མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཐུན་མོང་གི་དུས་ཆེན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བྷེལ་ཇམ་གྱི་གྲོང་ཁྱེར་ཨན་ཀྲི་ཝུ་ཕན་རུ་བྷེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ ༢༡ འཁོར་བ་དང་། འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལིག་ཞོ་པོ་ལ་ཕུལ་བའི་བརྟེན་འབྲེལ་མཛད་སྒོ་ཞིག་ཚོགས་འདུག མཛད་སྒོའི་སྐུ་མགྲོན་དུ་བྷེལ་ཇམ་བོད་གཞུང་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་དང་། འཇར་མན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཧྤན་ཡོན་ཙུང་། ཧོ་ལན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཕང་ཞའོ་མིན་དང་མའོ་ཞའོ་མིང་སོགས་ཆེད་ཕེབས་ཀྱིས་གཏམ་བཤད་གནང་ཡོད།

མཛད་སྒོའི་ཐོག་མར་སྐུ་མགྲོན་དག་གིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོར་མཇལ་དར་སྒྲོན་ཞིང་། དེའི་རྗེས་ཚོགས་པ་གཉིས་ཀྱི་རྒྱུན་ལས་ཚོས་ནོ་བྷེལ་གཟེངས་རྟགས་བསྟོད་དབྱངས་མཉམ་ལེན་གནང་ཞིང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཡུ་རོབ་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཉིས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་ཡོད།

དེ་རྗེས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་གསུམ་གྱིས་གཏམ་བཤད་གནང་བའི་ནང་དོན་གཙོ་བོ་ནི། ལོ་ངོ་ ༢༡ གི་གོང་དུ་༧གོང་ས་ཏཱ་ལའི་བླ་མར་འཛམ་གླིང་ཞི་བདེ་གཟེངས་རྟགས་ཕུལ་བ་དང་། ད་ལོ་རྒྱ་རིགས་ལིག་ཞོ་པོ་ལ་གཟེངས་རྟགས་ཐོབ་ཡོད་ཀྱང་། བློ་ཕམ་པ་ཞིག་ལ་རྒྱ་ནག་གི་ཐ་ཤལ་བྱ་སྤྱོད་འོག གཅིག་ད་ལྟ་མིའི་ལུང་པར་འཁྱམ་དགོས་བྱུང་ཡོད་པ་དང་གཅིག་ཤོས་རྒྱའི་བཙོན་འོག་ཏུ་བཞུགས་ཡོད། ང་ཚོས་དུས་རྟག་ཏུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་ལ་གུས་བརྩི་ཞུ་རྒྱུ། རྒྱ་ནག་གི་དབང་འཛིན་པ་ཉུང་ཤས་ཞིག་གིས་རང་གི་སྲིད་དབང་སྲ་བརྟན་ཡོང་ཐབས་ལ་བོད་རྒྱ་མི་རིགས་གཉིས་བར་འགལ་ཟླ་མང་པོ་བཟོས་པ་མ་གཏོགས། སྤྱིར་བོད་རྒྱ་མི་རིགས་གཉིས་ཀྱི་མི་མང་རྣམས་སྤུན་ཟླ་ལྟ་བུའི་བརྩེ་སེམས་ཡོད་ལ། ཐུན་མོང་གི་སེམས་འདུན་གཅིག་ཡོད་པ་ནི། རང་རང་གི་རིག་གཞུང་བཟང་པོ་སྲུང་སྐྱོབ་བྱ་ཆེད་དམངས་གཙོའི་གཞུང་ཞིག་དགོས་རྒྱུ་དེ་ཡིན། ཞེས་སོགས་བརྗོད་ཡོད།

 

བོད་རྒྱ་ཐུན་མོང་གི་དུས་ཆེན་ཉིན།

 

བོད་རྒྱ་ཐུན་མོང་གི་དུས་ཆེན་ཉིན།

 

བོད་རྒྱ་ཐུན་མོང་གི་དུས་ཆེན་ཉིན།

 

བོད་རྒྱ་ཐུན་མོང་གི་དུས་ཆེན་ཉིན།

༼ བྷེལ་ཇམ་གནས་བཞུགས་ལྷག་པ་ཚེ་རིང་གིས་མཁོ་གཏོང་དང་། དོན་འགྲུབ་བཀྲ་ཤིས་ཀྱིས་བསྡུ་སྒྲིག་བྱས།  ༽

 

འབྲེལ་ཡོད་གསར་འགྱུར།

པར་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གི་རྒྱ་ཡིག་དྲ་ཚིགས་ལས་བླངས།
Mobile App

༧རྒྱལ་བ་ཀརྨ་པ་མཆོག་གི་འབྲུག་ཡུལ་གྱི་མཛད་འཕྲིན་ལེགས་གྲུབ་བྱུང་འདུག

ཆུ་ཚོད་ ༡ སྔོན་ལ།
tt
Mobile App

ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་བོད་སྐད་ལེ་ཚན་སླར་གསོ་དགོས་པའི་རེ་འབོད་ཞུས།

ཆུ་ཚོད་ ༤ སྔོན་ལ།
ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༢༤ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

༢༠༢༦/༡༡/༡༠
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩

མཆན། 4

  1. རྒྱ་རྙི། says:
    ལོ་ 16 སྔོན།

    བཀུར་འོས་རང་གཞུང་གི་མཛད་གཙོ་རྣམ་པས་ཡང་ཡང་འདི་ལྟ་བའི་རྒྱ་མི་རིགས་དང་ལྷན་དུ་ལས་འགུལ་རེ་སྤེལ་ཐུབ་ན་ནུས་ངེས་ཅན་ཞིག་ཐོན་པ་
    གདོན་མི་ཟའོ།།

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    བྷེལ་ཇམ་གྱི་ལས་འགུལ་བཀོད་སྒྲིག་པ་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། དེ་ནི་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་བྱེད་ཀྱི་ཐབས་ལམ་ཡག་ཤོས་ཤིག་ཏུ་མཐོང་། དེར་བརྟེན་ཁྱེད་ཚོས་མུ་ཐུད་དེ་ལྟར་གནང་རོགས་ཤེས་འབོད་སྐུལ་ཞུ།

    Reply
  3. སྐྱ་མདའ། says:
    ལོ་ 16 སྔོན།

    ད་ལྟའི་བར་ང་ཚོས་བོད་རྒྱ་མཛའ་འབྲེལ་སོགས་མང་པོ་བཤད་བཞིན་པ་འདི་རང་བཞིན་གྱིས་འདི་ལྟར་ཡོང་དགོས་པ་ཞིག་ལོས་ཡིན། དེ་མིན་ན་ང་ཚོའི་བཤད་པ་ཐམས་ཅད་དོན་མེད་དུ་སོང་བ་ལོས་ཡིན།

    Reply
  4. ཤག་སྒང་པ། says:
    ལོ་ 16 སྔོན།

    དེ་རིང་སྔ་དྲོར་བལྟས་པའི་གསར་འགྱུར་བཟང་ཤོས་འདི་ཡིན། འདི་ནི་༸རྒྱལ་བའི་དགོངས་བཞེད་དང་། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལང་ཕྱོགས་ཀྱང་དེ་དང་ཡོངས་སུ་མཐུན། ཇི་སྲིད་བོད་རྒྱ་གཉིས་སེམས་ཐག་ཉེ་རུ་མ་འགྲོ་བ་དེ་སྲིད་དུ་ཞི་བདེ་ཡོང་ཐབས་མེད་པས། ཧ་ཅང་དགའ། ཐུགས་རྗེ་ཆེ། ད་དུང་ལས་འགུལ་འདི་རིགས་ལ་ཤུགས་གང་ཐུབ་གནང་དགོས་གལ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese