མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་རིཊ་ཚོར་བཀའ་ཆོས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཕྱི་ཚེས་ ༣༠ ནས་དེ་རིང་ཕྱི་ཚེས་ ༢ བར་གྱི་ཉིན་གྲངས་གསུམ་རིང་༸གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨུ་རུ་སའི་ནང་པའི་དད་ལྡན་པ་གཙོས་བཞུགས་སྒར་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བར་རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་གནང་ཡོད་པ་ལྟར། དེ་རིང་སྔ་དྲོར་དཔལ་གསང་བ་འདུས་པའི་བཀའ་དབང་གནང་ཡོད།  

སྐབས་དེར་༸གོང་ས་མཆོག་གིས་གསུངས་དོན། དེ་རིང་དཔལ་གསང་བ་འདུས་པའི་བཀའ་དབང་ཆ་ཚང་གནང་ཚར་བ་རེད། དབང་འདི་ཐོབ་པའི་རྗེས་ལ་ཁྱེད་རང་ཚོའི་ཁྲོད་གསང་བ་འདུས་པའི་བསྐྱེད་རིམ་གྱིས་ཐོག་ལ་གང་ཐུབ་ཀྱིས་ཨུ་ཚུགས་ཏོག་ཙམ་རྒྱག་འདོད་ཡོད་རིགས་ཀྱིས། རྫོགས་རིམ་གྱི་རྟོགས་པ་སྐྱེ་རྒྱུ་མེད་པ་ཞིག་དང་ཉམས་ལེན་བྱ་ཐུབ་ཐབས་མེད་པ་ཞིག་བཤད་བསྡད་པ་ལས། ཁ་ཡོད་ལག་ཡོད་ཀྱིས་བསྐྱེད་རིམ་སྲུང་ཐུབ་ན་ཡག་པོ་ཡོང་གི་རེད།  དེའི་ནང་ནས་ཀྱང་སྙིང་དོན་གཙོ་བོ་དེ་སྐུ་གསུམ་ལམ་འཁྱེར་དེ་གལ་ཆེ་ཤོས་རེད།  དེར་ག་ཚོད་ཀྱིས་བློ་སྦྱོང་ཐུབ་ན་ཡག་པོ་ཡོང་གི་རེད། ང་རང་ཚོ་ཚང་མ་རྒན་པ་ཆགས་ཏེ་རིམ་གྱིས་ཤི་དགོས་པ་རེད། ཡིན་ནའང་། ཤི་བའི་དུས་དེ་ལ་རེ་བ་ཏོག་ཙམ་རྒྱག་ས་ཡོད་པ་ཞིག་དགོས་པ་རེད། དེ་ཡང་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ལས་བྱང་ཆུབ་ཀྱི་སེམས་ལ་འཆི་བའི་སྐད་ཅིག་གི་དུས་ཡུན་ནང་བློ་སེམས་རྩེ་གཅིག་གིས་སྒོམ་ཐུབ་པ་ཡིན་ན།  སྐྱེ་བ་ཕྱི་མར་རྐྱེན་བཟང་པོ་ཞིག་ཐོབ་རྒྱུ་དེ་བརྒྱ་ཆའི་བརྒྱ་ཐག་གཅོད་ཐུབ་པ་རེད། འཆི་བའི་དུས་སུ་བླ་མ་གམ་དུ་ཕེབས་ཏེ་སྐྱབས་འཇུག་ཞུ་བ་ལས་སོ་སོ་རང་ཉིད་ཀྱིས་བློ་སེམས་བརྩེ་གཅིག་གིས་བྱང་ཆུབ་སེམས་སྒོམ་པ་དེ་ལས་ལྷག་པ་གང་ཡང་མེད། ཅེས་གསུངས་སོང་།  

 

ཡང་ཁོང་གིས། རྩ་བ་བྱང་ཆུབ་སེམས་སྒོམ་རྒྱུ་དེ་རེད། དེ་ལ་ཁག་པོ་ཞེ་དྲག་ཡོད་པ་མ་རེད། གཙོ་བོ་སྤྱོད་འཇུག་སོགས་ལ་བལྟས་ཏེ་ཡང་དང་ཡང་དུ་བསམ་བློ་བཏང་བ་ཡིན་ན། བློ་གོམས་པའི་རྗེས་སུ་ཞུགས་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་རོ་ཞེས་པ་དང་། སྤྱོད་འཇུག་ཏུ་གོམས་ན་སླ་བ་མ་ཡིན་པའི་དངོས་དེ་གང་ཡང་ཡོད་མ་ཡིན་ཞེས་པ་ལྟར། གོམས་པར་གྱུར་ཚེ་རིམ་བཞིན་བློ་ལ་འགྱུར་བ་ཞིག་ཏན་ཏན་ཡོང་གི་ཡོད། གཙོ་བོ་བྱང་ཆུབ་སེམས་ནས་མགོ་བརྩམས་ཏེ། བྱང་ཆུབ་སེམས་ཀྱི་རྟོག་པ་སླེབས་པར་བྱ་རྒྱུ་དང་བྱང་ཆུབ་དང་མཐར་པ་ཞེས་པ་ཞིག་ཡོད་པ་དེ་སྟོང་ཉིད་ཀྱི་བསམ་བློ་གཏོང་རྒྱུ་མ་གཏོགས་ཁག་པོ་རེད། དེར་བརྟེན། བྱང་ཆུབ་སེམས་ཀྱི་སྨོན་ལམ་ཡག་པོ་ཞིག་ཡོང་བ་ལ་རྒྱབ་རྟེན་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་ཆགས་ཡོད་ལ། དེ་དག་ལ་གང་ཐུབ་ཀྱིས་ད་ལྟ་ནས་གོམས་ཤིང་འདྲིས་པར་གྱུར་ཚེ་སྟོན་པ་གསུམ་ལྡན་གྱི་རིག་པ་འཛིན་པ་ཟེར་བ་ཞིག་ཆགས་ཐུབ་ཀྱི་རེད། ཅེས་གསུངས་བྱུང་།

ཐེངས་འདིའི་གསུང་ཆོས་ཐོག་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་གསུམ་དང་ཏེ་ལོ་རིན་པོ་ཆེ་མཆོག ཀ་ཛག་སི་ཐན་རྒྱལ་ཁབ་ཀྱི་དཔལ་འབྱོར་བློན་ཆེན་གཙོས། སོག་པོ་ཁལ་མུག་དང་ཐུ་ཝ། སྦི་རི་ཡཱ་བཅས་ནས་ཡིན་པའི་ནང་པའི་དད་ལྡན་ཆོས་ཞུ་བ་ ༡༠༣༤ ལྷག་བཅར་ཡོད་པར་མ་ཟད། ལྷོ་ཀོ་རི་ཡ་དང་ཝེ་ཐི་ནམ། ཐེ་ཝན་སོགས་རྒྱལ་ཁབ་ ༥༥ ལྷག་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ཁ ཤས་བཀའ་ཆོས་ཞུ་བར་བཅར་ཡོད་ལ། དེ་རིང་ཕྱི་དྲོ་༧གོང་ས་མཆོག་གིས་ཨུ་རུ་སུ་ནས་ཕེབས་པའི་ཆོས་ཞུ་བ་ཚོར་དམིགས་བསལ་མཇལ་ཁ་ཡང་བསྩལ་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

སྐར་མ ༢༩ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

སྐར་མ ༥༧ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

ཆུ་ཚོད་ ༦ སྔོན་ལ།
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧

མཆན། 1

  1. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    དེ་རིང་ཡང་གོང་གི་ཡིག་ཕྲེང་དེ་དག་གི་ཁྲོད་ནས་ཟབ་ཆོས་བླ་ན་མེད་པ་ཞིག་ཐོབ་སོང་། གོང་ས་མཆོག་ཞབས་པད་བརྟན་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese