མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལི་ནས་བོད་མི་གསུམ་འཇུས།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཉེ་རྟོག་རུ་ཁག་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་རཱ་ནེ་ཝལ་ལགས་ཀྱིས་གསར་ལམ་ཁག་ཏུ་གནས་ཚུལ་བརྗོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོར་རྒྱ་གར་ཉེན་རྟོག་མི་སྣས་རྒྱ་གར་རྒྱལ་ས་ལྡི་ལིའི་ལོ་ངྷི་གོ་ལོའོ་ནེ་ཞེས་པའི་ས་ཁུལ་གྱི་ཟ་ཁང་ཞིག་ཏུ་རང་ལོ་ ༤༨ ཡིན་པའི་མཁྱེན་བརྩེ་བློ་གྲོས་དང་རང་ལོ་ ༤༦ ཡིན་པའི་བསྟན་འཛིན་འབྲུག་གྲགས། རང་ལོ་ ༣༦ ཡིན་པའི་སྤེན་པ་ཚེ་རིང་བཅས་བོད་མི་གསུམ་འཛིན་བཟུང་བྱས་ཡོད་འདུག་ལ། སྐབས་དེར་ཉེན་རྟོག་པས་ཁོང་ཚོའི་ལག་ནས་ཧིན་སྒོར་འབུམ་ ༡༦ དང་ཕྱི་བསྐྱོད་ལག་འཁྱེར་ ༤ ། རླངས་འཁོར་ ༡ བཅས་གཞུང་བཞེས་བཏང་ཡོད་འདུག

ཉེན་རྟོག་ཕྱོགས་ནས་བརྗོད་པ་ལྟར་ན། བོད་མི་འདི་གསུམ་ནམ་རྒྱུན་རྒྱ་གར་ལྷོ་ཕྱོགས་མེལ་སོར་གཞིས་ཆགས་སུ་གནས་སྡོད་བྱེད་མཁན་ཡིན་ཞིང་། འདས་པའི་ལོ་མང་རིང་ཁོང་ཅག་གིས་དངུལ་ཕོན་ཆེན་བླངས་ཏེ། བོད་མི་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་གཏོང་བའི་ལས་དོན་བྱེད་ཀྱིན་ཡོད་འདུག་ཅིང་། ཧིན་སྒོར་འབུམ་ ༥ སྤྲད་ཚེ་ཐོག་མར་ཐེ་ལན་ཌིའི་ནང་གཏོང་གི་ཡོད་པ་དང་། ཐེ་ལན་ཌིའི་ནང་སླེབས་རྗེས་འགྲོ་མཁན་ཚོའི་ལག་གི་ཕྱི་སྐྱོད་ལག་འཁྱེར་ཕྱིར་བསྡུ་བྱེད་དང་། དེའི་རྗེས་ཐེ་ལན་ཌའི་ནང་ཡོད་པའི་མི་ཞིག་གི་ཁ་པར་ཨང་གྲངས་སྤྲད་དེ་མི་དེས་ཧྤི་རན་སིའི་ནང་གཏོང་གི་ཡོད་ཚུལ་བཤད་ཡོད་ཀྱང་། འགྲོ་མཁན་ཚོས་ཁ་པར་ཨང་གྲངས་དེར་འབྲེལ་བྱ་བྱེད་སྐབས་ཁ་པར་ཨང་གྲངས་དེ་ནི་ཁུངས་མེད་རྫུན་མ་ཡིན་སྟབས། བོད་མི་མང་པོ་ཞིག་ཐེ་ལན་ཌིའི་ནང་ལྷག་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 22

  1. བྱང་ཆུབ་སེམས་དཔལ། says:
    ལོ་ 15 སྔོན།

    མང་དྲག་ན་སྐྱོན་ཡོད་པ་མི་ཤེས་པས་མཐའ་མར་བཙན་ཁང་ནང་མྱ་ངན་མྱོང་དགོས་བྱུང་བ་རང་གིས་བྱས་པའི་ལས་རེད།་འདོད་པ་མེད་ཀྱང་མྱོང་དགོས།
    འདི་འདྲ་བའི་བོད་མོ་ཞབས་འདྲེན་པ།་ནམ་ཡང་མི་ཡོང་བར་སྻོན།

    Reply
  2. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཚོགས་པ་ཁག་དང་གང་ཟག་སྒེར་སུས་གི་མི་གཏོང་གི་ཡོད་ནའང་ བཀའ་དྲིན་ཆེན་པོ་རེད་དྲན། རྒྱ་གར་དང་ ལྷག་པར་དུ་བལ་ཡུལ་དུ་ ཆབ་སྲིད་དང་ དཔལ་འབྱོར་གཉིས་ཀའི་འོག་དཀའ་སྡུག་ཚད་མད་མྱོང་བཞིན་པའི་སྤུན་ཟླ་ཉམས་ཐག་གང་མང་ཞིག་ནུབ་ཕྱོགས་སུ་བདེ་སྐྱིད་ཀྱིས་འཚོ་བར་རོལ་ཐུབ་པ་འདི་བྱུང་བ་རེད། དངོས་ཡོད་གནས་ཚུལ་ཐོག་ནས་བཤད་ན་ཁྲིམས་མཐུན་གི་ཐོག་ནས་ མི་དྲག་དང་ཤེས་འཇོན་ལྡན་པའི་རིགས་འགའ་ཤས་ལ་ཕྱི་རྒྱལ་ལ་འགྲོ་བའི་སྐལ་བ་ཡོད་རེད་མ་གཏོགས་ རྒྱ་ཆེ་སྤུན་ཟླ་ཉམས་ཐག་ཚོ་ལ་སྐལ་བ་ནམ་ཡང་ཡོད་མ་རེད་།
    རྒྱ་གར་བའི་དཔོན་རིགས་ཚོས་ཐོབ་གོ་ས་གི་དོན་དུ་འཚམས་རེ་འཛིན་གཟུང་བྱེད་སྟངས་འདི་རིགས་ཁོ་རང་ཚོའི་འགྲོ་སྟངས་ཤིག་རེད་། གང་ལྟར་ཕྱི་རྒྱལ་ཁག་ཏུ་མི་རིགས་གཞན་དང་བསྡུར་ན་བོད་མི་རིགས་ནི་རྒྱ་མཚོ་ནང་གི་ཆུ་ཐིགས་རེད་། མི་རིགས་གཞན་དང་འདྲ་མཉམ་གི་ཐོག་ནས་བོད་མི་རིགས་འདི་ཡང་འཛམ་གླིང་དུ་ས་ཁྱབ་རྡོ་ཁྱབ་དུ་འགྲོ་དགོས་པ་ཞིག་རེད་།

    Reply
  3. ཁ་བའི་མེ་ཏོག says:
    ལོ་ 16 སྔོན།

    དྲ་གྲོགས་ཚོའི་བྲིས་ནོ་ཡག་པོ་འདུག སྒོར་མོ་ཡ་ སྒོར་མོ་ཡ་ ཁྱོད་ངོ་མ་དབང་འདུལ་ཆེ་དགོས་ཡ་ མི་གསུམ་ཏེ་ཚོང་བརྒྱབ་ནས་ཐ་མ་སོ་སོར་ར་ཚོང་བརྒྱབ་འདུག

    Reply
  4. ཁ་བའི་མེ་ཏོག says:
    ལོ་ 16 སྔོན།

    དྲ་གྲོགས་ཚང་མའི་ཡག་པོ་བྲིས་འདུག སྒོར་མོ་ཡ་ སྒོར་མོ་ཡ ཁྱོད་ད་ ངོ་མ་དབང་འདུ་ཆེ་དགོས་ཡ ཚོང་བརྒྱབ་བརྒྱབ་གི་སྔ་མ་ མི་གསུམ་སྟེ་སོ་སོ་ར་ཚོང་བརྒྱབ་འདུག མི་གསུམ་དེ་རིག་པ་ཚ་བོ་འདུག་ཡ ཚོང་པ་ཚང་མའི་དེ་ལ་སློབ་སྦྱོང་ཡག་པོ་བྱེད་རོགས་གནང་ འཇུག་འབྲས་་་་་་་་་་་་་་་་་་་་་

    Reply
  5. ས་འཚམས་མེདཔའི་ཁ says:
    ལོ་ 16 སྔོན།

    སྤྱིར་མི་སུ་འདྲ་ཞིགས་ཡིན་རུང་དངུལ་ལ་མི་དགའ་མཁན་ཞིགས་ཕལ་ཆེར་མེད། ཧ་ཅང་དངུལ་ལ་དགའ་དྲགས་ན་མཐའ་མའི་འབྱུང་འབྲས་དེ་རེད། ད་ཡིན་ན་ཡང་འཇིག་བརྟེན་གི་དཔེ་ལྟར། དཔྱད་པ་སྔོན་ལ་བཏང་ན་མཁས་པ་ཡིན། འགྱོད་བ་ཕྱི་ནས་སྐྱེས་ན་གླེན་པ་ཡིན། ཞེས་པ་ལྟར་ཕྱི་དྲགས་རེད། ཨ་ཁ་ཁ

    Reply
  6. ནེ་ཤོད་གྲུ་ཁ། says:
    ལོ་ 16 སྔོན།

    སྒོར་མོ་ཁྱེད་ནི་ཇི་འདྲའི་འཇིགས་རྔམ་ཆེ། ཁྱོད་ཀྱི་ཆེད་དུ་མི་མང་པོར་ཁྲིམས་ནང་དུ་ལྷུང་བཞིན་ཡོད་ལ་རང་སྲོག་ཀྱང་ཤོར་བཞིན་ཡོད། ད་དུང་ཡོད་ཚད་ནས་ཡོད་ཚད་ཤོར་བཞིན་ཡོད།

    Reply
  7. kalsang says:
    ལོ་ 16 སྔོན།

    ཨ་ཁ་རྗེས་སུ་ཡིད་ཟབ་དགོས་་་་་རྒྱ་གར་ནང་འཚོ་བའི་དཀའ་ངན་ཆེ་བས་ཁག་མེད་།

    Reply
  8. བཙན་བྱོལ་བ་ says:
    ལོ་ 16 སྔོན།

    དྲི་བ་ནི་འཛིན་བཟུང་བྱས་པའི་མི་སྣ་དེ་དག་སུ་ཡིན་ནམ་ ཁྱེད་རྣམས་ཀྱིས་ངོ་མཁྱེན་གིན་ཨེ་ཡོད་

    Reply
  9. རིགས་བཟང says:
    ལོ་ 16 སྔོན།

    ཐོ་རེངས་ལགས་ཀྱིས་བཤད་པ་བདེན་ལེབ་རེད། རྒྱབ་སྐྱོར་ཡོད།

    སྣང་ས་སྐུ་རྒོད་ཚང་ལ་དགོངས་དག་ཞུ། ཐུགས་བསམ་ཡག་པོ་བཞེས་རོགས། སྙིང་རྗེ་སྐྱེས་དགོས་ས་་ཞིག་དང་མི་དགོས་ས་ཞིག་ཡོད་ལེབ་རེད།
    མགོ་ལོག་ཟླ་བྷེ་ལགས ཁྱོད་ཀྱིས་བྱེ་མ་གསེར་ལ་འགྱུར་གྱི་འཇུག་ཐུབ་བམ།
    གྲུབ་ཆེན་ཡིན་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  10. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    ཉེན་རྟོག་ཕྱོགས་ནས་བརྗོད་པ་ལྟར་བདེན་ན་ཁོ་ཚོ་ནི་མི་རིགས་ཀྱི་ཞབས་འདྲེན་པ་ཞིག་རེད་དེ་འདྲའི་རིགས་ལ་ཁྲིམས་ཐོག་ནས་ཐག་གཅོད་ནན་པོ་བྱེད་དགོས། གལ་སྲིད་དེ་འདྲ་མིན་ཚེ་ཁོ་ཚོ་འགྱོག་པོར་བཙོན་ནས་མཐར་བའི་སྨོན་ལམ་རྒྱབ་རྒྱུ་ཡིན། །

    Reply
  11. ཐོ་རེངས། says:
    ལོ་ 16 སྔོན།

    སྐབས་འདིར་དྲ་གྲོགས་མང་པོ་ཞིག་གིས་མི་ངན་ཚོ་ལ་བཀའ་བཅོམ་དང་མཚང་འབྲུ་བྱས་འདུག་སྟེ་འདི་དགོས་ཞིག་རེད། གྲ་གྲོགས་འདི་ཚོས་བོད་མི་རིགས་ལ་དུང་སེམས་དང་། འཇིགས་རྟེན་ཁམས་ཀྱི་ལུགས་སྲོལ་ལ་གུས་བཀུར་བྱས་པ་གསལ་པོ་མཚོན་ཐུབ། སྤྱིར་འཇིགས་རྟེན་ན། བཟང་པོ་བསྟོད་པ་དང་། ངན་པ་ལ་མཚང་འབྲུ་མེད་ན་མི་ཆོས་འཆལ་བ་རེད།
    གོང་དུ་མགོ་ལོག་ཟླ་བྷེ་ཟེར་བ་ཞིག་གིས། ༼ མིའི་མགོ་ལ་དཀའ་སྡུག་སླེབ་དུས ། ང་ཚོའི་རིགས་དང་རུས་པའི་བརྩེ་དུང་
    དེ་རང་ཡལ་དུ་འགྲོ་མི་ཉན༽ ཞེས་ལྷག་བསམ་དང་སྙིང་རྗེ་ཡོད་མདོག་གི་སྐད་ཆ་ཞིག་བཤད་འདུག་ཀྱང་། འདི་ནི་ཁྱེད་ཀྱིས་འཇིགས་ཁམས་ཀྱི་མི་ཆོས་མ་མཁྱེན་པའི་རྟགས་ཞིག་རེད། སྔོན་བོད་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཀྱི་སྐབས་སུ་ཡང་། ངན་པ་ལ་ཆད་པ་དང་། བཟང་པོ་ལ་དཔའ་དར་ཡོད།
    མགོ་ལོག་ཟླ་བྷེ་ཁྱོད་ཀྱིས་གནས་ཚུལ་འདི་རྫུན་མ་ཡིན་པར་ཤེས་ན། རྒྱ་གར་ཁྲིམས་ཁང་དུ་སོང་ནས་དཀར་འདོན་གྱིས་ལ། ཁོང་ཚོ་བཙོན་ནས་ད་ལྟ་ལོངས་དང་ཁྱེད་ཀྱི་སྐད་ཆ་ལ་དཔང་རྟགས་ཡོད་པ་དང་། མིའི་རིགས་རུས་བརྩེ་དུང་ཡོད་སར་འཇོག་ཆོག དེ་མིན་སྙིང་རྗེ་མེད་ན་ཡོད་མདོག་མི་དགོས། སྤྱིར་རྐུན་མ་ལ་དཔའ་དང་། སྤྱང་གི་ལ་རྣ་ཚར་འདོག་སྲོལ་མེད།

    Reply
  12. ཀུན་དགའ། says:
    ལོ་ 16 སྔོན།

    དག་དག་རེད།   མི་ངན་འདི་ཚོ་ཚར་གཅོད་བྱེད་དགོས་ནི་རེད།   དེངས་སྐབས་༧གོང་ས་ཐམས་ཅད་མཁྱེན་པའི་བཀའ་དྲིན་ལ་བརྟེན།   འཛམ་གླིང་ཐོག་བོད་ཅེས་ལབ་དུས་མཐོང་ཆེན་དང་དོ་སྣང་བྱེད་བཞིན་ཡོད་མོད།   མི་ངན་རེ་འགས་བོད་མི་སྤྱིའི་མཚན་མཐོང་ཆུ་ལ་སྐུར་བཞིན་ཡོད་པ་ཧ་ཅང་གི་བློ་ཕམ་གྱི་གནས་རེད།   རྒྱ་གར་གྱི་སྤྱི་བདེ་མི་སྣར་བཀའ་དྲིན་ཆེ་ཞུ་བ་ཡིན།

    Reply
  13. མགོ་ལོག་ཟླ་བྷེ། says:
    ལོ་ 16 སྔོན།

    གཡུ་འབྲུག་ཡར་འཕུར་མཐོང་ན ། ། ཀི་བསོ་ལྷ་རྒྱལ་བསྒྲགས་ཀྱང་། །
    སྦྲུལ་ནག་ཐུར་རྒྱུག་རིག་དུས ། ། སོད་སོད་རྒྱོབ་རྒྱོབ་བསྙད་བྱུང་ ། །
    དཔྱོད་ལྡན་དྲྭ་གྲོགས་རྣམ་པ་ལགས ། ཁོ་ཚོས་ནོར་འཁྲུལ་ཤོར་ཡོད་ན་ཡང་།
    མིའི་མགོ་ལ་དཀའ་སྡུག་སླེབ་དུས ། ང་ཚོའི་རིགས་དང་རུས་པའི་བརྩེ་དུང་
    དེ་རང་ཡལ་དུ་འགྲོ་མི་ཉན ། ཡང་གཅིག་བཤད་ན ། གོ་བའི་གཏམ་དེ་
    ཕྱེད་བདེན་ཕྱེད་མི་བདེན ། གཞན་གྱིས་ངན་བསྒྲགས་བྱས་པ་ཙམ་ཚད་མར་
    བཟུང་ནས་ཧོལ་རྒྱུག་བྱས་ན་ཨེ་ཡག་ན ། རིག་གསར་སྐབས་ཀྱང་གཞན་གྱིས་
    ངན་བསྒྲགས་བྱས་པ་ཙམ་ཚད་མར་བཟུང་ནས ། རང་མི་རང་གིས་བཅིངས །
    རང་རྒྱུ་རང་གིས་བརླགས་པའི་རྣམ་པར་ཐར་བ་རིང་མོའང་རིགས་རུས་
    ཀྱི་བརྩེ་ཞེན་རང་ཡལ་དུ་སོང་བ་གནད་འགག་ཆེ་ཤོས་ཤིག་རེད །
    ཐུགས་བསམ་བཞེས་རོགས་ཞུ །

    Reply
  14. ཐོ་རེངས། says:
    ལོ་ 16 སྔོན།

    འདི་ལྟ་བུའི་གཡོ་ཚོང་དང་ཁྲེལ་མེད་ཀྱི་བྱ་བ་བྱེད་མཁན་ནི་བོད་མི་ཁ་ཤས་མ་གཏོགས་ག་ལ་ཡོད། འོན་ཀྱང་ཁོས་ཚོའི་ངན་སྤྱོད་དེ་ནི་བོད་མི་རིགས་སྤྱིའི་ཞབས་འདྲེན་དུ་གྱུར་ཡོད། བོད་ཀྱི་ཆོས་ཚོང་མཁན་དང་མི་ཚོང་མཁན་འདི་ཚོས་མ་འོངས་པར་བོད་ཀྱི་ཞབས་ཡག་ཐག་ཆོད་ཅིག་བཟོ་ངེས་རེད་ཡ། ད་ལྟ་འཛམ་གླིང་ན་བོད་མི་ཚོ་ཕྱི་བསྐྱོད་ལག་ཁྱེར་རྫུན་མ་མཟོ་མཁན་མང་ཤོས་ཆགས་ཀྱིན་ཡོད།

    Reply
  15. ཨ་ཕོ་མཐུ་ཆེན། says:
    ལོ་ 16 སྔོན།

    ད་ཡིན་ན་བོད་པ་ཞབས་འདྲེན་ཞུ་མཁན་མང་ནས་མང་འགྲོ་རེད། ཕྱི་རྒྱལ་ཁག་ཏུ་ཡང་ཉི་མ་གཅིག་ཞབས་འདྲེན་ཞུ་གི་རེད། ལྟོས་ཨང་། དངུལ་འབོར་ཆེན་ལེན་ནས་ཆང་ས་རྫུས་མ་བརྒྱབ་སྟེ་ཁྱོ་ག་རྫུས་མ་དང་སྐྱེས་དམན་རྫུས་མ་འཐེན་པ། རང་དང་རང་གི་གཉེན་ཉེའི་གཅེན་གཅུང་རང་གི་བཟའ་ཚང་ཡིན་མདོག་གིས་ཕྱི་རྒྱལ་དུ་བླངས་བ། རང་གི་གཉེན་ཉེའི་ཕྲུ་གུ་རང་གི་ཡིན་མདོག་གིས་ཕྱི་རྒྱལ་ལ་འཐེན་པ་བཅས་ལ་བརྟེན་ནས་ཉི་མ་གཅིག་བོད་པའི་ཞབས་འདྲེན་བློ་ཡུལ་ལ་མ་གཤོངས་བ་ཞིག་ཞུ་གི་རེད། དགྲ་དགའ་གཉེན་སྡུག་གི་ལས་ཀ་དེ་རིགས་མ་གནང་བ་ཞུ།

    Reply
  16. ཤེས་རབ། says:
    ལོ་ 16 སྔོན།

    དངུལ་སྒོར་དགའ་རྒྱུ་མང་དྲགས་པས་རེད། ཐེངས་གཅིག་གཉིས་ཞིག་ལ་འབུམ་ཚོང་བརྒྱབས་ནས་མཚམས་བཞག་ཡོད་གྱིས་ན་འཛིན་བཟུང་བྱེད་ཀྱི་མ་རེད། སྡུག་གྱོང་རེད། གནས་ཚུལ་དེ་གི་རྐྱེན་གྱིས་སྤྱི་ཚོགས་གཞན་ནང་བོད་མིར་ཆ་འཇོག་མེད་པ་ཆགས་ཀྱི་ཡོད་པ་རེད། སོ་སོ་བོད་མི་ཞིག་ཡིན་པ་དང་། དེ་བས་ཀྱང་སྐྱབས་བཅོལ་བ་ཞིག་ཡིན་པ་དེ་མ་ཚོར་བས་རེད། ད་དུང་ང་ཚོས་གཟབ་གཟབ་བྱེད་ས་མང་པོ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་བཀའ་གསུང་༼ བོད་མིའི་ཡ་རབས་བཟང་སྤྱོད་ ༽ཀྱི་་བྱ་སྤྱོད་དེ་མ་བྱས་མ་སྒྲུབ་ན་ང་ཚོ་ལས་རྒྱུ་འབྲས་འཁོར་གི་རེད།

    Reply
  17. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ཡག་པོ་བྱུང་འདུག་སྔ་མེད་ན་ཕྱི་མེད་ཚོད་ཡིན། ད་དུང་ཚོད་མི་ཟིན་པའི་ནག་ཅན་པ་ཁག་ཅིག་ཡོད་ཚོད་རེད་
    དེ་དག་གི་ཡང་ཚོད་མ་བཟུང་ན་དེ་ལས་ཡོང་རྒྱུ་མེད

    Reply
  18. རིགས་བཟང says:
    ལོ་ 16 སྔོན།

    དུས་བབ་ཚང་ལ་དྲི་བ་གཅིག་འདྲི་ཆོག་པར་འཚལ།
    ཁྱོད་ཚོའི་བཀོད་པའི་གནས་ཚུལ་འདི་ཉིན་བཞི་ལྔ་ཞིག་གི་སྔོན་ན་བྱུང་ཚར་བ་རེད་། དུས་བབ་ཚང་མ་གཏོགས་གཞན་པའི་གསར་ལམ་ཁག་ནས་སྒྲོགས་ཚར་བ་རེད།་ ད་འདི་གསར་འགྱུར་གྲས་སུ་འཇོག་གམ།
    ཞོར་ལ་བོད་པ་ཚང་། ཐུགས་རྗེས་གཟིགས། ༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་གཟབ་གཟབ་གནང་རོགས། རྗེས་སུ་རང་ཚོས་གང་འདོད་བྱས།

    Reply
  19. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    ང་ོམ་བཤད་ཚོད་མ་ཐིག་སོང་། སྤྱིར་སུ་འདྲ་ཡིན་རུང་ཕྱིར་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་རྒྱུར་མཐོང་ཆེན་དགོས་ཀྱི་ཡོད་སྟབས་མཐོང་ཆེན་ཞུ་བར་ཡང་ཞུ་ཚུལ་མང་དག་ཡོད་པ་རེད། འོན་ཀྱང་བཤད་ཚུལ་གཅིག་ནི་མཐོང་ཆེན་བརྫུན་མ་དང་ལག་དེབ་བརྫུན་མ་བཟོས་ཟེར་བཤད་ཀྱིན་པ་རེད། དེ་ཡང་ཚང་མ་བོད་པས་བྱེད་ཀྱིན་འདུག་པའི་སྐད་ཆ་ཞིག་སྔར་ནས་ཡོང་རུང་དོན་དུ་བོད་པ་གཅིག་པུས་དེ་ལྟར་མི་ཡོང་རྒྱུ་ཐག་ཆོད་ན་ཡང་རྒྱ་གར་རམ་དེ་མིན་གནམ་ཐང་སོགས་གནད་ཡོད་མི་སྣ་དངུལ་གྱི་ཉོས་ཏེ་ལས་ཀ་དེ་བྱེད་སྲིད་པ་རེད། དེ་ནི་ལས་སྣེ་གོང་མ་ཚོས་ཞིབ་དཔྱོད་མ་བྱས་པ་ལས་ནོར་ཡོད་ལ་གློ་བུར་དུ་བོད་པ་ཞིག་འཛིན་བཟུང་བྱེད་པ་ལས་གནས་ཚུལ་དང་དོན་རྐྱེན་དེའི་རྩ་བར་བརྟག་དཔྱད་མེད་པ་ཐབས་སྐྱོ་བོ་མ་རེད་པས། བོད་པ་གསུམ་དེའི་རྒྱབ་ཏུ་སུ་ཡོད་དམ།།།།།།།།།།

    Reply
  20. ཁར་ལྷུན says:
    ལོ་ 16 སྔོན།

    གཟུ་གནས་བློ་ལྡན་ལགས་ དེ་འདྲ་གསུང་རྒྱུ་ཨེ་ཡོད་
    ང་ཚོ་བོད་པའི་རང་གཟུགས་དེ་ལས་མེད་ན་ཁྱེད་ཀྱི་བློ་རྒྱ་ཆུང་དག་ཆོད་པ་རེད་
    མི་སྒེར་གྱི་རང་གཟུགས་དང་ བོད་མའི་རང་གཟུགས་བར་དབྱེ་བ་ཕྱེ་ཤེས་པ་དགོས་
    ཨ་གོ་སོང་ངམ་།།།།།།།།།།།།།

    Reply
  21. སྣང་གསལ། says:
    ལོ་ 16 སྔོན།

    ཨ་ཁ་་ཁོ་པ་གསུམ་གིས་ནོར་བ་སྨོས་མི་དགོས་་་་ཕྱོགས་ཚུང་དངུལ་ཕོན་ཆེ་
    དེ་འདྲ་སྤྲད་ནས་ཕྱི་རྒྱལ་ལ་འགྲོ་ཐབས་གནང་མི་ཚོས་ཡང་ནོར་བ་རེད་
    གང་ལྟར་བོད་མི་སུ་འདྲ་ཞིག་ཡིན་རུང་ལས་དོན་ཆེད་དངུལ་ཁོ་ནས་
    ཐགས་བཅོད་ཡོང་ཐབས་གནང་ཁན་དེ་ཚོས་སླད་ཕྱིན་གཟབས་ཙམ་
    གནང་དགོས་གིས།།

    Reply
  22. གཟུ་གནས་བློ་ལྡན། says:
    ལོ་ 16 སྔོན།

    ད་ཡིན་ན་༸གོང་ས་མཆོག་དགུང་ལོ་ཡར་ཡར་ཕེབས་པ་དང་བསྟུན། བོད་པ་ཚོས་རང་གཟུགས་ངོ་མ་ཕྱིར་མངོན་པའི་མགོ་ཚུགས་ཀྱི་འདུག ཨ་ལ་ལ་ལ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese