(བློ་རྒྱ་ཆེ་བའི་དཔྱད་ཞིབ་དང་བསམ་རྒྱ་ཡངས་པའི་འཆར་སྣང་མེད་ན། རང་དབང་ཆེ་བའི་དམངས་གཙོ་མེད།)
ཚང་མས་ཟབ་ཉན་བྱེད་ཀྱིན་པའི་སྔོན་འགྲོའི་འོས་བསྡུ་དེ་ཚར། འོན་ཀྱང་དེའི་སྐོར་ལ་དཔྱད་ཞིབ་བྱེད་མཁན་མི་འདུག ངས་རྒྱ་གར་ནང་བཞུགས་པའི་ངོ་ཤེས་ཚོ་ལ་བསམ་ཚུལ་དྲིས། ཁོང་ཚོས་ཚང་མ་སྔོན་ནས་ཚོད་དཔག་ཐུབ་ཡོད་མདོག་མདོག་བྱེད། ངས་ཨ་རི་དང་ནུབ་ཁུལ་དུ་གྲོགས་པོ་ཁ་ཤས་དང་སྐད་ཆ་བཤད། ཚང་མས་ཧང་སངས་དགོས་པ་ཅི་གང་མི་འདུག་མདོག་མདོག་བྱེད། ཚང་མས་ཤེས་ཡོད་ནའང་ཐང་། ཀུན་གྱིས་དཔོག་ཡོད་ནའང་འགྲིག འདིར་ངས་བྲེལ་ཟིང་གི་ཁྲོད་ནས་དཔྱད་ཞིབ་ཅིག་བྱེད་འདོད་བྱུང་།
༡ ༽ གོ་རྟོགས།
ཐེངས་འདིའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུའི་ཐད། བལ་འབྲུག་གཉིས་ཀྱིས་འགལ་རྐྱེན་བརྩམས་ཡོད་ཀྱང་། དེ་ནི་རང་ཅག་གི་ལག་ཏུ་མེད་པས་བཞག རང་ཅག་གིས་འཐུས་ཤོར་བ་ནི། མང་ཚོགས་ཀྱི་ངོས་ནས་དེབ་སྐྱེལ་བྱས་ཀྱང་འོས་བསྡུའི་ཆ་ཤས་ནང་ཞུགས་མ་ཐུབ་པ་ད་དུང་ཁྲི་གསུམ་སྐོར་ཡོད་པ་དེ་རེད། མང་ཚོགས་དཀྱུས་མ་ཙམ་མ་ཟད། གཞུང་གི་གནད་ཡོད་ལས་བྱེད་དང་ཐ་ན་འོས་བསྡུའི་འགན་འཛིན་བཅས་པར་ཡང་ཞན་ཆ་མི་ཉུང་བ་ཞིག་སྔར་བཞིན་འདུག་པ་དཔེར་ན། འོས་བསྡུའི་འགན་འཛིན་རྣམ་པས་སྒྲིག་གཞི་དང་མཐུན་པའི་ལམ་སྟོན་གསལ་པོ་དང་ཡང་དག་པ་གནང་ཐུབ་མེད་པ་དང་གཅིག འབྲུག་ཡུལ་དུ་འོས་བསྡུའི་སྐོར་ལ་འབྲེལ་བ་བྱེད་སྐབས་ས་གནས་ཀྱི་ཆབ་སྲིད་གནས་སྟངས་ལ་དགོངས་བཞེས་མ་ཐུབ་པ་དང་གཉིས། འོས་བསྡུ་དང་འབྲེལ་བའི་ཁྲིམས་སྒྲིག་དང་ལམ་སྟོན་ཁག་བོད་དབྱིན་གཉིས་ནང་བྲིས་ཏེ་དྲྭ་ལམ་ཁག་ཏུ་འཇོག་མ་ཐུབ་པ་ཙམ་མ་ཟད། འཇོག་རྩིས་ཙམ་ཡང་མེད་པ་དང་གསུམ་ལྟ་བུ་ཡིན། ད་དུང་སྔོན་འགྲོའི་འོས་མིའི་ཐོ་གཞུང་གསལ་བསྒྲགས་བྱས་པ་དེའི་ནང་། མི་དང་ས་ཆའི་མིང་འབྲི་ནོར་ཤོར་བ་དང་ཡིག་ནོར་ཧ་ཅང་མང་བ་ནི། བོད་ནང་བོད་ཡིག་གི་ཆེད་དུ་སྲོག་བཏང་སྟེ་སྐད་འབོད་བྱེད་བཞིན་པའི་སྐབས་འདི་ལྟ་བུར་ལྷག་པར་དུ་མིག་ལ་མི་མཛའ་བའི་ལས་ཀ་རེད།
གཞུང་གི་གནད་ཡོད་ལས་བྱེད་ལ་མཚོན་ན། ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་ཀྱིས་ས་གནས་ཀྱི་འོས་གྲངས་སྐོར་གསར་ལམ་དུ་བསྒྲགས་པ་དང་། ཨ་རི་སྐུ་ཚབ་དོན་གཅོད་ཀྱིས་ས་གནས་འོས་བསྡུའི་མི་སྣར། འོས་དངོས་སུ་བསྡུ་བའི་སྐབས་སུ་གཞན་གྱིས་བཀྲམས་པའི་འོས་གཞིའི་ཐོ་གཞུང་བེད་སྤྱོད་ཆོག་པའི་ལམ་སྟོན་ལོག་པ་བྱས་པ། ས་གནས་འོས་བསྡུ་ཚོགས་ཆུང་ཁག་གིས་འོས་བསྡུའི་ཉིན་ལྟ་རྟོག་སྟངས་འཛིན་སྒྲིག་གཞི་དང་མ་མཐུན་པ་མང་དུ་བྱུང་བ་ལྟ་བུ་ཡིན། བདག་གིས་བལྟས་ན། སྐྱོན་ཆ་འདི་དག་གི་རྩ་བ་གཅིག་ནི། དབུས་འོས་བསྡུ་ལས་ཁང་ནས་བྱུང་བ་རེད། དབུས་འོས་བསྡུ་ལས་ཁང་ཞེས་པ་ཞིག་གཏན་འཛུགས་ཡོད་ཀྱང་། འོས་བསྡུའི་ལས་ཀ་མེད་པའི་སྐབས་སུ་གྲ་སྒྲིག་དང་ལས་ཀ་མེད་པར་སྡོད་ཅིང་། འོས་བསྡུའི་ལས་དོན་བྱུང་བ་དང་འོས་བསྡུའི་འགན་འཛིན་ངོ་མ་དང་ལས་འཕར་ཞེས་དེ་སྔོན་འོས་བསྡུའི་ཉམས་མྱོང་ཡོད་མེད་དང་། མང་ཚོགས་ལ་སྐད་བརྡ་འཕྲོད་མིན་སོགས་ལ་མ་བལྟས་པར་བསྐོས། དེ་ཚོས་ཉིན་ཤས་ནང་ཟང་ངེ་ཟིང་ངེ་བྱས་ཏེ་སྒྲིག་གཞིར་སློབ་སྦྱོང་བྱེད་ཁུལ་བྱེད་ཀྱང་དོན་གྱི་གོ་རྟོགས་གཏིང་རྩ་ཆོད་པ་མེད། འདི་ལྟར་སྔོན་གྱི་འོས་བསྡུ་རིམ་པའི་སྐབས་བྱུང་བའི་ཉམས་མྱོང་རྣམས། འོས་བསྡུའི་སྐབས་རྗེས་མར་བརྒྱུད་སྤྲོད་ཐུབ་པའི་ལམ་ལུགས་ཡག་པོ་ཆགས་མེད།
༢ ༽ མིང་ཤས།
ད་རེས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་དོན་ནང་། ཆེད་དུ་མིང་ཤས་བཟོ་བའི་གནས་ཚུལ་ཤུགས་ཆེན་པོ་བྱུང་ཡོད། དཔེར་ན། རྒྱ་རི་སྒྲོལ་མ་བཀའ་ཁྲིར་ལངས་པ་དེ་བཀྲས་མཐོང་ལ་རྒྱབ་སྐྱོར་དང་བློ་བཟང་སེང་གེར་གནོད་སྐྱེལ་རྩིས་རེད་ཟེར་བ་དང་། བཀྲས་མཐོང་བསྟན་རྣམ་གྱིས་གཞུང་དངུལ་ཕོན་ཆེ་སྒེར་ཟོས་བྱས་པ་རེད་ཟེར་བ། ཁྱིམ་ཚང་ཆེན་པོ་གསུམ་གྱིས་ད་བར་བཙན་བྱོལ་གྱི་དབང་ཆ་བཟུང་བ་རེད་ཟེར་བ་ལྟ་བུ་རེད། འོན་ཀྱང་བཀྲ་ཤིས་དབང་འདུད་དང་བློ་བཟང་སྦྱིན་པ་བཀའ་ཁྲིར་ལངས་པ་དེ་བཀྲས་མཐོང་ལ་གནོད་སྐྱེལ་ཆེད་ཡིན་མིན་ཐད་རྩོམ་ཡིག་སྤེལ་མཁན་སུ་ཡང་མེད། དེའི་ཐོག་ནས་ཆེད་དུ་མིང་ཤས་བཟོ་བའི་སྦྱོར་བ་ངན་པ་དེ་ཚོའི་འབྱུང་ཁུངས་གང་ཡིན་ཕྱོགས་ཙམ་མཚོན་ནུས་པ་ཡིན།
༣ ༽ ཉམས་མྱོང་རྒས་པོས་འཆུག་པ།
བཀའ་ཁྲིའི་འོས་གཞིའི་ནང་ནས་ནོར་འཁྲུལ་ཆེ་ཤོས་བྱེད་མཁན་ནི། ཤེས་ཡོན་དང་ཉམས་མྱོང་གིས་ཕྱུག་པའི་བཀའ་ཟུར་བཀྲ་ཤིས་དབང་འདུད་ལགས་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁའི་ཚོགས་པ་གཉིས་ཀས་བཀྲ་ཤིས་དབང་འདུད་ལ་བཀའ་ཁྲིའི་འོས་གཞིར་ལངས་རོགས་ཞུ་དུས། ཁོང་གིས་ཁས་ལེན་གནང་མེད། འོན་ཀྱང་འོས་ཤོག་དངོས་སུ་བསྡུ་ཁའི་ཉིན་ཤས་ཀྱི་སྔོན་དུ་ཁོང་གིས་བསམ་བཏང་དྲན་སྐྱེད་ལྟ་བུས་འོས་གཞིར་ལངས་པ་རེད། དེས་དེ་སྔོན་ཁོང་ལ་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་བྱེད་མཁན་མི་མང་པོར་ཁོང་ཁྲོ་བསླངས་ཤིང་མཇུག་འབྲས་ནི་ད་ལྟ་ཀུན་གྱིས་མཐོང་ཐུབ་པ་དེ་རེད། གལ་སྲིད་ཁོང་གིས་ཐོག་མ་ནས་འོས་གཞིར་ལངས་ཡོད་ཚེ། འོས་གྲངས་མཐོ་ཤོས་ཀྱི་གྲས་སུ་སླེབས་རྒྱུར་ཐེ་ཚོམ་མེད། ད་ཆ་ཁོང་གི་མདུན་དུ་ཐོབ་རེ་མེད་པའི་བཀའ་ཁྲིའི་གོ་གནས་དེའི་ཆེད་དུ་སྐུ་ཚབ་དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་དགོས་མིན་གྱི་དྲི་བ་སླེབས་ཡོད། ལན་ནི་ཧ་ཅང་གསལ་པོ་རེད། དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་གི་མ་རེད། བཞག་ན་དངོས་གནས། གཞོན་པའི་ཤེད་ལས་རྒད་པོའི་ཇུས་ཆ་བཟང་།། ཞེས་པའི་ལེགས་བཤད་དེར་སྒྱུར་བཅོས་བྱེད་དགོས།
༤ ༽ བར་ཁྱད།
བཀྲ་ཤིས་དབང་འདུད་ལ་སླེབས་པའི་དྲི་བ་དེ་སྤྱི་འཐུས་སྤེན་པ་ཚེ་རིང་དང་། ཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གཉིས་ལའང་སླེབས་ཡོད། སྤེན་པ་ཚེ་རིང་གིས་བློ་ཐག་ཆོད་པོས་སྤྱི་འཐུས་སུ་འགྲོ་རྒྱུ་བདམས་ཟིན་པ་རེད་ལ། འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལ་མཚོན་ནའང་། བཀའ་བློན་ཁྲི་པའི་རྒྱལ་ཁ་ཐོབ་པའི་རེ་བ་མེད་པས་བཀའ་ཁྲིའི་འོས་གཞི་ནས་འཐེན་ཏེ་མུ་མཐུད་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་གནང་ངེས་རེད། ད་ང་ཚོའི་མདུན་ལ་ཡོད་པ་ནི། བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་རྣམ། རྒྱ་རི་སྒྲོལ་མ། བློ་བཟང་སྦྱིན་པ་བཅས་རེད།
འོས་གྲངས་ཀྱི་ཐད་ནས་བཤད་ན་བློ་བཟང་སེང་གེ་དང་བཀྲས་མཐོང་གི་བར་དུ་འོས་ཤོག་༡༠༡༧༠ ཡི་བར་ཁྱད་ཤོར་ཡོད། རྒྱ་རི་སྒྲོལ་མའི་འོས་ཤོག་ ༢༧༣༣ དང་བཀྲ་ཤིས་དབང་འདུད་ཀྱི་འོས་ཤོག་ ༢༡༠༡ བློ་བཟང་སྦྱིན་པའི་ ༡༥༤༥ འཁོར་ལ་ཚང་བསོད་སྟོབས་ཀྱི་ ༦༠༥ བཅས་ཡོངས་རྫོགས་དངོས་གཞིའི་འོས་བསྡུའི་སྐབས་བཀྲས་མཐོང་བསྟན་རྣམ་ལ་ཐོབ་པའི་དབང་དུ་བཏང་རུང་འོས་ཤོག་ ༦༩༨༤ ལས་ལོངས་ཀྱིན་མེད་པས། མཐའ་མའི་འོས་བསྡུའི་སྔོན་དུ་བཀྲས་མཐོང་གིས་ད་ལྟ་བཞིན་གྲགས་འགུལ་ཅི་ཡང་མེད་པར་བསྡད་ཚེ། རྒྱལ་ཁ་ཐོབ་པའི་རེ་བ་མེད་པ་གསལ་པོ་རེད། འོན་ཀྱང་བཀྲས་མཐོང་བསྟན་རྣམ་ལ་ད་ལྟ་ཐོབ་པའི་འོས་ཤོག་གྲངས་ ༡༢༣༡༩ དེ་དྲིལ་བསྒྲགས་དང་དཀའ་ལས་ཧ་ལམ་མ་བརྒྱབ་པར་རག་པ་ཞིག་ཡིན་པས། བློ་བཟང་སེང་གེ་ལྟར་དཀའ་ལས་བརྒྱབ་ན་རེ་བ་མེད་པ་དེ་འདྲ་མ་རེད།
རྒྱ་རི་སྒྲོལ་མ་དང་བློ་བཟང་སྦྱིན་པ་གཉིས་ལ་བཀའ་ཁྲི་ཐོབ་པའི་རེ་བ་ཕྲ། རྒྱ་རི་སྒྲོལ་མའི་གཤིས་ཀ་གྱོང་བའི་ཆ་ནས་བློ་བཟང་སེང་གེ་དང་བཀྲས་མཐོང་གཉིས་ཀས་དགོས་པ་དམིགས་བསལ་མ་བྱུང་ན་བཀའ་བློན་དུའང་བསྐོ་དཀའ་བ་རེད། འོན་ཀྱང་རྒྱ་རི་སྒྲོལ་མའི་ལུས་ཐོག་ནས་ང་ཚོས་བོད་ཀྱི་བུད་མེད་གཞན་ལ་མེད་པའི་བློ་སྟོབས་མཐོང་ཐུབ་ཅིང་། དེས་ཁོང་སུས་ཀྱང་སྣང་ཆུང་དུ་འཇོག་མི་ཐུབ་པ་ཞིག་བཟོས་ཡོད། དེ་ནི་གྲུབ་འབྲས་རེད།
༥ ༽ ཆོས་ཆོལ་འཕོ་འགྱུར།
སྤྱི་འཐུས་ཀྱི་འོས་བསྡུའི་ཐད་ནས་བཤད་ན། མངོན་གསལ་ཆེ་བའི་འགྱུར་བ་ཆེ་ཤོས་ནི་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོ་རེད། ད་ལྟའི་འོས་བསྡུའི་གནས་སྟངས་ལ་བལྟས་ན། དགེ་ལུགས་སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་དང་བེ་རི་འཇིགས་མེད་དབང་རྒྱལ། ས་སྐྱའི་པདྨ་འབྱུང་གནས་དང་ཚེ་རིང་པོ། བོན་གྱི་་གཡུང་དྲུང་རྒྱལ་མཚན། བཀའ་རྒྱུད་ཀྱི་བསོད་ནམས་དགྲ་འདུལ་དང་ཀརྨ་ཤེས་རབ་མཐར་ཕྱིན་བཅས་ཚང་མ་ཆོས་རྒྱུད་ཀྱི་སྤྱི་འཐུས་སུ་སླེབས་ཐུབ་ཀྱི་མེད། དེས་ཆོས་རྒྱུད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༧༠ ཟིན་ཡོད། འགྱུར་བ་གཏན་ནས་མེད་པ་ནི་རྙིང་མའི་སྤྱི་འཐུས་གཉིས་རེད།
དེ་དག་གི་ཁོངས་ནས་ས་སྐྱའི་སྤྱི་འཐུས་པདྨ་འབྱུང་གནས་དབུས་གཙང་གི་སྤྱི་འཐུས་སུ་འོས་གྲངས་མཐོ་ཤོས་ཨང་གཉིས་པར་སླེབས་ཡོད་ཅིང་། གཡུང་དྲུང་རྒྱལ་མཚན་མདོ་སྟོད་སྤྱི་འཐུས་ཀྱི་ཨང་དྲུག་པར་སླེབས་ཡོད། ཡང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀརྨ་ཆོས་འཕེལ་བཀའ་རྒྱུད་སྤྱི་འཐུས་འོས་ཁོངས་ཨང་གཉིས་པར་སླེབས་ཡོད།
དགེ་ལུགས་སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ནི་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཞེས་པའི་གསུང་བཤད་ཀྱི་ཇུས་འགོད་པ་དང་གྲོས་ཚོགས་མཇུག་སྐྱོང་མ་ཐུབ་པའི་གནས་ཚུལ་ནང་ཐེ་ཇུས་ཡོད་པའི་མིང་ཤས་གཉིས་ཀྱི་འོག་ནས་ད་རེས་ཕམ་ཉེས་བྱུང་ཡོད། བེ་རི་འཇིགས་མེད་དབང་རྒྱལ་ཡང་། དགེ་ལུགས་པའི་སྤྱི་འཐུས་ཀྱི་ལམ་ཕྱོགས་སུ་མ་བསྡད་པར་སྔོན་གྱི་ལོ་རྒྱུས་རྙིང་པ་བེ་རི་རྒྱལ་པོ་སོག་པོས་བཅོམ་པའི་ནད་རྙིང་ཞེ་ལ་བཞག་སྟེ། དགེ་ལུགས་པའི་སྦྱིན་བདག་ཆེན་པོ་ཆེན་པོ་ཧོར་ཡུལ་གྱི་གྲྭ་རྒྱུན་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་། གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པའི་གནས་ཚུལ་དང་འབྲེལ་བ་ཡོད་པ། ཡིག་ནོར་དང་དོན་ནོར་མང་བའི་ཆོས་འབྱུང་ཆ་ལེ་ཆོ་ལེ་ཞིག་བྲིས་པ་སོགས་ཀྱི་ཆ་ནས་ད་རེས་འོས་ཤོག་ཕམ་ཉེས་འབྱུང་བཞིན་ཡོད་པ་རེད། ཕམ་ཉེས་བྱུང་བའི་ཆོས་རྒྱུད་ཀྱི་སྤྱི་འཐུས་གཞན་མང་ཆེ་བ་ཡང་གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པའི་བྱས་ཉེས་དང་འབྲེལ་ནས་བུད་འགྲོ་བཞིན་ཡོད།
ས་སྐྱའི་པདྨ་འབྱུང་གནས་དང་བོན་གྱི་གཡུང་དྲུང་རྒྱལ་མཚན་གཉིས་ནི། ཆོས་རྒྱུད་ཀྱི་སྤྱི་འཐུས་ཐོབ་རེ་མེད་པའི་དབང་གིས་ཆོལ་ཁའི་ཁོངས་སུ་ལངས་པ་ཡིན་དང་། ཆོལ་ཁའི་རེ་སྐུལ་ལྟར་ཆོས་རྒྱུད་ཀྱི་སྤྱི་འཐུས་བསྐྱུར་བ་ཡིན་གསལ་པོ་མེད། འོན་ཀྱང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཆོལ་ཁའི་སྤྱི་འཐུས་ཆགས་ཡོང་བ་འདི་སྲིད་དོན་འཁྲབ་ཀྱི་ཡོད་པའི་རྟགས་རེད་མ་གཏོགས་ཡག་རྟགས་ཅང་མ་རེད།
༦ ༽ བཀའ་རྒྱུད་ཀྱི་ཀརྨ།
དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ནི། ཆོལ་ཁས་བསྐྱུར་བའི་སྡུག་ནད་མ་ཐེག་པར་ཆོས་རྒྱུད་ཀྱི་སྤྱི་འཐུས་སུ་སླེབས་པ་རེད། སྡུག་ནད་མ་ཐེག་མཁན་དེ་ཀརྨ་ཆོས་འཕེལ་ཙམ་མ་ཡིན་པར། ད་དུང་ཁོང་གི་རྒྱབ་ལོགས་སུ་ཤོག་ཁ་ཆེན་པོ་ཞིག་ཡོད་པ་གསལ་པོ་རེད། ཀརྨ་ཆོས་འཕེལ་ལ་ཆ་བཞག་ན། ཤེས་ཡོན་དང་ཉམས་མྱོང་གཉིས་ཀ་ཡོད་རེད། འོན་ཀྱང་རང་ཚུགས་བརྟན་པོ་མ་རེད། དེ་སྔོན་བོད་གཞུང་སློབ་གྲྭ་དང་བཀའ་འགྱུར་རིན་པོ་ཆེའི་སྒེར་སློབ། གཞོན་ནུ་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། སྤྱི་འཐུས། སྤྱི་འཐུས་ཚོགས་གཙོ་བཅས་ལས་གནས་གང་འདྲ་ཞིག་ཏུ་འགན་ཅི་འདྲ་ཞིག་འཁྱེར་ནའང་རྙོག་དྲ་མ་བཟོས་པ་ཞིག་རྩ་བ་ནས་བྱུང་མེད། དཔལ་འབྱོར་གྱི་རྙོག་དྲ་མིན་ན། ཆབ་སྲིད་ཀྱི་རྙོག་དྲ་བཟོ་བ་དང་། དེ་མིན་ན། ཆང་རག་བཏུང་སྟེ་ལས་དོན་འཐུས་ཤོར་བཏང་བའི་རྙོག་དྲ་བཟོ་གི་ཡོད།
ང་རང་ཆབ་སྲིད་པ་ཚོས་སྲིད་དོན་འཁྲབ་བཞིན་པ་དེར་ཧ་ལས་མ་བྱུང་། ཧ་ལས་ཧང་སངས་བྱུང་ས་ནི། དགེ་ལུགས་པ་དང་བཀའ་རྒྱུད་ཀྱི་དགེ་འདུན་པ་ཚོས་ཀརྨ་ཆོས་འཕེལ་རང་རང་གི་ཆོས་རྒྱུད་སྤྱི་འཐུས་འོས་གཞིར་བདམས་པ་དེ་རེད། (གོ་ཐོས་ལ་དགེ་ལུགས་ཀྱི་སྤྱི་འཐུས་འོས་གཞིའི་ནང་དང་པོ་ཟམ་གདོང་རིན་པོ་ཆེ་དང་། གཉིས་པ། རོང་བོ་བློ་བཟང་སྙན་གྲགས་དང་ཨ་ཀྲུག་ཚེ་བརྟན། གསུམ་པ་བེ་རི་འཇིགས་མེད། བཞི་པར་ཀརྨ་ཆོས་འཕེལ་སླེབས་ཡོད་སྐད་) དེ་ལ་རྒྱབ་ལོགས་ནས་བརྒྱུད་སྐུལ་བྱེད་མཁན་ཡོད་པ་དེ་ཡང་གསལ་པོ་རེད། འོན་ཀྱང་བཀའ་རྒྱུད་དང་དགེ་ལུགས་ཀྱི་ཆོས་བྱེད་མི་སྣ་ཚོས་དེ་འདྲའི་མགོ་སླ་པོ་བྱས་པ་དེ་ནི་ཧོན་འཐོར་དགོས་པ་ཞིག་རེད། ཀརྨ་ཆོས་འཕེལ་གྱིས་ད་ཆ་དགེ་ལུགས་སྤྱི་འཐུས་འོས་ཁོངས་ནས་དགོངས་པ་ཞུས་ཏེ་བཀའ་རྒྱུད་ཀྱི་སྤྱི་འཐུས་སུ་ལངས་བཞིན་ཡོད།
ལོ་རྒྱུས་ཐོག་དགའ་ལྡན་ཕོ་བྲང་དང་བཀའ་རྒྱུད་པའི་བར་དུ་འབྲེལ་བ་ཡག་པོ་རང་བྱུང་མེད། འོན་ཀྱང་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་སྐབས་སུ་ཀརྨ་པ་སྐུ་གོང་མ་དང་འབྲེལ་ལམ་ཧ་ཅང་ཡག་པོ་བྱུང་བར་མ་ཟད། ད་ལྟའི་ཀརྨ་པ་མཆོག་དང་དམིགས་བསལ་གྱིས་འབྲེལ་བ་ཡག་པོ་ཆགས་ཡོད། གནས་བབས་དེའི་ཐོག་ནས་བལྟས་ན། ད་ལྟའི་རྒྱལ་བ་ཀརྨ་པ་འདིས་མ་འོངས་པའི་ལོ་ ༥༠ ནང་ཆོས་སྲིད་གཉིས་ཐད་ནས་བོད་མི་དམངས་ལ་ལེགས་སྐྱེས་ཆེན་པོ་ཞིག་སྩོལ་ཐུབ་པའི་རྨང་གཞི་ཚང་མ་རེད་ཡོད་ལ། དེས་རྒྱ་ནག་གཞུང་ལའང་སེམས་ངལ་བཟོ་བཞིན་ཡོད། འོན་ཀྱང་ད་ལྟ་བཀའ་རྒྱུད་པའི་ཆོས་བྱེད་མི་སྣ་ཚོས། རྒྱབ་ལྗོངས་ཀྱི་གནས་ཚུལ་ཁྱད་མཚར་ཞིག་ལ་བརྟེན་ཏེ། གཞན་གྱིས་སེམས་གཏིང་ནས་གཡུག་ཟིན་པའི་ཅ་ལག་ཅིག་ལ་བདག་པོ་རྒྱག་བཞིན་ཡོད། དོན་དམ་དུ་མིང་ལ་ཀརྨ་ཐོགས་པ་ཙམ་གྱིས་བཀའ་རྒྱུད་པ་ཡིན་པའི་ངེས་པ་མེད་ལ། གཡུལ་སར་ལྷུང་བའི་རལ་གྲི་སོ་གཉིས་མ་ཞིག་ཡར་སྒྲུག་པ་དེས། ཆོལ་ཁ་དང་ཆོལ་ཁའི་བར་དང་། ཆོལ་ཁ་དང་ཆོས་ལུགས་བར། ཆོས་ལུགས་དང་གཞུང་གི་བར་དུ་སེལ་ཞུགས་པའི་རྐྱེན་ཆགས་སྲིད་ལ། ལྷག་པར་དུ་༸རྒྱལ་བ་ཀརྨ་པ་མཆོག་གི་མཛད་འཕྲིན་གྱི་ཞབས་འདེགས་སུ་མ་སོང་བར་ཞབས་འདྲེན་དུ་གྱུར་སྲིད་པ་ཡིན།
༧ ༽ དབུས་གཙང་མངའ་རིས་ཀྱི་ཆབ་འབངས།
ཆོལ་ཁའི་ཁྱབ་ཚད་ནས་བཤད་ན། མངའ་རིས་དབུས་གཙང་གི་ཆ་ཤས་རེད། དེ་ལ་མངའ་རིས་སྤྱི་མཐུན་ཚོགས་པས་ཀྱང་མོས་མཐུན་བྱེད་ཀྱིན་ཡོད། འོན་ཀྱང་དེང་སྐབས་དབུས་གཙང་དེ་མངའ་རིས་ཀྱི་ཆ་ཤས་ལྟ་བུར་གྱུར་ཡོད་དེ། སྤྱི་འཐུས་ལ་ཆ་མཚོན་ནས་བཤད་ན། ད་རེས་ཆོལ་ཁ་དང་ཆོས་ལུགས་ཀུན་གྱི་ནང་ནས་སྤྱི་འཐུས་འོས་མང་ཤོས་དེ་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལ་ཐོབ་ཡོད། སྐབས་སྔོན་མ་དག་ཏུ་ཡེ་ཤེས་ཕུན་ཚོགས་ལ་འོས་ཤོག་མང་ཤོས་ཐོབ་རྒྱུ་ལྟ་ཅི་རྩེ་ཕུད་ ༡༠ ནང་ཚུད་ལ་མ་ཚུད་ཀྱི་མི་ཞིག་རེད། ཕྱི་ནང་གི་ཤེས་ཡོན་དང་འཇོན་ཐང་། ལྟ་བ། བྱས་རྗེས་སོགས་གང་གི་ཐད་ནས་བལྟས་ནའང་མེད་པ་ལས་དྲག་ཙམ་ཞིག་རེད། འོན་ཀྱང་དེ་རིང་སྤྱི་འཐུས་ཀུན་གྱི་གོང་ན་སླེབས་པ་འདི་ཅི་རེད། གཞན་གང་ཡང་མ་རེད། ཁོང་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོར་བཞུགས་ཏེ། འོས་གཞིའི་དང་པོར་རང་ཉིད་ཀྱི་མིང་བཀོད་དེ་བཀྲམ་པ་དེས་རེད། སྤྱིར་བཏང་བོད་དབུས་གཙང་མཐིལ་གྱི་མི་རྣམས་ལ་ཆོལ་ཁ་དང་ལུང་ཚན་གྱི་ཞེན་དེ་ཧ་ཅང་ཆུང་ཆུང་རེད། འོན་ཀྱང་སྟོད་མངའ་རིས་ཀྱི་མི་རྣམས་ནི་ས་མཐའ་ལུང་ཁུག་གི་མི་ཀུན་དང་འདྲ་བར་ཡུལ་ཞེན་ཆེན་པོ་ཡིན་ལ་མི་འབོར་ཡང་མང་པོ་རེད། དེའི་དབང་གིས་དེང་སྐབས་དབུས་གཙང་མངའ་རིས་ཀྱི་མངའ་ཁོངས་ཆགས་བཞིན་ཡོད།
མདོ་སྟོད་སྨད་ཀྱི་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ནང་བོད་ནས་གསར་དུ་སླེབས་པ་མང་པོ་སླེབས་བཞིན་ཡོད་ཀྱང་། དབུས་གཙང་གི་སྤྱི་འཐུས་ནང་བོད་ནས་གསར་དུ་འབྱོར་བ་ཞིག་འོས་འདེམས་ཡོང་གི་མེད། དེའི་རྒྱུ་མཚན་ཡང་མཐར་གཏུགས་ན་མངའ་རིས་ལ་ཐུག་ཡོད།
༨ ༽ ཟམ་གདོང་རིན་པོ་ཆེའི་མ་འོངས་པ།
གོ་ཐོས་སུ་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དགེ་ལུགས་དང་མདོ་སྟོད་ཀྱི་སྤྱི་འཐུས་གཉིས་ཀའི་འོས་མིར་སླེབས་ཡོད་ཀྱང་། འོས་བསྡུ་ལས་ཁུངས་ཀྱིས་དེ་གཉིས་ནང་ནས་གཅིག་མ་གཏོགས་བདམས་ན་འགྲིག་གི་མ་རེད། ཅི་འདེམས་ཀ་ཞེས་དྲིས་པར་བརྟེན། ཟམ་གདོང་རིན་པོ་ཆེས་གཉིས་ཀ་བདམས་མེད་པ་འདྲ། རིན་པོ་ཆེའི་ཐག་གཅོད་དེས་སྲིད་དོན་གྱི་ཁོག་རྩིས་རྒྱག་མཁན་མང་པོ་ཧང་སངས་བཅུག་ཡོད།
འོན་ཀྱང་སྤྱི་འཐུས་ཀྱི་ཚོགས་གཙོར་ད་ལྟའི་ཤེས་རིག་གི་བཀའ་བློན་ཐུབ་བསྟན་ལུང་རིག་སླེབས་རྒྱུ་ངེས་པ་འདྲ་འདྲ་ཞིག་དང་། བཀའ་བློན་ཁྲི་བར་སུ་འཁོད་རུང་བདེ་སྲུང་གི་བཀའ་བློན་དུ་ད་ལྟའི་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་བསྐོ་ངེས་ངེས་ཤིག་ཡིན་ཚུལ་ལ་བལྟས་ན། ལོ་གཅིག་གི་རྗེས་ཀྱི་དེ་རིང་ཟམ་གདོང་རིན་པོ་ཆེས་འགོ་བཙུགས་ཟིན་པའི་ལས་ཀ་དེ་ཚོ་ཤུལ་མེད་རྗེས་མེད་དུ་འགྲོ་རྒྱུ་མིན་པའི་རྣམ་པ་ཞིག་ཀྱང་ཡོད་པ་རེད།
རྗེས་སུ་ཟམ་གདོང་རིན་པོ་ཆེས་ག་རེ་གནང་གི་རེད། གོ་ཐོས་སུ་ཁོང་གིས་དྷ་སའི་ཉེ་འགྲམ་དུ་བཞུགས་གནས་ཤིག་བསྐྲུན་ཡོད་སྐད་ལ་བརྟེན། དྷ་རམ་ས་ལའི་ཁུལ་དུ་མུ་མཐུད་བཞུགས་ངེས་རེད། བར་ལམ་གྱི་ཁོང་གི་གསུང་བཤད་ཁག་ལ་བལྟས་ན། རྣམ་པ་གསར་པ་ཞིག་ཡོད་པ་ནི། བཀའ་འགྱུར་བསྟན་འགྱུར་གྱི་དཔེ་མི་འདྲ་བ་ཇི་ཙམ་ཡོད་པ་དང་། དེ་དག་གི་ཆོས་ཚན་རྣམ་གྲངས། བཀའ་བསྟན་ནང་མ་ཚུད་པ་ཇི་ཙམ་ཡོད་པ་སོགས་ཀྱི་སྐོར་དེ་ཐེངས་ཁ་ཤས་ཤུགས་ཆེན་པོས་གསུངས་འདུག ཐ་ན་པེ་ཅིང་ནས་བསྒྲིགས་པའི་བཀའ་བསྟན་དཔེ་བསྡུར་མའི་སྐོར་ཡང་གསུང་གི་འདུག གཅིག་བྱས་ན། ཤེས་ཡོན་སྲིད་བྱུས་དང་བཀའ་བསྟན་གཉིས་ཀྱི་ཐད་མུ་མཐུད་མཁས་པའི་ཕྱག་རྗེས་ཤིག་འཇོག་སྲིད་པ་རེད། ད་དུང་དམངས་གཙོའི་ཀ་བ་གསུམ་ལས། ཁྲིམས་ཞིབ་ཁང་དུ་ཁོང་གིས་མཛད་འགན་བཞེས་རྒྱུ་ལྷག་ཡོད།
ཆོལ་ཁའི་སྤྱི་འཐུས་ཚོའི་སྐོར་ལ་གླེང་དགོས་པ་མང་ཙམ་འདུག་ཀྱང་དུས་ཚོད་མེད་ཅིང་ཡིག་ཚོགས་ལ་སྐྲག་པས་འདི་ཙམ་གྱིས་ཆོག་ཤེས་པར་བྱས་སོ།། །།
ནོར་གཅོས། ཁ་ཤས། དྲ་ཐོག མིང་ཚིག་གཉིས་ལ། ཁོ་བས། བུ་ལ། གཉིས་ལ། བོད་མི་མང།
སྤྲང་ཕྲུག་རིག་རྒོད།
འདྲེ་ཤར་སྒོར་བཞག་སྟེ་གླུད་ནུབ་སྒོར་བཏང་ཞེས་པའི་དཔེ་ལྟར་སོང་མི་འདུག ཧ་ཧ་ཧ།
ཁོ་ན་རེ། དྲ་གྲོགས་ཐོག་ལ་མཆན་སྤེལ་མཁན་ཡིན་ན་མིང་ཚིག་མི་རྨོངས་པའི་ཁྱབ་ཟེར་ན། སྤྲང་ཕྲུག་རིག་རྒོད་ཆོས་ཅན། མིང་ཚིག་ལ་མི་རྨོངས་པ་ཐལ། དྲ་ཐོག་ལ་མཆན་སྤེལ་མཁན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཁོ་བ་ལྷ་སྲས་དང་རྒྱུག་ཁྱི་གཉིས་ཀྱི་མིང་ཚིག་གི་གོ་དོན་ཡང་ཤེས་ཀྱི་མེད་པའི་ཕྱིར།
འདོད་ན། དཀར་པོ་དང་དམར་པོའི་ཞི་མཐུན་ཡོད་པ་ཐལ། ཁོང་ཚང་གི་ལྷ་སྲས་དང་ཁོང་ཚང་གི་རྒྱུག་ཁྱིའི་ཞི་མཐུན་ཡོད་པའི་ཕྱིར།
ཨ་མའི་བུས་སྨྲ་ལྕེ་ཡོད་ན་ལྷ་སྲས་ཞེས་པའི་མིང་ཚིག་དང་རྒྱུག་ཁྱི་ཞེས་པའི་མིང་ཚིག་གཉིས་འགྲེལ་བཤད་ཞིག་
གནང་རོགས།
སྤྲང་ཕྲུག་ལགས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་བུད་མེད་ཞིག་དང་ལུས་འབྲེལ་བྱས་ན་དཔལ་འབྱོར་ལས་ཁུངས་ཀྱི་ནང་ལ་དེ་ལྟར་བྱས་པས་ཁྱབ་པར་ཐལ། ཕོ་བྲང་དཀར་པོའི་ལས་བྱེད་བུད་མེད་ཞིག་དང་ལུས་འབྲེལ་བྱས་ན་ཕོ་བྲང་དཀར་པོའི་ནང་ལ་བྱས་པའི་ཁྱབ་པའི་ཕྱིར། ཧི་ཧི་ཧི། ངོ་མ་་་་་་
ཕྲན་བོད་ལ་ཡོད་པའི་སྐབས་སྲིད་འཛིན་ཟུར་བ་བྷི་ལི་ཁེན་ཏྲོན་གྱི་གནས་ཚུལ་དེའི་སྐོར་ཨ་རིའི་བོད་སྐད་རླུང་འཕྲིན་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་གཉིས་ནས་གོ་བྱུང་། སྐབས་དེ་དུས་ཨ་རིའི་མི་དམངས་ཀྱི་སྲིད་འཛིན་གྱི་ཀུན་སྤྱོད་གཙང་མ་མེད་པའི་སྐོར་ལ་སྐྱོན་བརྗོད་བྱས་པ་ལས་ཕྲོ་བྲང་དཀར་པའི་ནང་ལ་དེ་ལྟར་བྱས་མིན་ཤོད་ཀྱི་མི་འདུག
གསང་བ་དེ་ལས་བྱེད་བུ་མོ་ཁ་བུར་མོ་རང་གི་གྲོགས་མོ་ཞིག་ལ་ཁ་པར་གྱི་ནང་ནས་བཤད་པས་གྲོགས་མོས་ཕྱིར་བསྒྲགས་བྱས་པ་ཞིག་རེད་ཞེས་བརྗོད་སོང། སྤྲང་ཕྲུག་ཁྱེད་ཀྱི་ཕྲན་ལ་བསལ་བཤད་ཡག་པོ་ཞིག་གནང་རོགས།
མི་རྗེ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་སོགས་པའི་རང་གཞུང་གི་ལས་བྱེད་དག་གིས་ཁྱེད་ཀྱིས་བཤད་པ་ལྟར་བོད་དགྱ་ཡི་ཆ་ཤས་སུ་ཁས་ལེན་པ་ཐལ། ལབ་དེབ་སེར་པོའི་སྒང་ནས་ཕྱི་རྒྱལ་ཁག་ལ་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པའི་ཕྱིར། ཕྱི་རྒྱལ་ཁག་ལ་ཡོད་པའི་བདག་ཚོའི་གཞུང་ཚབ་ཀྱི་ལས་བྱེད་དང་དེར་ཡོད་པའི་བོད་མི་རྣམས་ཀྱིས་བོད་དགྱ་ཡི་ཤས་སུ་ཁས་ལེན་པ་ཐལ་ལག་དེབ་སེར་པོའི་སྒང་ནས་ཕྱི་རྒྱལ་ཕྱིན་པའི་ཕྱིར།
ངོ་མ་མི་དེ་ལ་གླེན་རྟགས་འདུག་དངོས་གནས་རྣམ་ཤེས་རྐུབ་ཀྱི་ནང་ལ་འཛུལ་ཡོད་ས་རེད། རྩེད་མོ་ཡིན།
ཁྱེད་ཀྱིས་༼བོད་ཆོལ་གསུམ་གྱིས་མི་མང་གིས་བློ་གཟུར་བོ་གནས་པའི་ཐོག་ནས་ལན་འདེབས་བྱས་པ་རེད།༽བྲིས་པ་དེ་ལ་ཕྲན་གྱིས་བོད་མང་གིས་བློ་གཟུར་བོར་གནས་པའི་ལན་འདེབས་མ་རེད་འདི་ཁྱེད་ཀྱིས་སྨྱོན་ལབ་རེད། མིན་ན་རྒྱུ་མཚན་ཞིག་བྲིས་རོགས་ཤེས་བརྗོད་ཡོད་ཡིན་ནའང་ད་བར་ཁྱེད་ཀྱི་ལན་གང་ཡང་བྲིས་མ་སོང་ཕལ་
ཆེར་ཁྱེད་ལ་རྒྱུ་མཚན་མེད་པའང་ཡང་ན་སྤོབས་པས་འདང་གི་ཡོད་ས་མ་རེད།
གོང་གི་ཁྱེད་ཀྱི་ཚིག་ཁྱིམ་དེ་སྨྱོན་ལབ་ཡིན་པའི་རྒྱུ་མཚན་ཆུང་ངུ་ཞིག་དྲངས་རྒྱུ་ཡིན། ཁ་སང་སེ་ར་བྱེས་སྨད་གཉིས་ཀྱི་དགེ་བསྐོས་རྣམ་པས་ད་རེས་དགེ་འདུན་པ་ཚོས་འོས་ཤོག་བླུགས་པའི་དྲང་བདེན་བྱུང་མིན་གྱི་སྐོར་གྲྭ་དམངས་ལ་ཚོགས་གཏམ་བཏང་སོང། མི་རྗེ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེའི་ ༼བར་ལམ་ཞིག་ནས་ང་ལ་དེའི་ ཐོག་དམིགས་བསལ་གྱིས་ཚོར་སྣང་ཆེན་པོ་བྱུང་། ཉེ་ཆར་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ ཤོག་གསལ་བསྒྲགས་གནང་བ་རེད། དེའི་སྐབས་གདན་ས་ཁག་གིས་འོས་ཤོག་འཕེན་སྟངས་ཀྱི་འགྲོས་དེ་གོ་སོང་། དེའི་སྐབས་ཡ་མཚན་པོ་དང་ཧང་སང་དགོས་པ་བྱུང་། གྲྭ་པ་ཚོས་འདི་འདྲ་གནང་གི་ཡོད་པ་རེད་དམ། དེ་འདྲ་བྱས་པ་ཡིན་ན་ནམ་རྒྱུན་ང་ཚོས་གྲྭ་པས་ཆབ་སྲིད་ནང་ཆ་ཤས་ལེན་དགོས་པ་རེད་ ཅེས་བཤད་སྡོད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱི་ཡོད་དང་། ཆོས་འགལ་རིང་ལུགས་ཤིག་ཆགས་འགྲོ་ཡི་ཡོད་པའི་ངེས་པ་མི་འདུག་སྙམ་པའི་ཞེད་སྣང་ འདྲ་བྱུང་སོང་། ངས་དེ་རིང་ནང་ཚགས་བྱས་ཏེ། ང་རང་ལ་ཚོར་སྣང་བྱུང་བ་དེ་ཞུས་པ་ཡིན་༽གསུང་བཤད་དེ་ནས་ཁྱེད་ཀྱིས་བྲིས་པའི་ཚིག་ཁྱིམ་དེ་སྨྱོན་ལབ་ཡིན་པར་གྲུབ།
བོད་ཀྱི་བང་གསར་ཤོག་ལས་བཤུས་པ་ཡིན།
མཆན་ཀློག་མཁན་ཚོར་ཞུ་དོན།
ངས་བྲིས་པའི་མཆན་གྱི་ནང་དུ།
ཕོ་བྲང་གི་ནང་ཚུལ་མིན་གྱི་བྱ་བ་བྱེད་ཆོག་གི་མ་རེད་ཅེས་པ་
ཆད་ནས་་་་ཆོག་གི་རེད་ཅེས་བྲིས་འདུག་པས་བཅོས་ནས་བྐོག་རོགས་
ཞུ།
ལྷ་སྲས་སྐུ་ཞབས་ལགས།
ངས་ཡང་སྐྱར་ཁྱེད་ལ་ལན་ཞིག་བརྒྱག་གི་ཡིན།
ཡག་པོ་བྱས་ནས་ཉོན་་ཞིག།
ཁྱེད་ཀྱིས་་་ཨ་རིའི་་་བྷི་ལི་ཁེན་ཏྲོན་་་གྱི་སྐོར་དེ་་་་་བློ་སེང་ལ་་་་སྒྲོ་འདོགས་པའི་གནས་ཚུལ་དང་མཚུངས་ཟླ་བྱེད་འདུག།
དེ་ནི་ཨ་རིའི་་་ཕོ་བྲང་དཀེ་པོའི་ནང་དུ་བྱ་བ་དེ་རིགས་བྱེད་མི་ཆོག་པ་ཙམ་ལས་སྤྱི་
ནུབ་ཕྱོགས་པའི་སྲིད་འཛིན་དང། ལས་་བྱེད་སུ་ཡིན་ཀྱང་ཕོ་མོའི་འབྲེལ་བ་བྱེད་མི་ཆོག་པའི་གནས་སྟངས་ཤིག་རྩ་བ་ནས་ཡོད་མ་རེད། ཤ་ཚ་ཁྱེད་རྒྱ་གར་གྱི་རྒྱལ་མཚམས་རྒལ་ན་འགྲོ་མ་མྱོང་མཁན་ཞིག་ཡིན་པ་ཐག་ཆོད། ང་ལྟ་བུར་ནུབ་ཕྱོགས་ཡུལ་ཞེན་པ་ལོག་ནས་་་་ཡོང་མཁན་ལ་མཚོན་ན་འཛམ་གླིང་འདིའི་ནང་དུ་ནུབ་ཕྱོགས་པ་ལྟ་བུའི་་་་ངོ་ཚ་མེད་པའི་་ཕོ་མོའི་་འབྲེལ་བ་བྱེད་མཁན་གཅིག་ཀྱང་ཡོད་མ་རེད་དམ་ལོ་
བུ་ལྐུག་་་ད་་ཧ་གོ་སོང་ངམ།
སྐུ་དྲགས་ཚང་གི་་ལྷ་སྲས་དང། རྒྱུག་ཁྱིའི་གཞི་མཐུན་པ་ལྷ་སྲས་ལགས།
སྐུ་དྲགས་ཚང་གི་རྒྱུག་ཁྱི་འགའ་ཤས་སྲས་ལས་རྩ་བ་ཆེ་ཅི་ཡོད་རེད་ལོ།
ཁྱེད་ལ་འདེབས་དགོས་པའི་ལན་མདོར་ན་བསྡུས་ན། ཨ་རིའི་སྐབས་དེའི་སྲིད་འཛིན་་བྷི་ལི་ཁེན་ཏྲོན་་་གྱིས་བུ་གཞན་ལ་འབྲེལ་བ་ཆེ་བའི་དབང་གིས་ཁོང་ཕམ་ཉེས་སོང་བ་མིན་པར་དེ་ནི། ཕོ་བྲང་དཀར་པོའི་ནང་དུ་ཕོ་མོའི་ལུས་འབྲེལ་བྱེད་པའི་གནས་ཚུལ་ལ་བརྟེན་ནས་བྱུང་བ་དེ་ཁྱེད་ཀྱིས་ཤེས་ཀྱི་མེད་པ་འདྲ།་ དེ་ནི་དྲི་མ་ཞིག་བྲོ་ཡང། ས་ཕྱོགས་གང་དུ་བྲོ་མིན་་་་་ཤཻས་མི་འདུག་ཤ་ཚ།
ཨ་རི་བས་ཕོ་བྲང་དཀར་པོ་ནི་་་་ཡེ་ཤི་མ་ཤི་་ཀ་ཡི་་་་་གནས་མཆོག་ལྟ་བུར་ཞིག་ལ་རྩིས་ནས་དེའི་ནང་དུ་གང་བྱུང་གིས་ཚུལ་མིན་གྱི་བྱ་བ་བྱེད་ཆོག་གི་ཡོད་རེད།
གོ་ཨ་སོང་བུ་ལྐུག། ཁྱེད་ཀྱི་ཆོས་ཅན་དྲགས་ཤོས་་་་བྷི་ལི་ཁེན་ཏྲོན་་་གྱི་སྐོར་ལ་ལན་འདེབས་བྱས་ཟིན་ནོ།
ང་ངོ་མ་ཡ་མཚན་སྐྱེས་སོང། ཁྱེད་ཀྱིས་སྨྱོ་ལབ་ལྟོས་དང། བོད་པ་ཚང་འདི་རྒྱུ་དངོས་ཕྲན་བུ་ཡོད་ས་ཞིག་ལ་སླེབས་ཐུབ་ན་རང་གི་རྒྱལ་ཁབ་ཡང་བཙོང་ཆོག་གི་ཡོད་རེད་་སྐྱོ་བ་ལ་སྐྱོ་བ་ལ། བོད་རྒྱ་ཡི་ཆ་ཤས་བྱས་ནས་ཨ་རི་ལ་སླེབས་པ་དེ་ལ་དགའ་བསུ་བྱེད་མཁན་་་རྒྱུ་
དངོས་རྔམས་སེམས་ཆེ་བའི་་་་སྐུ་དྲགས་ཚང་གི་་བུ་ལྐུག་ལྷ་སྲས་ལས་གཞན་སུ་ཡོད་དམ།
སྤྱི་སྐུ་དྲགས་ཀྱི་རིགས་ཁག་མེད། དེང་གི་སྐབས་སུ་མི་མང་གི་ནང་དུ་རྒྱུ་དངོས་ཡར་བསྡུ་བྱེད་རྒྱུ་མེད་དུས་བོད་བཙོང་ནས་རྒུ་དངོས་སྒྲུབ་ཀྱི་ཡོད་པ་འདྲ།
མདོར་ན་ཁྱེད་ཀྱིས་་རྒྱུ་དངོས་བྱུང་ན། བོད་སུས་ཁོངས་སུ་བཏང་ན་བཏང་
ཞེས་པའི་སྐད་ཆ་འདི་ང་ཞེན་པ་གཏིང་ནས་ལོག་སོང་་་ཨ་རོ་བུ་ལྐུག།
རང་ལུགས་མེད་པའི་སྤྲང་ཕྲུག་ཚང་གི་རིག་རྒོད་ལགས།
ཕྲན་སྐུ་དྲག་གི་ལྷ་སྲས་ཡིན་ན་སྐུ་དྲག་གི་རྒྱུག་ཁྱི་མིན། རྒྱུག་ཁྱི་ན་ལྷ་སྲས་མིན་དེ་ཙམ་གྱི་གནས་སྟངས་མི་ཤེས་པ་ངོ་མ་ཁྱོད་སྙི་མ་རྗེ་སྔ་ཕྱི་རྒྱབ་འགལ་རྐྱང་རྐྱང།
ངོ་མ་མཁྲིས་པའི་ནད་ཆེ་ཤེས་བས་ཕྲན་གྱི་མཆན་འདི་རྣམ་ཡག་པོ་མཐོང་མི་འདུག
དེར་བརྟེན་སྔོན་ལ་ཁྱེད་མཁྲིས་ནད་དེ་སྨན་ཁང་ལ་ཡག་པོ་ཞིག་བསྟེན་དེ་ནས་ངའི་མཆན་དེ་རྣམས་ཡག་པོ་ཀློགས་རོགས།
ཡང་ཁྱེད་ཀྱིས་ལོག་གཏམ་༼བོད་རྒྱལ་སྲོང་སྒམ་པོ་་་་སྲས་མོ་གསུམ་ཡོད་པས་༽ངོ་མ་ཁྱེད་ལ་ངོ་ཚ་རྒྱུ་རྩ་བ་ནས་ཡོད་ས་མ་རེད།
ཨ་རོགས་སྤྲང་ཕྲུག་ཁྱེད་ཡོངས་གླིང་སློབ་གྲྭའི་སློབ་མ་ལས་ཀྱང་བྱ་ཐབས་སྐྱོ་བ་མི་འདུག་གམ་ཡོངས་གླིང་སློབ་མ་ཚོས་སྲོང་བཙན་སྒམ་པོར་མནའ་མ་ག་ཚོད་ཡོད་མེད་གྲངས་འདྲེན་བྱེད་ཐུབ་ཀྱི་ཡོད།
ད་དུང་དེ་ལས་ཐབས་སྐྱོ་བ་བཀས་བཀོད་བརྒྱུད་འཛིན་དང་དེང་གི་ལམ་ལུགས་ནང་གི་ཡག་ཤོས་མང་གཙོ་བསྡུར་གྱིན་འདུག་ངོ་མ་དེ་ནི་གླེན་རྟགས་ལྟ་བུ་མངོན་གྱི་མི་འདུག་གམ། དཔེར་ན་ཨ་རིའི་སྲིད་འཛིན་ཟུར་བ་ཁ་ལི་ཁྲོན་གྱིས་ཕོ་བྲང་དཀར་པོའི་ལས་བྱེད་བུད་མེད་ཞིག་ལ་ལུས་འབྲེལ་བྱེད་པའི་གནས་ཚུལ་དེ་ཨ་རི་མི་དམངས་ཧང་སངས་ནས་འོས་ཤོག་ཡང་བསྐྱར་ཐེངས་ཞིག་བླུགས་རྒྱུ་འཁེལ་ཡོད།
ཁྱེད་ཤེས་པ་རང་དབང་དུ་གནས་པའི་གང་ཟག་ཞིག་ཡིན་ཚེ་བཀས་བཀོད་བརྒྱུད་འཛིན་དང་བཀས་བཀོད་བརྒྱུད་འཛིན། སྤྱི་ཚོགས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་མང་གཙོ་དང་གཙོ་བསྡུར་དགོས་ཀྱི་རེད་ད་དེ་ནི་གདམས་ངག་ཡིན།
མི་གཅིག་ལ་རྒྱལ་ཁབ་གཉིས་ཀྱི་ལག་ཁྱེར་ཉར་ཆོག་མིན་གྱི་དོག་པ་དེ་དྲ་གྲོགས་གླང་དར་མས་བསངས་སོང་ཐུགས་རྗེ་ཆེ་ཞེས་བྲིས་ཡོད་ཁྱེད་ཀྱི་དེ་མི་མཐོང་བར་ཡང་བསྐྱར་སྨྱོན་ལབ་ལག་ཁྱེར་གྱི་སྐྱོར་ལ་བྲིས་འདུག་ངོ་མ་ཁྱེད་རིག་པ་འཆོལ་ཡོད་ས་རེད། ཨ་ཁ་ཁ་ཁ།
བཀྲས་མཐོང་ཚང་གིས་བོད་མི་སྟོང་ཕྲག་གཅིག་ཨ་རི་བཏང་བ་དེས་ད་ལྟ་ངེས་ཚོའི་སྤྱི་ཚོགས་ནང་ཕན་ཐོག་ག་ཚོད་བྱུང་ཡོད་མེད་ལ་བལྟ་དགོས་པས་ལག་ཁྱེར་ག་རི་སྒང་ལ་བཏང་ཡོད་མེད་དེ་གནད་དགག་མ་རེད།
ཕན་པ་ག་ཚོད་བྱུང་མིན་ཁྱེད་གཞིས་ཆགས་ཁག་གི་ཡུལ་མིར་དྲིས་དང་ཧ་གོ་གི་རེད།
སྐབས་རེ་དགག་བྱ་ལས་དགོས་པ་གཙོ་ཆེ་བ་དང་ཡང་སྐབས་འགར་དགོས་པ་ལས་དགག་བྱ་གཙོ་ཆེ་དེ་འདྲ་ཡོང་གི་རེད། དེ་ཙམ་གནས་སྟངས་མི་ཤིས་ན་ངོ་མམམམམ
༼བོད་ཆོལ་གསུམ་གྱིས་མི་མང་གིས་བློ་གཟུར་བོ་གནས་པའི་ཐོག་ནས་ལན་འདེབས་བྱས་པ་རེད།༽ནམ་ཡང་ནམ་ཡང་ངོས་ལེན་བྱེད་ཐུབ་ས་མ་རེད་ཅེས་བྲིས་ཡོད།
ཁྱེད་ཀྱིས་སྨྱོན་ལབ་དེ་འདྲ་མི་ཤོད་རོགས།
དེ་སྨྱོན་ལབ་མིན་ན་ངེས་པར་དུ་གོང་ཚིག་འདི་ལ་ལན་ཞིག་གནང་རོགས།
རིག་རྒོད་དང་ལྷག་སྲས་གཉིས་ལ་ཞུ་རྒྱུར་ བགྲོ་གླེང་དོན་གནད་འཁེལ་བ་ཞིག་གནང་རོགས་ བར་དུ་དབྱེན་ཚིག་འདྲ་མིན་མ་སྤེལ་ན་ལེགས་ དེ་མིན་བགྲོ་གླེང་གནད་བ་དེ་ཡག་པོ་འདུག་ ང་ཚོ་ཀློག་པ་པོ་རྣམས་ལ་གནས་ཚུལ་མང་པོ་ཞིག་ཤེས་ཡོང་གིན་འདུག་ སྤྱིར་བཏང་ཁོ་བོ་ཡིན་ན་ཡང་བློ་བཟང་སེང་གེ་བཀའ་ཁྲིར་འོས་པ་མིན་འདུག་ཟེར་མཁན་གྲས་ཡིན་ བཀའ་ཁྲིའ་ཞབས་སྟེགས་འདི་ཉམས་མྱོང་གང་བསགས་པ་དེ་བེད་སྤྱོད་བཏང་ས་ཞིག་ཡིན་གྱི་ ཉམས་མྱོང་གསར་དུ་གསག་ས་ཞིག་མིན་ ཉམས་མྱོང་གསག་དགོས་པ་ཐོག་མར་བློ་བཟང་སེང་གེ་ཁོང་བྱང་ཨ་རིའི་སྤྱི་འཐུས་ལ་བསྐོ་གནང་དགོས་ དེ་ནས་བོད་གཞུང་གི་གནས་ཚུལ་རྒྱུས་ལོན་དང་ཉམས་མྱོང་གང་འཚམས་བསགས་ཡོད་གིན་རེད་སྙམ་
སྐུ་དྲགས་ཚང་གི་རྒྱུག་ཁྱི་ལྷ་སྲས་ལགས།
ཁྱེད་ཀྱིས་བློ་སེང་་ལ་དགའ་མཁན་གྱི་བུ་མོ་མང་པོ་ཡོད་རེད།
དེ་འདྲ་ཡིན་དུས་བཀའ་ཁྲི་ལ་མི་འོས་ཞེས་དོན་གྱིས་དེ་ལྟར་བྲིས་འདུག།
དེ་ལྟར་ན། བོད་རྒྱལ་སྲོང་སྒམ་པོ་་་་སྲས་མོ་གསུམ་ཡོད་པས་
དེང་སང་ཁྱེད་ཀྱིས་ཁོང་གི་བོད་ཀྱི་རྒྱལ་པོ་ཐ་ཤལ་ཞིག་ལབརྩིས་ཀྱི་ཡིན་ནམ།
ཡང་ན་ཁོང་བོད་རྒྱལ་པོའི་ཁོངས་ནས་ཕྱི་འབུད་བྱེད་ཀྱི་ཡིན།
ཧ་ཧ་ཧ་།
ཡང་ཁྱེད་ཀྱིས་རྒྱལ་ཁབ་གཞན་གྱི་ལག་འཁྱེར་གྱི་སྐོར་བྲིས་འདུག།
དེ་ཚོའི་སྐོར་་་བཀྲས་མཐོང་་གི་བྱས་ཉེས་ལས་ཆེ་བ་སུས་བྱས་ཡོད་དམ།
ཁོང་བཀའ་བློན་བྱེད་སྐབས་བོད་མི་སྟོང་ཕྲག་ཁ་ཤས་ཨ་རི་ལ་ཇི་ལྟར་བཏང་ཡོད་
ཤཻས་ཀྱི་ཨེ་ཡོད་བུ་ལྐུག་།
སྐབས་དེ་དུས་ཁོང་གིས་བོད་མི་དེ་དག་་་རྒྱ་ནག་གི་མི་ཁོངས་ནས་ཨ་རི་ལ་བཏང་བ་མརེད་དམ། ལན་འདེབས་བྱེད་ཤོག། ལན་འདེབས་བྱེད་ཤོག།
བུ་ལྐུག་།
ཧུ་ཧུ་སྤྲང་ཕྲུག་ཚང་གི་རིག་རྒོད་ལགས།
ཁྱེད་ཀྱི་མིག་ཡག་པོ་ཡོད་ས་མ་རེད་པས་སྨན་ཁང་ལ་སོང་བརྟག་དཔྱད་བྱས་ཏེ་ངའི་མཆན་འདི་དག་ཡང་བསྐྱར་ཐེངས་གཅིག་ཀློགས། གལ་ཏེ་ཁྱེད་ལ་བརྟག་དཔྱད་ཆེད་ཀྱི་སྒོར་མོ་མེད་ན་ཕྲན་གྱིས་རོགས་རམ་བྱས་ཆོག
གང་གིས་ཕྱིར་ཁྱེད་ཀྱིས་བཀྲས་མཐོང་ཁོ་ན་སྐྱོན་འཛུགས་བྱས་པ་ཡིན། འོས་གཞི་གཞན་རྣམས་ལ་སྤྱི་ཚོགས་སྟེང་ལབ་གླེང་རྩ་བ་ནས་མེད་པ་རེད་དམ།
ཅིའི་ཕྱིར་ཁྱེད་ཀྱི་སྨྱོན་ལབ་འདི་ལ་ངས༼ལྷ་སྲས་གཉིས་བཀྲས་མཐོང་བཀའ་ཁྲིར་འོས་པའི་རྒྱབ་སྐྱོར་བ་
ཡིན་པའི་ངོས་ནས་་་་་་་་་་འདི་ལན་འདེབས་ཤིག་བྱེད་རོགས།༽ལེན་འདེབས་དགོས་སམ།
ཁྱེདཀྱིས་བརྗོད་པ་ལྟར་བློ་སེང་གི་སྐྱོན་འགའ་འཐེར་འདོན་བྱས་ན་བཀྲས་མཐོང་གི་རྒྱབ་སྐྱོར་བ་ཡིན་པ་ཇི་ལྟར་གྲུབ་ཐུབ་བམ་ཕ་ཡི་བུ།
ལན་ཞིག་གནང་རོགས།
ད་དུང་ཁྱེད་ཀྱི་སྨྱོན་ལབ་འདིར་ཕྲན་གིས་༼བོད་ཆོལ་གསུམ་གྱིས་མི་མང་གིས་བློ་གཟུར་བོ་གནས་པའི་ཐོག་ནས་ལན་འདེབས་བྱས་པ་རེད།༽ནམ་ཡང་ནམ་ཡང་ངོས་ལེན་བྱེད་ཐུབ་ས་མ་རེད་ཅེས་བྲིས་ཡོད།
ཁྱེད་ཀྱི་དེ་དག་སྨྱོན་ལབ་མ་ཡིན་པ་ཇི་ལྟར་གྲུབ་ཐུབ་བམ་ཨ་མའི་བུ།
ངེས་པར་དུ་ལན་ཞིག་གནང་རོགས།
གཏམ་ཨ་ཕས་གཏང་རྒྱུ་ཨ་མས།
ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས།
ཧ་ཧ་ཧ་ཧ།
ཧ་ཧ་སྐུ་དྲགས་ཚང་གི་་ངས་པོའི་ལྷ་སྲས་ལགས།
ངས་་བློ་སེང་གི་སྐུ་ཚབ་བྱས་ནས་ཁྱེད་ལ་ལན་འདེབས་བྱེད་
དགོས་དོན་ཅི་ཞིག་ཡོད་དམ། ཁྱེད་ཀྱིས་་སྔ་རྒོལ་གྱིས་ནམ་མ་ལངས་
གོང་ནས། ཕྱི་རྒོལ་གྱི་ཉི་མ་ཤར་སོང།
ཁྱེད་ཀྱི་མིག་དབང་དང་གསལ་ཡིན་ན་ང་ཡིས་བྲིས་ཟིན་མཆན་ལ་ཞིག་ཏུ་གཟིགས་རོགས། ངས་དེ་དག་གི་ནང་དུ་་་བློ་སེང་་གི་ཕྱོགས་གཏོགས་ཡིན་ཚུལ་ཟུར་ཙམ་ཡང་བྲིས་མེད་ལ། མ་ཟད་བློ་སེང་་སྐོར་ལ་ཚིག་གཅིག་ཀྱང་བྲིས་མེད་པར་ལ་ངས་ཅིའི་ཕྱིར་
ཁྱེད་ལ་བློ་སེང་དག་སེལ་བྱེད་དགོས་སམ། སྤྱི་སྟངས་ནས་ང་བློ་སེང་དགག་་བྱ་བྱེད་མཁན་ཞིག་ཡིན།
བཀྲས་མཐོང་ལ་དགག་པ་བྱས་ན་་བློ་སེང་ལ་རྒྱབ་སྐྱོར་ཡིན་པ་ཇི་ལྟར་སྒྲུབ་ཐུབ་བམ།
བཀྲས་མཐོང་ལ་དགག་བྱ་བྱེད་ན་བཀའ་བློན་གྱི་འོས་བཀྲ་ཤིས་དབང་འདུས་དང།
བློ་བཟང་སྦྱིན་པ་། ི རྒྱ་རི་སྒྲོལ་མ་བཅས་ལ་རྒྱབ་སྐྱོར་བྱེད་པ་ཇི་ལྟར་མཚོན་མི་ཐུབ་པ་ཁྱེད་ཀྱིས་འགྲེལ་བཤད་ཅིག་བརྒྱག་དགོས།
རིག་རྒོད་ལགས།
ཁྱེད་ཀྱིས་ཚིག་འདི་༼བོད་ཆོལ་གསུམ་གྱིས་མི་མང་གིས་བློ་གཟུར་བོ་གནས་པའི་ཐོག་ནས་ལན་འདེབས་བྱས་པ་རེད།༽བྲིས་འདུག་འདི་ལ་ཕྲན་གྱིས་ནམ་ཡང་ངོ་ལེན་བྱེད་ཐུབ་ས་མ་རེད་དགོངས་དག
བློ་སེང་དང་ཁོ་བའི་ཕྱོགས་གཏོགས་པ་ཚོས་འགྲོ་གྲོན་མང་པོ་ཞིག་བཏང་སྟེ་འོས་ཤོག་ཡང་མང་ཙམ་ཞིག་ཉོས་ཡོད་པ་དངོས་གནས་རེད།
འོས་ཤོག་མ་བླུགས་པའི་ཉིན་ཤས་སྔོན་ཁོ་བའི་ཕྱོགས་གཏོགས་པས་སློབགྲྭ་ཁག་གི་སློབ་མ་མང་པོར་ཁོ་བའི་ལོ་རྒྱུས་བཀོད་ཡོད་པའི་རྔན་པ་༼Pendrop༽སྤྲད་པའི་གནས་ཚུལ་ད་ལྟ་སྤྱི་ཚོགས་སྟེང་ལ་ཡོད་མུས་རེད།
སྤྱི་ཚོགས་སྟེང་གི་དོགས་པ་གཅིག་དྲ་གྲོགས་གླང་དར་མ་ལགས་ཀྱི་བསལ་སོང།
ད་དུང་དོགས་པ་གཉིས་པོ་ཁྱེད་བློ་སེང་ཕྱོགས་གཏོགས་ཡིན་པའི་ངོས་ནས་ལན་ཞིག་གནང་རོགས་དེ་མིན་ཕྲན་གྱིས་ཁྱེད་ཀྱི་མཆན་ལ་ཡ་ལེན་བྱེད་ན་མི་འདོད།
སྐུ་དྲགས་ཚང་གི་ལྷ་སྲས་ལགས།
ཁྱེད་ཀྱིས་དང་ཐོག་ངས་བཀོད་ཟིན་པའི་དྲི་བ་ཁག་ལ་
བློ་དོགས་སེལ་བའི་ལན་འདེབས་ཤིག་མ་བྱུང་བར་དུ་ངས་ཁྱེད་ལ་ལན་འདེབས་བྱེད་ཀྱི་མིན།
བློ་སེང་་་ལགས་ལ་སྐྱོན་ཆ་ཡོད་མེད་འདས་ཟིན་སྔོན་འགྲོའི་འོས་བསྡུའི་ཁྲོད་དུ་
བོད་མི་མང་གིས་ཐག་བཅད་བྱས་མི་འདུག་གམ།
ཁྱེད་ཀྱིས་ཞིབ་ཏུ་བལྟོས་ཤིག།
འོས་མི་གཉིས་པ་ནས་ལྔ་པའི་བར་གྱི་འོས་གྲངས་བསྡོམ་ན་ཡང་་་་་བློ་སེང་་ལགས་ཀྱི་འོས་ཤོག་གི་གྲངས་ཀ་འགྲན་ཐུབ་ཀྱི་འདུག་གམ།
དེས་ནི་ཁྱེད་ལྟ་བུའི་་་ལྷ་སྲས་ཀྱི་རིགས་ལ་་་་་བོད་ཆོལ་གསུམ་གྱིས་མི་མང་གིས་བློ་གཟུར་བོ་གནས་པའི་ཐོག་ནས་ལན་འདེབས་བྱས་པ་རེད།
༤༽ ཁྱེད་ཅག་མང་བོ་ཞིག་གིས་བསྟིང་ཚིག་སྨྲས་ཡོང་དུས། བོད་གཞུང་ལ་ཤ་ཞེན་དང་ལ་རྒྱ་ཟབ་ཁུལ་བྱེད་ཀི་འདུག གོང་དུ་ངའི་རྩོམ་དེའི་ནང་འོས་བསྡུ་ལས་ཁང་གིས་འབྲུག་ནང་འབྲེལ་བ་བྱེད་སྟངས་མ་འགྲིག་པ་སོགས་སྐྱོན་བརྗོད་འགའ་བྱས་ཡོད། གལ་ཏེ་ཁྱེད་ཅག་དོན་ངོ་མའི་རང་གཞུང་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན། དེ་ཚོའི་ཐོིག་ནས་སྐད་ཅ་འདྲི་གི་རེད། དཔང་རྟགས་འཁྱེར་ཤོག་ཅེས་ལབ་ཡོང་གི་རེད། འོན་ཀྱང་དེ་ཚོ་ལ་བསམ་བློ་ཡེ་ནས་མེད་བར། ཕྱོགས་ཞེན་གྱིས་དུག་ཆུས་མྱོས་ཏེ་རང་ཕྱོགས་དཀར་འདོད་དང་གཞན་ཕྱོགས་ནག་འདོད། དེ་གཉིས་བར་ནས་བོད་གཞུང་ལ་ལྷག་བསམ་དཀར་མདོག་བྱེད་བ་འདི་དོན་དུ། ལྐུག་པས་སྤྱང་མདོག་བྱས་ན།། མངོན་གསལ་གཞན་ལས་དོད་པ།། ཞེས་བ་དེ་རེད།
ང་འདིར་ཡོང་བ་དང་དཔྱད་བརྗོད་སྤེལ་བ་དེ། དུས་ཚོད་མང་དྲག་པ་དང་ལས་རྒྱུ་མེད་ནས་མིན། སུ་ཞིག་ལ་རྒྱབ་སྐྱོར་དང་གང་ཞིག་ཕམ་པར་རྒྱག་འདོད་ཀྱིས་ཀྱང་མིན། སྤྱི་དོན་སྒོར་མོ་འདི་ཧྲ་ཐག་ཐག་ཅིག་ཨེ་ཆགས་ཀི་རེ་བས་ཡིན། འོན་ཀྱང་གཟུ་གནས་ཀྱི་དྲ་རོགས་རབ་གསལ་དང་སྒོམ་སྡེ། ཀླུ་སྨྱོན་སོགས་ཀྱིས་ནི་ཕྱོགས་འདིར་ཐེ་བྱུས་ཙམ་ཡང་མི་བྱེད། གར་འོང་ཆ་མེད་ཀྱི་བྱིས་པ་ཁྱེད་ཅག་གིས། ཡི་གེ་དག་མོ་ཞིག་ཀྱང་མི་འཁྱོངས་བཞིན་དུ་འཛམ་གླིང་གི་སྲིད་དང་གངས་ཅན་པའི་ཇུས་ཆེན་ཡོངས་རྫོགས་ཁོང་དུ་ཆུད་མདོག་གིས། ཆགས་པ་དང་སྡང་བའི་མུ་ཅོར་ཡང་ནས་བསྐྱར་དུ་སྒྲོག དེ་ལ་ངང་རྒྱུད་རིང་བོས་གསལ་བཤད་ཤ་ཐང་ཐང་དུ་འབད་ཀྱང་གོ་བ་སྐྱེ་བ་ཅང་མ་མཐོང་།
ད་བདག་ཀྱང་ཡིད་བློང་བློང་བོར་གྱུར། རི་སྒང་གཅིག་ཏུ། གྲང་རླུང་ཤུར་ཤུར་ཞིག་གི་ནང་དུ། བདག་ཉིད་གཅིག་པུ་གྲོགས་མེད་ཁེར་རྐྱང་ཡིན་འདྲའི་གདུང་བ་སྐྱེས། ཡ། ད་འདི་ནས་མཚམས་འཇོག ང་ཚོ་ཚང་མ་བོད་རིགས་གཅིག་ཡིན་པ་དེ་ཐུགས་ནས་མ་བརྗེད་རོགས། རེ་བ་དེ་ཙམ་ཡིན། ཁ་བྲོ། ཚེ་རིང་། བཀྲ་ཤིས།
སྤྱི་འཐུས་ཟླ་བ་ཚེ་རིང་གི་རྙོག་དྲ་དེ་ངས་གསལ་པོ་ཞིག་མི་ཤེས་ཞེས་ཐོག་མ་ནས་བཤད་ཟིན་པ་ཡིན།
༡༽ བོད་གཞུང་ཁྲིམས་ཁང་ལ་བསྐྱལ་ན། སྐྱེལ་མཁན་དེ་སྡུག་ཅག་ཡིན་པ་དང་མ་སྐྱེལ་མཁན་དེ་ཡག་པོ་རེད་ཟེར་ནའང་འགྲིག་གི་མ་རེད། ཁྲིམས་ཀྱི་མདུན་དུ་ཐམས་ཅད་འདྲ་མཉམ་རེད། གཞུང་གིས་ཁྲིམས་འགལ་བྱས་ན་ཁྲིམས་ལ་སྦྱར་དགོས། དེ་སྔོན་བོད་གཞུང་ཁྲིམས་ལ་སྦྱོར་མཁན་ཁ་ཤས་བྱུང་བ་རེད། བོད་གཞུང་ཤོར་བ་བྱུང་ཡོད་རེད་ལ་རྒྱལ་བའང་བྱུང་ཡོད་རེད། སུ་བདེན་སུ་རྫུན་ཐག་གཅོད་བྱེད་མཁན་ཁྲིམས་ཁང་རེད། ཁྲིམས་ཁང་ལ་བསྐྱལ་ཡོད་ན། སྐྱེལ་མཁན་དེས་སྐྱེལ་ས་གཏུགས་ས་ནོར་ཡོད་མ་རེད།
༢༽ ཡིན་ནའང་ཟླ་བ་ཚེ་རིང་གིས་བོད་གཞུང་རྒྱ་གར་གྱི་ཁྲིམས་ལ་སྦྱར་ཡོད་པ་ཞིག་ངས་ད་བར་ཤེས་མ་སོང་། པ་སངས་ཚེ་དབང་རྒྱ་གར་གྱི་ཁྲིམས་ལ་སྦྱར་ཡོད་བ་ཞིག་གོ་སོང་། ངས་ཁྱེད་རང་ལ་སྐད་ཅ་འདྲི། ཟླ་བ་ཚེ་རིང་གིས་བོད་གཞུང་ཁྲིམས་ལ་སྦྱར་ཡོད་ན། ཁོང་གིས་ཁ་མཆུ་འཛུགས་ས་བོད་གཞུང་གི་ལས་ཁུངས་གང་རེད། ལས་བྱེད་སུ་རེད། ཁ་མཆུ་ལ་འགྲོ་སོང་མང་བོ་ཞིག་འགྲོ་གི་ཡོད་རབས་བཤད་འདུག དེ་ཚོ་གང་དུ་གསལ་འདུག ཤོག་གྲངས་དང་བཅས་འདིར་ཆ་ཚང་ལུང་དྲངས་ནས་བཀོད་ཐུབ་ན་ཡག་བོ་འདུག དེ་མིན་གོ་ལོ་ཐོས་ལོ་བཤད་ཡོང་ན། ཟླ་བ་ཚེ་རིང་བདེ་དོན་བྱེད་དུས་ཁྱེད་རང་གི་ཞུ་དོན་རྫུན་མ་དེའི་རྫུན་རྐུབ་བཏོལ་ཙང་། ད་འཁོན་ལག་སློག་གི་ཡོད་རེད་ཅེས་བཤད་པ་འདྲ་བོ་རེད། སྐད་ཅ་དེ་ཚོ་ཆུའི་ནང་ལ་རྟུག་དྲི་བཏང་བ་དང་གཅིག་པ་རེད། སུས་ཀྱང་བཤད་ཐུབ་ཀི་རེད། རིན་ཐང་ཡོད་མ་རེད།
༣༽ བོད་གཞུང་གི་ཁྲིམས་ནང་། ཁྲིམས་ཞིབ་ཁང་གིས་ས་ཁང་གི་ཁ་མཆུ་ཐག་གཅོད་བྱས་མི་ཆོག་ཅེས་གསལ་པོ་བྲིས་ཡོད་རེད། ཁྱེད་རང་ཁྲིམས་ཡིག་ཁག་ལ་ལྟོས་དང་། ཁྲིམས་ནང་མི་ཆོག་ཅེས་ལབ་པ་ཞིག་ཐག་བཅད་ཡོང་ན་འགྲིག་གི་རེད་དམ། བོད་གཞུང་བཀའ་ཤག་གིས་ཁྲིམས་ཞིབ་ཁང་ལ། ཁྱེད་རང་ཚོས་བཅད་ཁྲའི་ནང་བྲིས་པའི་སྤྱི་རྒྱུའམ་སྤྱི་རྫས་སོགས་ཟེར་བ་དེའི་ནང་ག་རེ་ག་རེ་ཚུད་ཡོད། ས་ཁང་ཚུད་ཡོད་དམ་ཟེར་དུས། ཁྲིམས་ཞིབ་ཁང་གིས་ས་ཁང་ཚུད་ཡོད་ཅེས་ལབ་ཐུབ་ཀི་ཡོད་མ་རེད། ཁྱེད་རང་སོམས་དང་། འདི་ལ་གནད་དོན་མི་འདུག་གམ།
དྲ་གྲོགས་གླང་དར་མ་ལགས་ཐུགས་རྗེ་ཆེ་ཕྲན་གྱི་དོག་པ་སྣེ་གཅིག་བསལ་སོང་།
ད་དུང་གསལ་བཤད་ཁ་ཤས་དགོས་ངེས་སུ་མཐོང་།
ཁང་སར་རྡོ་རྗེས་ཟེར་ན་། དབུས་གཙང་གི་སྤྱི་འཐུན་ཟླ་བ་ཚེ་རིང་གིས་
བོད་གཞུང་ཁྲིམས་ཁང་ལ་གཏུགས་པ་མ་ཡིན་པར་།
བོད་གཞུང་དང་ཆེ་མཐོའི་ཁྲིམས་ཁང་གིས་བྱས་མི་འོས་པ་ཞིག་
ཟླ་བ་ཚེ་རིང་ལ་བྱས་སྐོར་བཤད་འདུག། དེ་ནི་དཀར་ནག་གོ་ལྡོག་ཏེ་
བཤད་པ་རེད་། ཟླ་བ་ཚེ་རིང་གིས་བོད་གཞུང་ཁྲིམས་ལ་གཏུགས་པ་དང་།
བོད་གཞུང་གིས་ལོ་རེ་ལ་རྒྱ་གར་སྒོར་མོ་འབུམ་༢༥་ཟླ་བ་ཚེ་རིང་གི་ཁ་མཆུའི་
འགྲོ་སོང་ལ་གཏོང་གི་ཡོད་པ་། བོད་གཞུང་ཆེ་མཐོའི་ཁྲིམས་ཁང་གིས་
ཡོང་གླིང་སློབ་གྲྭ་ཟླ་བ་ཚེ་རིང་ལ་དབང་མེད་པར་ཐག་བཅད་ཀྱང་
ཟླ་བ་ཚེ་རིང་གིས་མ་ཉན་ཏེ་བོད་གཞུང་ཁྲིམས་ལ་གཏུག་ཡོད་པ་ནི་
འཇིག་རྟེན་ཡོངས་གྲགས་དང་སྤྱི་མཐུན་གྲོས་ཚོགས་ཀྱི་ཡིག་ཆར་གསལ་པོར་
བྲིས་ཡོད་རབ་འདུག།།
དྲང་པོར་བཤད་ན་ཟླ་བ་ཚེ་རིང་ནི་རྡ་སའི་ཁོར་ཡུག་ནང་གི་ཇག་པ་
དངོས་གནས་དེ་རེད་འདུག་། གང་ཡིན་ཟེར་ན་།ཆེ་མཐོའི་ཁྲིམས་ཁང་གི་
ཁྲིམས་དང་འགལ་ཡང་སྤྱི་འཐུན་ནང་མུ་མཐུད་འགྲོ་མཁན་དེ་ཟླ་བ་ཚེ་རིང་
གཅིག་པུ་རེད་། དེ་ཇག་པའི་ལས་ཀ་མིན་ན་ག་རེ་རེད།
ཡོང་གླིང་སློབ་གྲྭ་དང་ཟླ་བ་ཚེ་རིང་བར་གྱི་ལབ་གླེང་དེ་སྤྱི་ཚོགས་ནང་
མ་ཁྱབ་པའི་ཆེད་དང་ཟླ་ཚེ་རང་ཉིད་ལ་རྒྱབ་སྐྱོར་རག་པའི་ཆེད་དུ་རྡ་སའི་
ཉེ་ཁོར་གྱི་ཉན་རྟོག་པ་དང་གཞན་བོད་རིགས་ལས་བྱེད་དང་ཚོགས་པ་ཁག་གི་
མི་སྣ་མང་པོ་ཞིག་ལ་དངུལ་གྱི་ལྐོག་ངན་སྤྲོད་བཞིན་པ་རེད།
དེ་ཇག་པའི་ལས་སྟངས་མིན་ན་ག་རེ་རེད།།
བཀྲས་མཐོང་ཡང་དེ་འདྲ་བ་རེད།
སོ་སོ་ལས་བྱེད་སྐབས་སུ་རྭ་སྤུ་བཙོངས་ནས་ཁྲིམས་འགལ་གྱི་ལས་ཀ་བྱས་པ་།
ཐེ་ཝན་ནས་ཨ་སྒོར་ལྔ་སྟོང་བླངས་ནས་ཁྲིམས་འགལ་བྱས་པ། བོད་གཞུང་གི་
དངུལ་རྒྱ་གར་སྒོར་འབུམ་ལྔ་བརྒྱ་ལྷག་གར་སོང་གསལ་བཤད་མེད་ཀྱང་།
ད་དུང་སྐབས་འདིའི་བཀའ་ཁྲིའི་འོད་གཞིར་ལངས་པ་འདི་ནི་ཁྲིམས་དང་
ཡ་རབས་ཀྱི་སྤྱོད་པ་དང་མཐུན་པ་ཞིག་ཏན་ནས་མ་རེད།།
ངེས་པོའི་ལྷ་སྲས་ལགས། དོན་ཚན་ཞན་པ་དེ་ཚོ་ངེས་མི་ཤེས་ཡིན་ནའང་མི་ཅིག་གི་རྒྱལ་ཁབ་གཉིས་གི་སྤ་སེ་ཉར་བ་དེ་ནི་ཡོ་རོབ་ནང་ཡིན་ན་ཁྲིམས་འགལ་རེད་མི་འདུག་། དེ་ཁྲིམས་འཐུན་རེད་འདུག་།
དྲ་གྲོགས་རིག་རྒོད་ལགས།
ཁྱེད་བློ་སེང་རྒྱབ་རྐྱོར་བྱེད་མཁན་གྱི་ངོས་ནས་ཁོང་གི་གནས་ཚུལ་ཚང་མ་ཤེས་ཀྱི་ཡོད་ལྡོག་ཁ་བོ་རེད།
ཁྱེད་ཀྱིས་སྨྱོན་མཆོངས་ཤིག་རྒྱག་དུས་ཕྲན་ཡང་དེ་ལྟར་རྒྱག་འདོད་བྱུང།
དེར་བརྟན་དེང་སང་སྤྱི་ཚོགས་ཀྱི་ནང་ལ་བློ་སེང་གི་ཀུན་སྤྱོད་སྐོར་ལ་བསམ་ཚུལ་འདྲ་མིན་ཁ་ཤས་འདུག་པས་ཁྱེད་ཀྱི་དེ་རྣམས་ལ་ལན་ཁ་གསལ་ཞིག་གནང་རོགས་ཞུ།
དེང་སང་སྤྱི་ཚོགས་ནང་བློ་བཟང་སེང་གེ་ལ་གཟའ་ཟླ་བུ་ཕྲུག་ཡོད་བཞིན་དུ་ཨ་རི་ལ་ཟུར་མོ་རྒྱ་མོ་ཞིག་དང་ཁེ་ན་དྲར་ལ་ཟུར་མོ་བོད་པ་ཞིག་ཡོད་རེད་ཟེར་གྱིན་འདུག་དངོས་གནས་དེ་འདྲ་ཡིན་ན་ང་ཚོའི་དབུ་ཁྲིད་ལ་འཆལ་པོ་ཀུན་སྤྱོད་གཙང་མ་མ་ཡིན་པ་ཞིག་བདམས་ན་མི་མང་གི་བརྕེ་བཀུར་ཇི་ལྟར་བྱེད་དགོས་སམ།
བློ་བཟང་སེང་གེས་རང་བཙན་ལག་དེབ་བམ་དྭང་བླང་དཔྱ་དངུལ་ལོ་མང་པོ་ཞིག་གི་རིང་ལ་སྤྲད་ཡོད་མ་རེད་ཟེར་གྱིན་འདུག་དེ་བོད་སྤྱི་པའི་རྩ་དོན་ཐོག་ལ་ལྷག་བསམ་རེད་དམ་ཡང་ན་བོད་མིའི་རྩ་དོན་ལ་འགན་མི་འཁུར་བ་ཞིག་རེད་དམ།
བློ་བཟང་སེང་གེས་༼བོད་ཀྱི་མང་གཙོའི་ལམ་ལུཊ་དར་འཕེལ་གྱི་མཚོན་རྟཊ།༽ཞེས་པ་འདི་ཁོ་བས་བྲིས་པ་ཡིན་མིན་དྲ་རྒྱའི་ནང་ལ་དོག་སློང་བྱུང་ཡོད། རྩོམ་ཐུང་འདི་ལ་བློ་བཟང་སེང་གེ་ཞེས་མིང་བྲིས་ཡོད་པ་རེད། ཡིན་ནའི་ཁོ་བའི་དབྱིན་ཡིག་རྩོམ་ཚང་མའི་ནང་ལ་མིང་བློ་བཟང་སངས་རྒྱས་ཞེས་བྲིས་ཡོད་པ་རེད།
མི་ཁ་ཤས་ཀྱིས་བློ་སེང་ལ་རྒྱ་གར་མི་སེར་གྱི་སྤ་སེ་དང་བོད་མིའི་སྤ་སེ་རྒྱ་གར་ནང་ལ་གནས་སྐབས་སྡོད་ཆོག་པའི་སྤ་སེ་གཉིས་ཡོད་རེད་ཟེར་གྱིན་འདུག
དངོས་གནས་དེ་འདྲ་ཡིན་ན་ཁྲིམས་ལུགས་མཁས་དབང་གི་ཁྲིམས་འགལ་་བྱས་པ་ཞིག་མ་རེད་པས། མི་གཅིག་ལ་རྒྱལ་ཁབ་གཉིས་ཀྱི་སྤ་སེ་ཉར་ན་དེ་ནི་ཁྲིམས་འགལ་མ་ཡིན་ནམ།
ཁང་གསར་དང། ལྷ་སྲས་ཟུང་ལགས།
ད་བར་དུ་བཀྲས་དང་དཔལ་འབྱོར་གྱི་འབྲེལ་བའི་སྐོར་ཀྱང་ཀྱང་བགྲོ་གླེང་བྱས་
སོང། ད་ངས་བ་ཀྲ་མཐོང་གི་་་ལྟ་གྲུབ་ཀྱི་སྐོར་ཅུང་ཟད་དཔྱད་འབུལ་
བྱེད་ཀྱི་ཡིན།
བཀྲོས་མཐོང་ནི། གཞོན་ལྷན་གསར་འཛུགས་བྱེད་པོ་གཙོ་གྲས་ཤིག་ཆགས་ཡོད།
སྐབས་དེའི་གཞོན་ལྷན་གྱི་རང་བཙན་ལྟ་གྲུབ་ཀྱི་ཁྱབ་ཚད་གང་བར་དུ་རེད་དམ།
ངས་ཐོས་གསལ་ཞིག་ལ། དེ་ནི་དེ་སྔའི་སྡེ་པ་གཞུང་གི་ཁྱབ་ཁོངས་ཙམ་གྱི་
རང་བཙན་གྱི་ལྟ་གྲུབ་ཅིག་ཟེར།
དེ་ནས་རིམ་པས་དུས་ཀྱི་འགྱུར་བའི་དབང་གིས་གཞོན་ལྷན་གྱི་ལྟ་གྲུབ་རང་བཙན་དེ་ཆོལ་གསུམ་ལ་ཁྱབ་པའི་ལྟ་གྲུབ་ཅིག་ཆགས་པའི་རྗེས་སུ་་་་་་་་བཀྲས་མཐོང་གིས་
གཞོན་ལྷན་གྱི་ལྟ་གྲུབ་ལས་ཕྱི་འཐེན་གྱིས་་་་་་་་རང་ཐག་རང་གཅོད་་ཅེས་ཡང་ཡང་བཤད་པ་རེད། འདིས་ནི་ར་སྤྲོད་གསལ་པོ་ཞིག་བྱས་འདུག།
ཁོང་གིས་་རང་ཐག་རང་གཅོད་ནི་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཞིག་རེད་ཟེར།
དེ་ནི་ཕྱི་ལོ་ ༡༩༥༩ སོགས་ཀྱི་ནང་དུ་འཛམ་གླིང་རྒྱལ་ཚོགས་ཀྱི་ནང་དུ་་་བོད་ལ་རང་ཐག་རང་གཅོད་
དགོས་ཞེས་པའི་ཁྲིམས་ཡིག་ཅིག་ཡོད་པ་དེ་ལ་ཟེར་གྱི་མ་རེད་དམ།
དེ་ཡིན་ན་ཀྲིམས་ཡིག་དེ་ནི་ཁྲིམས་ཡིག་དེ་བོད་ཕྱེད་ཀ་ཁྱབ་པའི་ཁྲིམས་ཡིག་ཅིག་ལ་ངོས་འཛིན་བྱེད་ཐུབ་པས།
ཁང་གསར་དང།་ ལྷ་སྲས་གཉིས་བཀྲས་མཐོང་བཀའ་ཁྲིར་འོས་པའི་རྒྱབ་སྐྱོར་བ་
ཡིན་པའི་ངོས་ནས་་་་་་་་་་འདི་ལན་འདེབས་ཤིག་བྱེད་རོགས།
མ་ཟད་སུས་ལན་འདེབས་བྱེད་ན་དགའ་བསུ་ཞུ།
ཁང་གསར་རྡོ་རྗེའི་གཡོ་ཁྲམ་མམ་ཐབས་བྱུས་གང་ཡིན་བཤད་
དཀའ་བའི་རྩོམ་ཡིག་ལ་བརྟེན་ནས། དྲྭ་གྲོགས་མང་པོས་བཀྲས་མཐོང་དང་
དབུས་གཙང་གི་སྤྱི་མཐུན་ཟླ་བ་ཚེ་རིང་གཉིས་དམིགས་སུ་བཀར་ནས་སྐྱོན་བརྗོད་
དང་འབྲེལ་བའི་བསམ་ཚུལ་མང་པོ་ཞིག་བྲིས་སོང་།
འདི་ནི་སྐབས་དོན་རྩོམ་ཡིག་གིས་བཤད་སྟངས་དང་འབྲེལ་ཞིང་
ལྷག་པར་བཀྲས་མཐོང་མཆོག་བཀའ་ཁྲིའི་འོད་གཞིར་ཡོད་པས་།
ཚད་ལྡན་མང་གཙོའི་འགྲོ་ལུགས་ལྟར་སྐབས་འདིའི་སྐྱོན་བརྗོད་ཀྱི་
ཡུལ་དུ་སླེབས་པ་ལས་། ཁང་གཉིས་ལས་གཞན་པའི་ལས་བྱེད་རིམ་བྱོན་ལ་
སྐྱོན་མེད་པ་དང་། ཁང་གཉིས་ལ་སྐྱོན་མ་གཏོགས་བྱས་རྗེས་མེད་པའི་ལྟ་ཚུལ་
ཞིག་དྲྭ་གྲོགས་གཞན་ལ་ཡང་ཡོད་ཀྱི་མ་རེད་ཕྲན་ལ་ཡང་མེད།
དཔེར་ན། དགེ་ལུགས་པའི་སྤྱི་མཐུན་ཐུབ་བསྟན་འཕེལ་རྒྱས་དང་བེ་རི་འཇིག་མེད་དབང་རྒྱལ་ལྟ་བུ་ཡིན་ན་། དགེ་ལུགས་པའི་སྤྱི་མཐུན་ཡིན་པའི་ཆ་ནས་
བྱས་རྗེས་སྣེ་གཅིག་བཤད་རྒྱུ་མེད་པའི་སྤྱི་མཐུན་རེད།།
དེ་དང་དེ་འདྲ་བ་མང་པོ་ལ་བཤད་རྒྱུ་མང་པོ་ཡོད་ཀྱང་སྐབས་དོན་
དང་མ་འདྲེལ་བའི་གནས་སྐབས་བཞག་པ་ཡིན།།
དྲ་གྲོགས་ལྷུན་གྲུབ་ལགས།
སྤྱི་གཏང་གཞན་ཆ་མེད་པའི་མི་ཞིག་སྲིད་འདིར་མི་སྲིད་ཡིན་ནའང་བཀྲས་མཐོང་ལ་ཁྱེད་ཀྱི་བཤད་པའི་སྐྱོན་འདི་ཨེ་ཡོད་སྙམ།
དངོས་གནས་ཁོང་ལ་རྙོག་དྲ་དེ་འདྲ་ཡོད་ན་ཁྱེད་ཀྱི་དཔང་རྟགས་སམ་ར་སྤྲོད་ཞིག་སྟོན་རོགས་གནང་ངས་ཀྱང་ཁྱེད་ཀྱི་རྒྱབ་ལ་ལངས་ངེས་ཡིན།
དྲང་བདེན་ནི་ནམ་ཡང་དྲང་བདེན་རེད།
དེ་མིན་དྲ་ཐོག་ལ་ཁ་ཆགས་སྣ་རལ་ཁོ་ན་བཤད་ན་དགོས་པ་ཅི་མི་མཐོང།
དྲ་གྲོགས་ལྷུན་གྲུབ་ལགས།
སྤྱི་གཏང་གཞན་ཆ་མེད་པའི་མི་ཞིག་སྲིད་འདིར་མི་སྲིད་ཡིན་ནའང་བཀྲས་མཐོང་ལ་ཁྱེད་ཀྱི་བཤད་པའི་སྐྱོན་འདི་ཨེ་ཡོད་སྙམ།
དངོས་གནས་ཁོང་ལ་རྙོག་དྲ་དེ་འདྲ་ཡོད་ན་ཁྱེད་ཀྱི་དཔང་རྟགས་སམ་ར་སྤྲོད་ཞིག་སྟོན་རོགས་གནང་ངས་ཀྱང་ཁྱེད་ཀྱི་རྒྱབ་ལ་ལངས་ངེས་ཡིན།
དྲང་བདེན་ནི་ནམ་ཡང་དྲང་བདེན་རེད།
དེ་མིན་དྲ་ཐོག་ལ་ཁ་ཆགས་སྣ་རལ་ཁོ་ན་བཤད་ན་དགོས་པ་ཅི་མི་མཐོང།
དྲ་གྲོགས་མི་ཉག་ལགས།
ཁྱེད་ཀྱི་སྨྱོན་གཏམ་༼བཀྼས་བཐིང་བསྐབས་བོར་སོང་བའི་སྒོར་འབུམ་10་༽འདི་ཡང་བསྐྱར་སྤེལ་བྱུང་ངོ་མ་་ཁྱེད་སྙིང་མ་རྗེ་ཨེ་གོ་ཐལ།
བློ་རྣལ་དུ་ཕབ་ནས་སྐད་ཆ་ཞིག་བཤད་ན་མི་བཟང་ངམ།
གལ་ཏེ་ཁྱོད་ལ་ཁོང་གིས་དངུལ་བཟས་པའི་སྐོར་དཔང་རྟགས་སམ་ར་སྤྲོད་ཡོད་ན་ངས་ཀྱང་ཁྱེད་ཀྱི་རྒྱབ་ལ་ལངས་ངེས་ཡིན།
དེ་མིན་སྤྱི་ཚོགས་ནང་དཀྲུག་་ཤིང་སྐད་ཆ་འདི་རིགས་མི་བཤད་ན་བཟང།
དྲ་གྲོགས་མི་ཉག་ལགས།
ཁྱེད་ཀྱི་སྨྱོན་གཏམ་༼བཀྼས་བཐིང་བསྐབས་བོར་སོང་བའི་སྒོར་འབུམ་10་༽འདི་ཡང་བསྐྱར་སྤེལ་བྱུང་ངོ་མ་་ཁྱེད་སྙིང་མ་རྗེ་ཨེ་གོ་ཐལ།
བློ་རྣལ་དུ་ཕབ་ནས་སྐད་ཆ་ཞིག་བཤད་ན་མི་བཟང་ངམ།
གལ་ཏེ་ཁྱོད་ལ་ཁོང་གིས་དངུལ་བཟས་པའི་སྐོར་དཔང་རྟགས་སམ་ར་སྤྲོད་ཡོད་ན་ངས་ཀྱང་ཁྱེད་ཀྱི་རྒྱབ་ལ་ལངས་ངེས་ཡིན།
དེ་མིན་སྤྱི་ཚོགས་ནང་དཀྲུག་་ཤིང་སྐད་ཆ་འདི་རིགས་མི་བཤད་ན་བཟང།
ཡག་གི།
དྲ་གྲོགས་ལྷུན་གྲུབ་ལགས།
སྤྱི་གཏང་གཞན་ཆ་མེད་པའི་མི་ཞིག་སྲིད་འདིར་མི་སྲིད་ཡིན་ནའང་བཀྲས་མཐོང་ལ་ཁྱེད་ཀྱི་སྐྱོན་ཨེ་ཡོད་སྙམ།
དངོས་གནས་ཁོང་ལ་རྙོག་དྲ་དེ་འདྲ་ཡོད་ན་ཁྱེད་ཀྱི་དཔང་རྟགས་སམ་ར་སྤྲོད་ཞིག་སྟོན་རོགས་གནང་ངས་ཀྱང་ཁྱེད་ཀྱི་རྒྱབ་ལ་ལངས་ངེས་ཡིན།
དྲང་བདེན་ནི་ནམ་ཡང་དྲང་བདེན་རེད།
དེ་མིན་དྲ་ཐོག་ལ་ཁ་ཆགས་སྣ་རལ་ཁོ་ན་བཤད་ན་དགོས་པ་ཅི་མི་མཐོང།
གཏམ་མདའ་མོ་གཉིས་དེ་དྲང་དགའ་ཟེར་བ་ལྟར་དྲང་གཏམ་བཤད་དགོས་པ་གལ་ཆེན་པོ་རེད་འདོད། ལྐོག་ཟ་རུས་སུངས་ཀྱི་སྐོར་བཤད་ན་བཙན་བྱོལ་སྤྱི་ཚོགས་ནང་དུ་བཀྲ་མཐོང་བསྟན་རྣམ་གཅིག་པོ་ག་ལ་ཡིན།
བཙན་བྱོལ་བོད་གཞུང་རྒྱ་གར་གྱི་ཡུལ་དུ་བཙུགས་ནས་མི་ལོ་བཞི་ཅུ་འགྲོ་དུས་བཙན་བྱོལ་བོད་གཞུང་གི་བཟོ་གྲྭ་དང་ཚོང་ཁང་ལ་སོགས་པ་ཡར་རྒྱས་མེད་པར་མར་རྒྱས་གར་རྒྱ་སྒོར་མོ་འབུམ་༢༠༠༠་ལྷག་བུ་བོན་ནང་བཅུག་པ་རེད།
དེ་ཚོ་ཚང་མ་ཟ་མཁན་བཀྲ་མཐོང་གཅིག་པོ་ཡིན་མདོག་མེད། ང་རང་ཚོའི་མིག་མདུན་དུ་སྐུ་ངོ་རྒྱུ་ཆེན་མང་པོ་ཡོད། ཡིན་ནའང་མིང་ཤས་ངན་པ་ཞིག་བཀྲ་མཐོང་བསྟན་རྣམ་ལ་རག་པ་རེད།
སྤྱིའི་ཆ་ནས་ལྐོག་ཟ་རུས་སུངས་ཀྱིས་མི་དམངས་གཞུང་ལ་ཡིད་ཆེད་བརླགས་བཅུག་པ་དང་བཙན་བྱོལ་བོད་མི་རྣམས་མི་ལོ་ལྔ་བཅུ་ཕྱིན་ཀྱང་དཔལ་འབྱོར་གྱི་རང་རྐང་ཚུགས་མ་ཐུབ་པ་ཞིག་བཟོས་ཡོད་རེད།
བོད་མི་མང་པོ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལག་གཡོག་བྱེད་ཀྱི་ཡོད་པ་འདི་ཡང་སྐྱིད་ཆེ་རྒྱ་ཆེ་ནས་ལག་གཡོག་ཕྱིན་པ་མ་རེད། འཚོ་བ་གཞུང་ལ་བརྟེན་ས་མེདཔ་དང་། གཞུང་གིས་བོད་མི་ཚང་མ་ལ་ལས་ཀ་སྤྲད་མ་ཐུབ་པས་རྐྱེན་གྱིས་ནུབ་ཕྱོགས་སུ་ལག་གཡོག་ཕྱིན་པ་རེད།
རྒྱ་ནག་གཞུང་དང་རྒྱ་གར་གཞུང་གཉིས་ཀྱང་ལྐོག་ཟ་རུས་སུངས་གཅིག་ལས་གཅིག་མང་རེད། དཔོན་ངན་ཟ་ངོམས་ཅན་ཚོས་ལྐོག་ཟ་བྱས་པས་རྐྱེན་གྱིས་ཨེ་ཤེ་ཡ་མི་དམངས་དུང་ཕྱུར་མང་པོར་དཀའ་ངལ་ནང་དུ་ལྷུང་ཡོད་རེད།
ཁང་གསར་ལགས་ཀྱིས་གསུངས་པ་ལྟར་ངོ་མ་ང་རང་ཚོ་ཤ་ཁྲག་གཅིག་པའི་འདི་ཤེས་ཀྱིས་ཐོག་ནས་དྲ་གྲོགས་ཚང་མས་སྐད་ཆ་དྲང་པོ་གསུང་དང་། ཁྱེད་རྣམ་པ་ཚོས་བཀྲ་མཐོང་བསྟན་རྣམ་མ་གཏོགས་ལྐོག་ཟ་བྱས་མཁན་མཐོང་མྱོང་དང་ཐོས་མྱོང་མེད་པས། དྲང་པོའི་ཐོག་ནས་གཅིག་གསུང་དང།
བཀྲ་མཐོང་ཚང་ལ་ཁྱད་ཏུ་འཕགས་པའི་ལྟ་བ་ཞིག་ཡོད་པ་ནི་བོད་ཀྱི་བདག་པོ་བོད་མི་ཡིན་ཟེར་བ་ལས་བོད་ཀྱི་བདག་པོ་རྒྱ་ནག་ཡིན་དུས་ནམ་ཡང་ཟེར་གྱི་མ་རེད།
ཁྱད་པ་ཏུ་བོད་རང་དབང་སློབ་གྲོགས་ཚོགས་པའི་ཚོགས་ཟུར་བཀྲ་མཐོང་བསྟན་འཛིན་ལགས་ཀྱི་བོད་དོན་ཆེད་དུ་རླབས་ཆེན་གྱི་ཕྱག་ལས་གནང་སོང་།་དེ་ཡང་ང་ཚོས་ཤེས་དགོས། བཟང་པོ་ལ་བཟང་འདུག་མ་ཟེར་ན་བཟང་པོ་ཡིད་ཆད། ངན་པ་ངན་འདུག་མ་ཟེར་ན་ངན་པ་མགོ་མཐོ་ཟེར་སྲོལ་ཡོད་པ་ལྟར་རེད།
མ་ཟད་ད་ལོར་བཀའ་ཁྲིའི་འོས་བསྡུ་སྔོན་དང་མ་འདྲ་བ་ཞིག་མི་ཚང་མས་དོ་སྣང་བསླེབས་དགོས་པ་ཞིག་བཟོ་མཁན་གཙོ་བོ་བཀྲ་མཐོང་ལྷ་སྒྲོན་ལགས་ཀྱིས་བཀའ་བློན་ཁྲི་པའི་དྲ་རྒྱ་བཟོས་པས་རྐྱེན་གྱིས་བསླེབས་སོང་སྙམ་། མང་གཙོ་ཡར་རྒྱས་བཏང་ཐུབ་པའི་ཇུས་བཏོན་པ་འདི་ཧ་ཅང་ཡག་པོ་རེད་འདོད།
ངས་བཤད་པའི་སྐད་ཆ་འདི་དགའ་མི་དགའ་དང་ཕྱོགས་ཞེན་བྱས་པ་དེ་འདྲ་རྩ་ནས་མིན། གང་མཐོང་བ་དེ་དྲང་གཏམ་ཡིན།
དྲྭ་གྲོགས་ཁང་གསར་ལགས་། ཟླ་བ་ཚེ་རིང་གིས་བཙན་བྱོལ་བོད་གཞུང་ཁྲིམས་ཁང་ལ་སྐྱེལ་ཚུལ་དེ་ཁྱོད་རང་ནས་ཧ་གོ་མེད་ཚུལ་བཤད་འདུག།།དངོས་གནས་རང་གིས་ཧ་མ་གོ་
ཡིན་ནམ་། ཡང་ན་ཧ་མ་གོ་མདོག་བྱས་ཡིན་ང་ལ་ཐེ་ཚོམ་རེད་། གང་ལྟར་གལ་སྲིདཁྱོད་
རང་གིས་ཧ་མགོ་བ་ཡིན་ན། སྤྱི་མཐུན་གྲོས་ཚོགས་ཀྱི་ཡིག་ཆར་གཟིགས་དང་། གནས་ཚུལ་གསལ་པོར་ཡོད་རེད། གྲོས་ཚོགས་ནང་ལ་སྤྱི་མཐུན་ནས་བཀའ་ཁྲི་ཟམ་གདོང་ལ།
ཟླ་བ་ཚེ་རིང་གི་ཁ་མཆུའི་སྐོར་དྲི་བ་གཏོང་བ་དང་། དེ་ལ་བཀའ་ཁྲི་མཆོག་གིས་ལན་ག་འདྲ་རྒྱབ་ཡོད་མེད་དང་།བོད་གཞུང་གིས་ལོ་རེ་ལ་ཟླ་བ་ཚེ་རིང་གི་ཁ་མཆུའི་འགྲོ་སོང་ཆེད་རྒྱ་གར་སྒོར་མོ་འབུམ་25་ གཏོང་གི་ཡོད་པ་བཅས་སྤྱི་མཐུན་གྲོས་ཚོགས་
ཀྱི་ཡིག་ཆག་ལ་གསལ་པོ་ཡོད་རེད། དེར་གཟིགས་པར་གཞུ།།
དྲ་གྲོགས་ ལྷ་སྲས་ལགས་། དངོས་གནས་བཤད་ན་ངས་སྤྱི་ཚོགས་ནང་ལ་དངུལ་གྱི་རྙོག་གྲ་ཤུགས་ཆེན་ཡོད་པའི་བཀྲས་མཐོང་ལྟ་བུ་བཀའ་ཁྲིའི་འོད་གཞིར་གདམས་པ་དེས་།
ཁོང་གི་རྒྱབ་ཏུ་ཡོད་པའི་ཚོགས་པ་དང་མི་རྒེར་སུ་ཡིན་ཡང་ཕྱོགས་ལྷུང་ཁོ་ན་ལས་མེད་པ་གསལ་པོར་བསྟན་འདུག་ཅེས་བཤད་འདོད་ཡོད།།
ཡང་སྐྱར་གསལ་བཤད་གཅིག་བྱེད་ན། ངས་བཀྲས་མཐོང་གིས་བཙན་བྱོལ་བོད་གཞུང་གི་དངུལ་ལྐོག་ཟ་བྱས་རེད་ཟེར་ནས་ད་ལྟ་ཐག་གཅོད་ཀྱི་མེད།
འང་ཀྱང་བཀྲས་མཐོང་ལ་བཙན་བྱོལ་བོད་གཞུང་གི་དངུལ་འབུམ་50 ་ ལྷག་གི་རྙོག་གྲ་ཡོད་པ་ནི་ཡོངས་གྲགས་དང་བདེན་པ་རེད་། རྙོག་གྲ་ཡོད་པ་དེ་ག་རང་གིས་
བཀྲས་མཐོང་ནག་ཉེས་ནང་ལ་ཡོད་། རྙོག་གྲ་དེ་ཐག་མ་ཆོད་བར་དུ་གཞུང་གི་
ལས་བྱེད་ཁོངས་སུ་འགྲོ་ཐབས་བྱེད་རྒྱུ་དེ་ནི་སྔར་སྡེ་པ་གཞུང་གི་སྐུ་དྲག་གི་
ལྟ་ཚུལ་ལས་ཁྲིམས་དང་། མང་གཙོ། བཟང་སྤྱོད་ཡོད་པའི་དེང་གི་སྤྱི་ཚོགས་
ནང་ལ་མེད་འདུག།།
གཞན་རྣམས་ལ་ཞུ་རྒྱུར། ཁྱེད་ཅག་འདིར་བགྲོ་གླེང་གནང་སྐབས། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བསམ་ཤེས་གནང་དགོས། ང་ཚོ་ཚང་མ་བོད་པ་རེད། ཕན་མཐུན་གུས་བརྩི་ཡོད་པ་དང་། རྒྱུ་མཚན་ལ་ཉན་གྱི་ཡོད་པའི་རྣམ་འགྱུར་སྟོན་ཐུབ་དགོས། ང་ཚོ་ཤ་ཁྲག་གཅིག་གྱུར་ཡིན་པ་ཙམ་མ་ཟད། བོད་པ་ཚོ་སྤྱི་ཚོགས་ནང་ཐུག་སྐབས་མ་འཆམ་པ་སྤྱིར་བཏང་མེད། འོན་ཀྱང་དྲྭ་རྒྱའི་ཐོག་ཏུ་དོན་མེད་དགོས་མེད་དུ་ཕན་ཚུན་ཚིག་གི་མཚོན་ཆ་རྒྱག་རེས་བྱས་བཞག་ན། དེས་ཕ་རོལ་པོར་མཐོང་ཚུལ་ཁྱད་མཚར་བསྐྲུན་གྱི་རེད། ང་རང་ཚོ་བོད་པ་རེད། བློ་བཟང་སེང་གེ་བཀའ་ཁྲི་ཆགས་ན་ཁམས་པ་ཚོར་དམིགས་བསལ་ཞིག་རག་འགྲོ་བ་དང་དབུས་པ་ཚོའི་ས་ནས་གཅིག་ཤོར་འགྲོ་ཡག་ཡོད་མ་རེད། བཀྲས་མཐོང་སླེབས་སོང་ནའང་དེ་འདྲ་ཞིག་རེད། ཁོང་གཉིས་ཀས་སོ་སོའི་ཨ་སྒོར་གྱི་ཡོང་སྒོ་བཞག་ནས་བོད་གཞུང་གི་ཞབས་ཕྱི་ཞུ་བར་ཡོང་གི་ཡིན་ཟེར་གྱི་ཡོད་རེད། དེ་ལ་ང་ཚོས་ཕྱོགས་ཞེན་དེ་འདྲ་རང་བྱེད་དགོས་དོན་འདུག་གམ།
ཡིན་ནའང་། ངས་འདི་ལྟར་བཤད་དུས། བཀྲས་མཐོང་ལ་སྐྱོན་ཡོད་མ་རེད་ཟེར་གྱི་མེད། ད་ལྟ་བར་དུ་གཞུང་གི་ལས་ཀ་རྩ་བ་ནས་བྱེད་མ་མྱོང་མཁན་བློ་བཟང་སེང་གེ་ལ་སྐྱོན་བཤད་རྒྱུ་དེ་ཙམ་ཡོང་དུས། དུས་ཚོད་རིང་བོ་ཞིག་གི་རིང་གཞུང་གི་ལས་ཀ་བྱེད་མྱོང་མཁན་བཀྲས་མཐོང་ལ་སྐྱོན་བཤད་རྒྱུ་ལོས་ཡོང་། ད་ལྟ་ནས་བརྩིས་པའི་ལོ་ ༢༠ རྗེས་སུ་བློ་བཟང་སེང་གེར་སྐྱོན་འདྲ་མ་འདྲ་བཤད་མཁན་ཡོང་གི་རེད། ཁྱེད་རང་ལྟོས་དང་། རྒྱ་ལོ་དོན་གྲུབ་དང་བློ་བཟང་སྦྱིན་པ། ཟམ་གདོང་རིན་པོ་ཆེ། སྐལ་བཟང་ཡེ་ཤེས། ཚང་མ་ལ་མི་ཚོས་སྐྱོན་གཅིག་བཤད་བསྡད་ཀི་མི་འདུག་གམ། བཤད་བསྡད་པའི་སྐྱོན་དེ་ཚོ་ཁག་ཅིག་སྐྱོན་དངོས་གནས་རེད། ཁག་ཅིག་མིས་བཟོས་བཞག་པ་རེད། ཁ་ཤས་དཀྲོག་གཏམ་རེད།
ང་རང་གི་ལྟ་སྟངས་བྱས་ན། བཀྲས་མཐོང་མི་འཇོན་པོ་དང་བློ་ཁོག་ཆེན་པོ་རེད། ཁོང་གི་ནོར་འཁྲུལ་ཆེ་ཤོས་དེ། བོད་མི་ ༡༠༠༠ ཨ་རིར་གཞིས་ཆགས་སུ་བཏང་བ་དེ་རེད། འོན་ཀྱང་མི་མང་ཆེ་བས་ད་ཆ་དེ་ནོར་འཁྲུལ་ཡིན་པར་མཐོང་གི་ཡོད་མ་རེད། དངོས་གནས་བྱས་ན་དེ་ནོར་འཁྲུལ་ཧ་ཅང་གིས་ཆེན་པོ་རེད།
ད་ངས་ལྷག་བསམ་རྣམ་དག་དང་སེམས་ཐག་རྦད་ཆོད་ཀྱིས་འགྲེལ་བཤད་བརྒྱབ་ཟིན་ཁུལ་ཡིན། ད་གསལ་བོ་མ་ཆགས་ན་ང་ལ་ལན་པ་མེད། ཐུགས་རྗེ་ཆེ།
མི་ཉག་བཙན་པོའི་སྐད་ཆ་དེ་ཚོར་ངས་དཔའ་ཁས་ལེན་གྱིས་ལན་འདེབས་དགོས་པ་ཅང་མ་མཐོང་། ཡིན་ནའང་ཁྱེད་རང་གནས་ཚུལ་ངོ་མ་ཤེས་འདོད་ཡོད་ན། ངས་གོང་དུ་བཤད་པ་ལྟར། ༡༩༩༥།༩༦ གི་བོད་མིའི་རང་དབང་གསར་ཤོག་ཚང་མ་གཅིག་ཀློག་ཤོག དེའི་ནང་བཀྲས་མཐོང་གིས་གཞུང་དངུལ་སྒེར་ཟོས་བྱས་པ་མིན་ཚུལ་ཞིག་བོད་གཞུང་རང་གིས་གསལ་བཤད་གནང་འདུག
ཨ་རི་ཐེབས་རྩའི་སྐོར་དེ་བཀྲས་མཐོང་ལ་འབྲེལ་བ་ཇི་ལྟར་ཆགས་པ་རེད། ཨ་རི་ཐེབས་རྩ་བཀྲས་མཐོང་གིས་བཙུགས་པ་རེད། དེ་ནས་ཁོང་བཀའ་བློན་དང་བཀའ་ཁྲི་གནང་བ་རེད། ཨ་རི་ཐེབས་རྩ་རིམ་པས་རིན་ཆེན་དར་ལོ་སོགས་ཀྱིས་བཟུང་བ་རེད། ཨ་རི་ཐེབས་རྩ་ལ་འགན་འཛིན་ལྷན་ཚོགས་དང་སྒྲིག་གཞི་ཡོད་རེད། ད་ཆ་ཨ་རི་ཐེབས་རྩ་དེ་བཀྲས་མཐོང་ལ་འབྲེལ་བ་ཇི་ལྟར་ཆགས་པ་རེད། ཁོང་ལ་དེའི་ནང་ད་ཆ་དབང་ཆ་ཇི་ལྟར་ཡོད་རེད། ཁྱེད་རང་དེ་གཅིག་འགྲེལ་བཤད་གྱིས་དང་།
དངོས་གནས་བྱས་ན། བཀའ་ཟུར་མང་བོ་ཞིག་གིས་དགོན་པ་དང་རིག་གཞུང་གཅེས་སྐྱོང་ཁང་། སློབ་གྲྭ་སོགས་བདག་པོ་བརྒྱབ་སྟེ་རང་གི་དབང་ཆ་མུ་མཐུད་རྒྱ་སྐྱེད་བྱེད་བཞིན་པའི་སྐབས་སུ། བཀྲ་ཤིས་དབང་འདུད་དང་བཀྲས་མཐོང་། འཇུ་ཆེན་སོགས་ཀྱིས་དེ་འདྲ་གང་ཡང་བརྟན་བཟུང་མ་བྱས་བ་དེ་ཡག་པོ་ཡིན་པར་བརྩི་འོས།
༢༽ མི་ནག་ཚང་ལུང་རིགས་ལགས་ཀྱི་དགོངས་འཆར་དེ་ཚོ་གནད་འགག་ཆེན་པོ་འདུག གང་ལྟར་མིང་ཤས་བཟོ་བ་དེ་ཡག་པོ་མ་རེད། མིང་ཤས་ཕར་བཟོས་ན། ཕ་གིའི་ཕྱོགས་གཏོགས་ཀྱིས་ཚུར་མིང་ཤས་བཟོ་གི་རེད། བཀའ་བློན་ཁྲི་པར་སུ་འཁོད་ནའང་ལོ་ ༥ ཉུང་མཐར་གོ་གནས་འཛིན་དགོས། གོ་གནས་དེ་རྩོད་ལེན་གྱི་བརྒྱུད་རིམ་ནང་མི་མཐུན་པ་མང་བོ་བཟོས་ན། ལོ་ ༥ དེ་ལམ་ལྷོང་ལྡན་པ་ཡོང་དཀའ་བ་རེད། གང་ཡིན་ཟེར་ན། ད་ལྟ་འོས་གཞིའི་ནང་ལ་ཡོད་པ་དེ་དག་ང་ཚོའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་ཤོས་ཅན་གྱི་མིའི་གྲས་རེད། དེ་ཚོར་དགོངས་པ་བཞེས་དགོས།
འོན་ཀྱང་ཟམ་གདོང་རིན་པོ་ཆེའི་སྐོར་གླེང་བ་དེ་འབྲེལ་མེད་ཡིན་ཚུལ་གསུངས་པར་མོས་མཐུན་མེད། ཟམ་གདོང་རིན་པོ་ཆེ། སྔོན་འགྲོའི་འོས་འདེམས་ནང་ཡོད་རེད། དེ་ལས་དགོངས་པ་ཞུས་པ་རེད། དེ་ག་རང་གིས་འབྲེལ་བ་ཆགས་པ་རེད། དེ་ནས་ཁོང་གི་མ་འོངས་པའི་ཐད་ཚོད་དཔག་བྱ་དགོས། ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་ལ་ཞིབ་ཚགས་དང་གཏིང་ཟབ་ཀྱིས་བལྟས་ཏེ་དབྱེ་ཞིབ་བྱེད་མཁན་དཔེ་ཉུང་ཉུང་རེད། ངས་འདིར་དབྱེ་ཞིབ་དང་ཚོད་དཔག་བྱས་ཡོད། ཟླ་བ་ཁ་ཤས་རྗེས་ངས་རིན་པོ་ཆེའི་སྐོར་ལ་བཤད་པ་དེ་ཚོ་དོན་ལ་གནས་མིན་གསལ་པོ་ཆགས་ཀི་རེད། དེས་ང་རང་གི་དཔྱད་ཞིབ་ལ་གདེང་ཚོད་སླེབས་ཐུབ་པར་མ་ཟད། སྤྱི་ཚོགས་ལའང་བསམ་གཞི་ཞིག་བསྐྲུན་ཐུབ་པ་རེད།
ཆ༽ གྲོས་ཚོགས་ནང་ལ། བོན་པོའི་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་དང་སྨོན་ལམ་མཐར་ཕྱིན་གཉིས་ཀྱིས་རྟག་པར་ཟླ་བ་ཚེ་རིང་ཐོག་ལ་ངར་ངར་བྱེད་པ་དེ། སྤྱི་སེམས་རེད་ཅེས་བཤད་དཀའ། ཁོང་གཉིས་བྱ་དུར་བསོད་ནམས་བཟང་པོས་གསོ་སྐྱོང་བྱས་པའི་ཨབ་ཕྲུག་ཡིན་དུས། བྱ་དུར་གྱི་བཀོད་འདོམས་འོག་ལ་མ་སོང་རང་སོང་རེད། དེ་ཤེས་དགོས་པ་གནད་འགག་ཅིག་རེད། གནས་འགག་གཉིས་པ་དེ། ཁྲིམས་ཁང་གིས་བཅད་ཁྲའི་ནང་གསལ་པོ་འབྲི་མ་ཐུབ་པའི་གནད་འགག་གང་ལ་ཐུག་འདུག དེ་གནད་འགག་གཉིས་པ་རེད། གསུམ་པ་དེ། གལ་ཏེ་དངོས་གནས་སྤྱི་འཐུས་ཤིག་གིས་ཁྲིམས་མེད་ལུགས་མེད་བྱེད་བཞིན་ཡོད་ན། བོད་གཞུང་གིས་ག་རེ་བྱས་ནས་སྤྱི་འཐུས་ཀྱི་འོས་ཆོས་མ་ཚང་བར་གསལ་བསྒྲགས་བྱེད་མ་ཐུབ་པ་རེད། དེ་ཚོ་གནད་འགག་རེད། ང་ཚོས་གནས་ཚུལ་དེ་ཚོར་ཞིབ་ཚགས་ཙམ་ལྟ་དགོས།
མདོར་ན། མི་ཆེན་དེ་ཚོས་ཇུས་ཤིག་བཏིང་། འཐབ་འཁྲུག་ཅིག་བྱས། རྒྱལ་ཕམ་མ་བྱུང་དུས། རྙོག་དྲ་དེ་རྒྱ་ཆེར་བསྐྱེད་དེ་སྤྱི་ཚོགས་ནང་ཤ་ཞེན་ཆེ་མདོག་གི་ཟིང་སློང་བ་འདི་ཆོས་ཉིད་ཅིག་ཡིན་འདུག་པས། ཀུན་གྱིས་གཟབ་ཚལ།
ཅ༽ ཟླ་བ་ཚེ་རིང་གིས་བོད་གཞུང་ཁྲིམས་ཁང་ལ་བསྐྱལ་ཡོད་པ་ཅང་ཤེས་མ་སོང་། སྔོན་མ་གཞན་དག་ཅིག་གིས་བྱ་དུར་བཟང་པོ་ཁྲིམས་ཁང་ལ་གཏུགས་ཡོད་ས་རེད། ཟླ་བ་ཚེ་རིང་གིས་ཁ་མཆུ་རྒྱག་མཁན་པ་སངས་ཚེ་དབང་ཟེར་བ་དེ་མིང་ཤས་བཟོས་པའི་གནས་ཚུལ་ཐོག་ནས་རྒྱ་གར་གཞུང་ལ་ཁྲིམས་གཏུགས་བྱས་ཡོད་པ་འདྲ།
ལྷུན་གྲུབ་ཁྱེད་ཀྱིས་ཟླ་བ་ཚེ་རིང་གིས་བོད་གཞུང་ཁྲིམས་ལ་སྦྱར་འདུག་ཟེར་བས། ཇི་ལྟར་སྦྱར་ཡོད་པ་དང་སུ་སྦྱར་ཡོད་པ་གསལ་པོ་བྲིས་ན་ང་ལའང་ཕན་ས་རེད།
ཀ༽ ཟླ་བ་ཚེ་རིང་སློབ་སྦྱོང་མཐོན་པོ་བཅད་པ་དེ་འདྲ་མ་རེད། བར་སྐབས་བདག་མེད་ལ་ལུས་པའི་སློབ་གྲྭ་དེར་བདག་པོ་བརྒྱབ། སྤྱི་པའི་ལས་ཀ་མང་པོ་ཞིག་བྱས་ཙང་སྤྱི་ཚོགས་ནང་ནས་མཐོང་སླེབས་ཏེ་དྷ་སའི་བདེ་དོན་སོགས་བྱས་འདུག དེ་ལ་བློ་གྲོས་བཟང་བོ་སོགས་ཀྱིས་དགའ་གི་མེད། ཕྲག་དོག་བྱེད་ཀྱི་ཡོད་འདུག བློ་གྲོས་བཟང་བོ་དང་སྐབས་དེའི་ཁྲིམས་དཔོན་བྱ་དུར་བཟང་པོ་ནི་ཕིང་ཤ་རེད། ཡབ་ཆེན་པ་སངས་ཚེ་དབང་ཟེར་བ་དེ་གཅིག་ཏུ་ལྷག་བསམ་ཡིན་སྲིད། གཉིས་ན། མི་ཆེན་ཁ་ཤས་ཀྱི་བརྒྱུད་སྐུལ་འོག་ལ་སོང་བ་ཡིན་སྲིད། གང་ལྟར་ཁོང་གིས་ཟླ་བ་ཚེ་རིང་བོད་གཞུང་ཁྲིམས་ཁང་ལ་བསྐྱལ་འདུག
ཁ༽ རང་རེའི་ཁྲིམས་ཞིབ་ཁང་གི་དབང་ཚད་ལ་བཀག་རྒྱ་མང་བོ་ཡོད་པ་ལས། གཅིག་ནི་ཉེས་ཁྲིམས་རྩིས་བླངས་མི་ཆོག་པ་དང་། གཉིས་ནི། ཡུལ་ཁྲིམས་དང་འགལ་མི་ཆོག་པ། གསུམ་ནི་ས་ཁང་གི་གནད་དོན་ཐག་གཅོད་བྱས་མི་ཆོག་པ་སོགས་རེད།
ག༽ འོན་ཀྱང་ཁ་མཆུ་དེ་ཡོངས་གླིང་སློབ་གྲྭའི་ས་ཁང་དང་འབྲེལ་བ་ཆགས་སྟབས། བོད་གཞུང་ཁྲིམས་ཁང་གིས་རྩིས་བླངས་མི་ཆོག་བཞིན་དུ་རྩིས་བླངས་འདུག
༡༽ དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གི་སྐོར་ངས་ངོ་མ་གསལ་པོ་ཞིག་མི་ཤེས། སྔོན་མ་ང་ཚོ་དྲྭ་ཐོག་ཏུ་དེའི་སྐོར་ལ་བགྲོ་གླེང་ཕྲན་བུ་བྱུང་ཟིན་པ་རེད། གནས་ཚུལ་གསལ་ཙམ་ཤེས་པའི་ཆེད་དུ། དྲ་རོགས་རྙིང་པ་ཁ་ཤས་གདོང་དེབ་ནང་དུའང་འཛོམས་ནས་ཟླ་བ་ཚེ་རིང་གི་ཁ་མཆུ་དེའི་སྐོར་སྐད་ཅ་བཤད་པ་རེད། ཡིན་ནའང་བགྲོ་གླེང་གནང་མཁན་ནང་ལ། ཁ་མཆུ་དེའི་དཔྱད་ཁྲ་ཀློག་མྱོང་མཁན་གཅིག་ཀྱང་མི་འདུག ངས་རོབ་ཙམ་ཤེས་པ་ལྟར་ན།