བཅུ།
དེ་ནས་བཟུང་། ཚེ་རིང་དོན་འགྲུབ་ཀྱི་ཕ་མ་གཉིས་ཀྱིས་རེ་ཞིག་རིང་དུ་བུ་ཆུང་ཀུན་ཐར་སྐྱབས་ལ་ལྟ་སྐྱོང་བྱེད་རྒྱུ་དང་། གཞུག་ལ་ངེད་ཀྱི་ཕ་མ་གཉིས་ཀྱིས་ཕར་བསུས་དེ་བདག་པོ་རྒྱགས་རྒྱུ་བྱས་འདུག ཕ་མ་ཟེར་བ་ནི་ཕ་མ་རང་རེད། ང་ཚོས་དེ་ལ་ངོ་རྒོལ་ཞིག་གང་ནས་བྱེད་ཐུབ། ང་རང་ལ་བསམ་བློ་བཏང་བ་ཡང་ངས་གསལ་བོ་ལོས་ཤེས། རེ་ཞིག་རིང་དུ་སྨན་ཁང་དུ་ཁ་ལག་བསྐྱེལ་བ་དང་ང་དང་ཚེ་རིང་དོན་འགྲུབ་གཉིས་ལ་ལྟ་སྐྱོད་བྱེད་པར་ངའི་ཕ་མ་གཉིས་ཀ་འདུག་རྒྱུའི་སྐོར་སོགས་ཁོང་ཚོས་གང་གྲོས་ཐག་བཅད་པ་དེར་བདག་གིས་ཀྱང་། སྡུག་དེ་འདྲ་ཞིག་གི་སྐབས་སུ་ཡིན་མིན་གྱི་སྐད་ཆ་གང་ནས་ཡོད།
དྲང་མོ་བཤད་ན། ཀུན་ཐར་སྐྱབས་ཆུང་ཆུང་རེད། ངའི་ནུ་མཚམས་ཀྱང་བཞག་མེད་ན་ཡང་། ཚེ་རིང་དོན་འགྲུབ་སྨན་ཁང་དུ་ལྷུང་བའི་མཚན་མོ་དེ་ནས་བཟུང་། དགེ་རྒན་འབྲུག་འབུམ་རྒྱལ་ལ་མི་བཅོལ་ཐབས་་མེད་བྱུང་བའི་སྐབས་དེ་དང་བསྟུན་ནས། སྲང་ནས་འོ་མ་ཉོས་དེ་བསྣུན་འདུག ཚེ་རིང་དོན་འགྲུབ་ཀྱི་ཕ་མ་གཉིས་ཀྱིས་ཀྱང་། བུ་མོ་ཁྱེད་རང་གིས་འདི་ནས་ངེད་གཉིས་ཀྱི་གཅེས་ཕྲུག་ལ་ཤུ་རེ་བྱོས་དང་། ངེད་གཉིས་ཕྱིར་སོང་ནས་ཡར་མར་གཉིས་ཀྱི་ཁང་་སྲུང་བྱེད་ཐུབ་པ་དང་། ཀུན་ཐར་སྐྱབས་ལ་ལྟ་ཐུབ་པ་བྱེད་ཡ་གསུངས་སོང་།
ཚེ་རིང་དོན་འགྲུབ་ཀྱིས་མ་རྒན་མའི་ཉིན་དེ་དག་་གི་རིང་དུ་ང་དང་ལྷན་དུ་མིག་ཆུའི་མཚམས་ཆད་མེད། ད་དུང་ངའི་ཨ་མས་ཀྱང་མིག་ཆུའི་ཞབས་འདེབས་ཆེས་མི་ཉུང་བ་ཞིག་བརྒྱགས་ཐེངས་རེར། སྨན་པས་ངེད་ཅག་གི་ལ་ནད་པའི་གོ་ས་ནས་ངུ་མི་རུང་བ་དང་། ངུས་ན་ཀླད་པ་གསལ་བོ་ཡིན་དུས་སེམས་སྡུག་བྱེད་ཀྱི་རེད། དེ་ལས་ཁ་རོག་གེར་མ་ཎི་རེ་བཏོན། གསོལ་འདེབས་རེ་བྱོས། དེ་ནས་ངས་གང་ཐུབ་བྱེད་དང་། ད་གཟོད་རེ་བ་ཞིག་ཡོད་ནི་རེད། དེ་མ་གཏོགས་ངུས་ནས་ཕན་ཐོག་མ་རེད།
སྨན་པ་དེས་སྐད་ཆ་དེ་ནི་དུས་ད་ལྟ་ཡང་ངའི་རྣ་ལམ་དུ་འཇག་འདུག དངོས་ནས་སྐད་ཆ་དེ་ནི་ངའི་མི་ཚེ་ནང་དུ་ཆེས་རིན་ཐང་ལྡན་པ་ཞིག་ཆགས་སོང་། སྐད་ཆ་བཤད་མཚམས་དེར་སླེབས་དུས། བདེ་སྐྱིད་འཚོས། ང་ལ་་
ཨ་རེད། ད་འདི་བྱེད། གཅིག་བྱས་ན་གཟའ་འཁོར་རྗེས་མའི་གཟའ་སྤེན་པ་ལ་ང་རང་སྨན་ཁང་ཞིག་ལ་བརྟག་དཔྱད་ཅིག་བྱེད་དུ་འགྲོ་དགོས་ཀྱི་ཡོད་ས་ཡོད། དེ་ཡིན་མིན་ངས་སང་ཉིན་ཁ་པར་བརྒྱབས་ནས་བལྟས་ཆོག དེ་འདྲ་ཡིན་ཚེ་ཁྱེད་རང་ཁོམ་པ་བྱུང་ན་ང་ལ་རང་ལ་འགྲོ་རོགས་ཤིག་བྱེད་རོགས། དོ་ནུབ་འདི་ནས་མཚམས་འཇོག ཁྱེད་རང་ཕྱིར་ནང་དུ་མ་སོང་ན་དཀའ་ལས་ཁག་ཡོད་ས་རེད།
ངས་ཁོ་མོས་རེ་སྐུལ་དེར་དང་ལེན་བྱས་པ་ཡིན། ང་ལ་གྲོགས་པོ་ཁ་ཤས་ཤིག་ཡོད། ཁོང་ཚོ་མཚམས་མཚམས་སུ་ང་རང་བོས་དེ་ངེད་ཅག་འཛོམས་ནས་སྐྱིད་སྐྱིད་རེ་གཏོང་གི་ཡོད། གཅིག་བྱས་ན་ད་ཐེངས་དུས་ཚོད་དེར་འཁེལ་ཡོད་ས་ཡོད། དེ་འཁེལ་སོང་བ་ཡིན་ན། ངས་ཁྱེད་རང་ལ་དགོངས་དག་མི་ཟེར་ཐབས་མེད་ཡིན་པ་རེད། ཁོང་ཚོ་ངའི་ལོ་མང་རིང་གི་གྲོགས་པོ་ཡག་ཤོས་རྐྱང་རྐྱང་ཡིན། ཁོང་ཚོས་ཀྱང་འཛོམས་ཐེངས་འདི་ལ་སྒུག་ནས་ཡོད་པ་རེད་ལ། གྲོགས་པོ་རེ་ཟུང་ཞིག་ལ་སྒེར་སྤྱོད་སྣུམ་འཁོར་མེད་པ་ཡིན་དུས། ང་ལ་བལྟས་བསྡད་ཡོད་པ་རེད།
བདེ་སྐྱིད་འཚོས། ཁོང་ལུད་ཅིག་རྒྱགས་བཞིན། རེད་རེད། ཁྱེད་རང་ལ་དེ་འདྲའི་འདུ་འཛིན་གལ་ཆེན་འདྲ་ཡོད་ན་ང་ལ་འགྲོ་རོགས་མ་བྱས་ཀྱང་འགྲིག་གི་རེད། ཁྱེད་ཀྱིས་ང་ལ་གཟའ་སྤེན་པ་བར་དུ་ལན་ཞིག་སྤྲོད་རོགས། གཟིམ་ཤག་གནོང་། རྗེས་སུ་མཇལ་ཡོང་་ཟེར་ནས་ངའི་ལག་འགོར་འཇུས།
ང་རང་ཅུང་སྟབས་མི་བདེ་ངང་ཚུལ་དང་བཅས། བདེ་སྐྱིད་འཚོ། ཡིན་དང་ཡིན། ང་དངོས་ནས་ཁྱེད་ལ་རོགས་བྱེད་འདོད་ཡོད་ལ། ཁྱེད་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་གལ་ཆེ་ཤོས་དེ་དག་ལ་མུ་མཐུད་དུ་ཉན་འདོད་ཡོད། བདེ་མོ་བྱོས། རྗེས་ལ་མགྱོགས་པོ་མཇལ་ཡོང་། ངས་ཁྱེད་ལ་འཕྲིན་ཐུང་སྐུར་ཆོག
མུ་འགོད།