མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེག་གྷན་དུ་རྒྱ་གར་ཡུལ་མིའི་ཚོང་ཁང་བདུན་ལ་མེ་སྐྱོན་བྱུང་།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དགོང་མོར་ངྷ་ས་མེག་གྷན་གྱི་རྒྱ་གར་ཡུལ་མིའི་ཚོང་ཁང་སྐོར་ཞིག་ལ་མེ་སྐྱོན་བྱུང་སྟེ། ནང་གི་ཅ་ལག་ཡོངས་རྫོགས་ཕྱིར་འདོན་བྱེད་མ་ཐུབ་པར་མེས་ཚིག་འདུག་ཀྱང་། ཐེངས་འདིའི་མེ་སྐྱོན་ཁྲོད་མིའི་ཚེ་སྲོག་ལ་གནོད་སྐྱོན་གང་ཡང་བྱུང་མེད།

མདང་དགོང་ཆུ་ཚོད་ ༡༢ ཡོལ་ཙམ་ལ། མེག་གྷན་ནས་ཁ་པར་ཞིག་འབྱོར་ཏེ་ངྷ་ས་མེག་གྷན་དུ་ཚོང་ཁང་མང་བོ་ཞིག་མེས་འཚིག་གིན་པ་དང་། ད་ལྟ་ང་ཚོ་མེ་སྐྱོན་བྱུང་སར་ཡོད། མེ་འབར་བ་ཚབས་ཆེ་བས་ཉེན་ཁ་ཧ་ཅང་ཆེ།  མི་མང་བོ་གང་བྱེད་འདི་བྱེད་མེད་པར་ལྷག་འདུག་ལ། མྱུར་སྐྱོབ་ཚན་ཁག་ཀྱང་ད་དུང་བསླེབས་མ་སོང་ཟེར།

མེག་གྷན་དུ་མེ་སྐྱོན་བྱུང་བ་ཤེས་རྗེས་གསར་འགོད་པ་དུས་ལྟར་ལམ་ལ་ཆས་ཏེ་གངས་སྐྱིད་ནས་མེག་གྷན་དུ་འབྱོར་སྐབས། མཚན་གྱི་ཆུ་ཚོད་ ༡༢ དང་སྐར་མ་ ༢༠ ཙམ་རེད་ལ། རྒྱ་གར་བའི་ཡུལ་མི་དང་བོད་མི་སྐྱབས་བཅོལ་བ། ཕྱི་གླིང་བའི་ཡུལ་སྐོར་བ་སོགས་མི་བརྒྱ་ལྷག་གིས་ལག་ཏུ་ཆུ་སྣོད་ཆེ་ཆུང་སྣ་ཚོགས་བཟུང་སྟེ་འཚང་ཁ་ཤིག་ཤིག་གིས་མེ་གསོད་ཀྱི་བྱ་བར་ཞུགས་ཀྱིན་འདུག་ལ། ཡང་མི་མང་བོ་ཞིག་གང་བྱེད་འདི་བྱེད་མེད་པར་རང་སར་ལྟད་མོ་ལྟ་བཞིན་ལྷག་འདུག

 

མེ་སྐྱོན་བྱུང་ཡུལ་ནི་མེག་གྷན་བོད་གཞུང་སྣེ་ལེན་ཁང་རྙིང་པ་དང་ཐག་ཉེ་བའི་བཀྲ་ཤིས་འཁྱིལ་ཟ་ཁང་གི་མདུན་ཕྱོགས་དང་མཉམ་འབྲེལ་གྱི་ཁང་བརྩེགས་ཞོལ།  Memory ཟ་ཁང་གི་གོང་དུ་ཡོད་པའི་རྒྱ་གར་ཡུལ་མིའི་དྲ་ཁང་དང་ཚོང་ཁང་། ཆང་བཙོང་ཁང་། པར་ཁང་། འཚེམ་ཁང་། ཤ་བཙོང་ཁང་བཅས་རེད།

གསར་འགོད་པ་དེར་འབྱོར་སྐབས་མེ་སྐྱོན་བྱུང་སའི་ཚོང་ཁང་སྐོར་ཞིག་གི་ཤུལ་དུ་ད་དུང་མེ་དམར་ལྷམ་ལྷམ་དུ་འབར་གྱིན་འདུག་ལ། ཡུལ་མི་དང་བོད་མི་གཞོན་སྐྱེས་ཁག་ཅིག་གིས་དྲ་ཁང་ཞིག་གི་ལྕགས་སྒོ་བཙན་གྱིས་གཏོར་གྱིན་འདུག་མོད། ལྕགས་སྒོ་གཏོར་རྗེས་དྲ་ཁང་ནང་གི་གློག་ཀླད་ ༡༥ ཙམ་ཡོད་པ་དང་དེ་མིན་གྱི་ཅ་དངོས་གཞན་ཚང་མ་མེས་ཚིག་སྟེ་ཤུལ་མེད་དུ་གྱུར་ཡོད་འདུག དེ་བཞིན་དེའི་འཁྲིས་ཀྱི་དྲ་ཁང་དང་ཚོང་ཁང་། ཆང་བཙོང་ཁང་སོགས་ཚོང་ཁང་ཡོད་ཚད་ཀྱི་ཅ་དངོས་རྣམས་ཕྱིར་འདོན་བྱེད་མ་ཐུབ་པར་མེས་ཚིག་ཡོད་འདུག

དེའི་རྗེས་མེ་གསོད་རུ་ཁག་བསླེབས་པ་དང་མྱུར་ཏུ་མེ་གསོད་ཀྱི་བྱ་བར་ཞུགས་ཐོག སྔར་ནས་མེ་གསོད་ཀྱི་བྱ་བར་ཞུགས་ཡོད་པའི་བོད་མི་སྐྱབས་བཅོལ་བ་དང་རྒྱ་གར་ཡུལ་མི་སོགས་ཚང་མ་མཉམ་འབྲེལ་ཐོག ཆུ་ཚོད་གཉིས་པ་ཡོལ་ཙམ་ལ་མེ་ཕལ་ཆེ་བ་གསོད་ཐུབ་ཙམ་བྱུང་།

 

དགོང་མོ་དེར་མེ་གསོད་རོགས་སྐྱོར་ནང་ཞུགས་པའི་ངྷ་སར་གནས་སྡོད་ནོར་བུ་ལགས་ཀྱིས་གསུངས་དོན། ང་ཚོས་ཧུར་ཐག་གིས་མེ་གསོད་ཐབས་དང་ཚོང་ཁང་ནང་གི་ཅ་དངོས་ཕྱིར་འདོན་རྒྱུར་ཐབས་ཤེས་བྱས་ཀྱང་། ཚོང་ཁང་གི་ལྕགས་སྒོ་འབྱེད་མ་ཐུབ་པར་ནང་གི་ཅ་དངོས་ཚང་མ་མེས་ཚིག་སོང་། ཡིན་ནའང་། མཚན་མོར་ཚོང་ཁང་ནང་དུ་མི་མེད་སྟབས་ཐེངས་འདིའི་མེ་སྐྱོན་ཁྲོད་མིའི་ཚེ་སྲོག་ལ་གནོད་སྐྱོན་གང་ཡང་བྱུང་མི་འདུག་ཅེས་ངོ་སྤྲོད་གནང་བྱུང་།

 

མེ་ཤོར་བའི་ཚོང་ཁང་དག་གི་ཁ་གཏད་དུ་ཡོད་པའི་བཀྲ་ཤིས་འཁྱིལ་ཟ་ཁང་གི་བདག་པོ་བོད་མི་ཡེ་ཤེས་ལགས་སུ། མེ་ག་དུས་ཤོར་བ་དང་། ཁོང་གིས་མེ་ཤོར་བའི་སྐོར་ཅི་ལྟར་ཤེས་རྟོགས་བྱུང་མིན་དྲིས་པར་གསུངས་དོན། ང་ནང་དུ་ཡོད་སྐབས་རྒྱ་གར་གཡོག་པོས་ཁ་པར་བསླེབས་ཏེ་མེ་ཤོར་སོང་ཟེར། སྐབས་དེར་ང་ལམ་སང་ནང་ནས་ཐོན་ཏེ་ཡར་ཡོང་བ་ཡིན། འདིར་འབྱོར་དུས་ལམ་གྱི་དར་སྐུད་ཚང་མ་མེ་འབར་གྱིན་འདུག་ལ། ངའི་ཟ་ཁང་མདུན་གྱི་དྲ་ཁང་དེ་ཡང་མེ་འབར་གྱིན་འདུག ང་ཚོ་མི་མང་བོས་གཡས་གཡོན་གྱི་ཁང་སྟེང་ནས་ཆུ་གཤོ་བ་སོགས་བྱས་པ་ཡིན་མོད། མེ་འབར་བ་ཤུགས་ཆེ་བས་དེ་ལྟ་བུ་ཞིག་གིས་མེ་གསོད་མ་ཐུབ་པར་མ་ཟད། མེ་སྐྱོན་བྱུང་སའི་ས་ཆ་གུ་དོག་དྲགས་པ་དང་མི་མང་བོ་མེ་གསོད་ཀྱི་བྱ་བར་ཞུགས་རྒྱུར་ལམ་ཁ་འགག་སྟེ། ཡོང་ཐུབ་མ་སོང་། དེ་བཞིན་མེ་གསོད་རུ་ཁག་གི་རླངས་འཁོར་བསླེབས་སྐབས་ཚོང་ཁང་ནང་གི་ཅ་དངོས་ཕལ་ཆེ་བ་མེས་ཚིག་ཚར་འདུག་ཟེར།

དགོང་མོ་དེར་ངྷ་ས་བདེ་དོན་ཚེ་རིང་ཕུན་ཚོགས་ལགས་ཀྱང་མེ་གསོད་སར་ཕེབས་ཏེ། མེ་གསོད་ཀྱི་བྱ་བར་བཀོལ་འདོམ་བྱེད་ཀྱིན་འདུག་སྟབས། འདི་གའི་གསར་འགོད་པས་ཁོང་ལ་མེ་ཤོར་བའི་སྐོར་ཇི་ལྟར་མཁྱེན་རྟོགས་བྱུང་བ་དང་། ཁོང་ག་དུས་མེ་སྐྱོན་བྱུང་ཡུལ་དུ་ཕེབས་མིན་སྐོར་དྲིས་པར་ཁོང་གིས་གསུངས་དོན། ང་ལ་ཆུ་ཚོད་བཅུ་གཉིས་ཡས་མས་སུ་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་ཁ་པར་འབྱོར་ཏེ། མེ་ཤོར་བའི་གནས་ཚུལ་གསུངས་བྱུང་། སྐབས་དེར་ང་ལམ་སང་ནང་ནས་ཐོན་པ་དང་མེ་གསོད་རི་ཁག་ལ་ཁ་པར་བཏང་བ་ཡིན་མོད། མེ་གསོད་རུ་ཁག་ལ་སྔོན་ནས་ཁ་པར་འབྱོར་ཚར་འདུག་ཅེས་དང་།

 

ཡང་ཁོང་གིས་མེ་ཤོར་བའི་སྐོར་ལ་གསུངས་དོན། ཆུ་ཚོད་ ༡༠ དང་ཕྱེད་ཀ་ཡས་མེས་སུ་མེ་ཤོར་འདུག་ལ། ད་ལྟའི་ཆར་མེ་ཤོར་བའི་རྒྱུ་རྐྱེན་འདི་རེད་ཟེར་བ་ཞིག་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཀྱང་། གཙོ་བོ་མེ་ཤོར་བའི་དྲ་ཁང་ཞིག་ཏུ་གློག་སྐུད་ཐོལ་ཐུག་སྟེ་མེ་ཤོར་མགོ་བརྩམས་པ་འདྲ། གང་ལྟར་དྲ་ཁང་གཉིས་དང་གྱོན་གོས་ཚོང་ཁང་གཅིག ཆང་བཙོང་ཁང་གཅིག པར་ཁང་གཅིག ཚེམ་ཁང་གཅིག ཤ་བཙོང་ཁང་གཅིག་བཅས་ཚོང་ཁང་སྐོར་ཁག་ཅིག་མེས་ཚིག་འདུག མེ་སྐྱོན་བྱུང་མ་ཐག་ང་ཚོས་མི་མང་ཚོས་གཡས་གཡོན་གྱི་ཁང་སྟེང་ནས་ཆུ་གཤོ་འདུག་ཀྱང་དེ་ལྟ་བུ་ཞིག་གིས་མེ་གསོད་ཐུབ་པ་དེ་འདྲ་མ་རེད་ལ། ཆུ་ཚོད་ ༡༢ ཡོལ་རྗེས་མ་གཏོགས་མེ་གསོད་རུ་ཁག་གི་རླངས་འཁོར་ཡང་བསླེབས་ཐུབ་མ་སོང་། དེའི་རྗེས་མེ་གསོད་རུ་ཁག་གི་རླངས་འཁོར་བསླེབས་པ་དང་། ཡུལ་མི་དང་བོད་མིའི་གཞོན་སྐྱེས་རྣམས་ཀྱིས་ལྕགས་ཁང་གི་སྒོ་བཅག་པ་སོགས་ད་ལྟ་མེ་གསོད་ཐུབ་ཙམ་བྱུང་ཞེས་གསུངས།

ཐེངས་འདིར་མེ་སྐྱོན་བྱུང་བའི་ཚོང་ཁང་ཚང་མའི་སྦྱིན་བདག་རྒྱ་གར་ཡུལ་མི་ཡིན་པ་དང་མེ་སྐྱོན་བྱུང་ཡུལ་གྱི་ཚོང་ཁང་དེ་དག་གི་ཁང་པའི་བཟོ་སྐྲུན་རྒྱུ་ཆ་ནི་ལྕགས་དང་ཤིང་ཡིན་ཐོག དེའི་ནང་གི་ཅ་ལག་རྣམས་ཀྱང་གློག་ཀླད་དང་གྱོན་གོས། ཆང་སོགས་མེས་འཚིག་སླ་བའི་ཅ་དངོས་རྐྱང་ཡིན་འདུག

 

གསར་འགོད་པ། ཨ་རིག་འགྱུར་མེད། 

འབྲེལ་ཡོད་གསར་འགྱུར།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

ཆུ་ཚོད་ ༡ སྔོན་ལ།
Front Slider

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༤།༢༢
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༢ སྔོན་ལ།
གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

༢༠༢༦/༠༤/༢༠
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཡུལ་མི་རྣམས་དང་ཁ་ཕན་ཚིག་གིས་རོགས་རམ་མཐུན་འབྲེལ་གོང་འཕེལ་གཏོང་ཐབས་ཀྱི་གོ་སྐབས་ཞིག་ཀྱང་རེད་སྙམ།

    Reply
  2. མིག་གསུམ་པ། says:
    ལོ་ 15 སྔོན།

    སྙིང་རྗེ་ཚོང་ཁང་དང་གློག་ཀླད་ཁང་མེ་འཚིག་པ་ལས་གོང་འོག་གི་ཤ་ཁང་དེ་གཉིས་མེ་འཚིག་ན་འགྲིག་འདུག རྡ་སའི་གནས་སྡོད་ཀྱི་མི་རྣམས་སྡུག་ཅན་ཡིན་པའི་རྐྱེན་གྱིས་ཤ་ཁང་དེ་གཉིས་མེ་འཚིག་མི་འདུག སྔར་བཞིན་ཤ་ཚོང་བྲིན་བཞིན་འདུག

    Reply
  3. རྨ་ ཉག་ཕྲན། says:
    ལོ་ 15 སྔོན།

    ཨ་ཧོ་སྙིང་རྗེ་འབྱུང་བཞིའི་ཀོད་ཆག་འདི་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང་།

    Reply
  4. ཨ་མའི་བུ། says:
    ལོ་ 15 སྔོན།

    དེ་ཡང་ལས་ཡིན་སྲིད་ལས་མི་བྱས་པ་དང་མི་འཕྲད་ལས་བྱས་པ་ཆུས་མི་ཟད་ཞེས་གསུངས་པའི་ཕྱིར་རོ།

    Reply
  5. རྭ་ལོ། says:
    ལོ་ 15 སྔོན།

    གནས་ཚུལ་འདི་གོ་མ་ཐག་ལམ་སེང་སེམས་ལ་ཤར་བ་ནི་དགའ་ལྡན་ལྔ་མཆོད་རེད། ཉི་མ་ནུབ་མ་ཐག་བོད་པའི་ཁྱིམ་ཚང་མཐའ་དག་གི་ནང་དུ་མཆོད་མེ་རྐང་རེ་སྒྲོན་པ་དང་། ཡོད་མཁན་ཚོས་མཆོད་མེ་ཕྲེང་སྒྲིག་ནས་འབུལ་བའི་གོམས་སྲོལ་དེ་རེད། དེ་དང་མཉམ་དུ་གཙུག་ལག་ཁང་དང་དགོན་པ་སོ་སོའི་ནང་དུ་མཆོད་མེ་སྟོང་ཕྲག་རེ་སྒྲོན་བཞིན་པའི་རྣམ་པ་དེ་ཚོ་རེད། མེག་རྒན་ལ་མེ་ཤོར་བ་གོ་མ་ཐག་སེམས་ལ་དེ་ཚོ་ཤར།

    སྟབས་ཡག་ནས་ས་དེ་རུ་བོད་པའི་ཁྱིམ་ཚང་འདྲ་ཡོད་ས་མ་རེད། དེའི་ཁར་མེ་སྐྱོན་གྱི་ཁུངས་སྣེ་ཡང་དྲ་ཁང་དེ་ཡིན་པའི་ཚོད་དཔག་རབ་རིབ་ཅིག་ཀྱང་འདུག

    བོད་པ་ཚོས་ངེས་པར་དུ་གཟབ་དགོས་པར་འདུག མཆོད་མེ་མང་པོ་སྒྲོན་པ་དེ་ཆོས་ཕྱོགས་ནས་བཤད་ན་ཡག་པོ་རེད་དེ། དེའི་ཕྱོགས་གཞན་ངོས་ཀྱི་ཉེན་ཁ་དེ་ཚོ་ཡང་ངེས་པར་དུ་ཤེས་དགོས་ཀྱི་འདུག

    འཛམ་བུའི་གླིང་ཞེ་དྲག་གིས་ཡར་རྒྱས་ལ་ཕྱིན་ཏེ། མེ་འབུད་པའི་དུས་སྐབས་ཡལ་མགོ་བཙུགས་ཡོད་པ་དང་། ཟ་མ་གཡོས་སྦྱོར་དང་ཁྱིམ་གྱི་དྲོད་ཁོལ། ཐ་ན་མཆོད་མེ་མཚོན་བྱེད་དུ་ཡང་གློག་གི་མཆོད་མེ་སྒྲོན་གི་འདུག མིའི་རིགས་ཐོག་མའི་ལྟོག་སྐོམ་དང་གྲང་ངར་ལས་སྐྱོབ་མཁན་གྱི་མེ་ཟེར་བ་དེ་དེང་ཕྱིན་གཏན་དུ་མི་དགོས་པ་ཞིག་མིན་ཡང་བེད་སྤྱོད་ཇེ་ཆུང་ཡིན་ལ། ཡུལ་ལུང་མང་པོ་ཞིག་ལ་མེ་འབུད་མི་ཆོག་པའི་ཚད་དུ་ཡང་བསླེབས་ཡོད་པས། ང་ཚོས་ཀྱང་མེ་ཆོས་ཀྱི་རིགས་འདི་ག་ལེར་ལག་སྣེར་མི་ལེན་རྒྱུའི་ཐབས་ལ་འབད་དགོས་ཀྱི་འདུག

    Reply
  6. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    གསར་འགོད་པ་ཆེད་ལས་ཅན་ཞིག་མིན་འགྲོ་བསམ་བསམ་དྲན་གྱི་འདུག བོད་མི་ལས་ངན་རྣམས་ལ་ཧམ་ཅན་རྒྱ་གར་བས་ཡ་ལ་མ་བཙུགས་ན་བོད་གཞུང་གིས་རོགས་པ་བྱེད་དགོས་པ་ཡོད་པ་མ་རེད།

    Reply
  7. གངས་བུ། says:
    ལོ་ 15 སྔོན།

    སྔོན་གྱི་ལས་དང་ཕྲད་ཀྱི་རྐྱེན་ཟེར་བ་དེ་ཅི་མ་བདེན་སྙིང་རྗེ་བདག་པོ་ཚོ་ལ་རོག་སྐྱོར་ཚོགས་པ་དང་དབུས་གཞུང་ནས་ལྟ་རྟོག་རེ་ཐུབ་ན་བཀའ་དྲིན་ཆེ་རྒྱུ་རེད་དེའི་ཕྱོགས་ལ་གཟིགས་རྟོག་རེ་ཡོངས་བའི་སྨོན་འདུན་ཞུ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese