ཆེ་བ་ཡག་པོ་འདུག་རུང་། དབུས་གཙང་གི་སྤྱི་མཐུན་ཟླ་བ་ཚེ་རིང་གིས་བཙན་བྱོལ་བོད་གཞུང་རྒྱ་གར་གྱི་ཁྲིམས་ཁང་དུ་
    བསྐྱེལ་ནས་ལོ་ག་ཚད་སོང་རེད་། ལོ་རེ་ལ་བཙན་བྱོལ་གཞུང་གིས་ཟླ་བ་ཚེ་རིང་གི་ཁ་མཆུའི་ཆེད་དུ་འགྲོ་སོང་ག་ཚད་གཏོང་གི་འདུག། དེ་དག་ཁང་རྡོར་གྱིས་སྣང་མེད་དུ་བཞག་སྟེ། ད་དུང་བྱས་རྗེས་ཆེ་ཚུལ་བཤད་སྟངས་ལ་བསམ་ན་ཁང་རྡོར་རང་ཉིད་དངོས་ཡོད་དང་དྲང་བདེན་ལས་གཡོལ་གང་ཐུབ་བྱེད་མཁན་ཞིག་དང་ཟླ་བ་ཚེི་རིང་གི་ཕོ་ཉ་ཞིག་ཡིན་པའི་རྣམ་པ་འདུག། དེ་ནི་ཟླ་བ་ཚེ་རིང་དང་འབྲེལ་བའི་
    རྙོག་གྲའི་ཟུར་གཅིག་རེད།

    བཀྲས་མཐོང་དང་་ཨ་རིིའི་ནང་གི་བོད་ཀྱི་ཐེབས་རྩ་ཁང་གཉིས་བར་ལ་བཤད་དཀའ་བ་དང་ཤེས་དཀའ་བའི་དངུལ་གྱི་རྙོག་གྲ་ཆེན་པོ་ཞིག་ད་ལྟ་ཡོད་མུས་རེད་།སྔར་བཀའ་བློན་བྱེད་སྐབས་ཐེ་ཝན་ནས་ཨ་སྒོར་ལྔ་སྟོང་གི་རྙོག་གྲ་། ཁྲིམས་འགལ་གྱི་ར་སྤུ་བཙོང་པའི་སྐྱོན་ཆ་།དེ་ནས་ཡོངས་གྲགས་ཅན་བཙན་བྱོལ་བོད་གཞུང་གི་དངུལ་ཕོན་ཆེན་རྩིསབརྒྱག་མ་ཐུབ་པའི་རྙོག་གྲ་བཅས་བཀྲས་མཐོང་གི་ཐབས་སྐྱོ་བའི་རྙོག་གྲ་མང་ཆེ་བ་དག་ནི་དངུལ་གྱི་སྐོར་རེད། དེ་འདྲ་བའི་རྙོག་གྲ་ཅན་གྱི་མི་ཞིག་བཙན་བྱོལ་གཞུང་ལ་དམིགས་བསལ་ཡོད་ན་མ་གཏོག་ཚད་ལྡན་གྱི་རྒྱལ་ཁབ་ནང་ལ་། གོ་གནས་མཐོ་བའི་འོད་གཞིར་སླེབས་མི་སྲིད་པ་འདྲ་བོ་རེད། ལྷག་པར་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་དབུས་གཙང་ཚོགས་པ་གཉིས་ཀྱིས། རྒྱབ་ལྗོངས་ལ་རྙོག་གླིང་ཤིན་ཏུ་ཆེ་བའི་བཀྲས་མཐོང་བཀའ་ཁྲིའི་འོད་གཞིར་སྟོན་པ་དེ། དྲང་བདེན་དང་ལྷག་བསམ་གྱིས་མ་འདང་པའི་སྐྱོན་ཆ་མངོན་སུམ་དུ་མཐོང་གི་འདུག།
    འང་ཀྱང་མི་མང་ངོས་ནས་བཀྲས་མཐོང་ལ་འོད་མང་པོ་མ་བྱུང་པས་རྐྱེན་གཙོ་བོར་བཤད་མ་ཐག་པའི་འདས་པའི་ལོ་རྒྱུས་ལ་ཐུག་ཡོད་། དེ་མིན་ན་རྒྱབ་ལོགས་ཀྱི་ཁྱོལ་ཁའི་མི་འབོར་མང་བ་། ཤེས་ཡོན་དང་ཉམས་མྱོང་ཡོད་པ། བཀའ་ཁྲིའི་འོད་གཞིའི་བགྲོ་གླིང་ཚང་མ་ལ་བཅར་བས་། སྔོན་འགྲོའི་འོད་ནས་དང་པོར་སླེབས་དགོས་ངེས་རེད།

    Reply
  13. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ངོས་རང་ལ་བོད་ཀྱི་རྩ་ཁྲིམས་ཐོག་མ་ ༡༩༦༣ ལོར་བཟོས་པ་དེ་མ་གཏོགས་མེད་ ཡིན་ན་ཡང་དེའི་ནང་དུ་དེའི་སྐོར་ལ་གསལ་བཤད་གང་ཡང་བཀོད་མི་འདུག་ ཕལ་ཆེར་ ༡༩༩༡ ལོར་རྩ་ཁྲིམས་བསྐྱར་བཟོས་བྱས་པ་དེའི་ནང་དུ་བཀོད་ཡོད་ཤས་ཆེ་

    Reply
  14. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱིས་བཀའ་ཤག་འཕོ་བསྒྱུར་སྐོར་ལ་གསལ་བཤད་གནང་བ་ལ་ཐུགས་རྗེ་ཆེ་ཞུ་ དེ་མ་གཏོགས་ང་ཚོ་བོད་མི་སྤྱི་ཚོགས་ནང་དུ་རྩ་ཁྲིམས་ཚིག་འདི་འདྲ་ཡོད་པ་རེད་ཟེར་ནས་འུད་སྒྲོག་གིས་བསྟན་འཛིན་རྣམ་རྒྱལ་ལ་སྐྱོན་བརྗོད་བྱེད་སའི་གཞི་དང་ལག་ཆ་གཅིག་ཏུ་བེད་སྤྱོད་གཏོང་གིན་ཡོད་ དེ་ལ་ལན་ཡག་པོ་འཕྲོད་སོང་བསམ་པ་བྱུང་ སྤྱིར་ཅོ་རི་ངག་ཁང་གསར་གཉིས་ཀ་ལ་བོད་ཀྱི་རྩ་ཁྲིམས་ལ་དོ་སྣང་ཤུགས་ཆེར་གནང་ནས་བགྲོ་གླེང་གནང་བ་ལ་ཐུགས་རྗེ་ཆེ་ཞུ་

    Reply
  15. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    བཀའ་ཤག་འཕོ་འགྱུར་གྱི་སྐོར་དེ་ལན་གྱིས་ཐུགས་འདོད་ཚིམ་མེད་པ་འདྲ། ངས་རྒྱ་གར་ནང་ཡོད་པའི་ངོ་ཤེས་ཁ་ཤས་ལ་ཁ་པར་བཏང་བ་ཡིན། བཅའ་ཁྲིམས་ཀྱི་དོན་ཚན་ཉེར་དགུ་བ། བཀའ་ཤག་གི་འགན་ཁུར་དང་འཕོ་འགྱུར་ཞེས་འགོ་བརྗོད་དུ་འཁོད་པ་དེ་རེད་འདུག ཁྱེད་རང་ལ་བཅའ་ཁྲིམས་ཡོད་ན། དོན་ཚན་ཉེར་དགུ་བ་དེ་ཆ་ཚང་ཞིག་འདིར་བྲིས་ཤོག་དང་གསལ་པོ་ཆགས་ཀི་རེད། ང་ལ་སང་གནངས་མ་འགྱངས་པར་བཅའ་ཁྲིམས་ཀྱི་དོན་ཚན་དེ་གཅིག་གིས་བཏང་ཡོང་ས་ཡོད། ཁྱེད་རང་ལ་སྤོབས་པ་ཡོད་ན། དོན་ཚན་ཉེར་དགུ་པ་དེ་ཆ་ཚང་འདིར་བྲིས་ཡོང་རོགས།

    Reply
  16. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    བཟང་བཟང་བླ་མ་དང་ངན་ངན་མང་ཚོགས་ཀྱི་སྐབས་སུ། མང་ཚོགས་ཀྱི་རྣམ་དཔྱོད་སྐོར་བཤད་ཡོད་མ་རེད། བྱས་འབྲས་སུས་འཁྱེར་མ་འཁྱེར། དཀའ་ལས་སུས་བརྒྱབ་མ་བརྒྱབ། མིང་ཆད་སུས་འཁྱེར་མ་འཁྱེར་དེ་ཚོ་བཤད་ཡོད་རེད།

    ད་ལྟའི་འདིའི་སྐབས་སུ་མང་ཚོགས་ཀྱིས་སྤྱི་འཐུས་འདེམས་སྐབས་རྣམ་དཔྱོད་ཡོད་མེད་སྐོར་བཤད་ཀྱི་ཡོད་རེད། གཉིས་ཀ་ལ་མང་ཚོགས་གསལ་ཡོད། དེ་ལ་རྩོད་པ་མེད། བརྗོད་དོན་དང་སྐབས་དོན་མི་འདྲ་བ་རེད།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གཞན་ཕྱོགས་གཉིས་ཀ་ལ་མང་ཚོགས་ཞེས་བྲིས་ཡོད་པས་ཕྱོགས་གཉིས་ཀའི་མང་ཚོགས་ཞེས་པའི་ཚིག་གི་བརྗོད་བྱ་བཙན་བྱོལ་མི་དམངས་མ་གཏོགས་ཁྱེད་ལ་འཇོག་རྒྱུ་ཡོད་དམ།ཞེས་བཅོས་རོགས་ཞུ་རྒྱུ་དང་ང་ཅོ་རི་ལ་འཇོན་སྟངས་མེད་ནས་ཆད་པ་དང་བཏགས་ནོར་ཤོར་འགྲོ་འདུག་པས་དགོངས་མེད་པ་ཞུ།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཟང་བཟང་བླ་མ་དང་ངན་ངན་མང་ཚོགས་ཞེས་པའི་མང་ཚོགས་ཀྱི་ཚིག་གི་བརྗོད་བྱ་དང་མང་ཚོགས་ལ་སྤྱི་འཐུས་ཡག་ཉེས་དཔྱད་པའི་རྣམ་དཔྱོད་མི་འདུག་ཞེས་པའི་མང་ཚོགས་ཚིག་གི་བརྗོད་བྱ་གཉིས་ཀ་བཙན་བྱོལ་མི་དམངས་མ་ཡིན་ནམ།

    གཞན་ཕྱོགས་གཉིས་ཀ་ལ་མང་ཚོགས་ཞེས་བྲིས་ཡོད་པས་ཕྱོགས་ཀའི་མང་ཚོགས་ཞེས་པའི་ཚིག་གི་བརྗོད་བྱ་བཙན་བྱོལ་མི་དམངས་མ་གཏོགས་ཁྱེད་ལ་འཇོག་རྒྱུ་ཡོད་དམ།

    ངས་བལྟས་ན་ཁྱེད་ཀྱི་མང་ཚོགས་དང་མང་ཚོགས་ཞེས་བྲིས་བསྡད་འདིར་བཙན་བྱོལ་མི་དམངས་མ་གཏོགས་མི་འདུག་སྙམ། ཁྱེད་ཀྱིས་ངའི་བཤད་པའི་སྐད་ཆ་ལ་བདེན་ཁ་སྟེར་མ་ནུས་ཀྱང་དངོས་གནས་ཚུལ་ལ་བདེན་ཁ་སྟེར་དགོས་པ་ནི་སྤྱི་ཚོགས་དཔྱོད་བརྗོད་པ་ཞིག་གི་ངོས་ནས་ཚང་དགོས་པའི་མཚན་ཉིད་དང་པོ་རེད།

    ནང་འགལ་ཞེས་པ་འདི་ནི་དེང་སང་བོད་པ་ཚོས་ཞེ་པོ་བཤད་བསྡད་ཤིག་རྩ་བ་ནས་མ་རེད། བོད་གངས་ཅན་གྱི་ཡུལ་དུ་རྟོག་གེ་རིག་པ་དར་བ་ནས་བཟུང་ནང་འགལ་ཞེས་པ་འདིར་ཞེ་པོ་སྡུག་སྐྱ་བརྩིས་བསྡད་པ་རེད།

    སྤྱིའི་ཆ་ནས་རྟོག་གེ་སྨྲ་བ་ཚོས་ནང་འགལ་ཡོད་པའི་གཞུང་ལུགས་དང་རིག་གནས་ཁས་ལེན་གྱི་མ་རེད། དེ་འདྲ་ཡིན་དུས་སྐད་ཆ་ནང་འགལ་བཤད་མཁན་མི་ཞིག་ལ་དེ་ལས་ཡིད་ཆེས་བྱེད་ཀྱི་མ་རེད། ནང་འགལ་གྱི་ཕྱོགས་ལ་གཟབ་གཟབ་གནང་རོགས་ཞུ།

    ཁྱེད་ཀྱིས་ང་ཅོ་རིའི་རྫིག་རྫིག་རྔམ་རྔམ་བྱས་འདུག་གསུངས་འདུག་པས་བློ་ཕམ་ཆེ་ཙམ་བྱུང་། ངས་ཁྱེད་ལ་ཆེད་དུ་རྫིག་རྫིག་བྱས་པ་དེ་འདྲ་རྩ་བ་ནས་མིན། ང་ཅོ་རིའི་མི་གཤིས་དང་ཚིག་གི་ནུས་ཤུགས་རེད། མཐོང་ཚུལ་དེ་འདྲ་བྱུང་པར་དགོངས་འགལ་མེད་ཞུ།

    བཀའ་ཁྲི་འཕོ་འགྱུར་ཞེས་པའི་སྐོར་ཡག་པོ་ཞིག་གསུངས་མི་ཀྱང་ངས་གླེང་གི་མིན།

    བཀའ་དྲིན་ཆེ།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས། ཁྱེད་ཀྱིས་
    ལར་ནས། ནང་འགལ་དུ་གྱུར་ནའང་སྐྱོན་ཅི་འདུག བོད་པ་ཚོས་སྐབས་དོན་ལ་མ་བལྟས་པར། ནང་འགལ་ཞེས་ཞེའོ་བཤད་ཀི་འདུག་སྟེ། ང་ལ་ནི་ཉིན་གཅིག་གི་མགོ་གཞུག་ལའང་ནང་འགལ་གྱི་བསམ་ཚུལ་མང་བོ་གཅིག་མིན་གཉིས་མིན་དུ་ཡོང་གི་འདུག སྐད་ཆ་དྲང་བོ་ཡིན།ཞེས་གསུངས་འདུག་པས་ངོ་མ་དགོད་སྤྲོ་ཞིག་འདུག་་ཧཧཧཧ

    ཁང་གསར་ལགས་ཁྱེད་རང་ཨ་མའི་རྩ་ན་ཨ་མ་བདེན་པའི་སྐད་ཆ་བཤད་མནའ་མའི་རྩ་ན་མནའ་མ་བདེན་པའི་སྐད་ཆ་བཤད་མཁན་ཞིག་ཡིན་ནམ།
    དེ་འདྲ་ཡིན་ན་ནང་འགལ་ཡོད་ནའང་སྐྱོན་མེད་་ཧཧཧ

    Reply
  20. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། སྔོན་མ་བཤད་པ་དེ་མང་ཚོགས་དང་ལྷག་པར་གཤམ་འོག་ལས་བྱེད་ཀྱིས་དཀའ་ལས་བརྒྱབ་མ་བརྒྱབ་དང་གྲུབ་འབྲས་སུས་འཁྱེར་མི་འཁྱེར། ངན་ཁག་སུ་ལ་དཀྲི་མ་དཀྲིའི་སྐད་ཆ་རེད། ད་ལྟ་བཤད་པ་དེ་མང་ཚོགས་སྤྱི་ཡོངས་ལ་རྣམ་དཔྱོད་ཡོད་དང་མེད་ཀྱི་སྐད་ཆ་རེད། དེ་ཡང་སྐབས་དོན་སྤྱི་འཐུས་འོས་འདེམས་ཀྱི་ཐད་ལ་མང་ཚོགས་ཀྱི་ལྟ་སྟངས་ཇི་ལྟར་ཡོད་པ་དེ་རེད། དེར་བརྟེན་དེ་གཉིས་ནང་འགལ་ཇི་ལྟར་ཆགས་ཀི་རེད།

    ཁྱེད་རང་གཅིག་བཤད་འདོད་འདུག་ན། སྤྱི་འཐུས་འདེམས་དུས་དངོས་གནས་མང་ཚོགས་ལ་རྣམ་དཔྱོད་ཡོད་ན་ཡོད་སྟངས་བཤད་དགོས། བཟང་བཟང་བླ་མ་དང་ངན་ངན་མང་ཚོགས་ཟེར་དུས། བྱས་འབྲས་བཟང་བ་བླ་མས་འཁྱེར། འཐུས་ཤོར་ངན་ཁག་མང་ཚོགས་ལ་བཀལ་ཡོང་གི་འདུག་མི་འདུག དེ་བཤད་དགོས།

    ཁྱེད་རང་གིས་སྐབས་དོན་མི་མཚུངས་ལ། ནང་དོན་མི་འདྲ་བའི་སྐད་ཆ་གཉིས་འཁྱེར་ཡོང་སྟེ། རྫིག་རྫིག་རྔམ་རྔམ་བྱེད་སྟངས་དེ་ག་རང་གིས། ངས་བཤད་པ་དེ་ཚོ་བདེན་པ་ཡིན་པའི་ཁུངས་སྐྱེལ་ཆགས་ཡོང་གི་འདུག་མ་གཏོགས། གནོད་བྱེད་དུ་ཡེ་ནས་མི་འགྲོ།

    ལར་ནས། ནང་འགལ་དུ་གྱུར་ནའང་སྐྱོན་ཅི་འདུག བོད་པ་ཚོས་སྐབས་དོན་ལ་མ་བལྟས་པར། ནང་འགལ་ཞེས་ཞེའོ་བཤད་ཀི་འདུག་སྟེ། ང་ལ་ནི་ཉིན་གཅིག་གི་མགོ་གཞུག་ལའང་ནང་འགལ་གྱི་བསམ་ཚུལ་མང་བོ་གཅིག་མིན་གཉིས་མིན་དུ་ཡོང་གི་འདུག སྐད་ཆ་དྲང་བོ་ཡིན།

    བཅའ་ཁྲིམས་ཀྱི་ནང་དུ། བཀའ་བློན་ཁྲི་པའང་བཀའ་བློན་འཕོ་འགྱུར་བྱ་དགོས་བྱུང་བ་མ་ཡིན་པ། ཞེས་པ་དེའི་གོ་དོན་བཅའ་ཁྲིམས་རང་གི་ནང་དུ་གསལ་པོ་ཡོད་རེད། གྲོས་ཚོགས་ཀྱི་གྲུབ་ཆ་རྒྱས་བཅད་འདི་ཙམ་གྱིས་བཀའ་ཤག་ལ་འདོད་པ་མ་ཚིམ་པར་འཕོ་འགྱུར་བཏང་བ་དེ་གཅིག་ཡིན་སྙམ། ༸གོང་ས་མཆོག་གིས་བཀའ་རྒྱ་ཕེབས་ཏེ་འཕོ་འགྱུར་བཏང་བ་དེ་གཅིག་ཡིན་སྙམ། ད་དུང་བཀའ་བློན་ཁྲི་པ་ཐུགས་བློ་མ་ཁེངས་པར་བཀའ་བློན་ཡོངས་སམ་བྱེ་བྲག་འཕོ་འགྱུར་བཏང་བ་དེ་གཅིག་ཡིན་སྙམ། ངའི་ལག་ལ་ད་ལྟ་བཅའ་ཁྲིམས་མེད། གློག་རྡུལ་པར་གཞི་ཞིག་ཡོད་པ་དེ་ཡང་རྙེད་ཀི་མི་འདུག ཁྱེད་ལ་བཅའ་ཁྲིམས་ཡོད་འདུག་པས། མུ་མཐུད་མར་ཙམ་གཟིགས་དང་གསལ་པོ་རེད། ཐུགས་རྗེ་ཆེ།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༣ བཀའ་བློན་ཁྲི་པ་དང་། བཀའ་བློན་གྱི་འོས་གཞིར་རུང་བའི་སྐྱེ་བོ་ཞེས་བཅོས་རོགས་ཞུ། བཏགས་ནོར་ཤོར་འདུག་པས་དགོངས་འགལ་མེད་པ་ཞུ།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས།
    ༣ བཀའ་བློན་ཁྲི་པ་དང་། བཀའ་བློན་གྱི་འོས་གཞིར་རུང་བའི་སྐྱེན་བོ་ནི།
    ཉ་་་་་བཅའ་ཁྲིམས་དོན་ཚན་ཉེར་དགུ་པ་འི་ནང་གསེས་ ༣ པའི་་༼ཀ༽དང་ ༤ ལྟར་བཀའ་བློན་ཁྲི་པའང་བཀའ་བློན་འཕོ་འགྱུར་བྱ་དགོས་བྱུང་བ་མ་ཡིན་པ། ཞེས་གསལ་འདུག་པས་ཁྱེད་ཀྱིས་བཅའ་ཁྲིམས་ཀྱི་འབྲི་དོན་འདིར་དོན་འགྲེལ་གསལ་བཤད་ཡག་པོ་ཞིག་གནང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།
    ཁྱེད་རང་གི་བཀའ་ཁྲི་འོས་མི་ལ་འདི་ཚང་འདུག་མིན་ལྟོས།

    གལ་སྲིད་འདིར་ལ་གསལ་བཤད་མེད་ན་ཁྱེད་རང་གིས་བཀའ་སྤྱིའི་འོས་བསྡུའི་སྐོར་ཅིག་གསུངས་མ་བསྡད་ན་དགའ་ལེ་རེད་གོ

    Reply
  23. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ཡིས་ཀྱང་རྣམ་དཔྱོད་མེད་པ་དང་མ་འཇོན་པ་དེ་མང་ཚོགས་ཀྱི་མགོ་ཐོག་ཏུ་འཇོག་གི་ཡོད་པ་འདི་ནི་ཁོ་རང་གིས་ཁོ་རང་ལ་དགག་པ་བརྒྱབ་ཀྱི་ཡོད་པ་དང་སྔོན་མའི་སྐད་ཆ་རྗེས་མས་ནག་བསད་བཏང་གི་ཡོད་པ་འདི་ལྟར།

    ཁང་རྡོ་ཡི་དེ་རིང་སྤྱི་ཚེས་༢༠ཉིན་བཤད་པའི་སྐད་ཆ།
    《ད་ལྟ་ང་ཚོར་དཀའ་ངལ་ཆེ་ཤོས་མང་ཚོགས་ལ་རྣམ་དཔྱོད་མེད་པ་དེ་རེད། གྲོས་ཚོགས་ནང་ལ་སྤྱི་འཐུས་ཤིག་གིས་སྐད་ཤུགས་ཆེན་པོས། གཞན་ལ་སྐྱོན་འཛུགས་དང་འར་གཏམ་བཤད་ན། ཞེའུ་བཤད་སོང་དྲན་གྱི་ཡོད་རེད། དཔའ་བོར་བརྩི་གི་རེད། ལྟ་སྟངས་དེ་མདོ་སྟོད་མང་ཚོགས་ནང་ལ་ཤུགས་ཆེན་པོ་འདུག ཡང་སྤྱི་འཐུས་ཤིག་གིས་རྒྱུ་མཚན་མང་པོའི་ཐོག་ནས་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་ཐེར་འདོན་བྱས་ན། མི་ཚོས་ཁོ་གཞུང་ལ་མ་དགའ་མཁན་དང་། ༸རྒྱལ་བ་རིན་པོ་ཆེ་ལ་ངོ་ལོག་བྱེད་མཁན་རེད་མདོག་མདོག་བྱེད་ཀི་འདུག དེ་དབུས་གཙང་དང་མདོ་སྨད་མང་ཚོགས་ནང་ལ་ཤུགས་ཆེན་པོ་འདུག
    དེ་ནས་མང་ཆེ་བས། གསར་འགྱུར་དང་ཚོགས་འདུའི་ནང་ལ་ཇི་ཙམ་གྱིས་མང་བ་མངོན་ན། དེ་ཙམ་གྱིས་འཇོན་པ་དང་མཁས་པར་བརྩི་གི་འདུག མང་ཚོགས་ལ་སྤྱི་འཐུས་བཟང་ངན་འབྱེད་པའི་རྣམ་དཔྱོད་དེ་ཙམ་ལས་མེད་པ་རེད། དཀའ་ངལ་ཆེ་ཤོས་དེ་རེད།》ཞེས་གསུངས་ཡོད།

    ཁང་རྡོ་ཡི་༢༠༡༠་སྤྱི་ཟླ་བཞི་པའི་ནང་དུ་བཤད་པའི་སྐད་ཆ།

    《ངས་གཏམ་དཔེ་གསར་པ་ཞིག་རྩོམ་འདོད་བྱུང་། དེ་ནི། བཟང་བཟང་བླ་མ་དང་ངན་ངན་མང་ཚོགས། ཞེས་པ་འདི་ཡིན། ང་ཚོས་གྲུབ་འབྲས་གླེང་སྐབས། བླ་ཆེན་འདི་དང་འདིའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཞེས་བརྗོད་པ་ལས། ལས་དོན་དེའི་ནང་དངོས་སུ་དཀའ་ཚེགས་མྱངས་ཏེ་ལས་ཀ་བྱེད་མཁན་ཚོའི་བྱས་རྗེས་བགྲངས་པ་ཧ་ལམ་མཐོང་རྒྱུ་མེད་ཅིང་། ཡང་ལས་དོན་འཐུས་ཤོར་དང་བྱུས་ཉེས་ཀྱི་སྐོར་གླེང་སྐབས། གོང་རིམ་གྱི་བཀོད་འདོམས་འོག་ཏུ་ལས་དོན་སྒྲུབ་མཁན་གཤམ་འོག་ལས་བྱེད་པ་རྣམས་དང་། མང་ཚོགས་ཀྱིས་མ་འཇོན་རབས་མ་གཏོགས། དཀོན་མཆོག་གོང་ཕུད་ཅེས་སྦུག་རྩ་ངོ་མ་དེར་ཅི་ཡང་བརྗོད་ཕོད་ཀྱི་མེད་པའམ་བརྗོད་ཀྱི་མེད། ཅི་མཛད་ཡང་དག་པ་དང་ཅི་གསུང་ལེགས་བཤད་རེད།》ཞེས་གསུངས་ཡོད།

    ཁང་རྡོ་ལགས་་་་འཇིག་རྟེན་གྱི་གཏམ་དཔེར།
    ཕོ་གཏམ་ལྕགས་ཀྱི་རི་བུ་དེ་སྔར་ལོར་བཤད་ཀྱང་ད་ལོར་ཡོད། མོ་གཏམ་ས་ལེ་སི་ལ་དེ་སྔར་དྲོར་བཤད་ན་ཕྱི་དྲོར་མེད་ཞེས་པ་ལྟར་ཁྱེད་ཀྱིས་ཀྱང་ཟླ་བ་ཁ་ཤས་ཀྱི་སྔོན་དུ་བཤད་པའི་བཟང་བཟང་བླ་མ་དང་ངན་ངན་མང་ཚོགས་ཡིན་པར་ཆ་འཇོག་རྒྱུ་ཡིན་ནམ།

    རེད་ཡ་་བཙན་བྱོལ་སྤྱི་ཚོགས་ནང་དུ་སོ་སོའི་འདོད་ཐོག་ཏུ་མི་འགྲོ་དུས་མང་ཚོགས་ལ་ཤེས་ཡོན་མེད་རབས་དང་མང་ཚོགས་ལ་རྣམ་དཔྱོད་མེད་རབས་མང་ཚོགས་ལ་འཇོན་སྟངས་མེད་རབས་བཤད་བསྡད་པ་འདི་ནི་དངོས་སུ་མང་ཚོགས་ལ་རྣམ་དཔྱོད་མེད་པ་བརྗོད་བཞིན་དུ་ཤུགས་ལ་རང་ཉིད་རྣམ་དཔྱོད་ལྡན་པའི་མཁས་དབང་ཞིག་ཡིན་ཀྱང་རང་གི་འདོད་པ་ལྟར་མ་བྱུང་པར་བརྗོད་ཀྱི་ཡོད་རེད།

    ཁང་རྡོ་ལགས་་་་་བཙན་བྱོལ་སྤྱི་ཚོགས་ནང་དུ་རྣམ་དཔྱོད་ལྡན་པའི་མི་བུ་ཁྱེད་གཅིག་པོ་རེད་པས།། ཁྱེད་ཀྱིས་བཀའ་སྤྱི་གཉིས་ཀྱི་སྐོར་ཅིག་ཅིག་མོག་མོག་མང་པོ་ཞིག་བྲིས་འདུག་སྟེ་མཐའ་སྟུག་དུས་ནག་ཉེས་ཡོད་ཚོད་མང་ཚོགས་ཀྱི་མགོ་ཐོག་ཏུ་གཡུགས་འདུག

    གཏམ་དཔེར་བཀོད་ན་་་་་ལྐུགས་ལྐུགས་མང་ཚོགས་དང་མཁས་མཁས་ཁང་གསར་ཞེས་པ་ལས་ཅིག་མང་པོ་ཞིག་བྲིས་ཡོད་པ་དེར་རྒྱུ་མཚན་མི་འདུག

    Reply
  24. ནད་པ says:
    ལོ་ 15 སྔོན།

    ཁང་གསར་ལགས། དབུས་གཙང་མི་དམངས་སྤྱི་ཡོངས་ནས་ཐོག་དང་པོར་བཀྲིས་དབང་འདུས་ལགས་ཀྱིས་བཀའ་ཁྲིར་ལངས་རྒྱུའི་ཞལ་བཞེས་གནང་ཡོད་ཚེ་དབུས་གཙང་མི་དམངས་ཀྱིས་བཀྲས་མཐོང་ལས་ལྷག་པའི་འོས་ཤོག་ལྡུག་ངེས་རེད།

    བཀྲིས་དབང་འདུས་ལགས་ཀྱིས་ཁས་ལེན་མ་བྱས་སྟབས་བཀའ་ཟུར་བཀྲས་མཐོང་ལགས་ཀྱིས་བཀའ་ཁྲིར་ལངས་ཡོད། ད་ཆ་བཀའ་ཟུར་བཀྲིས་དབང་འདུས་ལགས་བཀའ་ཁྲིར་སླེབས་རྒྱུའི་གོ་སྐབས་ཡོངས་སུ་བྲལ་སྟབས་རང་གཞན་གཉིས་འཕུང་མི་ཡོང་ཆེད་ངེས་པར་བཟང་སྤྱོད་ཐོག་དགོངས་ཞུ་གནང་དགོས།

    ད་ཆ་སྤྱི་ཚོགས་ཁྲོད་མི་དམངས་དང་དཔྱད་ཞིབ་པ་མང་པོས་བཀྲིས་དབང་འདུས་ཀྱིས་ཆེད་དུ་བཀྲས་མཐོང་གི་འོས་ཤོག་ཁ་བསྟོར་གཏོང་ཆེད་དང་བློ་བཟང་སེང་གེ་ཐད་ཀར་རྒྱུ་དངུལ་སོགས་འབྲེལ་བ་ཡོད་ཚུལ་ལྐོག་ནས་གླེང་བཞིན་སྟབས་ད་དུང་དེ་འདྲ་གནང་ཚེ་བཀྲིས་དབང་འདུས་ལ་མི་དམངས་ཀྱི་བལྟ་ཚུལ་ཡག་པོ་ཡོང་རྒྱུ་མིན་པའི་མངོན་རྟགས་གསལ་པོ་རེད།

    ད་དུང་བློ་བཟང་སྦྱིན་པ་ལགས་དང་བསོད་ནམས་སྟོབས་རྒྱལ་ལགས་རྒྱ་རི་སྒྲོལ་མ་བཅས་ཀྱིས་དམངས་གཙོའི་འོས་ཤོག་ཁ་བསྟོར་མི་ཡོངས་ཆེད་དང་ལྷག་དོན་འབྱུང་འགྱུར་གྱི་བཀའ་ཁྲིའི་དེའི་མང་མོས་འོས་ཤོགརྒྱ་ཆ་ཚད་མཐོན་པོར་སླེབས་ཐུབ་པ་དང་བཀའ་ཁྲི་གསར་པ་དེས་ཀྱང་མི་དམངས་ཀྱི་རེ་བ་ཆུད་བཟོས་སུ་མི་འགྲོ་བའི་སླད་དུ་དགོངས་ཞུ་བྱས་ན་གཞུང་དང་། སྒེར། མི་དམངས་སོགས་ཕྱོགས་ཡོངས་ལ་ཕན་ཐོག་ཆེན་པོ་ལྡན་ཡོད།

    Reply
  25. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ༡༠༽ མང་པོ་ཞིག་གིས་སྤྱི་འཐུས་ཀྱི་འོས་མི་གཞན་མང་པོའི་སྐོར་བཤད་མི་འདུག་ཅེས་ལབ་འདུག སྔོན་འགྲོའི་འོས་མིར་ཆོལ་ཁ་གསུམ་ཁོ་ནར་མི་གྲངས་ ༡༥༠ ཡོད་སྟབས་བཤད་ཚོད་མི་འདུག
    ༡༡༽ སྤྱི་དུས་ལ་བཀའ་བློན་བཞིན་དུས་ཚོད་རྒྱས་བཅད་དགོས་མ་དགོས་དེ་འུ་ཐུག་གི་སེམས་ཁྲལ་རེད། དེ་ནི་བོད་ཀྱི་རྩ་དོན་དང་བོད་ཀྱི་རིག་གཞུང་། འཛིན་སྐྱོང་སོགས་ལ་ཡར་རྒྱས་མེད་པར་རྙོག་དྲ་མང་པོ་ཐོན་དུས། མི་ཚོའི་སེམས་ནང་། སྤྱི་འཐུས་རྙིང་པ་དེ་ཚོས་མ་འཇོན་པ་རེད་དྲན་གྱི་ཡོད་རེད། གཞན་ཞིག་ནི། སྤྱི་འཐུས་མང་བོ་ཞིག་མི་ཚེ་གཅིག་སྤྱི་འཐུས་བྱས་ཏེ་བསྡད་ཀྱི་ཡོད། དེ་ཚོར་འགྱུར་བ་བཏང་སྟེ། མི་གསར་པ་བྱུང་ན་ཡར་རྒྱས་ཡོང་གི་རེད་དྲན་གྱི་ཡོད་རེད། འོན་ཀྱང་སྤྱི་འཐུས་ནང་མི་གསར་པ་སླེབས་ནའང་བྱ་རྒྱུ་བྱེད་རྒྱུ་ཞེ་དྲག་ཡོད་མ་རེད། ལུང་པ་མང་པོའི་ནང་ལ་འོས་བསྡུ་རེ་བྱེད་དུས་སྤྱི་འཐུས་གསར་པ་སླེབས་ཀྱི་རེད། ཡིན་ནའང་འགྱུར་བ་ཤུགས་ཆེན་པོ་སོང་ན་ཡག་རྟགས་ཅང་མ་རེད། སྤྱི་འཐུས་གསར་པའི་བསྡུར་ཚད་དེ་བརྒྱ་ཆ་ ༥༠ ནས་བརྒལ་ན་ཡག་པོ་རང་བརྩི་གི་མ་རེད།
    སྤྱི་འཐུས་ལ་སྐབས་གཉིས་ལྷག་བྱས་མི་ཆོག་པ་ལྟ་བུའི་རྒྱས་བཅད་བཟོ་མི་རུང་སྙམ། སྤྱི་འཐུས་དེས་ཁོ་རང་གི་མང་ཚོགས་ཀྱི་འདོད་པ་མཚོན་གྱིན་མེད་ན། མང་ཚོགས་ཀྱིས་འོས་བླུག་གི་མ་རེད། འདོད་པ་མཚོན་གྱིན་ཡོད་ན་མུ་མཐུད་འོས་བླུག་གི་རེད། སྤྱི་འཐུས་ཀྱི་དབང་ཚད་དེ། མཉམ་འདུས་ཀྱི་དབང་ཚད་རེད། བཀའ་བློན་ཁྲི་པ་ལྟ་བུ་མ་རེད། ལྷག་པར་དུ་ཁྲིམས་དང་སྒྲིག་གཞི་དེ་ཚོ་གཏན་འབེབས་བྱེད་མཁན་ཡིན་དུས། སྔོན་གྱི་བྱུང་རབས་དང་རྒྱུ་མཚན་དེ་ཚོ་འཐུས་མི་རྙིང་པས་གསར་པར་བརྒྱུད་སྤྲོད་ཐུབ་དགོས་པ་དེ་གནད་འགག་རེད།
    ད་ལྟ་ང་ཚོར་དཀའ་ངལ་ཆེ་ཤོས་མང་ཚོགས་ལ་རྣམ་དཔྱོད་མེད་པ་དེ་རེད། གྲོས་ཚོགས་ནང་ལ་སྤྱི་འཐུས་ཤིག་གིས་སྐད་ཤུགས་ཆེན་པོས། གཞན་ལ་སྐྱོན་འཛུགས་དང་འར་གཏམ་བཤད་ན། ཞེའུ་བཤད་སོང་དྲན་གྱི་ཡོད་རེད། དཔའ་བོར་བརྩི་གི་རེད། ལྟ་སྟངས་དེ་མདོ་སྟོད་མང་ཚོགས་ནང་ལ་ཤུགས་ཆེན་པོ་འདུག ཡང་སྤྱི་འཐུས་ཤིག་གིས་རྒྱུ་མཚན་མང་པོའི་ཐོག་ནས་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་ཐེར་འདོན་བྱས་ན། མི་ཚོས་ཁོ་གཞུང་ལ་མ་དགའ་མཁན་དང་། ༸རྒྱལ་བ་རིན་པོ་ཆེ་ལ་ངོ་ལོག་བྱེད་མཁན་རེད་མདོག་མདོག་བྱེད་ཀི་འདུག དེ་དབུས་གཙང་དང་མདོ་སྨད་མང་ཚོགས་ནང་ལ་ཤུགས་ཆེན་པོ་འདུག
    དེ་ནས་མང་ཆེ་བས། གསར་འགྱུར་དང་ཚོགས་འདུའི་ནང་ལ་ཇི་ཙམ་གྱིས་མང་བ་མངོན་ན། དེ་ཙམ་གྱིས་འཇོན་པ་དང་མཁས་པར་བརྩི་གི་འདུག མང་ཚོགས་ལ་སྤྱི་འཐུས་བཟང་ངན་འབྱེད་པའི་རྣམ་དཔྱོད་དེ་ཙམ་ལས་མེད་པ་རེད། དཀའ་ངལ་ཆེ་ཤོས་དེ་རེད།
    ང་ཁེ་ན་ཌའི་ནུ་ནེ་ཝུ་ཊི་ལ་བསྐྱོད་པའི་མྱོང་ཚོར་ཞིག་སྔོན་མ་འབྲི་མྱོང་། ཁོང་ཚོ་ལ་གྲོས་ཚོགས་ཀྱི་དྲ་རྒྱ་འདུག དེའི་ནང་སྤྱི་འཐུས་ཚང་མའི་ལོ་རྒྱུས་དང་གྲོས་གཞི་གྲོས་འཆར་དེ་ཚོ་བཀོད་ཡོང་གི་འདུག སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་དེ་འདྲ་ཞིག་བཟོས་གནང་དགོས་འདུག ཐག་རིང་ལ་ཡོད་པའི་མང་ཚོགས་ཀྱིས་དེ་ཚོ་ལྟ་གི་རེད། ཡཱ། ཉུང་ཉུང་འབྲི་གི་ཡིན་བཤད་དེ་མང་བོ་ཞིག་འབྲི་བར་ཐལ་སོང་།

    Reply
  26. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ༩༽ བཀྲས་མཐོང་བཀའ་ཁྲི་བྱེད་སྐབས་ཀྱི་དངུལ་ཁ་མ་འདུམ་པའི་སྐོར་ལ་ངས་དོ་སྣང་བྱེད་བཞིན་ཡོད། ད་བར་ཤེས་པ་ལྟར་ན་གཞུང་དངུལ་སྒེར་ཟོས་བྱས་པ་ལྟ་བུ་ནི་རྩ་བ་ནས་རེད་མི་འདུག ཁོང་བཀའ་ཁྲིར་ལངས་འདོད་ཡོད་ན། འདིའི་སྐོར་ཞིབ་ཕྲ་ཞིག་བཤད་ངེས་རེད། གོ་ཐོས་ལ་མི་ཁ་ཤས་ཀྱིས་ཀྱང་འདིའི་ཐད་ལ་གསལ་བཤད་ཅིག་གྲ་སྒྲིག་བྱེད་ཀྱི་ཡོད་ཚུལ་ཐོས།
    སྔོན་མ་ངས་བོད་མིའི་རང་དབང་ཚགས་ཤོག་ཡོངས་རྫོགས་གཤར་ཀློག་བྱེད་སྐབས། དེའི་ནང་ལ། བོད་གཞུང་གིས་དངུལ་དེ་བཀྲས་མཐོང་གིས་སྒེར་ཟོས་བྱས་པ་ཞིག་མིན་ཚུལ་གསལ་བཤད་གནང་བ་ཞིག་ཏན་ཏན་མཐོང་མྱོང་དྲན། ད་ལྟ་ང་ལ་འདིར་བོད་མིའི་རང་དབང་གསར་ཤོག་རྙིང་པ་དེ་ཚོ་རག་ཐབས་མེད། གལ་ཏེ་དངོས་གནས་དོ་སྣང་ཡོད་ན། རྒྱ་གར་ནང་བཞུགས་མཁན་ཚོས་ ༡༩༩༥།༩༦ ནང་གི་བོད་མིའི་རང་དབང་གསར་ཤོག་ཡོངས་རྫོགས་ཞིབ་བཤེར་ཞིག་གནང་དང་། ཏན་ཏན་རྙེད་ངེས་རེད།
    ༡༩༩༥ ལོའི་དམངས་གཙོ་ཚགས་པར་ལའང་གཟིགས། དེའི་ནང་ལ་དངུལ་ཆད་ཅེས་བྲིས་འདུག་མ་གཏོགས་ལྐོག་ཟ་བྱས་པའི་སྐོར་མི་འདུག དངུལ་ཆད་ཅེས་པ་དེ་ཡང་ཚིག་འབྲི་ནོར་ཤོར་བ་ཞིག་ཡིན་པ་ཉེ་དུས་དམངས་གཙོ་ཚགས་པར་གྱི་རྩོམ་སྒྲིག་པ་འཇམ་དབྱངས་ནོར་བུས་རྩོམ་ཡིག་སྤེལ་ཏེ་གསལ་བཤད་བྱས་སོང་། འོན་ཀྱང་བཀྲས་མཐོང་ལ་སྐྱོན་ཆ་མེད་པ་མ་རེད། སྐྱོན་ཆ་ཡོད་རེད། གཞུང་དངུལ་ཆད་པའམ་ཁ་མ་འདུམ་པ་གང་ཡིན་རུང་སྐྱོན་ཆ་རེད། ངས་སྐྱོན་དེ་ཚོ་སྐབས་གཞན་དུ་ཐེངས་ཁ་ཤས་བཤད་ཟིན་པ་ཡིན།

    Reply
  27. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ༧༽ ཇོ་ནང་ཆོས་རྒྱུད་ས་སྐྱའི་ཁོངས་ཡིན་དང་མིན་གྱི་རྩོད་པ་དེ་ག་ཟི་དགེ་བཤེས་ཚེ་རིང་པོས་འགོ་བཙུགས་པ་རང་ཡིན་ས་མ་རེད། འོན་ཀྱང་ཁོང་གིས་དེའི་ནང་འཚང་སྟེ་དེབ་གཉིས་ཙམ་ཞིག་བྲིས་འདུག བྲི་སྟངས་ལ་བལྟས་ན། མི་སྤྲོ་ཐུང་ཐུང་གི་གཤིས་ཀ་ཞིག་མངོན་ཡོང་གི་འདུག་མ་གཏོགས། མཁས་པའི་རྣམ་དཔྱོད་དང་ཆབ་སྲིད་པའི་བཤད་སྟངས་གཉིས་ཀ་མི་འདུག
    ༨༽ ངས་བཀྲ་ཤིས་དབང་འདུད་ལགས་ཀྱི་སྐོར་ལ། ཚོད་དཔག་བྱས་པ་ཞིག་ནོར་ཡོད་ས་རེད། དེ་རིང་དབྱིན་ཡུལ་དུ་གནས་སྡོད་གྲོགས་པོ་ཞིག་གིས་ང་ལ་གློག་འཕྲིན་ཞིག་བསྐུར་བའི་ནང་། བཀྲ་ཤིས་དབང་འདུད་ལགས་དོན་གཅོད་ཀྱི་ཞབས་སྟེགས་བཞག་སྟེ་མཐའ་མའི་འོས་འདེམས་ནང་ཞུགས་རྒྱུ་རེད་ཅེས་བྲིས་འདུག ཁོང་ལ་ད་རེས་འོས་ཤོག་ཉུང་ཉུང་ཞིག་མ་གཏོགས་ཐོབ་མེད། མ་ཐོབ་པ་དེ་ཁོང་གི་ངོས་ནས་དྲིལ་བསྒྲགས་ཉུང་བའི་དབང་གིས་རེད་དྲན་ཡོད་སྲིད། ད་དུང་གནས་སྐབས་དོན་གཅོད་ཀྱི་ཞབས་སྟེགས་བཞག་ནའང་། མ་འོངས་དགོས་པ་བྱུང་ཚེ། ཞབས་སྟེགས་དེ་འམ་དེ་ལས་མཐོ་བ་ཞིག་སླར་ཡང་རག་ཐུབ་པའི་གདེང་ཚོད་ཀྱང་ཡོད་སྲིད།

    Reply
  28. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ༨༽ ངས་བཀྲ་ཤིས་དབང་འདུད་ལགས་ཀྱི་སྐོར་ལ། ཚོད་དཔག་བྱས་པ་ཞིག་ནོར་ཡོད་ས་རེད། དེ་རིང་དབྱིན་ཡུལ་དུ་གནས་སྡོད་གྲོགས་པོ་ཞིག་གིས་ང་ལ་གློག་འཕྲིན་ཞིག་བསྐུར་བའི་ནང་། བཀྲ་ཤིས་དབང་འདུད་ལགས་དོན་གཅོད་ཀྱི་ཞབས་སྟེགས་བཞག་སྟེ་མཐའ་མའི་འོས་འདེམས་ནང་ཞུགས་རྒྱུ་རེད་ཅེས་བྲིས་འདུག ཁོང་ལ་ད་རེས་འོས་ཤོག་ཉུང་ཉུང་ཞིག་མ་གཏོགས་ཐོབ་མེད། མ་ཐོབ་པ་དེ་ཁོང་གི་ངོས་ནས་དྲིལ་བསྒྲགས་ཉུང་བའི་དབང་གིས་རེད་དྲན་ཡོད་སྲིད། ད་དུང་གནས་སྐབས་དོན་གཅོད་ཀྱི་ཞབས་སྟེགས་བཞག་ནའང་། མ་འོངས་དགོས་པ་བྱུང་ཚེ། ཞབས་སྟེགས་དེ་འམ་དེ་ལས་མཐོ་བ་ཞིག་སླར་ཡང་རག་ཐུབ་པའི་གདེང་ཚོད་ཀྱང་ཡོད་སྲིད།

    Reply
  29. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ༦༽ བཙན་བྱོལ་ནང་སྟོད་པ་དང་མངའ་རིས་ཀྱི་མི་ཤུགས་ཆེན་པོ་རེད། དེ་ཡང་ ༡༩༥༩ ནས་ ༡༩༦༥ བར་གྱི་དུས་ཡུན་ནང་བོད་ཀྱི་ས་མཚམས་ནས་ཁོང་ཚོ་དངོས་ཟོག་རིན་ཅན་ཚང་མ་འཁྱེར་ནས་ལྷོད་ལྷོད་ངང་ཡོང་ཐུབ་པ་རེད། བཙན་བྱོལ་ནང་ཤེས་ཡོན་དང་གོ་གནས་སོགས་ཀྱི་གོ་སྐབས་ཀྱང་ཡག་ཤོས་ཐོབ་ཡོད། དེ་ཚོ་ཁོ་རང་ཚོའི་ལས་བསོད་རེད། དེང་སྐབས་རྩིས་རྒྱོབས་དང་། ལས་ཁུངས་ཁག་གི་དྲུང་ཆེ་དང་དྲུང་ཟུར་ཡོད་ན་མེད་ན་དེ་ཚོ་མང་ཆེ་བ་སྟོད་པ་མིན་ན་མངའ་རིས་རེད།
    ༧༽ ཇོ་ནང་ཆོས་རྒྱུད་ས་སྐྱའི་ཁོངས་ཡིན་དང་མིན་གྱི་རྩོད་པ་དེ་ག་ཟི་དགེ་བཤེས་ཚེ་རིང་པོས་འགོ་བཙུགས་པ་རང་ཡིན་ས་མ་རེད། འོན་ཀྱང་ཁོང་གིས་དེའི་ནང་འཚང་སྟེ་དེབ་གཉིས་ཙམ་ཞིག་བྲིས་འདུག བྲི་སྟངས་ལ་བལྟས་ན། མི་སྤྲོ་ཐུང་ཐུང་གི་གཤིས་ཀ་ཞིག་མངོན་ཡོང་གི་འདུག་མ་གཏོགས། མཁས་པའི་རྣམ་དཔྱོད་དང་ཆབ་སྲིད་པའི་བཤད་སྟངས་གཉིས་ཀ་མི་འདུག

    Reply
  30. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ༤༽ གྲོས་ཚོགས་ནང་གཞུང་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་གཉིས་ཀ་ཡོང་ཆོག་པ་རེད། དབུ་མའི་ལམ་ཤོད་མཁན་མ་གཏོགས་རང་བཙན་བཤད་མཁན་ཡོང་མ་ཆོག་པ་དེ་འདྲ་མ་རེད། མི་གཅིག་གྲོས་ཚོགས་འཐུས་མི་དང་ཆོལ་ཁ་ཞིག་གི་ཚོགས་གཙོ་གཉིས་ཀ་ཡིན་ན། དེའི་ལས་དོན་ཡང་ལོགས་སུ་ཕྱེ་ནས་ལྟ་དགོས། གྲོས་ཚོགས་ནང་ཁོང་གིས་ལངས་ཕྱོགས་ཤིག་བཟུང་ཆོག་གི་རེད། ཆོལ་ཁའི་ཚོགས་འདུའི་གྲོས་ཆོད་དེ་ཚོགས་གཙོ་གཅིག་པུའི་ལག་པར་ཡོད་མདོག་ཁ་པོ་མ་རེད། དེ་གཉིས་འགལ་བར་སོང་ཡང་ལོགས་སུ་ལྟ་དགོས།

    ༥༽ དྲུང་ཟུར་བློ་བཟང་སྦྱིན་པ་ནི་བྱས་པ་ཅན་ཞིག་རེད། གཞུང་གི་ཞབས་འདེགས་ཡུན་རིང་ཞུ་མཁན་ཚོར་ལབ་རྒྱུ་གླེང་རྒྱུ་ཕྲན་བུ་ཡོང་གི་རེད། སྐྱོན་ཆ་ཡང་ཡོད་སྲིད། འོན་ཀྱང་སྤྱི་ཡོངས་ནས་བཤད་ན་བློ་བཟང་སྦྱིན་པ་དང་འཁོར་ལྷ་ཚང་བསོད་སྟོབས་སོགས་ལ་ང་ཚོས་གུས་བརྩི་ཞུ་དགོས། རང་གི་སྙན་གྲགས་སླར་གསོའི་ཆེད་དུ་བཀའ་ཁྲིར་ལངས་པ་ཡིན་ནའང་། དེ་མ་འོས་པ་དང་མ་འགྲིག་པ་ཅང་མ་རེད། སུ་ཡིན་ནའང་སྙན་གྲགས་ཉམས་ན་སླར་གསོ་ཡོང་ཐབས་བྱེད་དགོས། མ་བྱས་ན་མི་དེ་ལ་སྙིང་སྟོབས་མེད་པའི་རྟགས་རེད། ངས་བློ་བཟང་སྦྱིན་པའི་སྐོར་ལ་ཅང་མ་བཤད་པ་དེ་བཤད་དགོས་དོན་མ་མཐོང་བས་ཡིན།

    Reply
  31. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ༣༽ གྲོས་ཚོགས་ཀྱི་དགེ་མཚན་ནི། སྤྱི་འཐུས་བྱེ་བྲག་རེ་རེ་ལ་ཐག་གཅོད་ཀྱི་དབང་ཚད་མེད་པར། མང་མོས་དང་སྤྱི་མོས་གང་རུང་གི་ཐོག་ནས་ཐག་བཅད་དགོས་པ་དེ་རེད། དེར་བརྟེན་གྲོས་ཚོགས་ཀྱི་གྲུབ་ཆ་དེ་ལྗིད་མཉམ་དགོས་པ་གནད་འགག་ཆེན་པོ་རེད། ཆོལ་ཁ་དང་ཆོས་ལུགས་གང་ཡིན་རུང་ཚད་མཉམ་ཞིག་ཡོད་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་ཆོལ་ཁའི་སྤྱི་འཐུས་ཀྱི་གྲངས་ཚད་ཁྲིམས་ལྟར་ན་མཉམ་ཡོད་ཀྱང་། དོན་ལྟར་ན་མཉམ་གྱི་མེད། དེ་ཡང་ཆོལ་ཁས་ཆོས་ལུགས་མི་སྣ་བེད་སྤྱོད་ཀྱིས་ཆོས་ལུགས་སྤྱི་འཐུས་ཆོལ་ཁ་ཅན་དུ་བསྒྱུར་བཞིན་ཡོད། དེ་ནི་སྐྱེ་ཁུངས་ཁམས་ཡིན་པའི་ཆོས་ལུགས་ཀྱི་སྤྱི་འཐུས་ཚོ་མདོ་སྟོད་ཀྱི་ཕྱོགས་གཏོགས་ལ་བསྒྱུར་བ་དང་། སྐྱེ་ཁུངས་དབུས་གཙང་ཡིན་པའི་ཆོས་ལུགས་ཀྱི་སྤྱི་འཐུས་ཚོ་དབུས་གཙང་གི་ཕྱོགས་གཏོགས་སུ་བསྒྱུར་བ་ལྟ་བུ་རེད། གནས་ཚུལ་དེ་གཡུང་དྲུང་རྒྱལ་མཚན་དང་པདྨ་འབྱུང་གནས་ཀྱི་ཐོག་ནས་གསལ་པོ་རེད། འདི་མུར་སོང་ན་ད་ལྟ་ནས་དཀའ་ངལ་གྱི་མགོ་དོད་པ་ལྟར། མ་འོངས་པར་ཆོས་སྡེ་ཁག་གི་ནང་ཆབ་སྲིད་པས་ལག་རྩེད་བརྩེས་ཏེ་དཀའ་ངལ་ཆེན་པོ་ཆགས་རྒྱུ་རེད། ཆབ་སྲིད་ཀྱི་ཐད་ནས་བཤད་ནའང་ཆོས་བྱེད་མི་སྣས་མི་དྲང་བ་དང་རང་ཚུགས་མེད་པའི་བྱེད་སྟངས་ཀྱིས་དཀའ་ངལ་ཆེན་པོ་བཟོ་ཉེན་ཡོད། ༡༩༥༩ གོང་དུ་སྐུ་དྲག་ཚོས་གདན་ས་གསུམ་གྱི་ཆོས་བྱེད་མི་སྣ་བེད་སྤྱོད་བཏང་སྟེ་རང་གི་ཁེ་ཕན་ཆེན་པོ་བསྒྲུབས་པ་རེད། དེ་རང་འཇགས་ཡོང་གི་རེད། བཙན་བྱོལ་དུ་སླེབས་རྗེས་གདན་ས་གསུམ་དྷ་རམ་ས་ལ་ནས་ཐག་རིང་པོར་བཞག་པ་དེར་དགོངས་གཞི་དགོས་པ་ཡོད་རེད།

    Reply
  32. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ༢༽ སྤྱི་འཐུས་ཚོ་སྤྱི་མི་རེད། སྤྱི་མིར་སླེབས་སྟངས་དེ་ཆོས་ལུགས་སམ་ས་ཁུལ་གྱི་མང་ཚོགས་རྨང་གཞིར་བྱས་ཏེ་ཡོང་བ་རེད། དེར་བརྟེན་ཁོང་ཚོའི་ལས་འགན་ནང་རང་ཉིད་ལ་འོས་འཕེན་མཁན་མང་ཚོགས་ཀྱི་མངོན་འདོད་གྲོས་ཚོགས་བརྒྱུད་མཚོན་པ་བྱེད་དགོས་པ་དེ་ཡང་ཚུད་ཡོད། ཁོང་ཚོས་རང་གི་ས་ཁུལ་དང་རང་གི་ཆོས་རྒྱུད་ཀྱི་ཁེ་ཕན་དང་འབྲེལ་བའི་སྐད་ཆ་བཤད་ངེས་རེད། དེ་ལྟར་བཤད་ཡོང་དུས། ས་ཁུལ་ཀ་ཁ་ག་གསུམ་ཡོད་པར་ཆ་བཞག ཀ་པའི་སྤྱི་འཐུས་ཀྱིས་ཀ་ཡི་ཁེ་ཕན་བརྩད་ན། ཁ་དང་ག་གཉིས་ཀྱིས་མ་དགའ་བ་བྱེད་སྲིད་ཀྱང་། ཀ་ཡིས་དགའ་ངེས་རེད། ཁ་དང་ག་གཉིས་ཀྱི་མང་ཚོགས་ཚོས། ཀ་པའི་སྤྱི་འཐུས་དེ་མུ་མཐུད་འོས་འདེམས་མི་ཡོང་བའི་རེ་བ་བྱེད་ངེས་ཀྱང་། ཀ་ཡི་མང་ཚོགས་ཀྱིས་ཁོ་དཔའ་བོར་བརྩིས་ནས་མུ་མཐུད་བདམས་ངེས་རེད། མ་བདམས་ན་མ་འོངས་པར་ཁོང་ཚོའི་ཁེ་ཕན་ཆེད་དུ་གཞན་ལ་དགྲ་བསག་མཁན་ཞིག་ཡོང་གི་མ་རེད། ཁ་དང་ག་ལ་མ་འདོད་པ་ཇི་ཙམ་ཡོད་ཀྱང་། ཀ་ཡི་སྤྱི་འཐུས་ལ་འཕོ་འགྱུར་གཏོང་དབང་མེད་པ་དེ་དམངས་གཙོའི་ཁྱད་ཆོས་དང་ཁེ་དབང་ཞིག་རེད།
    གཡུང་དྲུང་རྒྱལ་མཚན་དང་ཟླ་བ་ཚེ་རིང་། སྨོན་ལམ་མཐར་ཕྱིན་སོགས་ད་རེས་སྤྱི་འཐུས་སུ་བསྐྱར་དུ་འོས་འདེམས་བྱུང་དོན་དེ་ག་རེད། དེའི་ནང་ནས་སྨོན་ལམ་མཐར་ཕྱིན་དང་ཟླ་བ་ཚེ་རིང་གཉིས་རིམ་པ་བཞིན་བོན་དང་དབུས་གཙང་གི་སྤྱི་འཐུས་སུ་རང་འཇགས་སླེབས་ཡོད། ངས་གོང་དུ་ཞུས་པ་བཞིན། ཁོང་གཉིས་ལ་ཞན་ཆ་ཡོད་ཀྱང་ལེགས་ཆ་ཡང་མང་བོ་འདུག སྨོན་ལམ་མཐར་ཕྱིན་མགོ་ཚོས་པོ་རེད། ཁ་རི་ཁ་ཐུག་རེད། ཟླ་བ་ཚེ་རིང་གིས་ཁ་བཤད་ནས་མ་བསྡད་པར་ལག་ལེན་རང་གི་ནང་དུ་ལས་ཀ་མང་བོ་བྱས་ཡོད། དེ་ཚོ་རང་རང་གི་མང་ཚོགས་ཚོས་མཐོང་གི་ཡོད་རེད།

    Reply
  33. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    དུས་ཚོད་ཉུང་བས། བསམ་འཆར་འདོན་མཁན་ཚོར་ལན་མདོར་བསྡུས་རེ་ཞུ་བར་བྱ།
    ༡༽ ཆབ་སྲིད་ཀྱི་མི་སྣར་ལྟ་སྐབས་ང་ཚོས་ཡག་ས་ཉེས་ས་གཉིས་ཀ་ནས་བལྟ་དགོས། སྤྱིར་བཏང་ཆབ་སྲིད་ཀྱི་ལས་དོན་དེ་ལེགས་ཉེས་གང་དུ་འགྱུར་མིན་ངེས་པ་མེད་པ་ཞིག་རེད། ཆབ་སྲིད་པ་ཞིག་གིས་ནོར་འཁྲུལ་ཤོར་སྲིད་པ་རེད། ནོར་འཁྲུལ་རྩ་བ་ནས་མེད་པ་ཞིག་ཧ་ཅང་ཁག་པོ་རེད། ལྷག་པར་དུ་ནོར་འཁྲུལ་གཅིག་གཉིས་ཤིག་གིས་བྱས་རྗེས་ཚང་མ་ནག་བསུབ་གཏོང་བ་དང་། བྱས་རྗེས་གཅིག་གཉིས་ཤིག་གིས་བྱས་ཉེས་ཚང་མ་དཀར་བསུབ་གཏོང་བའི་ལྟ་སྟངས་དེ་ཡག་པོ་མ་རེད། དེ་གཉིས་སོ་སོར་བཀར་ཏེ་ཡང་ལྕི་འཇལ་དགོས།

    Reply
  34. མདོ་སྨད་པ་རིག་རྒོད། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས།
    ཁྱེད་ཀྱི་དཔྱད་བརྩམས་འདི་ཧ་ཅང་གི་ཡག་པོ་འདུག་སྟེ།
    མིང་ཤས་བཟོ་བ་ཞེས་པ་དེ་ངས་ཁས་ལེན་བྱེད་མི་ཐུབ།
    གང་ཡིན་ཞེ་ན། བཀྲས་མཐོང་ལ་དཔལ་འབྱོར་གྱི་གནས་ཚུལ་ཡོད་པ་
    དེ་ཁྱེད་ཀྱིས་ད་དུང་མ་ཤེས་དེ་ནི་ཧ་ཅང་གི་ཡ་མཚན་ཆེན་པོ་རེད།

    ངས་ཁྱེད་ལ་མདོར་ཙམ་བརྗོད་རྒྱུ་ཡིན། བཀྲས་མཐོང་་་་་ཨ་རིའི་དོན་གཅོད་བྱེད་སྐབས་བོད་ཀྱི་ཐེབས་རྩ་ཁང་ཞེས་པ་ཞིག་
    གསར་འཛུགས་བྱེད་ཡོད། དེའི་ནང་དུ་ལོ་རེ་ནས་ཨ་སྒོར་་་་ས་ཡ་ལྔ་བཅུ་ཡོང་གི་འདུག། དེའི་ནང་ནས་བོད་གཞུང་སྒོར་མོ་ག་ཚོད་སྤྲད་མ་སྤྲད་ནི་་་་་བཀྲས་མཐོང་གི་ཕྱོགས་ཁག་གི་ལག་ཏུ་སaaླེབས་ནས་། ཐེབས་རྩ་ཁང་སྒེར་བདག་ཏུ་བྱས་ཚར་མི་འདུག་གམ།

    མ་ཟད་བཀའ་བློན་བྱེད་སྐབས་རྒྱ་གར་དང་མཉམ་དུ་ར་སྤུ་ཁྲིམས་འགལ་གྱི་ཚོང་བརྒྱགས་བྱེད་མི་འདུག་གམ།

    ཡང་ཐེ་ཝན་སྐྱོད་ནས་ཨ་སྒོར་ལྔ་སྟོང་ཐམ་པ་བཙན་བྱོལ་གྲོས་ཚོགས་ཀྱི་བཀའ་དང་འགལ་ནས་འཁྱེར་ཡོང་མི་འདུག་གམ།

    Reply
  35. འཇིགས་བྲལ་ says:
    ལོ་ 15 སྔོན།

    རྣམ་དཔྱད་རྩལ་གྱི་ཕྱུག་པའི་དྲ་གྲོགས་ཡོངས་ནས་ ཐུགས་སྣང་གནང་དགོས་པ་ཞིག་ལ་ གཤམ་ལ་མཚན་ ༼ ཞུམ་པ་མེད་ པ་དང་༽ ཟེར་བ་དེས་མཆནཧ་ཅང་གོ་རྒྱུ་ཡོད་པ་འཁོད་འདུག་པས་ དེའི་ཐད་ལ་བགྲོ་གླེང་གནང་ན་
    དགེ་མཚན་ཆེ་བ་དང་ ཁང་གསར་ནས་ དེར་ལེན་ཞིག་གནང་ཐུབ་ལེགས་།།

    Reply
  36. ཤེས་རབ། says:
    ལོ་ 15 སྔོན།

    སྤྱི་འཐུས་ཀྱི་སྐོར་དེ་མཐུད་འགོད་ཡོད་པར་ཞུ།

    Reply
  37. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    དཔྱད་རྩོམ་ཟེར་ན་འདི་འདྲ་ཞིག་ཡིན་རྒྱུ་རེད། ངོ་མ་ཧ་ལས་སོང། གཞོན་སྐྱེས་ང་ཚོར་མཁོ་བ་ནི་ཁྱེད་ཀྱི་དཔྱད་རྩོམ་ལྟ་བུ་ཡིན། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    Reply
  38. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱིས་གསུང་པ་དེ་ཤིན་ཏུ་བདེན
    དབུས་གཙང་ཆོལ་ཁའི་སྤྱི་མཐུས་ཟེར་ནའང་སྟོད་པའི་སྤྱི་མཐུས་རེད
    དབུས་གཙང་གི་མི་ཧ་ལམ་སྤྱི་མཐུས་ཀྱི་ཁོངས་སུ་སླེབས་མྱོང་ཡོད་མ་རེད
    གང་ཡིན་ཞེས་དབུས་པའི་མི་ཤིན་ཏུ་ཉུང་ཉུང་རེད་མ་་་་་ཟད་མི་དེ་རྣམས་ནི་དགའ་ལྡན་ཕོ་བྲང་ལ་ལྷག་བསམ་རྣམ་དག་ཡིན་པ་ལས་ཆོལ་ཁའི་གཞེན་ཁོག་ཧ་ལམ་ཡོད་མ་རེད

    Reply
  39. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ཁང་གསར་ལགས། ཉེ་སྔོན་བོད་རྒྱལ་ཡོངས་ཚོགས་ཆེན་སྐབས་བཀའ་བློན་ཁྲི་བ་ནང་བཞིན་བོད་མི་མང་སྤྱི་འཐུས་ལའང་དུས་ཚོད་ཀྱི་བཅད་མཚམས་དགོས་བར་བཤད་ཡོད་ལ། ཚོགས་ཆེན་གྱི་སྙན་ཐོའི་མང་གཙོ་འཕེལ་རྒྱས་དང་འབྲེལ་བའི་སྐོར་གྱི་དོན་ཚན་བཅུ་དགུ་བར། ༼སྤྱི་འཐུས་ཀྱི་ལས་ཡུན་བཀའ་ཁྲིའི་ལས་ཡུན་ལྟར་རྒྱས་བཅད་དགོས་པ།༽ 《རྒྱབ་སྐྱོར་༡༤༧་ དགག་བྱ་ ༧༥་》ཙམ་བྱུང་སྟེ་མང་མོས་ཀྱིས་རྒྱལ་ཁ་ཐོབ་ཡོད། ཡིན་ཡང་གྲོས་ཚོགས་ནང་འདིའི་སྐོར་ལ་གླེང་སློང་གང་ཡང་མི་འདུག སྐུ་ཉིད་ནས་འདིའི་སྐོར་ལ་བསམ་ཚུལ་ཞིག་འབྲི་ཐུབ་བམ།

    Reply
  40. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    གསལ་བཤད་ག་ཚོད་བྱས་ཀྱང་ཉན་མི་རྒྱུ་མེད་པའི་མི་དེ་ནི་༼བོང་བུའི་རྣ་ཅོག་ལ་གསེར་བླུགས་པ་༽དང་ཁྱད་པར་ཅི་ཡོད།
    དེ་ནི་བོད་པའི་དཔེ་ལྟར་༼རང་སྐྱོན་ཁོག་མ་གང་དེ་མར་སྦས་གཞན་སྐྱོན་ཟ་རུ་གང་དེ་ཡར་འཕྱར་༽ཞེས་པ་ལྟར་རེད་མི་འདུག་གམ།
    བཙན་བྱོལ་ཁྲོད་ཀྱི་ གསར་ཤོག་ཐོག་མ་ཤེས་བྱ་འདོན་སྤེལ་གནང་བ་དང་གཞོན་ལྷན་སོགས་གསར་དུ་བཙུགས་པའི་སྐོར་གང་ཡང་མི་མཐོང་བ་ནི་ཁྲི་ནད་ཅན་གྱི་དུང་སེར་པོ་མཐོང་བ་དང་ཁྱད་པར་ཅི་ཅི་ཅི།

    Reply
  41. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    ཁང་གསར་ལགས་སུ།
    སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར་ཅེས་གསུངས་པ་ལྟར་ཁྱོད་ཀྱིས་དཔྱད་པས་དང་བརྗོད་པ་ལ་བརྟེན་ནས་ཀུན་སློང་གང་ཡོད་དང་དམིགས་ཡུལ་གང་གི་ཕྱིར་དཔྱད་རྕོམ་འདི་སྤེལ་བ་ཡིན་མིན་རྟོགས་སླ་བས་གསལ་བཤད་ཞུ་དགོས་པའི་དགོས་པ་མ་མཐོང་།
    ལྷག་པར་དང་ནི་ཆད་པ་དང་ཅེས་པ་ལྟར་ཁྱོད་ཀྱིས་དྭོགས་འཆར་སྤེལ་རྒྱུ་དང་རྐྱོན་
    ་འཚོལ་རྒྱུའི་མི་སྣ་མང་པོ་ཞིག་ཆད་འདུག་ན་གཤམ་དུ་འཁོད་པའི་
    ་མི་སྣ་དེ་དག་གི་ལོ་རྒྱུས་ལ་གཞིགས་ནས་དྭོགས་འཆར་དང་རྐྱོན་བརྗོད་དཔྱད་རྩོམ་ཞིག་་བྲིས་ན་དྲ་གྲོགས་དག་གིས་ཁྱོད་ལ་ཡིད་ཆེས་ཡོང་ངེས་རེད།
    བཀྲེས་མཐོང་བཀའ་ཁྲི་ལས་ཐོག་སྐབས་རྙོག་གླེང་ཞིག་
    ་བྱུང་ཡོད།་ངས་ངོས་ནས་ལྐོག་ཟ་བྱས་པའི་ཡིད་ཆེས་མེད་མོད་ཀྱང་།
    སྐབས་དེར་སྒོར་འབུམ་50་དང་འབུམ་70་འབུམ་45་བཅས་ཀྱི་རྩིས་
    ་ཕྲ་ཇི་བཞིན་མ་བྱུང་བ་དང་སྐབས་དེའི་གྲོས་
    ་ཚོགས་སུ་བཀའ་ཁྲི་ནས་བཀའ་ལན་ཁ་གསལ་བྱུད་མེད་པ་རྣམས་
    བདེན་པ་ཡིན་པ་མ་ཟད་འབུམ་10་ལྷག་ད་དུང་རགས་མེད་པ་རེད་ཅེས་བཀྲེས་མཐོང་ནས་
    གསལ་བཤད་བྱས་འདུག་ན།
    སྐབས་དེའི་རྙོག་གླེང་དེ་བཀྲེས་མཐོང་གི་འཇོན་ཐང་དང་ལྷག་བསམ་དྲང་བདེན་དང་
    བྲེལ་བ་ཡོད་མེད་སྐོར་ཁྱོད་ཀྱིད་དྲང་བདེན་དང་དཀོན་ཅོག་དཔང་ཏུ་བཞག་ནས་དཔྱད་རྩོམ་ཞིག་སྤེལ་ཐུབ་བམ་།
    དབུས་་གཙང་གི་སྤྱི་འཐུས་ནང་ནས་གཙོ་གྲལ་ཟླ་བ་ཚེ་རིང་དང་བོད་གཞུང་བར་ཡོང་གླིང་སློབ་གྲྭའི་རྙོག་གླྼེང་ཆེན་པོ་ཞིག་ཡོད་པ་དང་ལོ་སྔོན་མའི་གྲོས་ཚོགས་སྐབས་ཤིག་ལ་འཁྲུག་རྩོད་ཞིག་བྱུང་བའི་སྐབས་ཟླ་བ་ཚེ་རིང་ནས་ཀྱང་གྲོས་ཚོགས་དང་མེི་དམངས་ལ་བཀུར་རྩི་མེད་པར་
    དཔའ་ངར་དང་འཇིག་སྐུལ་སྟག་སྨྻོན་པའི་སྤྱོད་པ་ལྟར་བྱས་ནས་རང་མདངས་གསལ་པོ་སྟོན་
    ཡོད་ན་ཡང་དབུས་་གཙང་མི་དམངས་ནས་སྔོན་འགྲོའི་འོས་མི་ནང་གལ་ཆེ་བཞིན་དུ་འདེམས་
    འདུག་པས།་ལོ་རྒྱུས་དེ་དག་ཟླ་བའི་ལྷག་བསམ་དང་སྤྱོད་པ་ཤེས་ཡོན་བཅས་ལ་འབྲེལ་ཡོད་མེད་སྐོར་དཔྱད་རྩོམ་འདྲ་སྤེལ་ཐུབ་བམ།
    བཀྲེས་མཐོང་ལ་འོས་གྲངས་10000་ལྷག་བྱུང་བ་དེ་བཀའ་ཁྲིའི་གསལ་བསྒྲགས་མ་བྱས་པར་བྱུང་ཡོད་ཚུལ་དང་མ་འོང་རེ་བ་ཡོད་ཚུལ་བརྗོད་པ་ནི་བདེན་པ་ཞིག་ཡིན་ནམ་། བཀྲས་མཐོང་ནས་བཀའ་ཁྲི་གསལ་བསྒྲགས་ཆེད་དུ་བཀའ་ཁྲིའི་་བགྲོ་གླེང་ཡོད་
    ཚད་ལ་ཕྱིན་ཡོད་པ་ཞིག་རེད་ཞེས་བརྗོད་ན་མི་འགྲིག་པ་མེད་ཐེང་བདུན་ལ་མཉམ་་ཞུགས་
    བྱས་ཡོད་པ་ནི་ཁྱོད་ཀྱིས་ཤེས་བཞིན་དུ་དྲང་བདེན་ལས་རྒལ་བའི་གཏམ་འཆལ་སྤེལ་བ་ལ་རྒྱུ་མཚན་གང་ཡོད།

    Reply
  42. ནད་པ says:
    ལོ་ 15 སྔོན།

    ཁང་གསར་ལགས་ཁམས་བཟང་། དབུས་གཙང་ཆོལ་ཁའི་ཚོགས་པ་དང་རྒྱལ་ཡོངས་མང་གཙོ་ཚོགས་པའི་རེ་བསྐུལ་ལྟར་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཐོག་དང་པོར་བཀའ་ཁྲིའི་འོས་གཞིར་ལངས་མེད་སྟབས་བཀའ་ཟུར་བཀྲས་མཐོང་ལགས་ཀྱིས་བཀའ་ཁྲིར་ལངས་ཡོད།

    དང་ཐོག་ནས་བཀྲིས་དབང་འདུས་ལགས་ཀྱིས་ཁས་ལེན་བྱས་ཚེ་དབུས་གཙང་མི་དམངས་སྤྱི་ཡོངས་ཀྱིས་ཁོང་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་ངེས་རེད། འོན་ཏང་བཀྲས་མཐོང་ལངས་པའི་མཇུག་ཏུ་ཁོང་གི་ལུས་ཁོག་ཏུ་གདོན་འདྲེ་བཞུགས་པ་ལྟར་བྱས་སྟབས་རང་ཉིད་ཕམ་ཉེས་སུ་བཏང་བ་མ་ཟད་བཀྲས་མཐོང་ལའང་རང་བཞིན་གྱིས་གནོད་པ་ཐེབས་ཡོད་པ་མ་ཟད་དབུས་གཙང་གི་མི་དམངས་མང་པོའི་བློ་སེམས་དཀྲུགས་ཡོད།

    རྒས་པོས་ནོར་འཆུག་བྱས་པའི་དབང་གིས་ད་ཆ་སྤྱི་ཚོགས་ཁྲོད་དུ་འགའ་ཤས་ཀྱིས་བློ་བཟང་སེང་གེས་ཐབས་བརྒྱ་ཇུས་སྟོང་གིས་བཀྲིས་དབང་འདུས་ཐེངས་འདིར་བེད་སྤྱོད་ལོག་པར་བཏང་ཚུལ་བརྗོད་མཁན་ཡོད།

    མཁའ་བཙུན་བཟང་གསུམ་གྱི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་སྤྱི་དང་། ལྷག་དོན་༸ གོངས་ཡིད་བཞིན་ནོར་བུའི་ཅི་གསུངས་བཀའ་བསྒྲུབས། སྤྱི་འཐུས་ཚོགས་གཙོ་ལོ་ ༡༠ དང་། བཀའ་ཁྲིའི་ལས་ཡུན་ལོ་ ༡༠ བཅས་གནང་ཟིན་སྟབས་ད་ཆ་ཁོང་ཁྲིམས་ཁང་གི་ཁྲིམས་དཔོན་གནང་རྒྱུ་མ་གཏོགས་ལྷག་མེད་ཀྱང་ཁོང་ཤྰ་ཀྱའི་དགེ་སློང་རྣམ་དག་གཅིག་གིས་ཁྲིམས་དཔོན་གནང་རྒྱུ་དེ་ཡག་པོ་རང་མེད་སྟབས་ཁོང་གི་གནང་མ་རེད།

    ཁོང་གིས་བཙན་བྱོལ་བོད་གཞུང་འདི་ ༸ གོང་ས་མཆོག་གིས་བཀའ་དགོངས་སྤྱི་དང་། གཞི་བྱེས་བོད་མི་ཡོངས་ཀྱི་རེ་བ། ཕྱི་ནང་ཡུལ་གྲུ་ཀུན་གྱིས་ཡིད་ཆེས་དང་བརྩི་བཀུར་བྱེད་ཐུབ་པའི་ཚད་ལྡན་གིས་གཞུང་ཞིག་སྐྲུན་ཡོད། ད་ལྟའི་བོད་གཞུང་ལྟར་རྙོག་གླེང་མེད་པ། བརྩི་བཀུར། ཡིད་ཆེས་འཕེར་བའི་བོད་གཞུང་ཞིག་ཡོང་ཐུབ་དང་མ་ཐུབ་སུ་ཞིག་གིས་བརྗོད་ཐབས་བྲལ་བས་ད་ཆ་ཁོང་གིས་མཁས་མཛངས་ལྡན་པའི་ངང་ནས་སྤྱི་འཐུས་གང་གིས་ཕྱོགས་སུའང་མ་ཕེབས་པར་ཟུར་དུ་བོད་ཀྱི་ཤེས་རིག་ཐོག་རླབས་ཆེན་གྱི་བྱ་གཞག་ཟམ་མོར་ཐུགས་འགན་བཞེས་རྒྱུ་དེར་རིན་ཐང་ཧ་ཅང་ཆེན་པོ་ཞིག་ལྡན་ཡོད།

    བཀའ་ཟུར་བཀྲས་མཐོང་ལགས་མུ་མཐུད་བཀའ་ཁྲིར་ལངས་དགོས་ལ་ད་དུང་ཁང་གསར་ལགས་ཀྱིས་གསུངས་པ་ལྟར་དངོས་གཞིའི་འོས་བསྡུ་མ་བྱས་གོང་ནས་གཞི་ཆགས་ཁག་དང་ཕྱི་ནང་བོད་རིགས་འདུས་སྡེ་ཡོངས་ལ་འོས་གཞིའི་རྒྱབ་སྐྱོར་ཡོངས་སླད་ཆེད་དུ་ངོ་བསྐྱོད་བྱས་ཏེ་གསལ་བཤད་མཐིལ་ཕྱིན་མི་དམངས་ལ་བྱས་ཚེ་འོས་ཤོག་འཐོབ་རྒྱུའི་རེ་བ་ཆེན་པོ་ལྡན་ཡོད།

    བཀྲིས་དབང་དུས་དང་། བསོད་ནམས་སྟོབས་རྒྱལ། བསྟན་འཛིན་སྦྱིན་པ། རྒྱ་རི་སྒྲོལ་མ་བཅས་ཀྱིས་ངེས་པར་དུའང་སྤེན་པ་ཚེ་རིང་ལྟར་བཟང་སྤྱོད་དང་བསྟུན་ནས་བཀའ་ཁྲའིའི་འོས་གཞིར་ནས་མར་དགོངས་ཞུ་བྱེད་དགོས།

    སྤེན་པ་ཚེ་རིང་ལ་ཆ་བཞག་ན་རང་བོད་གཞུང་གི་ནང་ལོ་མང་པོའི་ཉམས་མྱོང་ཡོད་པ། བོད་གཞུང་གི་གནས་བབ་ཡོད་པ། སྤྱི་ཡོངས་ལ་རྒྱུས་མངའ་ཡོད་པ། ལོ་ན་གཞོན་བའི་མི་རབས་གཅིག་ཡིན་པ། ཤེས་ཡོན་ཡོད་པ། འཇོན་ཐང་ཡོད་པ། ཆབ་སྲིད་ཀྱིས་ཉམས་མྱོང་ཚད་ལྡན་ཡོད་པ་བཅས་ཀྱིས་སྒོ་ནས་ཐོག་དང་པོར་བློ་བཟང་སེང་གེ་ལྟར་བཀའ་ཁྲིར་ལངས་ཡོད་ཚེ་ད་གཟོད་སྤེན་པ་ཚེ་རིང་ལ་རྒྱལ་ཁ་འཐོབ་རྒྱུར་ཐེ་ཚོམ་ཁྱོན་ནས་མེད།

    ཡིནནའང་ཐབས་སྐྱོ་བ་གཅིག་ལ་རང་ཉིད་ཀྱིས་གནས་བབ་དང་། ཆབ་སྲིད་ཀྱི་འགྱུར་འགྲོས། ལམ་སྟོན་བྱེད་མཁན། རང་ཉིད་སོ་སོའི་གནས་བབ་བཅས་ལ་གདེང་ཚོད་བྱེད་རྒྱུའི་སྤོབས་པ་མེད་པའི་སྒོ་ནས་ད་རེས་བཀའ་ཁྲིའི་འོས་གཞི་ཆེན་མོའི་འཁྲོད་རང་ཉིད་སོ་སོས་རང་ཉིད་ཀྱི་གོ་སྐབས་ཆུད་ཟོས་སུ་བཏང་བ་མ་ཟད་སོ་སོས་རང་ཉིད་ཀྱང་ཕམ་ཉེས་སུ་བཏང་ཡོད།

    བློ་བཟང་སེང་གེར་ཆ་བཞག་ན་དེང་རབས་ཁྲིམས་ཀྱིས་ཤེས་ཚད་ལྡན་པ། རང་ཉིད་ཆབ་སྲིད་ལ་ཐ་གཅིག་ཏུ་དགའ་ཞེན་ཡོད་པ། ལོ་ན་གཞོན་པ། སྙིང་སྟོབས་ཆེ་བ། བློ་རིག་བཀྲ་བ། དུས་ཚོད་དང་གནས་བབ་ལ་ཚད་འཛིན་བྱེད་ཐུབ་མཁན་ཞིག་ཡིན་སྟབས་རང་ཉིད་ལ་བཙན་བྱོལ་བོད་གཞུང་ནང་ཆབ་སྲིད་དང་ལས་ཀའི་ཉམས་མྱོང་གང་ཡང་མེད་ནའང་མི་རྣམས་ཧང་སང་དགོས་པའི་གནས་སུ་སྐྱེལ་ཐུབ་པ་འདི་རང་ཉིད་ཀྱིས་གང་ཞིག་བྱེད་འདོད་པ་དེའི་ཆེད་དུ་དུས་ཚོད་དང་།
    ཤེས་ཡོན། ཀླད་པ། ལམ་སྟོན་སོགས་ཕྱོགས་ཡོངས་ནས་བཙལ་བྱེད་ཐུབ་ཀྱིན་ཡོད་སྟབས་ད་ཆ་བཀའ་ཁྲིའི་འོས་ཤོག་མང་ཤོས་འཐོབ་ཐུབ་པ་དེ་རང་ཉིད་ལ་མཚོན་ན་བློ་སྤོབས་གཅིག་དང་ཡིད་ཆེས་གཅིག་སྐྲུན་ཡོད་སྟབས་ངོ་མ་བསམས་ན་དགའ་འོས་པ་དང་བཀྲིས་པའི་བྱ་བ་ཆེན་པོ་ཞིག་རེད།

    དེ་འདྲ་སོང་ད་དུང་རང་ཉིད་ཀྱིས་སྔར་བཞིན་དངོས་གཞིའི་འོས་བསྡུ་མ་སླེབས་སྔོན་ནས་སྣང་ཆུང་ཡེ་ནས་གཏོང་མི་རུང་བ་གཅིག་ཡིན་ལ་ད་དུང་བསྐོར་བསྐྱོད་གང་སར་བྱས་ཏེ་རང་ཉིད་རྣམ་པར་རྒྱལ་རྒྱུའི་རེ་བ་དེ་ཆེ་རུ་ལས་ཆུང་་རུ་རྩ་བ་ནས་གཏོང་མི་ཉན།

    བསྟན་འཛིན་སྦྱིན་པ་དང་འཁོར་ལ་ཚང་བསོད་ནམས་སྟོབས་རྒྱལ་ལ་མཚོན་ན་རང་ཉིད་བཀའ་ཁྲིར་སླེབས་རྒྱུའི་རེ་བ་གཏན་ནས་མེད་ཆེད་དུ་རང་ཉིད་སྤྱི་ཚོགས་ཆེར་རློམ་གྱིས་རྣམ་པ་གཅིག་མངོན་གྱིན་ཡོད་པ་ལས་དེ་ལས་གཞན་མེད།

    རྒྱ་རི་སྒྲོལ་མར་མཚོན་ན་ཆེད་དུ་བློ་བཟང་སེང་གེའི་འོས་ཤོག་བསྟོར་ཆེད་བཀའ་ཁྲིར་ལངས་ཚུལ་བརྗོད་ཡོད་ཀྱིན་ཡོད་ལ་དེས་བློ་སེང་ལ་འང་རང་བཞིན་གྱིས་གནོད་སྐྱོན་ཐེབས་ཡོད། ཡིནའང་མོ་རང་གིས་རང་ཉིད་ལའང་འོས་མ་ཐོབ་པ་ཤེས་བཞིན་དུ་དེ་འདྲ་ཅིའི་ཕྱིར་བྱེད་ཀྱིན་ཡོད་ཅེ་ན་ནི་བཀའ་བློན་གཅིག་ཏུ་སླེབས་དགོས་པའི་གསལ་བཤད་དང་འགྲན་རྩོད་བྱེད་ཆེད་ཁོ་ན་ཡིན།

    དེ་ལྟར་གནང་བ་དེས་བོད་ཀྱི་བུད་མེད་མང་པོའིབློ་ངོར་སྤོབས་པ་གཅིག་སྐྱེ་རུ་བཅུག་ཡོད་ལ་ལར་ནས་རང་ཉདི་ཀྱིས་ཤེ་ཡོན་དང་། འཇོན་ཐང་། ཉམས་མྱོང། ལོ་ན་བཅས་ཕྱོགས་གང་ནས་བལྟས་ཀྱང་བཀའ་བློན་ཞིག་བྱེད་རྒྱུའི་ནུས་པ་ཡོངས་སུ་ཚང་ཡོད།

    ཁང་གསར་ལགས་ཁམས་བཟང་། དབུས་གཙང་ཆོལ་ཁའི་ཚོགས་པ་དང་རྒྱལ་ཡོངས་མང་གཙོ་ཚོགས་པའི་རེ་བསྐུལ་ལྟར་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཐོག་དང་པོར་བཀའ་ཁྲིའི་འོས་གཞིར་ལངས་མེད་སྟབས་བཀའ་ཟུར་བཀྲས་མཐོང་ལགས་ཀྱིས་བཀའ་ཁྲིར་ལངས་ཡོད།

    དང་ཐོག་ནས་བཀྲིས་དབང་འདུས་ལགས་ཀྱིས་ཁས་ལེན་བྱས་ཚེ་དབུས་གཙང་མི་དམངས་སྤྱི་ཡོངས་ཀྱིས་ཁོང་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་ངེས་རེད། འོན་ཏང་བཀྲས་མཐོང་ལངས་པའི་མཇུག་ཏུ་ཁོང་གི་ལུས་ཁོག་ཏུ་གདོན་འདྲེ་བཞུགས་པ་ལྟར་བྱས་སྟབས་རང་ཉིད་ཕམ་ཉེས་སུ་བཏང་བ་མ་ཟད་བཀྲས་མཐོང་ལའང་རང་བཞིན་གྱིས་གནོད་པ་ཐེབས་ཡོད་པ་མ་ཟད་དབུས་གཙང་གི་མི་དམངས་མང་པོའི་བློ་སེམས་དཀྲུགས་ཡོད།

    རྒས་པོས་ནོར་འཆུག་བྱས་པའི་དབང་གིས་ད་ཆ་སྤྱི་ཚོགས་ཁྲོད་དུ་འགའ་ཤས་ཀྱིས་བློ་བཟང་སེང་གེས་ཐབས་བརྒྱ་ཇུས་སྟོང་གིས་བཀྲིས་དབང་འདུས་ཐེངས་འདིར་བེད་སྤྱོད་ལོག་པར་བཏང་ཚུལ་བརྗོད་མཁན་ཡོད།

    མཁའ་བཙུན་བཟང་གསུམ་གྱི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་སྤྱི་དང་། ལྷག་དོན་༸ གོངས་ཡིད་བཞིན་ནོར་བུའི་ཅི་གསུངས་བཀའ་བསྒྲུབས། སྤྱི་འཐུས་ཚོགས་གཙོ་ལོ་ ༡༠ དང་། བཀའ་ཁྲིའི་ལས་ཡུན་ལོ་ ༡༠ བཅས་གནང་ཟིན་སྟབས་ད་ཆ་ཁོང་ཁྲིམས་ཁང་གི་ཁྲིམས་དཔོན་གནང་རྒྱུ་མ་གཏོགས་ལྷག་མེད་ཀྱང་ཁོང་ཤྰ་ཀྱའི་དགེ་སློང་རྣམ་དག་གཅིག་གིས་ཁྲིམས་དཔོན་གནང་རྒྱུ་དེ་ཡག་པོ་རང་མེད་སྟབས་ཁོང་གི་གནང་མ་རེད།

    ཁོང་གིས་བཙན་བྱོལ་བོད་གཞུང་འདི་ ༸ གོང་ས་མཆོག་གིས་བཀའ་དགོངས་སྤྱི་དང་། གཞི་བྱེས་བོད་མི་ཡོངས་ཀྱི་རེ་བ། ཕྱི་ནང་ཡུལ་གྲུ་ཀུན་གྱིས་ཡིད་ཆེས་དང་བརྩི་བཀུར་བྱེད་ཐུབ་པའི་ཚད་ལྡན་གིས་གཞུང་ཞིག་སྐྲུན་ཡོད། ད་ལྟའི་བོད་གཞུང་ལྟར་རྙོག་གླེང་མེད་པ། བརྩི་བཀུར། ཡིད་ཆེས་འཕེར་བའི་བོད་གཞུང་ཞིག་ཡོང་ཐུབ་དང་མ་ཐུབ་སུ་ཞིག་གིས་བརྗོད་ཐབས་བྲལ་བས་ད་ཆ་ཁོང་གིས་མཁས་མཛངས་ལྡན་པའི་ངང་ནས་སྤྱི་འཐུས་གང་གིས་ཕྱོགས་སུའང་མ་ཕེབས་པར་ཟུར་དུ་བོད་ཀྱི་ཤེས་རིག་ཐོག་རླབས་ཆེན་གྱི་བྱ་གཞག་ཟམ་མོར་ཐུགས་འགན་བཞེས་རྒྱུ་དེར་རིན་ཐང་ཧ་ཅང་ཆེན་པོ་ཞིག་ལྡན་ཡོད།

    བཀའ་ཟུར་བཀྲས་མཐོང་ལགས་མུ་མཐུད་བཀའ་ཁྲིར་ལངས་དགོས་ལ་ད་དུང་ཁང་གསར་ལགས་ཀྱིས་གསུངས་པ་ལྟར་དངོས་གཞིའི་འོས་བསྡུ་མ་བྱས་གོང་ནས་གཞི་ཆགས་ཁག་དང་ཕྱི་ནང་བོད་རིགས་འདུས་སྡེ་ཡོངས་ལ་འོས་གཞིའི་རྒྱབ་སྐྱོར་ཡོངས་སླད་ཆེད་དུ་ངོ་བསྐྱོད་བྱས་ཏེ་གསལ་བཤད་མཐིལ་ཕྱིན་མི་དམངས་ལ་བྱས་ཚེ་འོས་ཤོག་འཐོབ་རྒྱུའི་རེ་བ་ཆེན་པོ་ལྡན་ཡོད།

    བཀྲིས་དབང་དུས་དང་། བསོད་ནམས་སྟོབས་རྒྱལ། བསྟན་འཛིན་སྦྱིན་པ། རྒྱ་རི་སྒྲོལ་མ་བཅས་ཀྱིས་ངེས་པར་དུའང་སྤེན་པ་ཚེ་རིང་ལྟར་བཟང་སྤྱོད་དང་བསྟུན་ནས་བཀའ་ཁྲའིའི་འོས་གཞིར་ནས་མར་དགོངས་ཞུ་བྱེད་དགོས།

    སྤེན་པ་ཚེ་རིང་ལ་ཆ་བཞག་ན་རང་བོད་གཞུང་གི་ནང་ལོ་མང་པོའི་ཉམས་མྱོང་ཡོད་པ། བོད་གཞུང་གི་གནས་བབ་ཡོད་པ། སྤྱི་ཡོངས་ལ་རྒྱུས་མངའ་ཡོད་པ། ལོ་ན་གཞོན་བའི་མི་རབས་གཅིག་ཡིན་པ། ཤེས་ཡོན་ཡོད་པ། འཇོན་ཐང་ཡོད་པ། ཆབ་སྲིད་ཀྱིས་ཉམས་མྱོང་ཚད་ལྡན་ཡོད་པ་བཅས་ཀྱིས་སྒོ་ནས་ཐོག་དང་པོར་བློ་བཟང་སེང་གེ་ལྟར་བཀའ་ཁྲིར་ལངས་ཡོད་ཚེ་ད་གཟོད་སྤེན་པ་ཚེ་རིང་ལ་རྒྱལ་ཁ་འཐོབ་རྒྱུར་ཐེ་ཚོམ་ཁྱོན་ནས་མེད།

    ཡིནནའང་ཐབས་སྐྱོ་བ་གཅིག་ལ་རང་ཉིད་ཀྱིས་གནས་བབ་དང་། ཆབ་སྲིད་ཀྱི་འགྱུར་འགྲོས། ལམ་སྟོན་བྱེད་མཁན། རང་ཉིད་སོ་སོའི་གནས་བབ་བཅས་ལ་གདེང་ཚོད་བྱེད་རྒྱུའི་སྤོབས་པ་མེད་པའི་སྒོ་ནས་ད་རེས་བཀའ་ཁྲིའི་འོས་གཞི་ཆེན་མོའི་འཁྲོད་རང་ཉིད་སོ་སོས་རང་ཉིད་ཀྱི་གོ་སྐབས་ཆུད་ཟོས་སུ་བཏང་བ་མ་ཟད་སོ་སོས་རང་ཉིད་ཀྱང་ཕམ་ཉེས་སུ་བཏང་ཡོད།

    བློ་བཟང་སེང་གེར་ཆ་བཞག་ན་དེང་རབས་ཁྲིམས་ཀྱིས་ཤེས་ཚད་ལྡན་པ། རང་ཉིད་ཆབ་སྲིད་ལ་ཐ་གཅིག་ཏུ་དགའ་ཞེན་ཡོད་པ། ལོ་ན་གཞོན་པ། སྙིང་སྟོབས་ཆེ་བ། བློ་རིག་བཀྲ་བ། དུས་ཚོད་དང་གནས་བབ་ལ་ཚད་འཛིན་བྱེད་ཐུབ་མཁན་ཞིག་ཡིན་སྟབས་རང་ཉིད་ལ་བཙན་བྱོལ་བོད་གཞུང་ནང་ཆབ་སྲིད་དང་ལས་ཀའི་ཉམས་མྱོང་གང་ཡང་མེད་ནའང་མི་རྣམས་ཧང་སང་དགོས་པའི་གནས་སུ་སྐྱེལ་ཐུབ་པ་འདི་རང་ཉིད་ཀྱིས་གང་ཞིག་བྱེད་འདོད་པ་དེའི་ཆེད་དུ་དུས་ཚོད་དང་།
    ཤེས་ཡོན། ཀླད་པ། ལམ་སྟོན་སོགས་ཕྱོགས་ཡོངས་ནས་བཙལ་བྱེད་ཐུབ་ཀྱིན་ཡོད་སྟབས་ད་ཆ་བཀའ་ཁྲིའི་འོས་ཤོག་མང་ཤོས་འཐོབ་ཐུབ་པ་དེ་རང་ཉིད་ལ་མཚོན་ན་བློ་སྤོབས་གཅིག་དང་ཡིད་ཆེས་གཅིག་སྐྲུན་ཡོད་སྟབས་ངོ་མ་བསམས་ན་དགའ་འོས་པ་དང་བཀྲིས་པའི་བྱ་བ་ཆེན་པོ་ཞིག་རེད།

    དེ་འདྲ་སོང་ད་དུང་རང་ཉིད་ཀྱིས་སྔར་བཞིན་དངོས་གཞིའི་འོས་བསྡུ་མ་སླེབས་སྔོན་ནས་སྣང་ཆུང་ཡེ་ནས་གཏོང་མི་རུང་བ་གཅིག་ཡིན་ལ་ད་དུང་བསྐོར་བསྐྱོད་གང་སར་བྱས་ཏེ་རང་ཉིད་རྣམ་པར་རྒྱལ་རྒྱུའི་རེ་བ་དེ་ཆེ་རུ་ལས་ཆུང་་རུ་རྩ་བ་ནས་གཏོང་མི་ཉན།

    བསྟན་འཛིན་སྦྱིན་པ་དང་འཁོར་ལ་ཚང་བསོད་ནམས་སྟོབས་རྒྱལ་ལ་མཚོན་ན་རང་ཉིད་བཀའ་ཁྲིར་སླེབས་རྒྱུའི་རེ་བ་གཏན་ནས་མེད་ཆེད་དུ་རང་ཉིད་སྤྱི་ཚོགས་ཆེར་རློམ་གྱིས་རྣམ་པ་གཅིག་མངོན་གྱིན་ཡོད་པ་ལས་དེ་ལས་གཞན་མེད།

    རྒྱ་རི་སྒྲོལ་མར་མཚོན་ན་ཆེད་དུ་བློ་བཟང་སེང་གེའི་འོས་ཤོག་བསྟོར་ཆེད་བཀའ་ཁྲིར་ལངས་ཚུལ་བརྗོད་ཡོད་ཀྱིན་ཡོད་ལ་དེས་བློ་སེང་ལ་འང་རང་བཞིན་གྱིས་གནོད་སྐྱོན་ཐེབས་ཡོད། ཡིནའང་མོ་རང་གིས་རང་ཉིད་ལའང་འོས་མ་ཐོབ་པ་ཤེས་བཞིན་དུ་དེ་འདྲ་ཅིའི་ཕྱིར་བྱེད་ཀྱིན་ཡོད་ཅེ་ན་ནི་བཀའ་བློན་གཅིག་ཏུ་སླེབས་དགོས་པའི་གསལ་བཤད་དང་འགྲན་རྩོད་བྱེད་ཆེད་ཁོ་ན་ཡིན།

    དེ་ལྟར་གནང་བ་དེས་བོད་ཀྱི་བུད་མེད་མང་པོའིབློ་ངོར་སྤོབས་པ་གཅིག་སྐྱེ་རུ་བཅུག་ཡོད་ལ་ལར་ནས་རང་ཉདི་ཀྱིས་ཤེ་ཡོན་དང་། འཇོན་ཐང་། ཉམས་མྱོང། ལོ་ན་བཅས་ཕྱོགས་གང་ནས་བལྟས་ཀྱང་བཀའ་བློན་ཞིག་བྱེད་རྒྱུའི་ནུས་པ་ཡོངས་སུ་ཚང་ཡོད།

    Reply
  43. ཀུན་དགའ། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱིས་དཔྱད་བརྗོད་སྤེལ་བ་ཡག་པོ་འདུག   ཡིན་ན་ཡང་ན་ནིང་གྲོས་ཚོགས་མཇུག་སྡོམ་མ་ཐུབ་པའི་རྙོག་གྲ་དང་།   ད་དུང་སྤྱི་འཐུས་ནང་སྔར་མེད་ཀྱི་རྙོག་གྲ་ཆེན་པོ་བཟོ་མཁན་དེ་ས་སྤྱི་ག་ཟི་དགེ་བཤེས་རེད།   ཁོས་རྒྱུ་མཚན་ཅི་ཡང་མེད་པར་ཇོ་ནང་ཆོས་རྒྱུད་ས་སྐྱའི་ཁོངས་རེད་ཅེས་དཀྲུག་གཏམ་མང་དུ་སྤེལ་བས།   ད་སྐབས་ས་སྐྱ་དང་ཇོ་གཉིས་ཀྱི་བར་ལ་རྩོད་ཉོག་ཆེན་པོ་བྱུང་ཡོད།   མདོར་ན་ག་ཟི་དགེ་བཤེས་ཟེར་བ་དེ་སྤྱི་འཐུས་ཀྱི་ནང་ནས་བོད་གཞི་བྱེས་གཉིས་ཀྱི་ནང་དཀྲུགས་ཤིང་ཆེན་པོ་བཟོས་ཡོད།  
    དེར་བརྟེན་ས་སྐྱའི་སྤྱི་འཐུས་ལ་གཏན་ནས་མ་འདེམས་ན་ཡག་པོ་འདུག  

    Reply
  44. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    སྤྱིར་ཁང་གསར་རྡོ་རྗེས་ངའི་སེམས་ནང་དུ་ཡོད་པའི་སྐད་ཆ་མང་པོ་བཤད་འདུག དཔྱད་ཞིབ་ཡག་པོ་གནང་འདུག་ལ། འབྲི་རྩལ་ཡང་ཧ་ཅང་ཡག་པོ་རེད།

    འོན་ཀྱང་མིང་ཤས་ཞེས་པའི་ཚན་པ་དེའི་ནང་དུ། ཆེད་དུ་མིང་ཤས་བཟོ་བའི་སྦྱོར་བ་ངན་པ་དེ་ཚོའི་འབྱུང་ཁུངས་གང་ཡིན་ཕྱོགས་ཙམ་མཚོན་ནུས་པ་ཡིན་ཞེས་པ་དེའི་དམིགས་གཏད་ག་རེ་ཡིན་གསལ་པོ་མི་ཤེས། ད་དུང་ཁྱེད་ཀྱིས་གཡག་ཞར་བས་རྩྭ་ཟ་བ་བཞིན་བཀྲས་མཐོང་དང་རྒྱ་སྒྲོལ་སོགས་ལ་ཁ་གཏོང་མཁན་དེ་ཚོ་མ་གཏོགས། བློ་སེང་ལ་ཁ་གཏོང་མཁན་དང་དམའ་འབེབ་བྱེད་མཁན་ཡོད་པ་མ་མཐོང་བ་དེ་ཁྱེད་ཀྱི་བློ་མིག་ཏོག་ཙམ་དོག་དྲགས་མི་འདུག་གམ།

    ཁྱེད་ཀྱིས་གསུངས་པ་བཞིན། ཆོས་བརྒྱུད་ཀྱི་གྲྭ་པ་ཚོས་གཟབ་གཟབ་གནང་ན་མ་གཏོགས། འཁྲབ་རྒྱུ་མང་དྲགས་ན་ཆོས་དང་འཇིག་རྟེན་གཉིས་ཀ་མེད་པ་ཆགས་ཡོང་ཞེས་འབོད་སྐུལ་ཞིག་ཀྱང་ཞུ་འདོད་བྱུང་། དེ་བཞིན་ཞེན་ཁོག་གཅིག་པུས་དྲེགས་པས་ཚོས་པའི་ཚོར་བ་རྣོན་པོ་ཅན་དང་། བློ་མིག་རྒྱ་ཁབ་ལས་དོག་པའི་མི་མང་ཚོའང་དངོས་གཞིའི་འོས་འདེམས་སྐབས་སུ་ད་ལྟ་བཞིན་འགྲོ་རྒྱུ་ཡིན་མིན་བསམ་བློ་གཏོང་དགོས་ཀྱི་འདུག་གོ།

    Reply
  45. འབྲུག་སྒྲ་སྐྱབས། says:
    ལོ་ 15 སྔོན།

    ཁྱེད་ཀྱི་རྩོམ་ལ་འདི་ལ་བདེན་པའི་ཆ་ག་འདྲ་ཡོད་མེད་ཐག་གཅོད་མི་ཐུབ་རུང་རྣམ་དཔྱོད་ཀྱི་རྩལ་མང་པོ་བཏོན་འདུག བཀའ་བརྒྱུད་པས་སོ་སོ་ཆོས་བརྒྱུད་དང་རྐམ་པའི་མཚན་སྙན་ལ་མི་གནོད་པའི་ལས་ཀ་མི་བྱེད་རྒྱུ་ངའི་རེ་བ་ཡིན། གཞན་གྱི་གད་སྙིགས་ནང་དུ་གཡུག་ཡོད་པའི་དངོས་པོ་ཞིག་ལག་ཏུ་བླངས་ནས་བེད་སྤྱོད་བྱེད་ན་ཕན་ལས་གནོད་པ་ཆེ་ཡོང་།

    Reply
  46. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    སྤྱིར་བཏང་དཔྱད་རྩོམ་ཡག་པོ་སྤེལ་འདུག་ མ་གཞི་ཆབ་སྲིད་ཟེར་བ་དེ་རྙོག་དྲའི་རང་བཞིན་ཞིག་ཡིན་པ་ལས་དགོན་ཁག་གི་ཆོས་ཀྱི་བགྲོ་གླེང་ནང་བཞིན་ཞིག་མིན་ ཁང་གསར་ལགས་ཀྱིས་གཡུང་དྲུང་རྒྱལ་མཚན་དང་ དགེ་བཤེས་སྨོན་ལམ་མཐར་ཕྱིན་སོགས་ཀྱི་སྐོར་ལ་དཔྱད་པ་བྱེད་མི་ཐུབ་པ་ཅི་ཡིན་ནམ་ ད་དུང་ཀརྨ་ཆོས་འཕེལ་དགེ་ལུགས་པའི་སྤྱི་འཐུས་ཁོངས་སུ་སླེབས་པ་ནི་རྒྱབ་ལོགས་ན་ངན་སྐུལ་བྱེད་མཁན་ཞིག་ཡོད་པས་རེད་ འོ་ན་དེ་སུ་ཡིན་ནམ་ སྒེར་ཡིན་ནམ་ ཚོགས་པ་ཡིན་ དོགས་པ་སླེབས་སྲིད་པ་རེད་
    ད་དུང་དབུས་གཙང་མངའ་རིས་ཀྱི་ཆབ་འབངས་ཟེར་བའི་ཐད་དུ་ སྤྱི་འཐུས་འོས་མཐོ་ཤོས་མངའ་རིས་པ་རེད་འདུག་ཟེར་བ་དེ་རེད་འདུག་ སྤྱིར་འདས་པའི་ལོ་ངོ་ལྔ་བཅུའི་ནང་བལྟས་པ་ཡིན་ན་ སྟོད་མངའ་རིས་པ་མང་པོ་སྤྱི་འཐུས་ནང་སླེབས་མྱོང་ཡོད་ འོན་ཀྱང་དེ་དག་རྐུབ་རྐྱག་མཐོ་རུ་འགྲོ་ཐུབ་ཀྱིན་མེད་ གང་ཡིན་ཟེར་ན་ ཡར་ཙམ་སླེབས་པ་ན་དབུས་གཙང་གི་གཞུང་ཞབས་མཐོ་གྲས་རྣམས་ཀྱིས་ཕར་འཐེན་ཚུར་འཐེན་གྱིས་མར་ཟགས་ཏུ་འཇུག་པར་བྱེད་ཀྱིན་ཡོད་ དབུས་པ་གཞུང་ཞབས་མཐོ་གྲས་སྔ་མོ་བོད་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་ སྔ་མོ་ཡིན་ན་སྟོད་མངའ་རིས་པ་བརྒྱ་ཆ་བརྒྱ་ཐམ་པ་དབུས་པའི་ཚེ་གཡོག་ལྟ་བུ་བྱས་ནས་འདུག་པ་རེད་ ལྟ་བ་དེ་དུང་ཡང་ཤུགས་ཆེན་པོ་ླཧག་བསྡད་ཡོད་

    Reply
  47. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    ཁྱོད་ཀྱི་ཕྲ་མཐོང་མེ་ཤེལ་དེ་རུ་ཐང་དུ་ཟགས་པའི་གནས་ལུགས་ཁ་ཤས་ཤིག་ཕྱོགས་སྒྲིག་བྱེད་པ་ལེགས།

    Reply
  48. ཚོགས་བདག says:
    ལོ་ 15 སྔོན།

    ཁང་གསར་ལགས་ཀྱིས་དཔྱད་བརྗོད་སྤེལ་པ་ལེགས། འོན་ཀྱང་ཁོང་རང་གིས་བཀའ་ཁྲིའི་འོས་གཞི་གཞན་པ་དག་ལ་བསམ་ཚུལ་བརྗོད་ཅིང་། སྐུ་སྒེར་དྲུང་ཟུར་བློ་བཟང་སྦྱིན་པ་ལགས་ཀྱི་སྐོར་ལ་དོགས་སློང་དང་བཅས་གང་ཡང་གསུང་མི་འདུག ཡང་གླེང་རྙོག་ལྡན་པའི་ཆོལ་ཁ་དང་ཆོས་ལུགས་སྤྱི་འཐུས་འོས་གཞི་མང་པོ་ལ་དཔྱད་བརྗོད་ཞིབ་ཚགས་གནང་འདུག་ཀྱང་། མཇུག་སྡོམ་རྒྱག་མ་ཐུབ་པར་གྲོས་ཚོགས་གྲོལ་དགོས་བྱུང་བའི་གླེང་རྙོག་སློང་མཁན་གཏེ་པོ་བོན་སྤྱི་སྨོན་ལམ་མཐར་ཕྱིན་གྱི་སྐོར་ལ་གང་ཡང་བཤད་མི་འདུག
    སོང་ཙང་འོས་གཞི་ཁག་ལ་སྤྱི་སྡོམ་རྒྱག་སྐབས་སྤྱན་དང་མིག་གི་གཟིགས་སྟངས་གང་ཙམ་མཛད་མེད་དམ་སྙམ་པའི་དོགས་པ་སྤྲད་སོང་། བློ་བཟང་སྦྱིན་པ་བཀའ་ཁྲིར་ལང་རྒྱུའི་གསལ་བསྒྲགས་དེ་བཀའ་ཁྲི་ཐོབ་རེ་བྱས་པ་ཞིག་ཡིན་ཚོད་མི་འདུག སྔར་ཁོང་སྐུ་སྒེར་ཡིག་ཚང་ནང་གླེང་རྙོག་བྱུང་པ་ནས་བཟུང་ཁོང་སྤྱི་ཚོགས་ཐོག་སྙན་གྲགས་ཡོད་པ་ནས་མེད་པ་དང་། མཐོང་ཡོད་པ་ནས་མེད་པ། དབང་ཐང་ཡོད་པ་ནས་མེད་པར་གྱུར་ཙང་། ཁོང་དང་ཁོང་གི་གྲོགས་པོ་ཚོ་མཉམ་རུབ་བརྒྱབ་སྟེ་ཁོང་གི་མཚན་སྙན་སླར་གསོ་བྱེད་པའི་ལས་འགུལ་སྤེལ་པ་ཙམ་རེད།
    སྨོན་ལམ་མཐར་ཕྱིན་ཞེས་པ་བོན་སྤྱི་བྱས་མ་ཐག་ཁ་བདེ་པོ་དང་། ◌སྔར་ནས་སྤྱི་ཚོགས་ནང་གི་རྩོད་རྙོག་མང་པོ་ཞིག་ལ་སྦྱང་པ་བྱས་ཡོད་ཙང་། གསར་འགོད་པ་ཚོ་དང་ཟུར་ཉན་པ་ཚོས་དོ་སྣང་བྱེད་དགོས་པ་ཞིག་ཆགས་སོང་། ཡིན་ནའི་ཆོས་རྗེ་ས་སྐྱ་པཎ་ཆེན་ནས། དམན་ལ་སྤྱོད་པ་བཟང་བྱུང་ཡང་།།དེ་ནི་བཅོས་མའི་རྣམ་ཐར་ཡིན།།ཤེལ་ལ་ནོར་བུས་ཁ་བསྒྱུར་ཀྱང་།།ཆུ་དང་འཕྲད་ན་རང་མདོག་སྟོན།། གསུངས་པ་ལྟར་ཡུན་རིང་མ་འཁྱོལ་པར་ཁོང་གི་རང་གཟུགས་དངོས་གནས་པ་དེ་བསྟན་སོང་པ་རེད། དེ་ནས་བཟུང་ཁོ་པས་མུ་མཐུད་སྤྱི་ཚོགས་ནང་ཁ་བདེ་པོ་ཤོད་ཀྱི་ཡོད་པ་ལ་རིན་ཐང་རྩ་ནས་རག་གི་མེད། ཁོ་པ་ཡང་ཕྱི་ལོ་༡༩༩༤ ལོའི་སྦེང་ལོར་བོད་སོགས་ལས་ཁུང་དང་ཆིངས་ཡིག་བཞག་པའི་བག་ཆགས་ངན་པས་བྲིད་ཟིན་པ་ཇེ་གསལ་དང་ཇེ་གསལ་དུ་འགྲོ་ཡི་འདུག དེ་འདྲ་སོང་ཙང་ད་ལྟ་ཁོ་པས་ག་རེ་བྱས་ཀྱང་རིན་ཐང་མེད་པ་ཆགས་ཡོད། ཡིན་ནའི་མུ་མཐུད་ནས་མི་མ་སྐྱིད་པ་བཟོ་གྱི་ཡིན་པ་ཟུར་ལྟས་ལེབས་མཐོང་ལྟར་རེད།

    Reply
  49. ཞུམ་པ་མེད་པ་ says:
    ལོ་ 15 སྔོན།

    མཁྱེན་རྒྱ་ཡངས་པའི་ཁང་གསར་རྡོ་རྗེ་མཆོག་ལ་ཞུ་རྒྱུར་།། སྐུ་ཉིད་ཀྱིས་བློའི་རྣམ་དཔྱད་རྩལ་དུ་བཏོན་ནས་ཞིབ་འཇུག་གང་ཙམ་བྱས་འདུག་མོད་ དགའ་པོ་བྱུང་ ཡིན་ན་ཡང་ ཞིབ་འཇུག་འཐིལ་ཕྱིན་པ་གནང་ཐུབ་མིན་འདུག་ལ་ བློ་གཟུ་བོར་གནས་ཏེ་དྲང་བདེན་ཡང་བྱུང་མིན་འདུག་ གང་ལགས་ཞེས་ན་ དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་དང་ དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་དག་གྲོས་ཚོགས་འཇུག་བསྡོམས་མ་ཐུབ་པས་བྱུང་འབྲས་ལ་བརྟེན་ནས་ཕམ་ཉེས་རང་བཞིན་ཡིན་པ་བཀོད་འདུག་ དེ་འདྲ་བའི་སྐྱོན་ཆ་མང་དག་ཅིག་བཏོན་འདུག་ཀྱང་ སྐྱོན་ཆ་ངོ་མ་ཡོད་མཁན་དེ་མཐོང་མིན་འདུག་ བོན་གྱི་གཡུལ་དྲུང་རྒྱལ་མཚན་གྱིས་མདོ་སྟོད་རྒྱ་ཆེ་མང་ཚོགས་བེད་སྤྱོད་ལོགས་སུ་གཏོང་སྟེ་མང་ཚོགས་ཀྱི་མངོན་འདོད་མེད་བཞིན་དུ་ རྒྱ་བ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་ཐ་མའི་སྲིད་ཇུས་ལྟེ་བར་དབུ་མའི་ལམ་གྱི་གྲོས་འཆར་ འགྲེལ་བརྗོད་ལ་ངོས་ལེན་མེད་པའི་ གྲོས་ཆད་བཞག་ནས་ས་རྟགས་རྒྱག་སྟེ་ དགྲ་དགའ་གཉེན་སྡུག་གི་རང་བཞིན་བཟོས་པ་ མ་ཟད་ ༢༠༡༠ ༠༣ གྲོས་ཚོགས་ལ་ གོང་ས་མཆོག་ཐུགས་དགོངས་ཀྲུག་ནས་བཀའ་ཡིག་དྲག་པོ་གནང་འདུག་པ་དང་ བཙན་བྱོལ་བོད་གཞུང་འཛིན་སྐྱོང་བཀའ་ཤག་ནས་གྲོས་ཚོགས་ནང་གསལ་ཤོད་གང་གནང་འདུག་པ་དང་ གྲོས་ཚོགས་ནང་དགག་བྱ་གཅིག་ཀྱང་མེད་པའི་ཐོག་ནས་གྲོས་ཆད་ག་རི་བཞག་གནང་འདུག་པ་སོགས་ངོས་པར་དཔྱད་གཞིགས་གནང་གལ་ཆེ་ དེ་ཙམ་མ་ཟད་ མདོ་སྟོད་མི་མང་ཀྱི་སྤྱི་མཐུས་བཅུ་ནས་གྲོས་ཚོགས་ནང་ངོས་ལེན་ཡོད་པའི་གྲོས་ཆད་བཞག་ཚར་རྗེས་ལ་ བེན་པོ་གཡུལ་དྲུང་རྒྱ་མཚན་ནས་ དེའི་རྗེས་༢༠༡༠ ༠༦ ༠༢ ཉིན་ལ་ཡང་འཇོག་ཞེད་སྣང་འཚེར་སྣང་གང་ཡང་མེད་པའི་ཐོག་མདོ་སྟོད་རྒྱ་ཆེ་མང་ཚོགས་ཚབ་བྱས་ཏེ དབུ་མའི་ལམ་ལ་ངོས་ལེན་མེད་པ་གཏམ་ཤོད་བྱས་འདུག་ ཞལ་ནས་མདོ་སྟོད་ལ་ཞེ་འགོག་ཡོད་མདོག་ཁ་པོ་བྱས་ཏེ་ སེམས་བཏིང་ལ་ ངན་སེམས་བཅངས་ནས་བྱེད་སྒོ་སྤེལ་བ་ དེ་ཚོ་མཐོང་གིན་མིན་འདུག་གམ་ དབུ་མའི་ལམ་ལ་ངོས་ལེན་མེད་མཁན་སྤྱི་མཐུས་ཞིག་སླེབས་ན་ བོད་བསྟན་སྲིད་མི་རིགས་ལ་ཐུགས་ཕན་སོས་པ་ཡོང་ས་རེད་ ཕན་ལས་གནོད་ཆེ་བར་འདུག་ གཙོ་བོ་མདོ་སྟོད་མི་མང་ནས་ངོས་དུ་རྟོག་དཔྱད་གནང་རྒྱུ་ཤིན་ཏུ་གལ་གནད་ཆེ་བ་མཐོང་ལགས་
    ཞིབ་འཇུག་པ་ཁང་གསར་ནས་ཕྱོགས་ལྷུང་མེད་པའི་ངང་རྩོམ་ཡིག་གནང་རོགས་གནང་ ཞུ་བ་དང་ ཆབས་ཅིག་ གུས་ལ་ལེན་ཞིག་ཡོད་པ་ཞུ་།།

    Reply
  50. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ཁང་གསར་ལགས།
    དུས་ཡུན་རིང་པོ་ཞིག་ལ་མཇལ་རྒྱུ་མི་འདུག་ལ་དུས་ཡུན་རིང་པོ་ཞིག་ལ་འདི་འདྲའི་སྤུས་ཀ་ཅན་གྱི་དཔྱད་རྗོད་ཅིག་ལ་རོལ་མྱོང་བྱེད་འདོད་ཀྱི་སྐོམ་པ་དེ་དེ་རིང་གཞི་ནས་སེལ་སོང་། ཐུགས་རྗེ་ཆེ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese