མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ཚོགས་ཆུང་ལ་སྐད་གྲགས་ཆེ་བའི་ངྷ་རམ་ས་ལ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྔོན་ཆད་སྟག་གཟིག་དོམ་དྲེད་དང་། སྡིག་སྲིན་དུག་སྦྲུལ་གྱི་ཚང་དུ་གྱུར་པའི་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལ་ནི། རིམ་བཞིན་འཛམ་གླིང་ཞི་བདེ་ལས་དོན་ལྟེ་གནས་ཤིག་དང་། གྲུབ་མཐའ་རིས་མེད་ཆོས་ཀྱི་གདན་ས་ཞིག སྲིད་འབྱོར་རིག་གསུམ་འགྲོ་དོན་སྒྲུབ་ས་ཞིག འཛམ་གླིང་ཤར་ནུབ་མཁས་མང་འདུ་ས་ཞིག ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་ས། ཕྱོགས་མཐའ་ཀུན་གྱི་སྤྲང་ཚོགས་འཛོམ་ཡུལ་ཞིག་ཏུ་གྱུར་ཏེ། རྒྱལ་ཁབ་འདྲ་མིན་དང་མི་རིགས་སྣ་ཚོགས་ཀྱི་སྐུ་མགྲོན་ཁྲི་སྟོང་མང་པོ་པད་མའི་ཚལ་དུ་བུང་བའི་ཚོགས་བཞིན་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད།

 

འོན་ཀྱང་། རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལ་ནི། ས་བབས་མཐོ་ཞིང་ཁོད་རྒྱ་ཆུང་བ། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་དབང་གིས་ས་འདིའི་འཚོ་བའི་ཡོ་བྱད་གྱི་རིན་གོང་ཧ་ཅང་མཐོ་ལ། སྔོ་ཚལ་དང་གྲོ་ཕྱེ། འབྲས། ཤ སྣུམ་སོགས་རྒྱུན་སྤྱོད་ཟས་རིགས་ཀྱི་རིན་གོང་ལོ་རེ་ནས་ལོ་རེར་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། ཁང་གླ་དང་ཟས་སོང་མཐོ་དྲགས་པའི་དབང་གིས་མི་མང་པོ་ཞིག་སྤྲང་པོའི་འཚོ་བ་ལས་ཐར་མྱོང་མེད། སྔོ་ཚལ་གྱི་རིན་གོང་ལ་མཚོན་ན། ལོ་གཅིག་གི་དུས་བཞིའི་འགྱུར་ལྡོག་ལྟར་མཚམས་རེར་རིན་གོང་མཐོ་ཞིང་། མཚམས་རེར་ཅུང་དམའ་བོ་ཡིན། དགུན་ཁའི་དུས་ཚིགས་ནི་སྔོ་ཚལ་གྱི་རིན་གོང་དམའ་ཞིང་སྤུས་ཀ་བཟང་ཤོས་ཀྱི་དུས་ཤིག་ཡིན།

 

འདི་གའི་གསར་འགོད་པས་ངྷ་སའི་ཁྲོམ་སྲང་གི་སྔོ་ཚལ་སྐོར་ཞིག་གི་རིན་གོང་དང་། མང་ཚོགས་ཀྱི་འཚོ་བའི་གནས་བབ་ལ་རྒྱུས་ལོན་རགས་ཙམ་བྱས། རྒྱ་གར་སྔོ་ཚལ་བཙོང་མཁན་ཇཱམ་མན་སི་ལགས་ལ་ཟླ་འདི་འགའི་སྔོ་ཚལ་གྱི་རིན་གོང་སྐོར་བཅར་འདྲི་ཞུས་སྐབས་ཁོང་གིས་བརྗོད་དོན། ང་རང་མེག་གྷན་གྱི་ཡུལ་མི་ཞིག་ཡིན་ལ། ད་བར་སྔོ་ཚལ་བཙོང་སྟེ་མི་ལོ་ ༡༠ ཙམ་ཕྱིན་སོང་། ཟླ་རེའི་སྔོ་ཚལ་གྱི་རིན་གོང་གཅིག་པ་མིན་པར་མཚམས་རེར་ཡར་འཕར་བ་དང་མཚམས་རེར་མར་ཆག་གི་ཡོད། རྒྱུ་མཚན་ནི་སྔོ་ཚལ་ཁ་ཤས་ངྷ་ས་ནས་རག་གི་མེད་པར་རྒྱལ་ས་ལྡི་ལི་དང་པཎ་ཇབ། མ་ཧ་རཱ་ཤི་ཊ་སོགས་མངའ་སྡེ་གཞན་ནས་ཉོ་དགོས་སྟབས། རིན་གོང་མཐོན་པོ་མ་བླངས་ན་མ་རྩ་ལེན་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

 

ངྷ་སའི་མང་ཚོགས་ཚོས་ནམ་རྒྱུན་སྤྱོད་བཞིན་པའི་སྔོ་ཚལ་ཁག་ཅིག་གི་དགུན་དུས་ཀྱི་རིན་གོང་ནི། ལྡུམ་སྒོང་ངམ་ཊོ་མ་ཊི་སྤྱི་རྒྱ ( Kilogram) གཅིག་ལ་ཧིན་སྒོར་ ༢༠ ། མཛུབ་ཚལ་སྤྱི་རྒྱ་གཅིག་ལ་སྒོར་ ༤༠ ། ཙོང་སྤྱི་རྒྱ་གཅིག་ལ་སྒོར་ ༥༠ ། ཚལ་དཀར་ཆུང་ངུ་འམ་པཱ་ལག་བསྡམས་ཤོག་གཅིག་ལ་སྒོར་ ༡༠ ། ཞོག་ཁོག་སྤྱི་རྒྱ་གཅིག་ལ་སྒོར་ ༢༠ ། སྒོག་པ་སྤྱི་རྒྱ་གཅིག་ལ་སྒོར་ ༣༠༠།  ལོ་འཁོར་པད་ཚལ་སྤྱི་རྒྱ་གཅིག་ལ་སྒོར་ ༣༠། ལ་ཕུག་དཀར་པོ་དང་དམར་པོ་སྤྱི་རྒྱ་གང་རེར་སྒོར་ ༡༠ བཅས་རེད། ཤིང་ཏོག་རིགས་ཤིག་གི་གོང་ཚད་ནི། ཀུ་ཤུ་སྤྱི་རྒྱ་གཅིག་ལ་ཧིན་སྒོར་ ༦༠ དང་། ཚ་ལི་མ་སྤྱི་རྒྱ་གཅིག་ལ་སྒོར་ ༥༠ ། ལིམ་བུ་སྤྱི་རྒྱ་གཅིག་ལ་སྒོར་ ༦༠། ངང་ལག་སྤྱི་རྒྱ་གཅིག་ལ་སྒོར་ ༤༠ །  པཱ་པ་ཡ་སྤྱི་རྒྱ་གཅིག་ལ་སྒོར་ ༤༠ བཅས་རེད། ལུག་ཤ་སྤྱི་རྒྱ་གཅིག་ལ་ཧིན་སྒོར་ ༡༦༠། བྱ་ཤ་སྤྱི་རྒྱ་གཅིག་ལ་སྒོར་ ༡༣༠། ཕག་ཤ་སྤྱི་རྒྱ་གཅིག་ལ་སྒོར་ ༡༣༠། ཉ་ཤ་སྤྱི་རྒྱ་གཅིག་ལ་སྒོར་ ༡༤༠ ཡིན་པ་དང་། དེ་མིན་སྣུམ་དང་ཕྱེ། འབྲས་སོགས་ལ་བཟང་ངན་རིགས་ཁ་ཤས་ཡོད་ཀྱང་། ངྷ་སའི་མང་ཚོགས་ཚོས་རྒྱུན་སྤྱོད་སྣུམ་སྤྱི་རྒྱ་ཕྱེད་ལ་སྒོར་ ༧༠། གྲོ་ཕྱེ་སྤྱི་རྒྱ་གཅིག་ལ་སྒོར་ ༣༠། འབྲས་སྤྱི་རྒྱ་གཅིག་ལ་སྒོར་ ༥༠། བྱ་སྒོང་གཅིག་ལ་སྒོར་ ༣ ། ཚ་ཤོག་ཐུམ་རེར་སྒོར་ ༡༢ བཅས་རེད།

 

ངྷ་རམ་ས་ལར་མཚོན་ན་སྔོ་ཚལ་གྱི་རིན་གོང་ཆེས་མཐོ་བའི་དུས་ཚིགས་ནི་དབྱར་ཁ་ཡིན་ཞིང་། དེ་ནི་ཆར་བ་འབབ་ཤུགས་ཆེ་བའི་སྟབས་ཀྱིས་སྐྱེལ་འདྲེན་སྟབས་མི་བདེ་བ་དང་། སྔོ་ཚལ་གྱི་ཞང་ཁར་དཀའ་ངལ་འཕྲད་པ། དེ་བཞིན་སྔོ་ཚལ་འཇོག་སྣོད་དག་ལས་འཕྲོ་བརླག་ཏུ་ཕྱིན་པ་སོགས་ཀྱིས་རེད། དཔེར་ན། ཕྱི་ཟླ་བདུན་པ་ཡས་མས་ནང་། ཊོ་མ་ཊོ་སྤྱི་རྒྱ་གཅིག་ལ་སྒོར་ ༨༠། བཙོང་སྤྱི་རྒྱ་གཅིག་ལ་སྒོར་ ༥༥། ལ་ཕུག་དཀར་དམར་གཉིས་སྤྱི་རྒྱ་རེར་སྒོར་ ༣༠། ཞོག་ཁོག་སྤྱི་རྒྱ་གཅིག་ལ་སྒོར་༢༥། ལོ་འཁོར་པད་ཚལ་སྤྱི་རྒྱ་གཅིག་ལ་སྒོར་ ༤༠ བཅས་དང་། ཀུ་ཤུ་སྤྱི་རྒྱ་གཅིག་ལ་སྒོར་ ༨༠  བཅས་ཡིན་ཞིང་། ཤ་རིགས་དང་ཕྱེ་འབྲས་སོགས་ལ་དུས་བཞིར་ཁྱད་པར་མེད།

 

གསར་འགོད་པས་རྒྱ་གར་སྔོ་ཚལ་འཚོང་མཁན་དེར་སྔོ་ཚལ་བྲིན་ཤོས་དང་མང་ཚོགས་ཀྱིས་དགའ་མོས་ཆེ་ཤོས་གང་ཡིན་སྐོར་དྲིས་སྐབས།  སྤྱིར་བཏང་སྔོ་ཚལ་གྱི་ཚོང་ཡག་པོ་འདུག ངས་བསམ་ན་ཚོང་རྒྱུག་ཆེ་ཤོས་ནི་ལྡུམ་སྒོང་ (Tomato) དང་ཙོང་  (Onion) ཞོག་ཁོག་གསུམ་རེད། དགུན་དུས་ནི་སྔོ་ཚལ་གྱི་ཚོང་ཡག་ཤོས་ཤིག་ཆགས་ཡོད།  ཆར་དུས་སྐབས་སུ་སྔོ་ཚལ་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་སྟབས། སྔོ་ཚལ་གྱི་གོང་ཚད་ཀྱང་འཕར་འགྲོ་བཞིན་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

 

ཡང་གསར་འགོད་པས་མེག་གྷན་གྱི་བོད་པའི་ཟ་ཁང་ Drum Stick  ཡི་མ་བྱན་བསེ་ཆུང་ལགས་སུ། ཟ་ཁང་གིས་སྔོ་ཚོད་མངགས་ཉོ་བྱེད་སྟངས་དང་མགྲོན་པོས་དགའ་མོས་གནང་ཕྱོགས་ཀྱི་སྔོ་ཚལ་གང་ཡིན་སྐོར་དྲིས་སྐབས། ད་ལྟ་གནམ་གཤིས་གྲང་མོ་ཡིན་པ་དང་མགྲོན་པོ་མང་ཆེ་བ་བོད་པ་ཡིན་སྟབས། ང་ཚོས་རྒྱུན་དུ་ཐུག་པ་དང་མོག་མོག་བཟོ་དགོས་ཀྱི་འདུག སྔོ་ཚོད་དང་ལ་ཕུག ཞོག་ཁོག་བཅས་ཀྱི་ཟ་མ་ཡང་བཟོ་དགོས་ཀྱི་འདུག བོད་པ་ཚོ་དགའ་ཤོས་ཀྱི་ཟ་མ་དེ་ཤ་རེད། སྔོ་ཚོད་ལ་དེ་ཙམ་དགའ་བོ་བྱེད་ཀྱི་མི་འདུག་མོད། ཞོག་ཁོག་ཟ་མཁན་མང་པོ་འདུག ཟ་ཁང་ཞིག་ལ་མཚོན་ན་སྔོ་ཚལ་རིགས་ནམ་རྒྱུན་མི་གཅིག་གི་ལག་ནས་ཉོ་བཞིན་ཡོད་དུས་གོང་ཚད་ཆེན་པོ་ལེན་གྱི་མི་འདུག ཅེས་བརྗོད་བྱུང་།

 

ཡང་གསར་འགོད་པས་ངྷ་རམ་ས་ལར་སྡོད་དམངས་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས། སུར་སྔོན་དང་དེ་མིན་སྔོ་ཚལ་ཁག་ཅིག་གི་རིན་གོང་ལ་འགྱུར་བ་འགྲོ་ཡི་མེད་ཀྱང་། སྔོ་ཚལ་གཞན་དག་གི་རིན་གོང་དུས་ཚིགས་རེར་འགྱུར་བ་འགྲོ་བཞིན་འདུག པད་ཚལ་ལ་ཆ་བཞག་ན། ད་ལྟ་རིན་གོང་ཆུང་བའི་དུས་ཚིགས་ཤིག་ལ་འཁེལ་ཡོད་སྟབས། མང་ཚོགས་ཀྱིས་དགའ་མོས་ཆེན་པོ་བྱེད་ཀྱི་འདུག པད་ཚལ་དེ་མིག་ལ་མཛེས་པ་དང་ཁ་ལ་ཞིམ་པོ་ཡོད་དུས་ཁྱིམ་ཚང་དང་ཟ་ཁང་ཚང་མས་བེད་སྤྱོད་བྱེད་ཀྱི་འདུག ང་རང་སྒེར་ལ་མཚོན་ན། ནམ་རྒྱུན་ཞོག་ཁོག་དང་པད་ཚལ། ལྡུམ་སྒོང་། ལ་ཕུག་སོགས་བེད་སྤྱོད་གཏོང་བཞིན་ཡོད་ཅིང་། དེ་དག་ནི་ངའི་འཚོ་བཅུད་ཀྱི་ཆ་ཤས་ཤིག་ཆགས་ཡོད་ལ། ངའི་རོགས་པ་ཚོས་ཀྱང་སྔོ་ཚོད་དེ་དག་ལ་དགའ་མོས་བྱེད་ཀྱི་འདུག ཅེས་བརྗོད་བྱུང་།

 

མཇུག་ཏུ་ཁོང་ལ་ཁྱེད་མེག་གྷན་གྱི་སྔོ་ཚོད་དང་ཟས་རིགས་ཀྱི་གོང་ཚད་ཐོག་ལྟ་ཚུལ་ཇི་འདྲ་ཡོད་མེད་དྲིས་སྐབས། ངྷ་རམ་ས་ལ་ནི་ཡུལ་སྐོར་ལྟེ་གནས་ཤིག་དང་མི་ཚོགས་འཛོམས་སའི་ས་གནས་ཤིག་ཆགས་ཡོད་སྟབས། ཁང་གླ་དང་ཟས་རིན། སྔོ་ཚལ་གྱི་རིན་གོང་སོགས་ལོ་རེར་ཇེ་མཐོར་འགྲོ་བཞིན་འདུག ང་རང་ལས་བྱེད་ཅིག་ཡིན་པའི་ཁུལ་ཡིན་ཡང་། ཁང་གླ་དང་ཟས་སོང་ཧ་ཅང་ཆེ་སྟབས། གླ་ཕོགས་ཀྱིས་འཚོ་བའི་འགྲོ་གྲོན་འདང་གི་མི་འདུག མེག་གྷན་གྱི་ཁང་པ་སྤྱིར་བཏང་བ་ཞིག་ལ་ཡང་ཧིན་སྒོར་ ༢༠༠༠ ཙམ་རེད། ཁང་གླ་མཐོ་དྲགས་པའི་དབང་གིས་མེག་གྷན་དུ་མི་བཞི་ལྔ་མཉམ་དུ་སྡོད་མཁན་ཡང་མང་པོ་འདུག ཅེས་བརྗོད་བྱུང་།

 

ངྷ་རམ་ས་ལར་གནས་སྡོད་བོད་མི་དག་ལ་མཚོན་ན། འཚོ་སྟངས་རིགས་གཉིས་སུ་འདུ་ཞིང་། འདི་ལ་ “གསར་འབྱོར” དང་ “རྙིང་འབྱོར” ཞེས་ཀྱང་འབོད་སྲོལ་ཡོད། རྙིང་འབྱོར་ནི། ང་དགུ་ལོར་བོད་པ་སྐྱབས་བཅོལ་ལ་ཐོག་མར་འབྱོར་ཞིང་། ད་ཆར་སྒེར་ལ་སྡོད་ཁང་དང་། ཟ་ཁང་ཚོང་ཁང་སོགས་འཚོ་བའི་རྟེན་གཞི་སྲ་ཐག་ཆགས་ཡོད་པ་ཚོ་ལ་ཟེར་ཞིང་། གསར་འབྱོར་ནི། བོད་ནས་བྱེས་སུ་འབྱོར་ཏེ་རྒྱ་གར་གཞུང་གི་སྐྱབས་བཅོལ་བའི་ཐོབ་ཐང་དང་། བཙན་བྱོལ་གཞུང་གི་གཞིས་ཆགས་ཀྱི་ཐོབ་ཐང་གང་ཡང་རག་མེད་པར་ཉིན་རེའི་འཚོ་བ་འཁྱོལ་ཐབས་ཙམ་བྱེད་མཁན་ཚོ་ལ་འབོད། གསར་འབྱོར་རྙིང་འབྱོར་གཉིས་ལ་ཐུན་མོང་གི་འཐབ་ཕྱོགས་ཤིག་ཡོད་པ་ནི། ཁྲིམས་མཐུན་ཁྲིམས་འགལ་ཅི་རིགས་དང་། ཚུལ་མཐུན་ཚུལ་མིན་གང་རུང་ཐོག་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་ཐར་ཐབས་བྱ་རྒྱུ་དེ་རེད།

 

ངྷ་རམ་ས་ལ་ཁུལ་དུ་སྡོད་མཁན་བོད་རིགས་གཞོན་སྐྱེས་མང་ཆེ་བ་ལས་མེད་ཡིན་ཡང་། ཁག་གཅིག་གིས་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་སོགས་སུ་འཕྲལ་སེལ་གྱི་ལས་ཀ་རེ་བྱེད་ཀྱི་ཡོད་ཀྱང་། ཟླ་རེའི་གླ་ཆ་ཧིན་སྒོར་ ༢༥༠༠ ནས་ ༤༥༠༠ ཙམ་ཡིན། ཡང་རེ་ཟུང་གིས་ཁྲོམ་སྲང་དུ་མོག་མོག་དང་བག་ལེབ། ར་ལུག་གི་རྒྱུ་མ་སོགས་འཚོང་བཞིན་ཡོད་ལ། རྒྱ་ནག་གི་བཅའ་དངོས་དང་ཟས་རིགས་ཙག་ཙིག་གི་ཐང་ཁྲོམ་སྟོན་མཁན་ཡང་མི་ཉུང་བ་ཞིག་ཡོད་ཀྱང་། ཡོང་འབབ་ཀྱི་ཐད་ནས་ཉིན་རེའི་འཚོ་བ་འཁྱོལ་ཙམ་ལས་དངུལ་གསོག་རྒྱུར་རེ་བ་ཤིན་ཏུ་ཕྲ།

 

མིང་དུ་གྲགས་པའི་གནས་མཆོག་འདིར་ཡང་སྐྱོན་ཆ་མེད་པ་མི་སྲིད་ལ། འདིར་ཡོང་མཁན་ཕྱི་མི་ཡོངས་རྫོགས་བཟང་བོ་དེ་བས་ཀྱང་མིན། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བྲེལ་ཟིང་དང་འདུ་འཛི་ཆེ་བའི་སྤྱི་ཚོགས་ཁྲོད་ནས་ངལ་གསོ་དང་གུང་གསེང་ལྟ་བུར་ཡོང་མཁན་མང་ལ། དུས་ཚོད་ཀྱི་སྒུལ་ཤུགས་དང་སྤྱི་ཚོགས་ཀྱི་གནོན་ཤུགས། དཔལ་འབྱོར་གྱི་རླབས་ཤུགས་མ་བཟོད་པར་འུ་ཐུག་སྟེ་ཡུལ་བྱོལ་དུ་ཡོང་མཁན་ཡང་ཉུང་ཉུང་མིན་སྟབས། ངྷ་རམ་ས་ལའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་འདུག་ཤེས་མཁན་ཞིག་ཡིན་ན་ཉམས་མྱོང་དང་ཤེས་ཡོན་སྣ་ཚོགས་རག་གི་ཡོད་ཀྱང་། སྡོད་སྟངས་མི་ཤེས་མཁན་ཚོའི་སྤྱོད་པ་ཡ་མ་བརླ་དང་སྐད་རིགས་ར་མ་ལུག་ཆགས་ཡོང་གི་ཡོད་པ་མ་ཟད། བཅོས་ཐབས་མེད་པའི་ནད་རིགས་སྣ་ཚོགས་ཤིག་ཀྱང་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད། ཡང་བོད་རིགས་གཞོན་སྐྱེས་ཕ་མ་སྤུན་མཆེད་ཕྱི་རྒྱལ་དུ་ཡོད་མཁན་ཁག་ཅིག་དང་། བོད་དུ་ནང་མིར་ཆ་རྐྱེན་ཡག་པོ་ཡོད་མཁན་སྐོར་ཞིག་གིས་དབྱིན་ཡིག་དབྱིན་སྐད་སྦྱོང་བའི་མིང་ཐོག་ནས་དངུལ་འབད་མེད་ལོངས་སྤྱོད་བྱེད་པ་དང་། ཁྱོ་ག་སྐྱེས་དམན་ཕྱི་རྒྱལ་དུ་ཡོད་བཞིན་དུ་ཚུལ་མིན་སྣ་ཚོགས་བྱེད་པ། ཐ་ན་མྱོས་རྫས་སྤྱོད་མཁན་ཡང་མི་ཉུང་བ་ཞིག་ཡོང་གི་ཡོད།

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 4

  1. གྲྭ་འབུམ་ཨ་ཁུ་ says:
    ལོ་ 15 སྔོན།

    དུས་བབས་ལས་མི་ཡོངས་ལ་མཚནས་འདྲི་ཞུ།།

    Reply
  2. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    ཨོ་་་འདི་ཡང་ཡག་པོ་འདུག མཚམས་མཚམས་ལ་གསར་འགྱུར་འདི་འདྲ་ཡང་དགོས་ཀྱིན་འདུག

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རི་ངོགས་ཆུང་ཆུང་དེ་ལ་སྐྱིད་ཟེར་ན་མི་ཤེས། བྲེལ་ཟེང་ཆེ་ས་ཞིག་རེད།
    སྔོ་ཚལ་སོགས་བཟའ་བཅས་རིགས་ཕར་ཆེན་ང་སྡོན་གནས་དང་ཅིག་པ་རེད་འདུག
    ལྡུམ་རིགས་ནི་གཟའ་འཁོར་དང་ཟླ་རེ་མི་འདྲ་བ་རེད།
    འོན་ཀྱང་སྡ་སའི་ཟ་ཁང་སོགས་ཀྱི་གོང་ཚད་དེ་ཧ་ཅང་ཆེན་པོ་འདུག དེར་བརྟན་སྡ་སའི་ཟ་ཁང་ལ་འགྲོ་ན་སྔོན་ལ་སྒོར་ཁུག་ནང་ལྟ་དགོས་བ་འདུག

    Reply
  4. འབའ་སྲས། says:
    ལོ་ 15 སྔོན།

    གནས་ཚུལ་དབྱེ་ཞིབ་བྱས་བ་ཤིན་ཏུ་ལེགས། རྡ་ས་རི་ངོགས་ཆུང་ཆུང་དེ་ཕ་ཡུལ་ཡིན་པ་ལྟ་བུའི་སྣང་བ་ཞིག་སྟེར་གི་འདུག ལོ་ངོ་བཅུ་ལྷག་གི་རིང་ལ་རི་ངོགས་དེ་ནས་བསྡད་པ་ཡིན། འཚོ་བའི་ཐད་ནས་ཧ་ཅང་གི་དཀའ་ངལ་བྱུང་། ཡིན་ནའང་། སེམས་ནས་བརྗེད་ཐུབ་པ་ཞིག་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese